བདེ་སྲུང་བཀའ་བློན་མཆོག་ནས་མང་གཙོའི་དུས་དྲན་ཉིན་སིད་སི་བོད་རིགས་མི་མང་ལ་གནང་བའི་གཏམ་བཤད།
༄༅། ། བདེ་སྲུང་བཀའ་བློན་མཆོག་ནས་སུད་སིར་མང་གཙོའི་དུས་དྲན་ཉིན་མི་མང་ལ་ཐུགས་ཚོར་ཆེན་པོས་བཀའ་སློབ་གནང་འདུག སྐབས་དེར་བདེ་སྲུང་བཀའ་བློན་མཆོག་གིས་གསུངས་དོན་” མི་ཉུང་ཤས་ནང་ནས་ཉུང་ཤས་རེ་ཟུང་གིས། དེ་སྔ་༧སྐྱབས་མགོན་རིན་པོ་ཆེས་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་མི་མང་གི་མགོ་ཁྲིད་ལ་བཙན་ཐབས་ཀྱིས་མ་གནང་བའི་གོང་དུའང། ༧རྒྱལ་བ་རིན་པོ་ཆེས་སྐུ་དབང་ཟིན་འདུག་ཅེས་སྤྱི་ཚོགས་ནང་བཤད་སྡོད་ཀྱི་ཡོད་པ་རེད། ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་གནང་ཚར་བའི་རྗེས་ལའང་དེ་མ་འགྲིག་ཅེས་མི་སྣ་དེ་དག་གིས་ལོག་བཤད་རྒྱབ་ཡོད་པ་རེད། དེ་ཚོའི་གྲས་དེ་གང་དུ་བསྐྱལ་དགོས་པ་རེད། སྤྱི་ཚོགས་ནང་གནས་བབ་གང་གི་སྟེང་འཇོག་དགོས་པ་རེད་དམ། དེ་ཚོ་མང་ཚོགས་ནས་མཁྱེན་དགོས་པ་གལ་ཆེན་པོ་རེད་བསམས་ཀྱི་ཡོད། གང་ལྟར་སྙིང་བོ་མདོར་བསྡུས་ནས་བཤད་པ་ཡིན་ན། ༧སྐྱབས་མགོན་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་པ་མཆོག་གིས་དགུང་ན་ཕྲ་མོའི་སྐབས་ནས་སྐུ་ངལ་ཁྱད་བསད་ཀྱིས་བོད་ཛ་དྲག་གི་གནས་བབ་ལས་ཅི་ལྟར་བསྐྱབས་དང་སྐྱོབ་བཞིན་པའི་མཁས་མཛངས་ལྡན་པའི་དབུ་ཁྲིད་འདི་འདྲ་ཞིག་འཚོལ་དུ་ཕྱིན་ཡང་རྙེད་རྒྱུ་མེད་པ་གསལ་བོ་རེད། དེ་འདྲའི་དབུ་ཁྲིད་ཅིག་གི་བཀའ་དྲིན་བསམས་ཤེས་མི་བྱེད་མཁན་མི་མང་པོ་མ་རེད། ཡིན་ནའང། བརྒྱུད་ལམ་བེད་སྤྱོད་བྱེད་ཐུབ་མཁན་གྱི་མི་ཁག་ཅིག་འདུག མི་དེ་ཚོའི་གྲས་ཀྱིས་ག་དུས་ཡིན་ནའང་འགྲིག་གི་མེད་པ་ཞིག་བཤད་ཡོང་དུས། གནས་ཚུལ་དེ་སྤྱི་ཚོགས་ནང་ཁྱབ་ཡོང་གི་ཡོད་པ་རེད། ཡིན་ནའང་བསམ་བློ་བཏང་རྣམ་དཔྱོད་བེད་སྤྱོད་མི་བྱེད་མཁན་རིགས་གཅིག་དེའི་རྗེས་ལ་གཡམ་རྒྱུགས་བྱས་ནས་ག་རེ་ཡིན་ན་བསམ་པ་འདྲ་བོ་དེ་འདྲ་ཡོང་གི་འདུག དེའི་ཐོག་ལ་ངས་ཚོར་བ་ཆེན་པོའི་ཐོག་ནས། ཚིག་རྣོ་བོའི་ཐོག་ནས་ད་ལྟ་བར་དུ་བཀའ་དྲིན་སུ་ཆེ་ཡི་རེད་ཅེས་ན། ༧སྐྱབས་མགོན་རིན་པོ་ཆེ་བཀའ་དྲིན་ཆེན་པོ་རེད། ༧སྐྱབས་མགོན་རིན་པོ་ཆེའི་བཀའ་དྲིན་བསམ་ཤེས་མི་བྱེད་མཁན་ཞིག་ཡིན་ན་ལས་རྒྱུ་འབྲས་འགྲོ་ཡི་མ་རེད། ལས་འབྲས་ཁས་མི་ལེན་མཁན་ཅིག་ཡིན་ནའང། འགྲོ་བ་མིའི་བཟང་སྤྱོད་དང་འགལ་བསྡད་ཡོད་པ་རེད། ང་ཚོའི་བོད་ལ་གཏམ་དཔེ་” དྲིན་ཆེན་ལག་པ་རྡོས་རྡུངས”ཟེར་བ་དེ་ཆགས་ཀྱི་རེད་གདའ། གནས་ཚུལ་འདི་རྣམས་དེ་རིང་འདིར་ཡོད་པའི་སིད་སི་བོད་རིགས་མི་མང་གཅིག་པུར་ཞུ་ཡི་མེད། འདི་རྒྱུད་ནས་མི་སྣ་དེའི་རིགས་ཀྱིས་གསན་ཐུབ་ཀྱི་རེད་བསམས་བཞིན་ཡོད། ང་ཚོ་ཚང་མས་དྲིན་ལན་ལོག་འཇལ་དུ་མི་འགྲོ་བ་ཞིག་ལ་བསམ་བློ་གཏོང་དགོས་པ་རེད། ” ཅེས་གསུངས་ཡོད།
