ཡོང་ཁུངས། བོད་ཀྱི་དུས་བབ།
ཞི་ཅིན་ཕིན་རྒྱ་གར་ནང་སྐོར་སྐྱོད་སྐབས་རྒྱ་གར་གཞུང་ལ། ༧གོང་ས་མཆོག་གི་གནང་ཕྱོགས་དང་བོད་མིའི་སྒྲིག་འཛུགས་དྷ་རམ་ས་ལར་གནས་ཆོག་མིན་གླེང་སློང་ཡོང་གི་རེད་ཟེར།
གཟའ་སྤེན་པའི་ཉིན་རྒྱ་གར་དུས་བབ་དྲ་རྒྱའི་ཐོག པེ་ཅིན་ནང་ཡོད་པའི་རྒྱ་ནག་དམར་ཤོག་ཚོགས་པའི་སློབ་གྲྭའི་རྒྱ་གར་གནད་དོན་ཆེད་མཁས་པ་མཱ་ཅཱ་ལི་(Ma Jiali)ཡིས་ཟླ་འདིའི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་ནང་སྐོར་སྐྱོད་བྱེད་སྐབས། རྒྱ་གར་གྱི་དཔོན་རིགས་ཚོར་༧གོང་ས་མཆོག་གི་གནང་སྒོ་ཇི་ཡིན་དང་རྒྱ་གར་ནང་བོད་མིའི་སྒྲིག་འཛུགས་གནས་ཆོག་མིན་ཐོག་གླེང་སློང་ཡོང་རྒྱུ་ཡིན་སྐོར་སོགས་བརྗོད་འདུག
འདིའི་ཐད་མཱ་ཅཱ་ལིས། “ཐེངས་འདིར་སྲིད་འཛིན་ཞི་ཅིན་ཕིན་གྱིས་རྒྱ་གར་གྱི་དབུ་ཁྲིད་ཐུག་སྐབས་རྒྱ་གར་གཞུང་གིས་དེ་སྔོན་ཁས་ལེན་གནང་པ་ལྟར། བོད་མི་ཚོས་རྒྱ་ནག་ལ་དམིགས་པའི་ཆབ་སྲིད་ལས་འགུལ་རིགས་སྤེལ་རྒྱུ་མཚམས་འཇོག་དགོས་པ་ནན་སྐུལ་བྱ་སྲིད་པ་རེད”ཅེས་དང་། ད་དུང་ཁོས། “བཙན་བྱོལ་བོད་གཞུང་ནི་རྒྱ་ནག་ལ་དམིགས་པའི་ཆབ་སྲིད་ལས་འགུལ་སྤེལ་མཁན་གྱི་སྒྲིག་འཛུགས་ཤིག་ཡིན་སྟབས། དེ་སྔོན་རྒྱ་གར་གཞུང་གིས་རྒྱ་ནག་གཅིག་གི་ལམ་ལུགས་ལ་རྒྱབ་སྐྱོར་བྱ་རྒྱུའི་ཁས་ལེན་བྱས་པ་ལྟར་ལག་བསྟར་དོལ་འཁྱོལ་བྱས་ཏེ། རྒྱ་ནག་ཁ་བྲལ་གཏོང་མཁན་ལ་གཙིགས་ཆེན་བྱས་ན་འགྲིག་གི་མེད”ཅེས་སོགས་བརྗོད་འདུག
རྒྱ་གར་དུས་བབ་ཀྱིས་མཱ་ཅཱ་ལི་ལ། ད་རེབ་ཞི་ཅིན་ཕིན་གྱིས་དྷ་རམ་ས་ལར་ཡོད་པའི་བཙན་བྱོལ་བོད་གཞུང་སྒོ་རྒྱག་དགོས་པའི་ཐད་གླེང་སློང་བྱེད་སྲིད་སྐོར་དྲིས་པར་ཁོས། “ང་ཚོའི་ངོས་ནས་ད་རེབ་སྲིད་འཛིན་གྱིས་གནད་དོན་དེའི་སྐོར་གླེང་སློང་བྱེད་པར་རེ་བ་བྱེད་ཀྱིན་ཡོད། ཞི་ཆིན་ཕིན་ཁོ་རང་གི་ངོས་ནས་ཀྱང་རྒྱ་གར་གྱི་དབུ་ཁྲིད་ཚོར་ཐུག་འཕྲད་སྐབས་གནད་དོན་འདིའི་ཐད་གོ་བསྡུར་བྱ་དགོས་པ་ཞིག་ཆགས་ཡོད”ཅེས་བརྗོད་འདུག
