བལ་སྡོད་ཀརྨ་གཡུལ་རྒྱལ་ནས།
༄༅། །ཁ་ཉིན་ལྷ་བབས་དུས་ཆེན་ཉིན་བར་ཁམས་རོང་པོ་ཤོག་ཁ་ཕྱེད་བརྒྱད་དང། བར་ཁམས་སོག་ཤོད། བར་ཁམས་ཁྲི་རྡོ་མི་མང། རྡ་སར་རྟེན་གཞི་བྱས་པའི་མདོ་སྟོད་ཆུ་བཞི་སྒང་དྲུག་བཅས་ཐུན་མོང་ནས་བོད་གངས་ཅན་ལྗོངས་ཀྱི་ལྷ་སྐལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་ཡུན་དུ་བརྟན་པའི་སླད་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་པའི་སྐལ་བཟང་གི་མཛད་སྒོར་དམངས་གཙོའི་ཀ་བ་གསུམ་གྱི་དབུ་འཛིན་རྣམ་པ་སྐུ་མགྲོན་དུ་གདན་ཞུའི་མགྲོན་ཤོག་ཆད་མེད་ཕུལ་ཡོད་འདུག་ནའང། ཆེས་བློ་ཕམ་དང་ངོ་ཚ་བའི་གནས་ཚུལ་ཞིག་ལ་མདོ་སྟོད་ནས་ཡིན་པའི་ཆོས་ལུགས་སྤྱི་འཐུས་ཚོ་དང། མདོ་སྟོད་ཀྱི་སྤྱི་འཐུས་བཅས་བརྟན་བཞུགས་སུ་བཅར་མི་འདུག
སྤྱི་འཐུས་རྣམ་པར་སྤྱི་མཚུངས་ལྟར་མགྲོན་ཤོག་ཕུལ་མེད་པ་དང། ཡང་ན་ས་གནས་སུ་བཞུགས་མེད་ན་ཁག་ཅི་ལ་ཡོད། ཚོགས་གཞོན་དང་དགེ་འཐུས་བློ་བཟང་སྙན་གྲགས་གཉིས་ས་གནས་སུ་བཞུགས་མེད་པས་བརྗོད་རྒྱུ་གང་ཡང་མེད། དེ་མིན་གྱི་ཆོས་ལུགས་དང་མདོ་སྟོད་ཀྱི་སྤྱི་འཐུས་རྒྱུན་ལས་རྣམ་པ་ས་གནས་སུ་བཞུགས་ཡོད་བཞིན་དུ་བརྟན་བཞུགས་ལ་མ་བཅར་བ་དེ་ལ་འགྲེལ་བཤད་ཅི་འདྲ་བརྒྱབ་རུང་དོན་དུ་ངོ་རྒོལ་གྱི་རྣམ་པ་བསྟན་པ་ཧ་ཅང་གསལ་པོ་རེད།
མདོ་སྟོད་ནང་ཁུལ་ཆུ་སྒང་གསར་རྙིང་དང།གཞུང་འབྲེལ་ངོས་ལེན་ཡོད་མེད་ཀྱི་སྐད་ཆ་ཞིག་ཡོད་པ་དེ་ལ་སྙད་འདོགས་བྱས་པའི་དབང་དུ་བཏང་ཡང་ཁུངས་འཁྱོལ་ཐབས་མེད། གང་ཡིན་ཟེར་ན་ཁྲིམས་དཔོན་རྣམ་པ་དང། སྲིད་སྐྱོང་གིས་གཙོས་བཀའ་བློན་རྣམ་པ། དྲུང་ཆེ་ཆུང་གིས་གཙོས་ལས་བྱེད་རྣམ་པ། བོད་མི་མང་སྤྱི་འཐུས་ཚོགས་གཙོས་དབུས་པའི་དབུས་གཙང་དང་མདོ་སྨད་སྤྱི་འཐུས་རྣམ་པ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་རྒྱུན་ལས། རྡ་སའི་སེར་སྐྱ་མི་མང་བཅས་བཅར་ཡོད་པ་ཚང་མས་མཐོང་གསལ་ཡིན།
མདོ་སྟོད་ཀྱི་སྤྱི་འཐུས་རྣམ་པ་མདོ་སྟོད་མི་མང་གིས་འོས་འདེམས་བྱས་པའི་སྤྱི་འཐུས་ཡིན་ནམ། ཡང་ན་ལྡི་ལི་ཆུ་བཞི་སྒང་དྲུག་གི་འཐུས་མི་ཡིན། མདོ་སྟོད་ཀྱི་སྤྱི་འཐུས་ཡིན་ན། མདོ་སྟོད་སྤྱི་ལ་ཁྱབ་པའི་སྤྱི་འཐུས་ཤིག་ཡིན་དགོས་པས། གོང་གསལ་བརྟན་བཞུགས་འབུལ་མཁན་ཚོ་མདོ་སྟོད་ཀྱི་མི་མ་ཡིན་ནམ། ཁོང་ཚོ་མདོ་སྟོད་ཀྱི་མི་ཁོངས་ཕྱིར་འབུད་བྱེད་པའི་དབང་ཆ་ཁྱེད་ཚོ་ལ་ཡོད་དམ། ཁྱེད་ཚོའི་བྱེད་སྟངས་འདིས་མདོ་སྟོད་ཀྱི་ཆིག་སྒྲིལ་ཡོང་ས་འདུག་གམ། བསྟན་པ་འགོ་ནས་བཤིགས་ཟེར་བ་བྱེད་སྟངས་དེ་འདྲ་ལ་ཟེར་ལེ་ཡིན།