ཡང་བཀའ་བློན་མཆོག་གིས་” བོད་གཞུང་དགའ་ལྡན་ཕོ་བྲང་སྡུད་གསོག་རྒྱབ་འདུག་”ཅེས་སྤྱི་ཚོགས་ནང་རེ་ཟུང་གིས་བཤད་བཞིན་པ་རེད། ཐ་སྙད་ཀྱི་འགྱུར་བ་ཕྱིན་ཡོད་པ་རེད་དམ་ལབ་ན་ཕྱིན་ཡོད་པ་རེད། དོན་དངོས་པོའི་ཆ་ནས་ངྷ་རམ་ས་ལར་ཡོད་པའི་བོད་མིའི་སྒྲིག་འཛུགས་འདིར་འགྱུར་བ་གང་ཡང་མེད་པར། བོད་གཞིས་བྱེས་རྒྱ་ཆེའི་མི་མང་གིས་བློ་རྩེ་གཅིག་ཏུ་གཏོད་ས། ཡིད་ཆེས་རྩེ་གཅིག་ཏུ་ཞུ་ཡུལ་གྱི་སྒྲིག་འཛུགས་ཤིག་ཆགས་བསྡད་ཡོད་པ་རེད། ༧གོང་ས་ཆེན་པོའི་ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་བརྒྱུད་སྤྲོད་གནང་སྐབས་ང་ཚོ་བོད་མི་མང་གིས་ངོས་ལེན་ཧ་ལས་པའི་ཡག་པོ་བྱུང་སོང། གཙོ་ཆེ་ཤོས་དེ་བོད་མི་མང་གི་ཡང་དག་པའི་ངོས་འཛིན་ལ་ཐུག་བསྡད་ཡོད་པ་རེད། དེ་ཡག་པོ་བྱུང་སོང། དེའི་ཐོག་སྤོབས་པ་ཡོད། “ཅེས་གསུངས་འདུག
གནས་ཚུལ་རྒྱས་པ། གཤམ་གྱི་དྲ་འབྲེལ་བརྒྱུད་ནས་གསན་རོགས།
ད་ལྟ་ང་ཚོར་སྐུ་དྲིན་ཆེ་དགོས་ན་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལས་ལྷག་པ་སུ་ཡང་མེད། འོན་ཀྱང་གང་ཟག་རེ་ཟུང་གིས་ངན་སྨྲས་བྱས་པ་ལ་ཧ་ལས་དགོས་པའི་རྒྱུ་མཚན་གང་ཡང་མ་མཐོང་། དཔེར་ན་ཡོན་ཏན་ཀུན་ལྡན་དང་། སྐྱོན་ཀུན་ཟད་ཀྱི་སྐྱེས་བུ་བདག་ཅག་སྟོན་པ་ལའང་བདུད་ལྷས་སྦྱིན་སོགས་ཀྱིས་གནོད་འཚེ་ཇི་ཙམ་བཟོས་འདུག དེ་ལ་ལྟས་ན་ཤེས་ངེས། ཁོ་ཚོས་ཇི་ཙམ་བཤད་ན་ང་ཚོས་དེ་ལ་ཡ་ལན་སྤྲད་དགོས་པའི་རྒྱུ་མཚན་མ་མཐོང་།
དེ་ལས་ང་ཚོར་ཁེ་ཕན་ཆེ་བའི་ལམ་ཁར་ཤར་བསྐྱོད་གནང་ན་ལེགས་པར་སྙམ། འཇིག་རྟེན་ཁ་དཔེར། གང་བཤད་ཚད་ལ་མ་བལྟས། གང་བྱས་ཚད་ལ་ལྟོས།
་་་་་ དེ་སྔ་༧སྐྱབས་མགོན་རིན་པོ་ཆེས་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་མི་མང་གི་མགོ་ཁྲིད་ལ་བཙན་ཐབས་ཀྱིས་མ་གནང་བའི་གོང་དུའང། ༧རྒྱལ་བ་རིན་པོ་ཆེས་སྐུ་དབང་ཟིན་འདུག་ཅེས་སྤྱི་ཚོགས་ནང་བཤད་སྡོད་ཀྱི་ཡོད་པ་རེད།
ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་གནང་ཚར་བའི་རྗེས་ལའང་དེ་མ་འགྲིག་ཅེས་མི་སྣ་དེ་དག་གིས་ལོག་བཤད་རྒྱབ་ཡོད་པ་རེད། དེ་ཚོའི་གྲས་དེ་གང་དུ་བསྐྱལ་དགོས་པ་རེད། ་་་་་་ཟེར།
མཁས་མཛངས་ལྡན་པའི་བདེ་སྲུང་བཀའ་བློན་དངོས་གྲུབ་མཆོག་གིས་དོན་ལ་གནས་པ་ཅིག་གསུངས་འདུག ༧རྒྱལ་བ་རིན་པོ་ཆེས་གང་གནང་ཐམས་ཅད་ལོག་པར་མཐོང་མཁན་བོད་མི་རེ་ཟུང་ལྕེ་བརྒྱར་སྤྲུལ་ཏེ་བཙན་བྱོལ་བོད་མི་རྣམས་ཕུ་དཀྲུག་མདའ་དཀྲུག་བྱེད་པ་ལས། བོད་དོན་ཆེད་ཅི་གང་མི་སྒྲུབ་མཁན་ཚོར་ངེས་པར་གཟབ་གཟབ་བྱེད་དགོས་འདུག
དེ་བདེན་པ་འདྲ་ཞིག་འདུག
ད་འདས་པ་ནི་འདས་ཟིན་པ་རེད། དེ་ཡང་བཤད་བསྐྱར་བཤད་བྱས་ནས་ཕན་མེད་རེད། མ་འོངས་པར་བརྩི་བཀུར་གང་ལྟར་བྱེད་ལུགས་སོགས་གསུང་རྒྱུ་ཡོད་ན་ཡག་པོ་རེད།