༢༠༠༢ ལོར་རྒྱ་ནག་གཞུང་དང་བོད་མིའི་སྒྲིག་འཛུགས་བར་གྱི་འབྲེལ་ལམ་བསྐྱར་གསོ་བྱུང་བ་ནས་བཟུང་། ད་བར་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་དང་རྒྱ་ནག་འཐབ་ཕྱོགས་གཅིག་འགྱུར་པུའུ་ཡི་དཔོན་རིགས་བར་འབྲེལ་མོལ་ཐེངས་ ༩ ཙམ་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གིས་བོད་དབང་བསྒྱུར་བྱས་པར་༧གོང་ས་མཆོག་གིས་ངོ་རྒོལ་དང་ངོས་བཞེས་གང་ཡང་གནང་གི་མེད་པའི་འགྲེལ་བརྗོད་དང་། ༧གོང་ས་མཆོག་གིས་བོད་སྐད་བོད་ཡིག་སྤྱོད་ཡུལ་གྱི་བོད་ས་ཡོངས་རྫོགས་རྒྱ་ནག་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་མངའ་ཁོངས་ཡིན་པ་ངོས་བཞེས་མ་གནང་ཚེ། རྒྱ་ནག་གཞུང་དང་བོད་མིའི་སྒྲིག་འཛུགས་བར་དོན་ཕན་ལྡན་པའི་འབྲེལ་མོལ་ཞིག་ཡོང་ཐབས་མེད་སྐོར་སྔ་རྗེས་རིམ་པར་བརྗོད་ཡོད་ཀྱང་། ཉེ་ལམ་བོད་ཀྱི་རྒྱལ་ས་ལྷ་སའི་གསར་འགྱུར་བརྒྱུད་ལམ་ཞིག་ཐོག་རྒྱ་ནག་གི་འབྲེལ་ཡོད་མགོ་ཁྲིད་ཅིག་གིས་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་དང་རྒྱ་ནག་གཞུང་བར་བོད་དོན་དཀའ་རྙོག་སེལ་ཐབས་བྱ་རྒྱུའི་འདོད་མོས་ཡོད་སྐོར་ཞིག་ཀྱང་བསྒྲགས་ཡོད།
གནས་ཚུལ་དེའི་ཐོག་མཱ་ཅཱ་ལི་ལ་བསམ་ཚུལ་གང་ཡོད་དྲིས་པར་ཁོས། “ཏཱ་ལའི་བླ་མས་བོད་སྐད་བོད་ཡིག་སྤྱོད་ཡུལ་གྱི་བོད་ས་ཡོངས་རྫོགས་ནང་ཚད་མཐོའི་རང་སྐྱོང་གནས་བབ་དགོས་ལུགས་བརྗོད་དེ། དོན་དངོས་ཐོག་བོད་མི་ཚོར་བོད་རང་བཙན་སྒྲུབ་ཐབས་བརྒྱུད་སྐུལ་བྱེད་བཞིན་ཡོད་ཀྱང་། ང་ཚོས་ད་དུང་ཁོང་གི་སྐུ་ཚབ་དང་མཉམ་དུ་འབྲེལ་མོལ་བྱས་ཏེ་བོད་དོན་དཀའ་རྙོག་སེལ་ཐབས་བྱ་རྒྱུའི་འདོད་པ་ཡོད”ཅེས་སོགས་བརྗོད་འདུག
གསར་འགོད་པ། དོན་གྲུབ།