སྔར་བོད་རང་བཙན་ཡིན་སྐབས་བོད་འབངས་ཀྱི་ལྷག་བསམ་དང་སེམས་ཤུགས། སྤྱི་སེམས། དད་པ་དམ་ཚིག་བཅས་ལྷད་མེད་གཙང་མ་ཡིན། འོན་ཀྱང་འགོ་ལ་སྡོད་མཁན་སྡེ་དཔོན་མི་དྲག་དང་། དཔོན་ཟེེར་བ་ཁག་གཅིག་ནང་ཁུལ་འགྲན་སེམས་དང། རང་རྒྱལ་གཞན་ཕམ། དབང་ཆའི་འཐབ་རྩོད་བཅས་ཀྱིས་རྐྱེན་པས་བོད་ཡུལ་གྱི་བདེ་སྐྱིད་ཕུང་ལ་སྦྱར་ནས་མཐའ་མ་བོད་ཡུལ་རྒྱ་འོག་ཏུ་ཚུད་པ་རེད།
ད་ལྟའི་ཆོས་ལུགས་ཀྱི་སྤྱི་འཐུས་དང་མདོ་སྟོད་ཀྱི་སྤྱི་འཐུས་རྣམས་ཀྱི་བྱེད་སྟངས་ལ་བལྟས་ན་ང་ཚོའི་སྤྱི་ཚོགས་འདི་འཐེན་འཁྱེར་ཕྱོགས་ལྷུང་གི་འཐབ་རྩོད་ནང་ལྷུང་དུ་འཇུག་རྒྱུའི་ཉེན་ཁ་ཧ་ཅང་ཆེན་པོ་འདུག བོད་རིགས་ཡོངས་དང་ལྷག་པར་མདོ་སྟོད་སེར་སྐྱ་མི་མང་རྨོངས་གཉིད་སད་ནས་སྤྱང་གྲུང་དོད་པོ་མ་བྱས་ན་ཆག་སྒོ་སློང་རྒྱུ་ཉག་ཅིག་རེད། ད་ཕན་མདོ་སྟོད་ཁོངས་མི་ངན་ཁག་གཅིག་གིས་ཕུ་དཀྲུགས་མདའ་དཀྲུགས་བྱས་ཏེ་མདོ་སྟོད་མི་མང་ཡོངས་ལ་མིང་ཆད་ཆེན་པོ་བཟོས་ཡོད་པ་དེ་མ་བརྗེད་པ་བྱེད་དགོས། བོད་གཞུང་གི་ལྟོ་ཕོགས་ཟས་ནས་བློ་ཕྱི་གཏད་ཀྱི་བྱེད་སྟངས་དེ་རིགས་ཐབས་སྡུག་མིན་ན་ཅི་ཡིན། ལྡི་ལི་ཆུ་སྒང་གིས་དེབ་ནག་པོ་ཞིག་དཔར་བརྒྱབ་ཡོད་ཟེར་ཐོས་དེ་ཐོག་ག་རེ་བྱས་ཡོད།
ལྷག་པར་དུ་ཆོས་བརྒྱུད་ཀྱི་སྤྱི་འཐུས་རྣམ་པ་ལུས་ལ་ཆོས་གོས་རྣམ་གསུམ་བཞེས་ནས་ཕྱག་ལས་གནང་སྟངས་འཐེན་འཁྱེར་ཕྱོགས་ལྷུང་ཁོ་ནའི་དབང་དུ་སོང་ན་ཆོས་བརྒྱུད་དེ་དང་དེའི་དབུ་འཛིན། སྐྱབས་གནས་དགེ་འདུན་གྱི་སྡེ་དང་བཅས་པའི་ཞབས་འདྲེན་དུ་འགྲོ་བ་དང། དེ་ལ་བརྟེན་ནས་མི་མང་གིས་ཆོས་བྱེད་དགེ་འདུན་ལ་དད་པ་ཡིད་ཆེས་བརླགས་ཏེ་སྐུར་བ་འདེབས་མཁན་མང་དུ་འགྲོ་བ་དེ་ཚོ་རྐྱེན་རྩ་ཐུག་ས་དེ་འདྲ་རེད། མ་རྩ་ནས་ཆོས་བརྒྱུད་སྤྱི་འཐུས་རྣམ་པ་ཆོས་བརྒྱུད་སོ་སོའི་སྤྱི་འཐུས་ཡིན་ནམ། ཡང་ན་ལྡི་ལི་ཆུ་བཞི་སྒང་དྲུག་གི་མགྲིན་ཚབ་ཡིན་དགོངས་པ་བཞེས་དགོས། ཆོས་པས་ངོ་ལྐོག་རྒྱབ་མདུན་དང་ལས་རྒྱུ་འབྲས་དཔང་འཕེར་གྱི་ལས་ཀ་མ་གནང་བར་སྲིད་དོན་འཁྲབ་ན་བསྟན་པ་དེ་འཛིན་དང་བཅས་པར་མཚན་ཤས་དེ་ལས་ཆེ་བ་ག་ལ་ཡོད། ཁྱེད་ཅག་གི་བྱེད་སྟངས་དེ་ཚོ་སྤྱི་ཚོགས་དུམ་བུར་བཟོ་བའི་ཉེན་ཁ་འདུག