དྲང་པོར་བཤད་ན། བོད་གཞུང་གི་ཐ་སྙད་བཅོས་སྒྱུར་ལ་འགྲིག་མེད་རབས་དང་། སྐྱར་གསོ་དགོས་རབས་བཤད་མཁན་ནི། སྤྱི་འཐུས་ཁག་གཅིག་གི་གཏམ་བཤད་དང་རྩོམ་གྱི་ནང་ནས་ཀྱང་མངོན་ཡོད། ཁོང་ཚོ་ནི་གཙོ་བོ་རང་བཙན་རྩོད་ལེན་པའི་གྲས་རེད། བྱས་ཙང་། བོད་གཞུང་གི་ཐ་སྙད་བཅོས་སྒྱུར་བྱེད་པ་ལ་འགྲིག་མེད་རབས་བཤད་མཁན་མང་དག་གཅིག་མཐོང་སོང་། འོན་ཀྱང་། ད་ཆ་སྐྱོན་འཛུགས་བྱེད་ས་གཞོན་ནུ་དང་འཇམ་ནོར་སོགས་ཁ་ཤས་ལ་ཕྱོགས་བཞིན་འདུག རྒྱུ་མཚན་གང་ཡིན་མི་ཤེས།
བུད་མེད་གཅེར་བུ་མ་ཞེས་བཅོས་རོགས་གནང་་་་
ལོ་རབས་མང་པོའི་རིང་ཁ་ཞེ་གཉིས་མེད་ཀྱིས་སྤྱི་དོན་ལྷག་བསམ་རྣམ་དག་གིས་སྒྲུབ་མཁན་བདེ་སྲུང་བཀའ་བློན་དངོས་གྲུབ་ལགས་ཀྱིས་རྣག་ཐོག་རྩབ་འཁེལ་གྱིས་ལམ་སྟོན་གཏམ་བཤད་ཅིག་གནང་བ་ནི་དོན་ཡོད་རེད། དེ་རིང་། ང་ཚོ་བོད་མི་ཚོས་རང་གི་འདས་མ་ད་གསུམ་གྱི་ཁ་འཐབ་ལ་བསམ་གཞིགས་རྣལ་མ་ཞིག་བཏང་ནས་བོད་ལ་བྱམས་པའི་༧གོང་ས་ཡིད་བཞིན་ནོར་བུ་དེ་ཉིད་ནོར་བུ་རང་དུ་ངོ་ཤེས་པའི་སྒོ་ནས་བློ་རྩེ་གཅིག་ཁོ་ནར་གཏད་དགོས་པའི་དུས་ལ་བབས་འདུག
བོད་ལ་གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་ས་མེད་ལ། རྒྱ་ནག་ལ་གོང་ཁྲན་ཏང་ལ་སྐྱོན་བརྗོད་བྱེད་ས་མེད།
འཇིག་རྟེན་གྱི་བདེན་པའི་པའི་བྱ་བ་གང་དང་གང་ཡིན་ཡང་ཐོག་མའི་མགོ་རྩོམ་པའི་གོམ་པ་དང་པོ་ཐད་ཀར་དུ་སྤོ་བ་ནི་དཀའ་ངལ་འབྱུང་བཞིན་པ་ལྟར་རང་རེའི་སྤྱི་ཚོགས་འདིའང་མི་ལོ་སུམ་བརྒྱའི་ལོ་རྒྱུས་ཀྱི་དཀྱོགས་མཚམས་སུ་བསླེབས་ན་ངོས་མི་མཉམ་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་ལ་འབའ་འབུར་ཀྱོག་ཀྱོག་རེ་ཡོང་སྲིད་པ་ནི་ཡ་ཆུང་ཁོག་ལ་ཤོངས་ཐབས་བྲལ་བའི་ཧ་ལས་ཧང་སངས་གི་བྱ་བ་ཞིག་ཨེ་ཡིན་སྙམ།
རྨས་ཕོག་ཤིང་རྙི་ནས་ཤོར་བའི་རི་དྭགས་ཤིག་ལ་མཚོན་ན་རྩྭ་ཆུ་འཛོམས་ཤིང་གཅན་གཟན་མེད་པའི་བདེ་མོ་ཐང་ལ་བསླེབས་དགོས་ན་གཡང་གཟར་གྱི་རི་ལུང་བརྒྱུད་དུས་སྲ་མོའི་བྲག་དང་རྩུབ་མོའི་ཤིང་ལ་མི་འཕྲད་པ་ཡོང་སྲིད་གི་མ་རེད། ག་དུས་ཡིན་ཡང་བྱ་རྒོད་རླུང་གིས་བསྐྱོད་པ་བཞིན་གང་འགྲོ་གང་སྡོད་བསམ་ན་ཡིད་ཕམ་དང་སེམས་སྡུག་ལ་རྫོགས་དུས་མེད།
ང་ཚོས་ལོ་རྒྱུས་དང་དུས་རབས་ཀྱི་དཀྱོགས་མཚམས་ཆེན་པོ་འདི་ནས་རླབས་ཆེན་གི་ཐག་གཅོད་ཡུན་རིང་གི་དུས་ནས་དམིགས་པའི་༧གོང་ས་མཆོག་གི་ཐུགས་དགོངས་ལྟར་ཤར་བསྐྱོད་དགོས་རྒྱུ་ལས་གཡས་གཡོན་གྱི་བྱ་སྐད་ཁྱི་སྐད་ཙམ་ལ་སེམས་གཡེང་ནས་ཕྱིར་མིག་བལྟ་བ་ནི་འགག་ཕྲེང་ལས་ཐར་པའི་གེགས་དང་ས་ཐང་ལ་སྒྱེལ་པའི་འོབས་དུང་རང་ཡིན། སྐད་ཆ་དེ་འདྲ་ལ་སུས་བདག་རྒྱག་དང་སྡུད་བསྒྲུག་བྱེད་པ་ནི་གད་སྙིགས་གི་ཁུར་བོ་རྒྱབ་དུ་བླངས་ནས་རང་ཁྱིམ་ལ་སྤུངས་པ་ཡིན་པས་ལུས་ངལ་པའི་རྒྱུ་དང་སེམས་ཕམ་པའི་རྐྱེན་ཁོ་ན་ལས་མེད།