གལ་སྲིད་བཙན་བྱོལ་བོད་མིའི་སྒྲིག་འཛུགས་གནས་ཆོག་མིན་སྐོར་མ་གླེང་གོང་ནས་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཞེས་པ་དེ་ཕྱིར་སྡོད་བོད་རིགས་སྤུན་ཟླའི་སྒྲིག་འཛུགས་ལ་སྒྱུར་ན་གླེང་རྒྱུ་མེད་སོང་བ་རེད། མ་རེད་དམ།
ཡ་ད་བོད་ཚང་གི་ཡོད་ནས་ཡོད་ཚད་ཕུག་གཏུག་སའི་ཡོད་ཡོད་མེད་མེད་དེ་རྒྱ་གར་རེད། རྒྱ་གར་གྱི་སྔོན་བོད་
ཐེང་གཅིག་རྒྱ་ལ་བཙོན་ཚར་བ་རེད། ད་བོད་པའི་སྐྱབས་གནས་ཚང་གི་ག་རེ་བྱེད་ཡོང་ན་ལྟ་ཡ་རེད།
ད་རེས་བོད་པ་ཚོས་མ་ནི་མང་ཞིག་བསགས་ཏེ་སྨོན་ལམ་རྒྱག་པའི་དུས་ལ་སླེབས་ཡོད་པ་འདྲ། ཞི་ཅིན་ཕིན་རྒྱ་གར་དུ་སླེབས་སྐབས་བོད་དོན་ཐད་སྐད་ཆ་ཡག་པོ་ཞིག་བཤད་པའི་རེ་བ་རྒྱག་དགོས་བཞིན་འདུག ང་ཚོས་ནམ་ཡིན་ཀྱང་སྨོན་ལམ་རྒྱག་རྒྱུ་ལ་གོམས་ཡོད་པ་རེད། །
བདེ་རྒྱལ།
༢༠༡༤/༠༩/༠༢ ཉིན་འདོན་སྤེལ་བྱས། ཞི་རྒྱ་གར་ལ་མ་སླེབས་གོང་དུ་རྒྱ་གར་གྱི་བརྙན་འཕྲིན་ཚན་པ་ཞིག་བརྒྱུད་རྒྱ་གར་གྱི་མཁས་པ་དང་དེ་བཞིན་ཕྱི་རྒྱལ་གྱི་མཁས་པ། བོད་པའི་མཁས་པའི་བར་བོད་འདི་རྒྱ་གར་གྱི་འདས་མ་ད་གསུམ་ཐོག་གནད་འགག་ཅིག་ཡིན་སྐོར་དང་། སྔ་མོ་ཡང་རྒྱ་གར་གྱིས་བོད་ཐོག་འཛིན་པའི་སྲིད་བྱུས་ནོར་འཁྲུལ་ཅན་གྱིས་ད་བར་རྒྱ་གར་གྱི་ས་མཚམས་ཁག་ཏུ་དཀའ་ངལ་རིམ་ཕྲད་དང་། དེ་ལ་བརྟེན་ནས་རྒྱ་གར་གྱི་དཔལ་འབྱོར་ལ་དོ་ཕོག་ཆེན་པོ་འགྲོ་བཞིན་པ་སོགས་རྒྱ་གར་མི་མང་བྱིངས་ལ་ཤེས་སུ་འཇུག་ཐུབ་པའི་ལས་འགུལ་ཞིག་སྤེལ་དགོས། ལས་འགུལ་འདི་བཞིན་བོད་ཀྱི་བུད་མེད་ཚོགས་པ་དང་། གཞོན་ནུ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། དེ་མིན་གཞུང་འབྲེལ་དྲིལ་བསྒྲགས་ལས་ཁུངས་སོགས་ཀྱིས་འགན་འཁྱེར་ཡང་ཆོག་པ་ཞིག་རེད།
ཁྱམས་འཇུགས་