མདོར་དོན་ནང་ཁུལ་མཐོང་ཕྱོགས་དང་མི་མཐུན་པ་ཡོད་རུང་བརྟན་བཞུགས་འབུལ་ཡུལ་༸རྒྱལ་བ་རིན་པོ་ཆེ་རེད། དེ་ལ་མ་གུས་པ་དང་མ་དད་པའི་སྤྱོད་པ་སློག་སྟངས་དེ་ལྟས་ངན་ཡིན། རང་ལ་སྤྱི་འཐུས་ཀྱི་འོས་ཤོག་ཐོབ་ཐབས་དང། ཆེ་གྲགས་ཀྱི་མཐོང་སླེབས་ཐབས་སུ་༸རྒྱལ་བ་རིན་པོ་ཆེ་དང་༸རྒྱལ་བ་རིན་པོ་ཞེས་མ་ཎི་བགྲང་བགྲང་བགྲང། ཆོས་ལུགས་ཆོལ་གསུམ་ལུང་ཚན་དང་བཅས་པ་རྡོག་རྩ་གཅིག་བསྒྲིལ་དགོས་ཚུལ་སོགས་སྐེ་ཡན་གྱི་གཏམ་བཤད་བྱས་ཏེ་མི་མང་ལ་མགོ་བསྐོར་བཏང། རང་དོན་ལ་ཐུག་དུས་སྤྱི་དོན་བློས་གཏོང་བའི་བྱ་ངན་སྤེལ་རྒྱུར་ཐེ་ཚོམ་མི་བྱེད་པ་དེ་ཡག་རྟགས་ག་ལ་ཡིན།
སྤྱི་འཐུས་རེ་གཉིས་ཨའུ་ཙམ་འདུག་བསམ་པ་དེ་ཡང་གྲོགས་ངན་གྱིས་ངན་བསྐུལ་ངན་བསླབ་ཀྱི་དབང་བསྒྱུར་འོག་མགོ་འཁོར་ནས་རང་ཚུགས་རང་གིས་ཟིན་མ་ཐུབ་དེ་ནི་རང་ཉིད་ལ་ལྟ་བ་དང་ལངས་ཕྱོགས་བརྟན་པོ་མེད་པ་བླུན་པོ་ཆུ་སྣ་གར་འཁྲིད་དབང་དུ་སོང་བ་དེ་ཡང་སྡུག་རྟགས་རེད།
བླ་མ་ཐུགས་རྗེེའི་བདག་ཉིད་ཀྱི་སྐུ་མདུན་ལ་སྤྱོད་པ་སློག་མཁན་དེ་ཚོ་ད་དུང་ཧམ་པ་བྱས་ཏེ་སྤྱི་འཐུས་འོས་གཞིའི་ནང་ལངས་འདོད་ཀྱི་དྲིལ་བསྒྲགས་བྱས་པ་དེ་ཚོའི་ཕུགས་ཀྱི་དམིགས་ཡུལ་དང་འཆར་གཞི་གང་ཡོད་ཚོད་དཔག་དཀའ་བའི་རང་བཞིན་རེད། སེམས་པ་ལ་ལྷད་མེད་ན་ནོར་འཁྲུལ་ངོས་ལེན་གྱིས་འོས་གཞི་ནས་ཕྱིར་འཐེན་བྱེད་དགོས།
ཕ་ཡུལ་གཅིག་པ་དང་ཆོས་བརྒྱུད་གཅིག་པ་སོགས་རྗེས་ལུས་རྨོངས་ཞེན་གྱི་བསམ་བློ་དོར་ཏེ་སངས་རྒྱས་ཀྱི་བསྟན་པ་དང། འཕགས་པའི་དགེ་འདུན་གྱི་སྡེ། བོད་སྤྱི་ལ་གནོད་པ་སྐྱེལ་མཁན་ཞིག་ཡིན་ན་དེ་ལ་ཁ་གཏད་གདོང་ལེན་མ་བྱས་ན་སུ་ལ་བྱེད། དེ་ལུགས་ཚང་མས་གཞན་གྱི་བེད་སྤྱོད་འོག་ཏུ་མ་ཚུད་པར་དོ་སྣང་ཆེན་པོའི་སྒོ་ནས་གོང་གི་གནད་དོན་རྣམས་ལ་དགོངས་པ་གཏིང་ཟབ་བཞེས་ཏེ་མི་ངན་སྤྱོད་པ་སློག་མཁན་རིགས་ངོ་ཐག་ཆོད་པ་བྱེད་དགོས།
ང་རང་བོད་འབྱོར་ཕ་བརྒྱུད་བུ་བརྒྱུད་མདོ་སྟོད་གཙང་མ་ཞིག་ཡིན། ཆུ་སྒང་གསར་རྙིང་གཉིས་ཀར་ཐེ་བྱུས་མེད། ཡིན་ན་ཡང་མི་མང་གིས་འོས་འདེམས་བྱས་པའི་སྤྱི་འཐུས་ཀྱི་བྱེད་སྟངས་ལ་ཞེན་པ་ལོག་ནས་སེམས་ནང་གང་བསམ་བྲིས་ཐལ་སོང་བར་དགོངས་ཕྱོགས་མེད་པ་ཞུ།། བལ་སྡོད་ཀརྨ་གཡུལ་རྒྱལ་ནས། སྤྱི་ལོ་༢༠༡༥ཟླ་༡༡ཚེས་༥ལ།
ཧཧཧཧཧ་་་་་ཆུ་སྒང་ཐོག་སྡང་ཟུག་ཆེན་པོ་དེ་འདྲ་ག་རེ་བྱས་སོང་ཡིན་ནམ། ད་བྱས་ཡ་ཡོད་མ་རེད་གདའ། འཕགས་ཤིང་རྩེ་ལ་འཛེགས་ནས་སྐད་འབོད་གྱིས་དང་བལ་ཡུལ་རྒྱལ་པོས་རོགས་རམ་གནང་གི་རེད་ལགས། ཧཧཧཧཧཧ་་་་་་་་་་་
མདོ་ཁམས་ཆུ་བཞི་སྒང་དྲུག་གཅིག་ལས་གཉིས་པ་ཞིག་ཡོད་པ་མི་ཤེས། མདོ་སྟོད་མི་མང་དང་བོད་མི་སྒྲིག་འཛུགས་ཀྱིས་ངོས་ལེན་མེད་ན་ཡང་མི་རེ་གཉིས་དྷ་རམ་ས་ལའི་ཟུར་ཁུག་ཅིག་ལ་ངོ་ལོག་གི་རྣམ་པ་ཐོགས་གནས་ཡོད་པ་གོ་ཐོས་བྱུང་། ངོ་ལོག་པ་ལ་སྤྱི་མི་སུ་ཡིན་ཡང་རྒྱབ་བསྐྱོར་གནང་མི་ཐུབ་པ་དེ་ཤེས་མ་སོང་ངམ།