སྤྱི་ཚོགས་ནི་བྱིས་པའི་རྩེད་མོ་ཞིག་དང་འདྲ་བར་གོ་རིམ་མེད་པའི་ཞབས་བྲོ་དང་མགོ་མཇུག་མེད་པའི་སྐད་ཆ་གང་བྱུང་མང་བྱུང་ཤོད་པ་ནི་སྔོན་ཆད་ནས་དེ་ལྟར་ཡིན་པ་བཞིན་དེང་སང་ཡང་དེ་འདྲ་ལོས་ཡིན། གཏམ་དཔེར། སེམས་ཅན་གྱི་ཁ་སངས་རྒྱས་ཀྱིས་མི་ཆོད་ཟེར་པ་ཡང་དོན་དངོས་མི་མང་གི་བཤད་ཚད་ལ་ཉན་དགོས་གི་མ་རེད་ཞེས་པའི་དོན་རེད །
གཞིས་བྱེས་ས་ཡ་དྲུག་གི་མིག་ལྟོས་དང་རང་གཞུང་བཀའ་བློན་མཚན་ཅན་ཞིག་གི་ངོས་ནས་བདག་མེད་ཉོག་གཏམ་ཞིག་གི་དོན་ལ་བཀའ་སློབ་འདི་འདྲ་སྒྲོག་པ་ནི་མི་འོས་པའི་ཆ་དང་མི་ལེགས་པའི་སྣང་ཚུལ་གང་མེད་ན་ཡང་ངས་བྱས་ན་རྒྱུན་ལྡན་མང་གཙོའི་སྤྱི་ཚོགས་ཤིག་ལ་ཆ་མཚོན་ན་ཤིག་གི་སྒང་ལ་སྟ་རེ་གི་དཔེ་ཚབ་ཏུ་སོང་འདུག་སྙམ། མི་གཙང་བའི་ལུད་པ་རིན་ཆེན་གྱི་སྣོད་དུ་བཅུག་ནས་མདུན་ཅོག་སྟེང་རིན་གོང་གི་ཚད་འཇལ་བ་ནི་བཀའ་ཤག་གི་གོ་ཁ་གུ་དོགས་དྲག་པ་མིན་ནམ།
༧གོང་ས་མཆོག་མེད་ན་བཙན་བྱོལ་བོད་གཞུང་ཡོད་མ་རེད་ལ། རང་བཙན་དང་དབུ་མའི་ལམ་སོགས་གང་ཡང་ཡོད་མ་རེད། གཞོན་ལྷན་དང་བུད་མེད་ལྷན་ཚོགས། བཙན་བྱོལ་ཁྲོད་ཀྱི་ཚོགས་པ་སྐྱིད་སྡུག་ཕལ་ཆེར་བ་ཡོད་མ་རེད། ད་ལྟ་རྒྱ་མི་སྡོད་བཟོ་མ་བདེ་བར་ཅི་བྱེད་འདི་བྱེད་མེད་པར་ཆགས་པ་འདི་ཚང་མ་༧གོང་ས་མཆོག་གི་བཀའ་དྲིན་རེད་ལ། བོད་ཕྱི་ནང་གཉིས་ཀ་རྡོག་རྩ་གཅིག་སྒྲིལ་ཆགས་པ་འདི་ཡང་༧གོང་ས་མཆོག་གི་བཀའ་དྲིན་ཉག་གཅིག་རེད། ངས་བལྟས་ན་ད་རེས་༧གོང་ས་མཆོག་ཐུགས་ཕམ་ཡོང་བ་དེ་རང་བཙན་རྩོད་ནས་བྱུང་བ་ཞིག་གཏན་ནས་མ་རེད། བོད་གཞུང་མེད་པར་བཟོས་སོང་ལབ་ནས་དཀྲོག་གཏམ་སྤེལ་མཁན་འཇམ་ནོར་དང་ཀླུ་མཁར་བྱམས། ལྷ་བཟང་ཚེ་རིང་སོགས་མི་ཆེས་ཉུང་ཤས་ཤིག་རེད། འདི་ཚོ་ནི་ཕ་བསད་ནས་རྒྱལ་རྔ་རྡུང་མཁན་དང་། བུ་གླེན་པས་ཕ་ཡི་ཀླད་པ་བཅོམ་པའི་གཏམ་རྒྱུད་ཀྱི་མི་སྣ་གསོན་པོར་འོང་བ་ཞེ་གཅིག་རེད། ངས་འདི་དག་གི་གདོང་ལ་མཆིལ་ཞགས་བརྒྱ་ཕྲག་བརྒལ་བ་འཕེན་སྙིང་བྲོ།
འདིར་ང་ལ་བསམ་ཚུལ་རྡོག་རེ་གཉིས་ཡོད་པས། གཟིགས་རོགས་གནང་།
དང་པོ། བོད་མི་མང་ཆེ་བས་རྒྱལ་བ་རིན་པོ་ཆེ་སྙིང་གི་དཀྱིལ་ལ་བཅངས་ནས། ཚེ་འདི་ཕྱི་གཉིས་ཀྱི་མགོན་སྐྱབས་ལ་རྩི་བཞིན་ཡོད། རེ་གཉིས་ཀྱིས་གང་བྱུང་ཤོད་སྲིད་པས། དེ་གཙོ་བོར་འཛིན་པ་དེ་འགྲིག་གི་མི་འདུག༷། དཔེར་ན། བོད་ནང་ལ་ཡང་རང་སྲོག་ཚུན་ཆད་མེར་བསྲེགས་ནས་རྒྱལ་བ་རིན་པོ་ཆེར་ཁོང་ཚོའི་བརྩེ་བ་དང་དད་པ་མཚོན་ཐབས་བྱེད་ཀྱི་འདུག་པས། མི་རེ་གཉིས་ཀྱིས་རྒྱལ་བ་རིན་པོ་ཆེར་ཁ་གཏོང་བ་དེར་རྩ་བ་ནས་ཧ་ལས་དགོས་དོན་མི་འདུག ད་དེ་ཆེན་པོ་བཟོས་ནས་ཅི།