༢༠༡༤/༠༩/༠༡ ཉིན་འདོན་སྤེལ་བྱས། ལོ་འགའ་ཡི་སྔོན་ཨབ་གྷན་རྒྱལ་ཁབ་སྐྱོ་པོ་ཡིན་ན་ཡང་རང་ཉིད་ལ་སྐྱབས་བཅོལ།རྦི་ལ་ལྡན་གྱི་ཆེད་དུ་སྟོབས་ཆེན་ཨ་རི་རྒྱལ་ཁབ་ལ་ཤི་འཛིང་རོ་འཛིང་བྱས་སོང། འོན་ཀྱང་ད་ཕྱིད་ཆེད་རྒྱ་གར་གྱི་རང་ལ་སྐྱབས་བཅོལ་ཏཱ་ལ་བླ་མ་འཁོར་བཅས་ལྟ་སྟང་བྱེད་སྟང་ག་འདྲ་ཞིག་བྱེད་རྩིས་ཡོད་ན།
གནམ་བུ་ལྷ་དཀར།
༢༠༡༤/༠༩/༠༡ ཉིན་འདོན་སྤེལ་བྱས། རྒྱ་དཀར་ནག་གཉིས་སྤུན་བསྒྲིགས་མྱོང་ནི་རེད། དྲུག་བཅུ་རེ་གཉིས་ལོར་དམག་འཁྲུག་རྒྱབ་སྟེ་རྒྱ་གར་བཟུང་དམག་ཚོ་ལྷ་སར་ཁྲོམ་ལ་དེད་ནས་བསྙོས་བཅོས་ཚད་མེད་མྱངས། རྡ་ས་གླེང་སྲིད་ནའང་བློ་གཏད་མེད་པའི་རྒྱ་གཞུང་གིས་རྒྱ་གར་ལ་ཁེ་སང་ག་རེ་སྤྲད་མིན་ལ་རག་ལས་ཡོད་རྒྱུ་རེད། དེ་བཞིན་རྒྱ་གར་གྱིས་ཀྱང་དཀྱེལ་ཡངས་ཡོད་མདོག་གིས་བསྟུན་མཁས་བྱ་ངེས་རེད། འོན་ཀྱང་། རང་ཉིད་ཀྱི་ལྕགས་རི་ལྟ་བུའི་བོད་འདི་སྔོན་མ་ནས་གཡོ་བཙོང་བྱས་ཚར་བ་རེད། དེའི་མཇུག་འབྲས་གམ་རྒྱུ་འབྲས་མངོན་སུམ་དུ་འཁོར་ཡོང་གི་ཡོད་། ཆོས་རིག་གཞུང་གི་འབྲེལ་ལམ་ཟབ་པའི་ལོ་སྟོང་ཕྲག་འབྲེལ་བཟང་པོ་སྐུ་ཞབས་ནེ་རོས་དྲན་གསོ་ཙམ་ཡང་མ་བྱས་པ་རེད། ད་གང་ལྟར། བྱི་ལ་དཀར་ནག་གཉིས་ཞི་དྲག་གི་ཁྱད་པར་ཙམ་ལས་ཤ་ཟ་ནོ་གཅིག་པ་ཡིན།
བདེ་རྒྱལ།
༢༠༡༤/༠༩/༠༡ ཉིན་འདོན་སྤེལ་བྱས། དགྱ་གཙོག་འདིའི་གདོང་ལ་བལྟས་པ་ཙམ་གྱིས་སྤྱང་གཏོགས་འདྲ་ཞིག་མི་འདུག་གམ། ང་ཚོ་བཙན་བྱོལ་གཞུང་འདི་རྒྱ་གར་བས་བསམ་ཤེས་ན་རྒྱ་གར་སྲུང་སྐྱོབ་ཀྱི་སྒོ་ཆེན་ཞིག་ཡིན། སྐྱབས་བཅོལ་སྒྲིག་འཛུགས་འདི་བཞིན་རྒྱ་གར་གྱི་གཞུང་འཛིན་སྔ་མ་དག་གིས་ཐག་བཅད་པ་ཞིག་ཡིན་སྟབས། རང་དགར་ལག་པ་འཆང་ཆོག་ཆོག་ཅིག་ཀྱང་ཡིན་མི་སྲིད་སྙམ། གལ་སྲིད་རྒྱ་ནག་གི་སྲིད་འཛིན་ཞིས་ད་རེས་རྒྱ་གར་གཞུང་ལ་དེ་འདྲ་ཞིག་འབོད་སྐུལ་ཞུས་ཚེ། རྒྱ་ནག་དམར་ཤོག་དཔོན་རིགས་རིམ་བྱོན་ནང་མའོ་རྗེས་ནས་བོད་ཐོག་སྲིད་བྱུས་འཛིན་མཁན་ཆེས་སྡུག་ཤོས་དེ་ཞི་འདི་ཡིན་པར་ངོས་འཛིན་བྱས་ཆོག