ཆོས་ལུགས་སྤྱི་འཐུས་དེ་ཚོ་མེད་པ་བཟོས་ན་ཏག་ཏག་རེད། དེ་ཚོས་འཐེན་ཁྱེར་ལས་སྤྱི་སེམས་ཟེར་བ་ཞིག་ཤེས་ཀྱི་མེད་པ་འདྲ།
ཡཡཡ་་་་མདོ་སྟོད་ཚང་གི་ཆུ་སྒང་གསར་པ་ལ་མཉམ་ཞུགས་མི་གནང་བ་དང་། སྤྱི་འཐུས་ཚོགས་གཙོས་ཀླུ་མཁར་བྱམས་དང་མཉམ་དུ་བསྡད་རྒྱུ་མིན་ཟེར་བ་གཉིས་ཕྱོགས་གང་ཅི་འཐད་ནས་འདྲ་པོ་འདུག་བློ་ཕམ་དགོས་པའི་ལས་ཀ་རང་རེད།
ད་ཞབས་འདྲེན་མ་བཞག་ན་དགའ་ལི་རེད་
གོང་ས་མཆོག་ལ་བརྟན་ཞུགས་འབུལ་
རྒྱུའི་མཛད་སྒོ་ལ་མི་ཡོང་མཁན་ཡོད་ན་
དེ་ཡག་རྟགས་མ་རེད་མདོ་སྟོད་མི་མང་དང་
ཆོས་ལུགས་ཁག་གི་བླ་ཆེན་ཚོའི་དགོང་
པ་བཞེས་དགོས་པ་རེད་མི་དེ་ཚོའི་རྒྱབ་ལ་
སུྈའདུག་དོ་སྣང་བྱ་དགོས་པ་རེད་སྤྱི་འཐུས་ནང་ཆོས་ལུགས་སྤྱི་འཐུས་མེད་ན་འགྲིག་འདུག་།
ནོར་བཅོས་(མི་ཡོང་མཁན་ཡོད་ན་) དེ་མི་ཡོང་མཁན་མེད་ན་ལ་བཅོས་དགོས་)
གནས་ལུགས་དང་རྒྱུ་མཚན་ཡང་དག་གཅིག་མ་ཤེས་ན་དོན་མེད་ཁྱི་ཟུག་རྒྱབ་སྡོད་ན་སྤྱི་ཚོགས་ལ་ཕན་པ་ལས་གནོད་མི་ཆེ་འམ་ མ་གཞི་ང་ཚོར་སྤྱི་སྒེར་སུ་འདྲ་ཞིག་ཡིན་རུང་༧གོང་ས་མཆོག་སྐུ་ཚེ་ཡུན་དུ་བརྟན་པའི་བཀའ་གསུང་ཅི་སྒྲུབ་ཞུ་རྒྱུ་དང་བརྟན་བཞུགས་ཞབས་རིམ་སྒྲུབ་རྒྱུ་སོགས་ནི་ང་ཚོའི་འོས་འགན་ཡིན་པས་བཤད་ཅི་ལ་དགོས་ ཡིནའང་མི་མགོ་བདེ་དྲན་འཕྲུལ་ཅན་རེ་འགས་སོ་སོའི་ལྟོ་གོས་ཀྱི་ཆེད་དུ་མདོ་སྟོད་རྒྱ་ཆེའི་མངས་ཚོགས་ཀྱི་མིང་ཁྱེར་ནས་གནས་ལུགས་ཡང་དག་ཧ་གོ་ན་མ་གོ་མདོག་དང་མ་ཡིན་ན་ཡིན་མདོག་བྱེད་ས་ལ་མདོ་སྟོད་སྤྱི་འཐུས་ཚོ་བཅར་མེད་པ་ལ་རྒྱུ་མཚན་མེད་པ་གལ་ལ་ཡིན་ བརྟན་བཞུགས་ཕུལ་ཟིན་རྗེས་ཡང་ཁྲམ་པ་དེ་ཚོས་༡༩༩༤ནས་༢༠༡༥བར་ཞེས་པའི་ཚོགས་འདུ་ཞིག་བསྐོང་འགུགས་བྱས་ཡོད་ཚོད་འདུག་ ཚོགས་འདུའི་སྐུ་མགྲོན་གཙོ་བོ་ནི་ཡང་ཁྲམ་པ་རྐྱང་རེད་འདུག་ མཐའ་མ་དེ་ལ་ཁྲམ་པས་ཁྲམ་པ་ལ་གསེར་གྱི་བྱ་དགའ་ཞིག་ཀྱང་་སྤྲོད་འདུག་ཧཧཧཧཧ་ད་ཡིན་ན་ལྟོད་མོ་འདུག་།
ཀརྨ་གཡུ་རྒྱལ་ལགས། ངོ་ཤེས་ཀི་ཡོད། རང་གི་བྱེད་སྟངས་དེར་བལྟས་ན། སྐྱེས་དམན་རྒྱོ་ས་ལའང་རང་ཚོས་༧གོང་ས་མཆོག་གི་མཚན་དེ་བེད་སྤྱོད་ཡོང་ས་རེད། གཟབ་གཟབ་གྱིས། ཤི་ཁར་སྡིག་པའི་ཁ་སྣོན་རེད་ད།
བོད་ཀྱི་དུས་བབ་ནང་གི་མཆན་འགའ།
༼tashi
༢༠༡༥/༡༡/༠༦ ༡༤:༤༩:༡༤
གྲུབ་འབྲས་ཟེར་བ་སྤུའི་རྩེ་མོ་ཙམ་ཡང་བསྟན་རྒྱུ་མེད་པ་ལ། རྒན་གོག་འགའ་ཤས་བསྐངས་ཏེ་འུ་ཐུག་ཐབས་ཟད་ལྟ་བུའི་ལྐོག་ལབ་མང་པོ་ཞིག་རྒྱག་འདུག་པ་དེས་དུས་ཚོད་རྫོགས་རོགས་དང་། རང་ངོ་ཚ་རོགས། གཞན་ངོ་ཞེ་ཁྲེལ་རོགས་ལས་ཅི་འདུག