གཉིས་པ། མཚམས་རེར་རྒྱལ་བ་རིན་པོ་ཆེ་ལ་སྐྱོན་བརྗོད་ཞུ་མཁན་བོད་པ་དེ་ཚོ། སེམས་གཏིང་ལ་རྒྱལ་བ་རིན་པོ་ཆེར་དད་པ་མེད་པ་དེ་འདྲས་ཨེ་རེད། འཇམ་དབྱངས་ནོར་བུ་ལ་མཚོན་ན། ཁོ་པའི་དྲ་རྒྱ་བཟོ་སྐབས། མདུན་ཤོག་གི་བརྗོད་བྱ་དང་པོ་དེ། གངས་རི་ར་བས་བསྐོར་བའི་ཞིང་ཁམས་དེར་ཟེར་བའི་བརྟན་བཞུགས་དེ་བཀོད་པ་དྲན་གྱི་འདུག། དེ་བཞིན། ཝང་ལི་ཞུན་དང་དེ་བཞིན་དབྱིན་ཇི་བ་ཕ་ཁྲེ་རིག་ཕ་རན་ཆི། དེ་བཞིན་ཨ་རིའི་ལོ་རྒྱུས་པ་ གྷོལ་སི་ཏན་སོགས་ཀྱིས་རྒྱལ་བ་རིན་པོ་ཆེར་སྐྱོན་བརྗོད་བྱེད་སྐབས། བོད་པའི་ནང་ནས་ཁོང་ཚོའི་ཁ་གཏད་པ་གཙོ་བོར་འཇམ་དབྱངས་ནོར་བུ་ཐོན་སོང་། ལྷག་པར་དུ། གྷོལ་སི་ཊེན་གྱིས་རྒྱལ་བ་རིན་པོ་ཆེས་པན་ཆེན་ཡང་སྲིད་ལ་ཐེ་གཏོགས་བྱས་ནས་བོད་རྒྱའི་འབྲེལ་ལམ་གཏོར་སོང་ཟེར་སྐབས། འཇམ་དབྱངས་ནོར་བུས་དེར་ལན་ཤིན་དུ་གནད་ཐིག་པོ་ཞིག་བརྒྱབ་སོང་། ངའི་དྲན་པར། འཇམ་དབྱངས་ནོར་བུས། བོད་མི་དམངས་ལ་མཚོན་ན། རྒྱལ་བ་རིན་པོ་ཆེའི་ཐོག་ལ་སླེབས་སྐབས། ང་ཚོ་བོད་པ་བྱིངས་ལ་གདམས་ཀ་ཞིག་མེད། རྒྱལ་བ་རིན་པོ་ཆེ་དང་བོད་མི་དམངས་ཀྱི་ལས་དབང་འདི་ཕྱི་མི་ཚོའི་བསམ་ཡུལ་ལས་འདས་པའི་གནས་ཚུལ་ཞིག་རེད། ང་ཡང་འདི་ལྟར་ཡིན་ཞེས་སེམས་འགུལ་ཐེབས་དགོས་པའི་སྐད་ཆ་ཞིག་བཤད་པ་དྲན་གསོས། དེ་དཔེ་མཚོན་ཞིག་ཡིན།
གསུམ་པ། རྒྱལ་བ་རིན་པོ་ཆེས་བོད་པར་བཀའ་བཀྱོན་གནང་གི་རེད་ལ། གནང་ཡང་མགོ་བོ་ས་ལ་སྒུར་ནས་འཁུར་ཐུབ་ཀྱི་རེད། རྒྱལ་བ་རིན་པོ་ཆེས་ང་ཚོར་ཤ་ཚ་བྱས་ནས་བཀའ་བཀྱོན་གནང་གི་རེད་ལ། དེ་དད་པའི་སྒོ་ནས་བཟོད་ཐུབ་ཀྱི་རེད། དེར་རྙོག་དྲ་འདྲ་ཡོང་གི་མ་རེད། ད་དྲུང་ཆེ་དངོས་གྲུབ་ལགས་ལྟ་བུས་བཀའ་བཀྱོན་གནང་ཡོང་ན། བཟོད་སྒོམ་བྱེད་ཐུབ་མཁན་ཉུང་ཉུང་རེད། བྱས་ཙང་རྒྱལ་བ་རིན་པོ་ཆེར་བཀའ་བཀྱོན་གནང་བའི་འོས་བབ་ཡོད་ལ། མགོ་ལ་ཞུས་ནའང་འཁུར་ཐུབ་ཀྱི་རེད། ད་དུང་ལྐོག་ཏུ་དགའ་པོ་བྱེད་མཁན་ཡང་ཡོད་སྲིད། དེ་བཞིན་བོད་པ་གཞན་ཞིག་གིས་བོད་པ་སྤྱི་ལ་བཀའ་བཀྱོན་བཏང་ན། འཁུར་མཁན་རག་གི་མ་རེད། དེ་མཁྱེན་པ་གནོངས་དགོས།
བཞི་པ། རྒྱལ་བ་རིན་པོ་ཆེས་བཀའ་བཀྱོན་གནང་པ་འདི་ང་ཚོར་གཅེས་སྤྲས་ཡོད་པའི་ཐོག་ནས་བཀའ་བཀྱོན་གནང་གི་ཡོད། ཕ་མས་བུ་ལ་བཀའ་བཀྱོན་གནང་པ་དང་གཅིག་པ་རེད། དེ་གནས་ཚུལ་ཆེན་པོར་མ་བཟོ་རོགས། ང་ཚོས་རང་ནོར་འགྱོད་གཤགས་ཐོག་སླར་ལམ་མ་ནོར་བ་བྱས་ན། རྒྱལ་བ་རིན་པོ་ཆེར་དེས་འཐུས་པ་རེད།
ཁྱོད་ཚོ་མགོར་སྡོད་མཁན་དེ་ཚོས་མཚམས་རེ་བོད་མི་དམངས་དང་རྒྱལ་བ་རིན་པོ་ཆེའི་དབར་གྱི་འབྲེལ་བ་འདི་མཁྱེན་གྱི་ཨེ་ཡོད་བསམ་གྱི་འདུག
རིག་པའི་བུ་བདེན་པ་འདུག ནོར་བཅོས་གཏོང་ཡ་གལ་ཆེན་པོ་རེད་
མཆན་བུ་༡༤པ་འདྲེ་ནག་མགོ་དགུ་ལགས་ཀྱིས།