རྣམ་དཔྱོད་ལྡན་པ་ཚོས་བགྲོ་གླེང་བྱེད་དགོས་ས་འདིའི་ཐོག་བགྲོ་གླེང་མང་དུ་བྱེད་པའི་རེ་བ་ཞུ།
ད་བགྲོ་གླེང་ཡོག་མ་རེད། ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་ཏུ་འགྲོ་གི་ཡིན་ཞེས་ཨུ་ཚུགས་མཐར་སྐྱེལ་གནང་པའི་མཇུག་འབྲས་རེད། གཅིག་བྱས་ན་མ་འོངས་པར་རྒྱ་ནག་གིས་ཁ་འདི་ལ་གཡར་ནས་རྒྱ་གར་ལ་དམག་རྒྱག་ས་རེད། རྒྱ་ནག་གི་མཁས་པ་ཞིག་གི་དེབ་ནང་རྒྱ་ནག་གཞུང་གིས་རྡ་ས་མེད་པ་བཟོ་བའི་འཆར་གཞི་འདུག་ཅེས་པ་དེ་བདེན་པ་མ་རེད་དམ།
གང་ལྟར་ཕྱི་ལོགས་སུ་བོད་ཀྱི་གནད་དོན་ཇེ་ཆུང་ནས་ཇེ་ཆུང་ལ་གྱུར་ནས་རྡ་རམ་ས་ལའི་གནད་དོན་དུ་གྱུར་འདུག ད་བོད་ནང་དུ་བོད་ཀྱི་གནད་དོན་ག་ཚད་གནས་མིན་ཙམ་རེད།
རྒྱ་གར་འདི་ཡང་མི་རིགས་འདྲ་མིན་དང་ཡིག་རིགས་འདྲ་མིན་གྱིས་གྲུབ་པའི་དམངས་གཙོའིལ་མ་ལུགས་ལྡན་པའི་སྤྱི་མཐུན་རྒྱལ་ཁབ་ཅིག་རེད། རྒྱ་ནག་དེ་བཞིན་དངོས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཡང་དག་པའི་རྒྱལ་ཁབ་ཅིག་ཆགས་ཚེ། རྒྱ་གར་དང་རྒྱ་ནག་གཉིས་ཀྱི་བར་གནས་མི་རིགས་ས་ཁོངས་རང་སྐྱོང་གི་ཡུལ་གྲུ་དེ་བོད་ཆགས་པས་རྒྱ་གར་ལ་ཞི་བདེ་དང་བརྟན་ལྷིང་ཡོང་ཐུབ། ད་ལྟའི་རྒྱ་ནག་དེ་བཞིན་དངོས་ནས་རྒྱ་ནག་དང་། བོད། སོག་པོ། ཡུ་གུར། ཀྲོའི་རིགས་སོགས་ཀྱིས་གྲུབ་པའི་སྤྱི་མཐུན་རྒྱལ་ཁབ་ཅིག་ཆགས་ཚེ་རྒྱལ་དོན་ཐག་གཅོད་ཀྱི་དབང་ཚད་དེ་རྒྱ་ནག་གཅིག་པོ་ལ་མེད་པར། མི་རིགས་ཚང་མས་ཐག་གཅོད་ལ་བརྟེན་དགོས་པ་ལས་རྒྱ་ནག་གི་དཔོན་རིགས་རེ་གཉིས་ཀྱིས་གང་བྱེད་བྱེད་ཅིག་ཏུ་འགྱུར་མི་ཐུབ། དཔེར་ན་ཉེ་ལམ་ཧོང་གོང་དུ་དྲུག་གཞི་དོན་རྐྱེན་གསར་བ་ཞིག་འབྱུང་ཉེན་ཡོད་པ་ལྟ་བུ་རེད། ལོ་རྒྱུས་ཀྱི་བཞིན་རས་དངོས་ལ་བལྟས་ནས་ཤོད་དགོས་པ་ལས། རི་བོང་གནམ་རྡིབ་ཀྱི་སེམས་ཁུར་དང་། དོན་དངོས་ལས་བརྒལ་བའི་འགན་ཁུར་མེད་པའི་སྐད་ཆ་དེ་རིགས་བཤད་མཚམས་བཞག་ན་འོས།