ངས་གནད་འགག་གཉིས་བཤད། གཅིག༽གལ་སྲིད་རྡ་སར་ཡོད་པའི་མདོ་སྟོད་ཆུ་བཞི་སྒང་དྲུག་ཟེར་བ་འདི་ཁྲིམས་མཐུན་ལུགས་མཐུན་བོད་མིའི་སྒྲིག་འཛུགས་དང་མདོ་སྟོད་མང་ཚོགས་ཀྱིས་ངོས་ལེན་ཡོད་པ་ཞིག་ཡིན་ན། རྡ་ས་ནི་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་ལྟེ་བ་ཡོད་ས་དེ་རེད། དེར་ཚོགས་ཆེན་ཚོགས་དུས་ག་རེ་བྱས་ནས་ཆེ་ས་ནས་སྲིད་སྐྱོང་དང་བཀའ་བློན་ཁག སྤྱི་འཐུས་གྲོས་ཚོགས་ཀྱི་རྒྱུན་ལས་སྐུ་ཚབ་དང་། ལྷན་ཁང་ཁག་གི་དྲུང་ཆེའམ་དྲུང་འཕར་ལྟ་བུ། ད་དུང་མདོ་སྟོད་སྤྱི་འཐུས་བཅུ་ཡོད་པ་རེད། དེ་དག་ལས་སུའང་ད་རེས་ཙམ་མིན་པ་ཕྱི་ལོ་ ༢༠༠༠ ལོ་ནས་ག་དུས་ཀྱང་ཕེབས་རོགས་བྱེད་ཀྱི་མེད་པ་འདིས་ག་རེ་བསྟན་པ་རེད་དམ། ཁྱོད་རང་ཚོའི་མཁྲེག་འཛིན་ཅན་གྱི་རྒན་གོག་ཅིག་ལ་སྐུ་མགྲོན་གཙོ་བོ་ཟེར་ནས་དེར་རྒན་གོག་འགའ་འཛོམས་འདུག་པ་དེས་ག་རེ་བསྟན་པ་རེད། དེ་ནི་ཁྱོད་རང་ཚོ་ཁྲིམས་འགལ་དང་། བོད་མའི་སྒྲིག་འཛུགས་ཀྱིས་ངོས་ལེན་མེད་པའི་རྒྱུ་མཚན་དེ་རེད། དེ་བཞིན་མདོ་སྟོད་སྤྱི་འཐུས་སུའང་མེད་པ་དེ་ནི་རྒྱ་ཆེའི་མདོ་སྟོད་མང་ཚོགས་ཀྱིས་ཁྱེད་རང་ཚོ་ལ་རྒྱབ་སྐྱོར་དང་ངོས་ལེན་མེད་པའི་རྒྱུ་མཚན་གྱིས་རེད། ཁྱོད་རང་ཚོ་ལ་ནག་ཉེས་ཤིག་ཡོད་པའི་རྟགས་མཚན་རེད། ཡང་སྙིང་དེ་ནི་ ༢༠༠༡།༩།༢༡ ཉིན་གྱི་སྤྱི་འཐུས་གྲོས་ཚོགས་ཀྱི་ཡིག་ཆ་ཨང་ ༩ པའི་ནང་གསལ་བ་ལྟར་ཁྱོད་རང་ཚོའི་ཚོགས་པ་དེ་སྐབས་དེ་དུས་ནས་ངོས་ལེན་མེད་པ་དང་ཚོགས་པ་སྒོ་བརྒྱབ་ཟིན་པ་ཞིག་རེད།
གཉིས་༽ མདོ་ཁམས་རྒྱ་ཆེའི་མང་ཚོགས་ཀྱིས་ངོས་ལེན་ཡོད་པའི་རྒྱལ་སྤྱིའི་རང་བཞིན་ཅན་གྱི་འོས་བསྡུའི་ཁྲོད་དབུས་རྒྱུན་གདམས་བསྐོས་བྱས་ཏེ་ད་ལྟ་ལྡི་ལིར་ཡོད་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་པ་ལ་ལྟོས་དང་། ཚོགས་ཆེན་དང་འགན་འཛིན་ལྷན་ཚོགས། དུས་དྲན་མཛད་སྒོ་སོགས་ལ་བོད་མའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་སྐུ་མགྲོན་ཁག་ཕེབས་པ་དང་། གསུང་འཕྲིན་གནང་པ། མདོ་སྟོད་སྤྱི་འཐུས་ཆ་ཚང་མཉམ་ཞུགས་བྱེད་ཀྱི་འདུག་བ་དེ་ཚོས་ག་རེ་བསྟན་པ་རེད་པས། དེ་ནི་ཁོང་ཚོ་ཁྲིམས་མཐུན་ལུགས་མཐུན་ཡིན་པ་གང་ཞིག མང་ཚོགས་སྤྱི་དང་དེའི་འཐུས་མི་ཚོས་དེར་རྒྱབ་སྐྱོར་དང་ངོས་ལེན་ཡོད་པར་མཚོན་གྱི་ཡོད་རེད། གོང་གསལ་གནད་དོན་དག་ལ་མང་ཚོགས་ཀྱིས་ཞིབ་འཇུག་བྱས་ཏེ་ཧ་གོ་དགོས་ཡ་གལ་ཆེན་པོ་རེད། དེ་མིན་སྤྱི་ཚོགས་ནང་ནས་དཀྲུགས། དེས་བོད་ཀྱི་བསྟན་པ་ཆབ་སྲིད་ལ་གནོད་བསྡད་ན་དོན་དམ་པར་དེ་ནི་གངས་ཅན་བོད་ལ་གནོད་པ་ཞིག་རེད།༽