་་་་་་་་ ངས་བལྟས་ན་ད་རེས་༧གོང་ས་མཆོག་ཐུགས་ཕམ་ཡོང་བ་དེ་རང་བཙན་རྩོད་ནས་བྱུང་བ་ཞིག་གཏན་ནས་མ་རེད། བོད་གཞུང་མེད་པར་བཟོས་སོང་ལབ་ནས་དཀྲོག་གཏམ་སྤེལ་མཁན་འཇམ་ནོར་དང་ཀླུ་མཁར་བྱམས། ལྷ་བཟང་ཚེ་རིང་སོགས་མི་ཆེས་ཉུང་ཤས་ཤིག་རེད། ་་་་་་་་ཟེར།
བདེ་སྲུང་བཀའ་བློན་གྱིས་གསུང་པ་ལ་རྒྱབ་སྐྱོར་ཡོད། བོད་མིའི་བསྒྲིག་འཛུགས་ངོས་ནས་འདི་ལྟར་ལམ་ཕྱོགས་གསལ་བསྟོན་གནང་དགོས་རྒྱུ་གལ་ཆེན་པོ་འདུག དེ་མིན་མའོ་ཡིས་”བརྫུན་གཅིག་ཐེང་བརྒྱ་ལ་བཤད་ན་བདེན་པར་ཆགས་འགྲོ་ཡི་རེད་”ཅེསབཤད་པ་ལྟར་མི་འགའ་རེས་གང་བྱུང་གཏམ་འཆལ་མང་པོ་སྤྱི་ཚོགས་སྟེང་བརྒྱ་བཤད་སྟོང་བཤད་བྱེད་ཡོང་དུས་བློ་ཆུང་མང་པོ་ཞིག་བློ་ཁ་བསྒྱུར་བཞིན་ཡོད་པ་གསལ་པོ་རེད། ད་དུང་ཞུ་འདོད་པ་ཞིག་ལ། བཙན་བྱོད་བོད་མི་མང་པོ་ཞིག་གིས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ཅིག་གིས་འབོད་སྐུལ་ཞིག་ཞུས་ན་ཡང་བཙན་བཀའ་བཏང་བའམ་བཀའ་བཀྱོན་གནང་གི་ཡོད་པ་ལྟ་བུའི་ཚོར་སྣང་ཡོང་གི་འདུག འདི་ནི་ད་བར་དུ་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་གཅེས་སྐྱོང་བྱེད་དྲག་པས་གཅེས་ལང་ཤོར་སོང་བའམ། བཟང་ངན་དབྱེ་འབྱེད་མི་ཤེས་པའི་རང་རྟགས་ཕྱིར་མངོན་པ་ཙམ་ལས་ཅི་ཡང་མ་རེད།
ད་རེས་ཟུར་གནས་ལགས་དོན་དངོས་ཀྱི་ཟུར་གནས་འདྲ་བྱུང་། བློ་གཟུ་བོར་གནས་ནས་གཏམ་དྲང་པོ་འདི་འདྲ་བཤད་མཁན་ལ་བརྒྱ་ཆ་བརྒྱ་ཡི་རྒྱབ་སྐྱོར་ཡོད། འདྲེ་ནག་ནི་འདྲེ་ནག་རང་རེད། མཚན་མོར་རྒྱུ་བའི་འབྱུང་པོའི་ཚོགས་རྣམས་མ་གཏོག་ཉིན་མོར་རྒྱུ་བའི་མིའི་ཚོགས་རྣམས་མཐོང་ནི་མ་རེད།
མི་ལ་ལས་གནས་ལུགས་ཀྱི་སྟེང་ནས་༧རྒྱལ་བ་རིན་པོ་ཆེ་མཆོག་ལ་གླགས་ཏིལ་འབྲུ་ཙམ་ཡང་མ་རྙེད་པས། གཞན་ལ་བདེན་པ་དང་གནས་ལུགས་ཡོད་པ་ངོས་ལེན་མ་འདོད་པར་རྣམ་དཔྱོད་ཆེ་མདོག་གིས་ཁ་ནས་གང་བྱུང་བཤད་པའི་མཐའ་མ་ལ། གོང་མའི་ན་བཟའ་གསར་བའི་སྒྲུང་ནང་གི་རྒྱལ་བོ་གོས་མེད་གཅེར་བུ་ཁྲོམ་ཐོག་གཅོད་པ་དེའི་རྣམ་ཐར་འཁྲབ་བོ།།
རིག་པའི་བུ་ཟེར་ཡང་དོན་ལ་རིགས་ངན་གྱི་སྐྱག་བུར་སོང་བས་བོད་ལ་༧གོང་ས་མཆོག་ལ་སྐྱོན་བརྗོད་འགྲོ་མེད་སྡུག་སྐད་ཤོར་བ་ལ། ཀརྨ་སྐལ་བཟང་ཟེར་བས་སེམས་གསོ་རྒྱབ་སྐྱོར་བྱ་ཁུལ་བྱས་འདུག སྐྱག་ཕྲུག་ཁྱོད་ཀྱིས་རྒྱ་མིའི་ལག་པ་ནས་མའོ་ཡི་མགོ་ལི་མང་བོ་རག་གི་ཡོད་རྒྱུ་རེད། ཡིན་ན་ཡང་ང་ཚོ་བོད་པ་ཚང་གི་ཕ་ཞུས་ན་མི་འདུག་མ་ཞུས་ན་མི་འདུག་༧རྒྱལ་བ་རིན་པོ་ཆེ་ལས་གཞན་སུ་གཅིག་ཀྱང་མེད། གཞིས་བྱེས་བོད་མི་ཚང་མའི་སེམས་ཁོང་གི་རེ་བ་བརྒྱག་ས་ཡོད་ན་མེད་ན་དེ་༧རྒྱལ་བ་རིན་པོ་ཆེ་ཡིན་ཙང། ཁོང་ལ་མ་ཉེས་ཁ་གཡོག་གིས་མཚན་སྨད་ཞུ་བཅུག་གིན་མིན། ཁྱི་ཕྲུག་ཁྱེད་གཉིས་ཀྱི་ཕ་རྒན་མ་རྒན་དང་དད་པ་ཡོད་སའི་བླ་མ་ལ་གཞན་གྱིས་དགའ་མིན་དགའ་སྡུག་གིས་མ་ཉེས་ཁ་གཡོག་བྱས་ཏེ་ཁ་བཏང་ན་སེམས་ལ་ཕོག་ཡོང་གིན་འདུག་མི་འདུག་སོམས་ཤིག ད་ནས་༧རྒྱལ་བ་རིན་པོ་ཆེ་ལ་ཁ་གཏོང་མཁན་དང་བོད་པ་ནང་ཁུལ་ལ་དོན་མེད་དཀྲོག་རྐྱེན་བཟོ་མཁན་ཚང་མ་ལ་ལཇུག་འབྲས་ཡག་པོ་ཞིག་མི་སྨིན་ཐག་ཆོད་ཡིན།