ཐབས་སྐྱོ་ཤོས་ཤིག་ལ་ལམ་དབུ་མའི་དགོངས་དོན་ཟེར་ནའང་འདྲ། སྲིད་སྐྱོང་སེང་གེ་མཆོག་གིས་ཁ་གསལ་པོའི་ཐོག་ནས་ང་ཚོས་དམངས་གཙོ་རྩོད་ཀྱི་མེད་ཅེས་གསུངས་ཡོད་རེད། སྐད་ཆ་འདི་དང་ལམ་དབུ་མ་གཉིས་ཀྱིས་རྒྱ་རིགས་བསམ་ཤེས་ཅན་དམངས་གཙོ་དོན་གཉེར་བ་མང་པོའི་སེམས་ལ་ཕོག་ཐུག་ཆེན་པོ་བཟོས་ཡོད། སྐད་ཆ་དང་ལམ་ཕྱོགས་འདི་གཉིས་དེང་གི་སྤྱི་ཚོགས་ཀྱི་གད་རྙིགས་ཤིག་རེད། ཧོང་ཀོང་ལ་ལྟོས་དང་། ག་ལེ་ག་ལེ་་་དམངས་གཙོའི་རང་དབང་གི་ཉི་མ་ཤར་རན་ཡོང་གི་འདུག་ག་་་་་་ཧཧཧ
རྒྱལ་བ་རིན་པོ་ཆེན་གྱིས་མའོ་དང་ངེད་གཉིས་ཕ་བུ་ལྟ་བུའི་བརྩེ་བ་ཆགས་མྱངས་ཡོད་གསུངས་ཡོང་དུས་་་དམར་ཕྱོགས་པའི་ལྟ་བ་མཆོག་འཛིན་པ་ཚོ་དགའ་ནས་རྔ་མ་གཡུགས་པ་རང་རེད་བསམས་ཀྱི་འདུག་་་་ཧཧཧ མའོ་ཡི་ཉི་མ་དམར་པོ་ནུབ་རན་པའི་དུས་ཚོད་བསླེབས་ཡོང་གི་ཡོད་ལ་དམངས་གཙོའི་ཉི་མ་སེར་པོ་ཤར་རན་པའི་དུས་ཚོད་སླེབས་འོང་གི་ཡོད། ཧོང་ཀོང་མི་དམངས་ཐུགས་རྗེ་ཆེ། མི་སེར་དུང་ཕྱུར་༡༣་གྱི་རང་དབང་ཆེད་དུ་འཐབ་རྩོད་བྱེད་བཞིན་པ་བཀའ་དྲིན་ཆེ།
རྗེས་སུ་བོད་ཀྱི་སློབ་ཕྲུག་རྣམས་ལ་དྲི་བ་གཏོང་གྱི་གོ་སྐབས་བྱུང་ན་་་སེང་གེ་དང་སྤེན་ཚེ་གཉིས་ལ་མི་རིགས་ཤིག་གི་ཆེད་དུ་དམངས་གཙོ་གལ་ཆེའང་་་ཆོས་ལུགས་གལ་ཆེ་ཞེས་དྲིས་དང་། ལན་རྒྱག་མི་ཤེས་ནས་གཉིས་ཀ་གལ་ཆེན་རེད་ཅེས་ལན་རྒྱག་འོང་རེད། མང་ཉུང་དང་ཆེ་ཆུང་འདྲ་ཡོད་དམ་ཞེས་དྲིས་དང་། གོ་རྒྱུ་ཚོར་རྒྱུ་མེད་པའི་སྐད་ཆ་བཤད་འོང་གི་རེད་་་་ཧཧ བདེན་བསམ་ན་ཚོད་ལྟ་བྱོས།