ཡང་མཆན་གཞན་ཞིག ༼ཆོས་འབྱོར་དབང་ཕྱུག
༢༠༡༥/༡༡/༠༦ ༢༡:༢༥:༣༥
ངས་དེ་རིང་གོ་སྐབས་འདི་ཟིན་ནས་ལྷན་རྒྱས་ལ་ཞུས་འདོད་ཞིག་བྱུང།སྔོན་མ་ཆུ་བཞི་སྒང་དྲུག་ཁྱབ་ཁོངས་(ཆུ་སྒང་དམག་མི་ཞུ་མྱོང་མཁན་ཚོས་དབུ་གཙང་དང་མདོ་སྨད་པ་ཡང་ཡོད)ཀྱི་མི་དམངས་རྣམས་ཨ་རིའི་ལ་བསྐྱོད་རྒྱུའི་ལས་འཆར་ཞིག་ཡོད་པ་ཨ་རིའི་གཞུང་འབྲེལ་མུ་མཐུན་བྱས་ཡོད།སྐབས་དེར་མི་དམངས་ཚང་མས་ཐོ་འགོད་བྱས་ཡོད།འོན་ཀྱང་སྟབས་མ་ལེགས་པ་ཆུ་སྒང་གསར་པ་ཞེས་པའི་ཚཽགས་པ་ཞིག་ཨ་རིའི་གཞུང་ལ་ང་ཚོ་ཡང་ཆུ་སྒང་ཡིན་ཟེར་ནས་མཐར་མར་ཚང་མ་གོ་སྐབས་མེད་པ་ཆགས་སོང་བ་རེད།ཁྱེད་ཚོས་བོད་མིདམངས་རྣམས་ལ་ཕན་ཐོགས་ཡོད་པ་ལས་ཀ་ཞིག་བྱ་ཡོག་རེད་པས།
དེ་རེས་ཡང་མི་ཚང་མ་འོ་མ་ཞོ་ཆགས་པ་ལྟར་གནས་ཡོད་པས་ཡང་ཁྱེད་ཚོས་ཞོ་ནང་ཁྲག་གི་ཐིགས་པ་རྒྱག་པ་ལྟར་ངུ་སྐད་རྒྱག་པ་དེར་མདོ་སྟོད་མི་དམངས་ལ་དགོས་པ་ཤིག་རེ་པས།༽
གོང་གི་རྩོམ་མམ་བསམ་ཚུལ་དང་མཆན་རྣམས་རོབ་བཀླགས་བྱས་པ་ཡིན། གསལ་བཤད་ཞིག་དང་། བསམ་ཚུལ་ཞིག་ཞུས་ན་བསམ་བྱུང་།
༡ གསལ་བཤད། མདོ་སྟོད་མི་མང་གིས་བཙན་བྱོལ་རྒྱལ་ཡོངས་རང་བཞིན་གྱིས་རྒྱུན་ལས་འདེམས་བསྐོ་ཞུས་པ་ལྡི་ལིར་ཡོད་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་རྒྱུན་ལས་ཁང་རེད། གནད་དོན་དེ་༧གོང་ས་མཆོག་བོད་མིའི་དབུ་ཁྲིད་ཡིན་སྐབས་དེ་ལྟར་རེད་ལ། ད་ལྟ་ཡང་དེ་ལྟར་རེད། དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། འཛིན་སྐྱོང་བཀའ་ཤག ཆེས་མཐོའི་ཁྲིམས་ཞིབ་ཁང་བཅས་ནས་རིམ་པར་ཐག་བཅད་པའི་གནད་དོན་ཞིག་རེད།
༢ བསམ་ཚུལ། ཁོང་ཚོ་རྡ་སར་ཡོད་པ་འགའ་ཞིག་གིས་མདོ་སྟོད་སྒྲིག་འཛུགས་ཡིན་ཟེར་བ་དེར་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཁྱབ་ཁོངས་མི་མང་གིས་ཁྲིམས་མཐུན་དུ་ངོས་འཛིན་མ་བྱས་པ་ཙམ་གྱིས་ཁོང་ཚོ་མདོ་སྟོད་མི་གྲལ་ནས་ཕུད་བཞག་པ་དེ་འདྲ་གང་ཡང་མ་རེད། ཁོང་ཚོ་ཡོངས་ཁྱབ་རང་བཞིན་གྱི་ལམ་ནས་འགྲོ་བཞིན་པའི་མདོ་སྟོད་སྤྱི་འཐུས་དང་། ཆུ་སྒང་དབུས་རྒྱུན་བཅས་སུ་མདོ་སྟོད་མི་མང་གིས་རྒྱབ་སྐྱོར་ཡོད་ན་ཕེབས་ཡག་གི་ལམ་ཁ་ཡོད་ཡོད་པ་རེད། སུ་གཅིག་བཀག་ཡོད་མ་རེད། དེ་བས་ཁོང་ཚོས་ཟུར་དུ་འུར་རྒྱག་དགོས་པའི་གནས་སྟངས་གང་ཡང་བསྡད་ཡོད་མ་རེད། མ་ཟད་