རྒྱ་བ་རིན་པོ་ཆེ་ནི་ང་ཚོས་བོད་མི་ཡོངས་ལ་བཀའ་དྲིན་ཆེན་པོ་རེད་ཀྱང་ཁོང་ལ་ནོར་འཁྲུལ་ཡོང་ཆོག་གི་རེད་་ནོར་འཁྲུལ་མེད་པ་མི་སུ་གང་ཡོད་མ་རེད་ ་འདྲེ་ནག་འདྲེ་ནག་རང་རེད་་་དད་པ་འདོད་པ་གཉིས་ངོ་ཤེས་གི་མི་འདུག།
དོན་དངོས་ཀྱི་ཐོག་ནས་བཤད་ན་༧རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་ངམ་བོད་མིའི་སྒྲིག་འཛུག་ལ་ངོ་རྒོལ་བྱེད་མཁན་དེ་སུ་ཡིན་ངེས་པར་དུ་ཤེས་དགོས། གནད་དོན་འདིའི་ཐོག་ཏུ་བསམ་ཚུལ་ཉུང་ངུ་ཞིག་བཤད་འདོད་བྱུང་། དེ་ཡང་ང་ཚོས་འཐབ་རྩོད་ཀྱི་ངོ་བོའི་ཆ་ནས་བཤད་ན། ཀྲུང་ཧ་མི་དམངས་སྤྱི་འཐུས་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་རྩ་ཁྲིམས་ཀྱི་ནང་དུ་ང་ཚོ་འདུག་འདོད་ཡོད་ཀྱང་། རྩ་ཁྲིམས་དེ་ལག་ལེན་ཏུ་ཡང་དག་པར་མ་བཏབ་ན་འགྲིག་གི་མི་འདུག་ཅེས་པ་འདི་ལས་ལྷག་པའི་ལར་འདེད་ཐུར་འདེད་ཇི་ཙམ་བྱས་ཀྱང་ཡོས་ལ་བབ་རྒྱུ་རྩམ་པ་གཞན་གང་ཡང་མེད། འོན་ཀྱང་ང་ཚོས་གུང་ཁྲན་ཏང་གིས་རྩ་ཁྲིམས་ལག་ལེན་ཏུ་འདེབས་ཀྱིན་མི་འདུག་ཟེར་ནས་ཁ་ཕར་ཕྱོགས་ཏེ་སྐད་མ་འགག་བར་དུ་ངོ་རྒོལ་གྱི་སྡུག་གཏམ་ཇི་ཙམ་བཤད་ན་ཡང་། ཚུར་རང་ཕྱོགས་སུ་བཙན་བྱོལ་བོད་མིའི་རྩ་ཁྲིམས་ལ་བརྩི་མཐོང་དང་ལག་ལེན་ཇི་ཙམ་ཐེབས་ཡོད་མེད་ལ་ཕལ་ཆེར་གྱིས་དོགས་པ་ཙམ་ཡང་བྱེད་ཀྱིན་མེད་པ་འདི་ནི་ཉེས་ཚབ་ཤིན་ཏུ་ཆེ་བའི་གནས་ཞིག་རེད། དེ་ཡང་དཔེ་མཚོན་ཙམ་ཞིག་བཤད་ན། བོད་མི་དམངས་ཁྲིམས་བཟོ་ལྷན་ཚོགས་ཀྱི་ཚོགས་མིའི་ནང་དུ་༧གོང་ས་མཆོག་གིས་ཐད་སྐོས་དང་། རྒྱ་ཆེའི་མི་མང་གིས་ཀྱང་བཙན་བྱོལ་བོད་ཀྱི་འཐུས་མིའི་ནང་དུ་བདམས་ཐོན་བྱུང་བའི་མི་སྣ་ཟླ་བ་ཚེ་རིང་གིས། བཙན་བྱོལ་བོད་མིའི་རྩ་ཁྲིམས་གཞིར་བཟུང་གིས་བཅད་ཁྲ་རྩིས་མེད་རྡོག་ཞབས་སུ་མནན་ཏེ། དབུས་བོད་མིའི་སྒྲིག་འཛུག་རྒྱ་གར་གྱི་ཁྲིམས་ཁང་དུ་བསྐྱལ་ནས་བཙན་བྱོལ་གཞུང་ལ་ཆབ་སྲིད་དང་དཔལ་འབྱོར་གྱི་དཀའ་ངལ་ཇི་ཙམ་བཟོས་དང་བཟོ་བཞིན་པའི་གནས་སྟངས་འདི་དག་ནི་ང་ཚོས་ཤེས་གསལ་ཡིན། འོན་ཀྱང་གཞུང་དང་ཚོགས་སྐྱིད་སུས་ཀྱང་གནས་ཚུལ་དེ་རིགས་ལ་གླེང་སློང་ཙམ་ཡང་བྱེད་མྱོང་མེད་པ་འདི་ནི་དོན་དངོས་ཀྱི་ཆ་ནས་བཤད་ན། ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་རྩ་ཁྲིམས་བཅས་ལ་ངོ་རྒོལ་འདི་ལས་ཆེ་བ་ཞིག་རང་བཙན་རྩོད་མཁན་དང་འཇམ་ནོར་སོགས་ཀྱིས་གང་ཡང་བྱས་མེད་པ་ནི་འཇིག་རྟེན་ཀུན་གསལ་རེད། ཡིན་ན་ཡང་༧གོང་ས་མཆོག་གི་སྐུ་ཕྱྭ་ལ་ཡང་གཞོན་ལྷན་སོགས་རང་བཙན་འཐབ་རྩོད་པ་དག་གི་འགན་འཁུར་དགོས་མདོག་གིས་བཙན་གཏམ་ཡ་མེད་བཤད་པ་ནི་རྒྱལ་འབངས་དབྱེན་དཀྲུག་གི་ལས་འགུལ་ལ་བྱང་གོམས་ཆེ་བའི་ཆབ་སྲིད་པ་ཆེས་མཐོའི་མི་སྣ་ཁ་ཤས་ཀྱིས་འཁྲབ་སྟོན་རེད། འཁྲབ་སྟོན་དེ་ད་དུང་བཀའ་སྤྱི་གཉིས་ཀྱིས་མ་འཁྲབ་མཐུ་མེད་ཡིན་པ་ནི་ཉེ་སྔོན་བཀའ་སྤྱི་གཉིས་ཀྱི་གཏམ་བཤད་དེས་ཟུར་བལྟས་ལེབ་མཐོང་དུ་ཤེས་ཐུབ་། ད་ནི་དམངས་གཙོ་དང་འགྲོ་བ་མི་ཡི་ཐོབས་ཐང་ཟེར་བ་དེ་དག་གང་དུ་སོང་བ་ཡིན་ནམ། ད་ནི་དྲང་བདེན་དང་རྒྱུ་འབྲས་ཟེར་བ་དེ་ཚོ་གང་དུ་ཡོད་པ་རེད། ད་ནི་འདྲ་མཉམས་ཀྱི་ཐོབ་ཐང་ལྷག་བསམ་དང་དྲང་བདེན་ཟེར་བ་དེ་ཚོ་ཡོད་ན་དགོས་པའི་དུས་ལ་བབ་འདུག་གོ ། ། ། །
ང་དྷ་སར་སྡོད་དུས་ཡོང་གླིང་སློབ་དེ། ཟློས་གར་འགྲོ་སའི་ལམ་གྱི་ཡར་ཕྱོགས་སུ་ཐོག་མར་བཙུགས་པ་རེད། དེ་ནས་མར་མཉམ་ལ་བཟོ་གྲྭའི་འོག་ཏུ་སྤོ་ཐུབ་ཙམ་བྱུང་བ་རེད། ཐོག་མ་བཙུག་དུས་ཟླ་བ་ཚེ་རང་རང་ཉིད་མེགྷན་གཞོན་ནུ་ནང་ནས་ནང་སྤྱི་ཚོགས་ལས་དོན་ཤུགས་ཆེ་ཤོས་བྱེད་མཁན་ཅིག་རེད། འོནད་ཀྱང་ཁོང་གི་ལས་གླ་དང་ཆུང་བ་དང་། ཕྱི་རྒྱལ་སྦྱིན་སོགས་མེད་སྟབས་ཐོག་མར་དཔལ་འབྱོར་དཀའ་ངལ་ཕྲད་དུས་ཡོངས་གླིང་བླ་བྲང་ནས་ཀྱང་ཞལ་འདེབས་གནངབ་དང་།
བར་དུ་དྷ་སའི་བོད་རིགས་ཚོའི་ཕྲུ་གུ་མང་པོ་ཅིག་བུ་གསོ་ཁང་་ལྟ་བུའི་ལྟ་རྟོགས་བྱེད་མཁན་མེད་པ་མང་བ་དང་། ལྟ་རྟོག་བྱེད་ཞོར་དུ་ཕྲུ་གུར་གཞི་རིམ་སྔོན་འགྲོའི་སྦྱོང་མེད་པ་སོགས་ལ་དམིགས་ནས་ཡོངས་གླིང་སློབ་གྲྭ་བཙུགས་ནས།
མི་སྒེར་པ་ཟླ་ཚེས་རང་གིས་བཙུགས་ནས་ཕྱིས་སུ་ཡར་རྒྱས་དང་མིང་དཔལ་འབྱོར་ཡོང་བ་མཐོང་དུས། ཕྲག་མདོག་གིས་མི་སྒེར་དང་གཞུང་འཛིན་པ་མཉམ་རུབ་ཀྱིས་གཞུང་བཞེས་ཡོང་ཐབས་བྱས་ཀྱང་། མཐར་སིམ་ལའི་ཁྲིམས་ཐོག་ནས་ཀྱང་ཟླ་ཚེ་ལགས་ལ་བདེན་པ་ཡོད་པར་ཐག་གཅད་བྱུང་བ་ལ།
ང་ཚོས་སྐད་ལོག་བརྒྱབས་ནས་བསྡད་ན་བོད་པས་ཞབས་འདྲེན་འགྲོ་རྒྱུ་ལས་གཞན་གང་ཡང་ཡོད་མ་རེད་སྙམ་པས་འདིར་རང་གི་ཤེས་ཚོད་ལྟར་གསལ་བཤད་བྱས་པ་ལ། ངས་བཤད་པ་འདི་ལ་ངས་མ་ཤེས་པ་དང་། ཤེས་བཞིན་དུ་འཁྱོག་བཤད་བྱས་འདུག་སྙམ་པ་ཡོད་།ན། དགག་གཞག་སུས་གནང་ན་ཡང་དགའ་བསུ་བསྐལ་པའི་བར་དུ་ཞུའོ། །
ཡིག་ནོར་གྱིས་ཁེངས་འདུག་པས། དགོངས་དག་ཞུའོ། །
ང་ཐོག་མར་དྷ་སར་འབྱོར་དུས། སྒེར་གྱ་ཁང་པ་ཐོག་མ་བཟོ་མཁན་གྲས་ལ། གསེར་བཟོ་སྐལ་བཟང་ཟློས་གར་ལམ་ཐོག་ཏུ་བཟོས་པ་དང་གཅིག སྨན་པ་ཨ་མ་སྒྲོལ་མས་མཉམ་ལས་བཟོ་གྲྭའི་འཁྲིས་སུ་གསར་བཟོ་བྱས་པ་ནས་བཟུང་བོད་མིོ་ཚོང་པ་ཁག་མང་དེ་དག་གིས།
དྷ་སར་ཁང་པ་ལོ་རེ་དང་ཟླ་རེར་ཁང་པའི་ཤ་མོང་རྡོལ་ནས་བྱུང་བ་མཉམ་དུ་ཡོངས་གླིང་སློབ་འདི་ཡང་དེ་དུས་གསར་བཙུགས་ཐུབ་བྱུང་བ་ལ། ང་ནི་ཟླ་བ་ཚེ་རིང་ལགས་ཀྱིས་ཕྱག་རྗེས་ལ་རྗེས་སུ་ཡི་རང་ཞུ་མཁན་ཞིག་ཡིན་ལགས།