ང་རང་དེ་འདྲའི་བློ་ཚབ་མེད། ལར་ནས་ང་ཚོ་བོད་པ་ཚང་གོ་འཕངས་མཐོན་པོ་ཞིག་འཚོལ་ནས་ཚེ་འདི་དང་འཇིག་རྟེན་འདིའི་སྟེང་གི་དགོས་འདོད་དང་། གོ་འཕངས་ལ་ཆ་རྒྱུས་མེད་ཟེར་ནའང་འདྲ་རྨོངས་གཉིད་སད་མེད་ཟེར་ན་ཆོག་པ་ལོ་རྒྱུས་ལས་མངོན། ཡོད་ཚད་རྒྱ་གར་ལ་དབྱུགས་ན་འགྲིག་ཐབས་རྩ་བ་ནས་མེད། རྒྱ་གར་གྱིས་བོད་རྒྱ་ཁོང་ཡིན་བརྗོད་པ་དེ་གཞི་མེད་པ་ཅང་མ་ཡིན། དེ་སྔོན་ང་ཚོའི་སྲིད་ཀྱི་ཁྲི་ཐོག་ལ་ཕེབས་མཁན་མང་ཆེ་བ་རྒྱ་གར་གྱིས་མཁས་ལེན་དེའི་ཉེས་པ་ཡོད། ངས་གོང་དུ་བློ་ཚབ་མི་དགོས་ཟེར་དོན་ནི་ང་ཚོའི་སྒྲིག་འཛུགས་འདི་བཞིན་ཁྲིམས་དང་ལུགས་ལས་མཐུན་པ་མ་ཚད་རྒྱལ་སྤྱིའི་ལྡིང་ཆའི་ཟུར་ལ་ཡོད་པའི་མཚན་མཐོང་ཅི་ཆེ་ཡོད་སྟབས། རྒྱ་གར་གཞུང་ནས་གནས་ཚུལ་དེ་ལ་ཡག་ཉེན་གྱི་ལན་ཞིག་བོད་པ་དང་རྒྱ་ནག་གཉིས་ཀར་སྤྲོད་མི་སྲིད། ལར་ནས་ཞིས་ཀྱི་ཕོ་ཉ་དེས་གླེང་ཕྱོགས་བཟོ་བ་ཙམ་ལས། ཅང་དང་ཝུའུ་ཡི་སྐད་ཆ་བསྐྱར་ལྡབ་ལས་ཚད་ལས་མ་རྒལ་བ་ཕྱོགས་གཉིས་ཀའི་ཟོན་སྲིད། ཞིས་ནས་སྐད་ཆ་དེ་འདྲ་བཤད་ན་དོན་འབྲས་མི་མངོན་པ་ཤེས་ཤེས་པ་རེད་ལ་དེ་ལས་ལྡོག་སྟེ་ས་མཚམས་ཀྱི་རྩོད་རྙོག་ལའང་ཞིས་ལ་དེ་འདྲའི་སྤོབས་པ་མེད། རྒྱ་གར་ཕྱོགས་ནས་ཞིས་མ་ཡོང་གོང་ཉི་ཧོང་ལ་ཕེབས་ནས་རྒྱལ་སྲུང་དང་འཛུགས་བསྐྲུན་བཅས་ཀྱི་སྐོར་ལ་གན་རྒྱ་བཞག་པ་དེས་ཞིས་ལ་ཁ་གསལ་གྱི་ལན་ཞིག་རེད།
ཡག་སྡུག་གང་གི་ཆ་ནས་ཡིན་ཡང་རྡ་ས་དང་བོད་ཅིག་གླེང་བ་ཡིན་ན་ཡག་པོ་རེད་དྲན་གྱི་འདུག སྡུག་ས་གླེང་པ་ཡིནའང་ཕར་བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་དང་མ་འོངས་པའི་དམིགས་འདུན་སོགས་ངོ་སྤྲོད་གསལ་བཤད་ཅིག་བྱ་ཐུབ་ན་འང་ལྟོས་འཇོག་གིས་བཤད་ན་ཡག་པོ་མིན་འགྲོ།
རྒྱ་གར་ཚང་བོད་ལ་དཀའ་དྲིན་ཆེན་པོ་མ་རེད་ཟེར་ནི་ཞིག་ཡིན། དགྱ་ནག་ལ་ནི་དེ་བས་ཀྱང་བཀའ་དྲིན་མེད་པའི་སྒང་ལ་གདུག་རྩུབ་ཅན་ཞིག་ཡང་ཡིན། འདི་གཉིས་ཀྱིས། བོད་མི་ཡིན་ཚོད་ལ་སྡུག་པོ་ཚད་མེད་ཞིག་བཏང་ནས་གཉིད་ཞིག་སྐྱར་དུ་བསད་པར་འཇུག་དགོས། ང་རང་དགའ་བ་ལ།