ལྡི་ལིར་ཡོད་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་ཕྱག་ལས་ཏག་ཏག་གནང་མེད་པའམ། གནང་བ་འགྲིག་ག་མེད་ན་ཁྱོད་རང་ཚོས་མི་མང་གིས་རྒྱབ་སྐྱོར་ཐོབ་ཐུབ་པའི་ཕྱག་ལས་གནང་བ་བརྒྱུད། ལྡི་ལིར་ཆུ་སྒང་དབུས་རྒྱུན་དུ་ཕེབས་ནས་འགྲིག་ཡོད་པའི་ལམ་དུ་ཁྲིད་ཐབས་བྱས་ན། མི་མང་གིས་རྒྱབ་སྐྱོར་ཐོབ་ན་འགྲིག་གི་ཡོད་རེད།
༣ དེ་མིན་མདོ་སྟོད་མི་མང་ཚུར་རུབ་རུབ་ཆགས་ཡོང་དུས། ༧གོང་ས་མཆོག་གི་ཐུགས་དགོངས་དྭངས་ཡོང་དུས། མདོ་སྟོད་ལ་འབྲེལ་བ་བྱེད་ཀྱི་མིན་ཟེར་མཁན་དང་། ཡང་ན་ཆེད་དུ་མདོ་སྟོད་གཉིས་བཟོ་ཐབས་དེ་ཚོའི་རྐུབ་ལ་རྒྱུགས་བསྡད་ན་དུས་ནམ་ཡང་ཁྱོད་རང་ཚོ་གཞན་གྱི་ལག་ཕྱིས་ཙམ་ལས་ཅི་ཡང་མི་ཡོང་བ་ཤེས་པར་བྱོས།
བཙན་བྱོལ་སྒྲིགས་འཛུགས་ཀྱི་ཚེ་ཚད་ནི་ཏཱ་ལའི་བླ་མའི་ཚེ་སྲོག་དང་འབྲེལ་ཡོད་ཞེས་པའི་་་རྒྱ་ནག་གི་བཤད་པའི་སྐད་ཆ་དེ་ཅི་ལ་མི་བདེན་་་གོང་ས་མཆོག་མེད་པའི་སྐབས་ལ་བཙན་བྱོལ་གཞུང་་་་ཆོལ་ཁའི་བར་འཁྲུགས་པ་བརྒྱབ་ནས་འཐོར་རྒྱུ་ཡིན་པའི་སྔ་ལྟས་མང་པོ་འདུག་་་་འགོ་ནས་དབུ་ཁྲིད་ཚོ་ལ་རེ་བ་མི་འདུག་ལ་་་འོག་མི་དམངས་ལ་ཡང་རེ་བ་མི་འདུག་་་་་མི་དམངས་དཀྱུས་མ་ཚོས་སྔ་ནས་གྲ་སྒྲིགས་བྱས་ན་ལེགས་་་་་་ངས་འདི་ལུང་བསྟན་ཡིན་་་་་་་་་
བཀྲ་ཤིས་ལགས་ཧམ་པ་གཡག་ཙམ་མ་བཤད་ན་བདེན་པ་རི་ཙམ་ཐོབ་ཀྱི་མ་རེད་ཟེར་བ་ལྟར་ད་བར་ལོ་ངོ་20ཙམ་རིང་ཧམ་པ་ཀྱང་བཤད་ནས་བསྡད་སོང་ད་དུང་ཧམ་པ་མ་ཤོད་མི་མང་ལྐུག་པ་མ་རེད་ད་་་་ཁྱོད་ཚོ་འགོ་གཙོ་མི་ངན་ཨ་ཐར་ཟེར་བ་ཁག་གཅིག་ནས་ཐེ་བན་དང་མཉམ་དུ་གྲོས་མཆོད་དོན་མཚན་གསུམ་བཞག་པ་དང་བོད་ཀྱི་ལོ་རྒྱུས་ལ་ཁོྱག་བཤད་ཀྱི་དེབ་མང་པོ་འགྲེམ་སྤེལ་བྱས་པ་སོགས་ཀྱི་ནག་ཉེས་ང་ཚོ་ཁམས་རིགས་ཚང་མའི་མགོ་ལ་གཡོག་ཐབས་མེད་་་་་་ཁྱོད་ཚོས་ནོར་འཁྲུལ་ལ་ངོས་ལེན་དང་ཡོ་སྲང་མ་བྱས་བར་ང་ཚོ་རྡ་ས་ཆུ་སྒང་ཁྱོད་ཚོ་དང་གཅིག་སྒྲིལ་ཟེར་བ་ཡོང་ཐབས་མེད་་་་འཇིགས་བྲལ་ལགས་ཕྱི་ལོ་་1994་ནས་གང་བྱུང་བ་རྣམས་ལ་ལེགས་པར་གཟིགས་དང་གསལ་པོ་མཁྱེན་གྱི་རེད་་་་་་་་་་་་་་་་་་་་་་་་་་་་་་་་་་་་་བོད་ཁམས་སྡེ་ལགས་ཉམས་ཆུང་དང་དྲང་པོ་གནང་མཁན་ལ་ཁྲམ་པ་མ་གསུངས་བྱས་ན་སྤྱི་ཚོགས་ནང་ཨ་ཐར་དང་འཇུ་ཆེན་དེང་སྐབས་སྤྱི་འཐུས་ནང་ཡོད་པའི་ཁོང་ཚོའི་ཨམ་ཕྲུག་ཧམ་ཆེན་ཁྲམ་པ་བཤོད་མཁན་དེ་ཚོར་གང་གསུང་རྒྱུ་ཡོད་དམ་་་་་་་་
ཁག་གཅིག་གིས་ལྡི་ལི་ཆུ་སྒང་ལས་རྡ་ས་ཆུ་སྒང་ངོས་ལེན་མེད་པའི་རྫུན་བཤོད་བཞིན་འདུག་པས་གལ་སྲིད་དེ་ལྟར་ཡིན་ན་འབྲེལ་ཡོད་བཀའ་ཤག་གམ་སྤྱི་འཐུས་ཡང་ཁྲིམས་ཞིབ་སོགས་ནས་གནང་བའི་ངོ་སྤྲོད་ཀྱི་སྤང་པོའི་ཡི་གེ་ཞིག་སྟོན་རྒྱུ་ཡོད་དམ་་་་་་་་་་་་་་་་་་་་་་་་་་་
ཆུ་སྒང་གི་མིང་དེ་མདོ་སྟོད་ཀྱི་སྒེར་བདག་བྱས་པ་ནོར་འཁྲུལ་རེད། བསྟན་སྲུང་དང་བླང་དམག་གི་རང་འགུལ་སྒྲིག་འཛུག་གི་མཛད་རྗེས་རྣམས་མདོ་སྟོད་ཆོལ་ཁས་སྒེར་བདག་བྱས་པ་ནི་ཧ་ཅང་ཧམ་སེམས་ཆེན་པོ་རེད། བསྟན་སྲུང་དང་བླང་དམག་གི་སྒྲིག་འཛུག་ལ་ཞུགས་པའི་སྔོན་བྱོན་མདོ་དབུས་ཁམས་གསུམ་གྱི་དཔའ་བོ་ཚོར་དྲིན་ལན་ལོག་འཇལ་རེད། མཛད་རྗེས་ནག་བསུབ་བཏང་པ་རེད།
ཤར་འདའ་ཚོགས་པ་ཆུང་ཆུང་རང་མགོ་ཐོན་མི་ཐོན་དེ་འདྲ་མང་པོ་ཞིག་ཡོད་ཙང་ནང་ཁུལ་འདི་འདྲ་ཐེན་འཁྱེར་དང་བསམ་ཚུལ་དང་ལྟ་ཚུལ་མི་མཐུན་པ་དེ་འདྲ་ཡིན་ལི་རེད། གཙོ་བོ་༸གོང་ས་མཆོག་གི་བཀའ་གསུང་ཅི་སྒྲུབ་ཞུ་དགོས་པ་གལ་ཆེན་རེད། ད་དུང་འདི་འདྲ་བྲིས་ན་དགེ་མཚན་གང་ཡང་ཡོད་པ་མ་རེད། འུ་ཚོས་ཆོལ་ཁ་དང་མི་རིགས་གཉིས་ཐད་ཐད་དངོས་འཛིན་པ་ཐུབ་ཞིག་དང་བོད་མི་རིགས་སྦྱིའི་བདེ་སྡུག་དང་གནས་སྟངས་ལ་བལྟ་དགོས་པ་ཧ་ཀྱང་གལ་ཆེན་རེད་སྐབས་རེད། བོད་གཞུང་དང་ཆོས་ལ་ཁ་གཉིས་ལས་ཆོས་ཁ་འདེམས་མི་སྲིད་པས་ངེས་པ་མི་འདུག་པས་དེ་སྐོར་ལ་སེམས་དགོས་པ་ཞིག་རེད་དྲན་ཡོད།
དྲ་གྲོགས་རྣམས་པ་ཚོ་བསམ་བློ་ལེགས་པར་བཏང་ནས་གཅིག་གསུང་དང་རྡ་ས་མདོ་སྟོད་དང་ལྡི་ལི་མདོ་སྟོད་ཟེར་བ་ཕར་གཡུག་ཞོག་ལྷ་བབས་དུས་ཆེན་ཉིན་བརྟན་བཞུགས་འབུལ་མཁན་རྣམས་བོད་པ་རེད་ལ་འབུལ་ཡུལ་དེའང་ང་ཚོ་བོད་མི་ས་ཡ་དྲུག་གི་ནོར་བུ་༸གོང་ས་མཆོག་ལ་འབུལ་བའི་ཉིན་དེར་མདོ་སྟོད་མིང་འཁུར་བའི་སྤྱི་འཐུས་མི་ངན་དྲིན་ལན་ལོག་འཇལ་བྱེད་མཁན་ཁག་གཅིག་ཆེད་དུ་ཡོང་མི་དགོས་པའི་རྒྱུ་མཚན་གང་རེད་་་་་་་་་
མི་ཤེས་ནའང་ཤེས་མདོག་བྱེད་མཁན་འདི་ཚོ་སུས་མངགས་ཡོང་པ་རེད། མདོ་སྟོད་ལ་ཆུ་བཞི་སྒང་དྲུག་ཚོགས་པ་གཅིག་མ་གཏོགས་མེད་ཅེས་གྲོས་ཚོགས་ནང་གྲོས་ཆོད་བཞག་ནས་ཁྲིམས་ཆགས་ཡོད་རེད་ལ། ཁྲིམས་དེ་མི་བརྩི་བ་དང་དེ་ཤེས་བཞིན་དུ་བཀོད་སྒྲིག་བྱེད་མཁན་ཚོ་ནི་བོད་མི་ནང་ཁུལ་གཏོར་མཁན་རེད།
ཀརྨ་བློ་གསལ་ལགས་ཐུགས་རྗེ་གཟིགས་མདོ་སྟོད་ལ་ཆུ་བཞི་སྒང་དྲུག་ཚོགས་པ་གཅིག་མ་གཏོགས་མེད་ཅེས་གྲོས་ཚོགས་ནང་གྲོས་ཆོད་བཞག་ནས་ཁྲིམས་ཆགས་ཡོད་པའི་ཚོགས་པ་ག་འདི་རེད་གསུངས་རོགས་གནང་
དངོས་གནས་རེད་ད་་་་ད་ལྟའི་མདོ་སྟོད་སྤྱི་འཐུས་མིང་འཁུར་མཁན་ཚང་མ་དྲི་ལན་ལོག་འཇལ་བྱེད་མཁན་ཤ་སྟག་རེད་ད