སྡུག་པོ་མ་མྱངས་པར་རྡོག་རྩ་མི་ཡོང་བ་ལོ་རྒྱུས་ནས་ཤེས། བོད་འཇིག་རྟེན་འདི་ནས་ཤི་མི་ཐུབ། ཤི་མི་ཐུབ་པའི་མི་རིགས་ལ། སྡུག་ལ་སྦྱར་བའི་འཐབ་རྩོད་ཞིག་ཡོད། ཆུ་སེར་རྣག་ཁྲག་གིས་ལང་བའི་རྒྱལ་ཁ་ལ་བརྩེ་ཞེན་ཆེ། བོད་འདི་སྔར་བཞིན་བརྗིད་ཉམས་ལྡན་པའི་གཡུལ་སྒང་ཞིག་དུ་ཆགས་ཡོང་། དེ་ཡི་དུས་ཁྱོད་དང་ང་ལ་རྒྱལ་ཁབ་ཡོད། ཕྱོགས་གཉིས་ནི་སྔར་བཞིན་ལྟར་དགྱ་ཡིན།
འོ་ད་འགྲིགས་མ་སོང་། ལོ་རྒྱུས་ཐོག་ལ་ཐེངས་དང་པོ་རྒྱ་གར་གཞུང་ལ་བོད་གཞུང་སྒོ་རྒྱག་དགོས་པའི་རེ་འདུན་བསླེབས་སོང་། རྒྱ་གར་གཞུང་ནི་དམངས་གཙོའི་གཞུང་རེད། རྒྱ་གར་མི་དམངས་ཀྱི་ཁེ་ཕན་གཙོ་བོ་རེད། རྒྱ་ནག་གཞུང་དང་ཚོང་བརྒྱབ་ནས་ཁེ་ཕན་འཐོབ་ན། བོད་མིའི་བདེ་སྡུག་ལ་ཅང་མི་བརྩི། བོད་གཞུང་གིས་ད་ལྟ་འཆར་གཞི་གང་གདིང་རྒྱུ་ཡིན་ནམ།
རྒྱ་གཞུང་གིས་ས་མཚམས་ཐག་གཅོད་བྱ་རྒྱུ་ཡིན་ཆ་རྐྱེན་བོད་གཞུང་སྒོ་རྒྱབ། རྒྱལ་བ་རིན་པོ་ཆེ་རྩིས་སྤྲོད་བྱེད་ཟེར་ན་གང་བྱེད་དམ། ང་ཚོ་བསམ་བློ་སྡུག་ས་ནས་བཏང་ནས་འཆར་གཞི་བཟོ་དགོས།
ཧཧཧ སེམས་ཁྲལ་མེད་པའི་སེམས་ཁྲལ། རི་བོང་གནམ་སྡིབ་ཀྱི་སེམས་ཁྲལ་རེད། བསམ་ཤེས་ཀྱི་དོག་སློང་ལྟར་རྒྱ་གར་གཞུང་གིས་བོད་གཞུང་སྒོ་རྒྱག་ནས་གོང་ས་མཆོག་རྒྱ་གཞུང་ལ་རྩིས་སྤྲད་སོང་ན་ཅོ་རི་ཉི་མ་དང་ཀརྨ་བློ་གསལ་གཉིས་ཀྱི་མགོ་ལ་སྐྱིད་པའི་ཉི་མ་ཞིག་ཤར་སོང་བ་རེད་དེ། འོན་ཀྱང་གོང་ས་མཆོག་ནི་འདི་ལྟར་འཇིག་རྟེན་སྟེང་ན་མཚན་མཐོང་ཆེ་ཞིང་འཛམ་གླིང་གི་ཆེ་དགུས་སྤྱི་འོས་བཏུད་ཀྱི་ཡོད་པས། རྒྱ་གར་གཞུང་གིས་མི་ཆོས་དང་རྒྱུ་འབྲས་མ་བརྩིས་པའི་དབང་དུ་གཏོང་ན་ཡང་། ཁོང་གི་གཟི་བརྗིད་ལས་འགོང་མི་ནུས་པ་མངོན་གསལ་རེད། དེས་ན་གོང་ས་མཆོག་ཇི་སྲིད་དུ་སྐུ་མཚོ་ཞིང་བཞུགས་པ་དེ་སྲིད་དུ་བོད་པ་ཚོ་རྐང་རྐྱང་ལག་རྐྱང་བྱེད་ནས་སེམས་བདེ་པོ་སྡད་ཆོག་གི་རེད།
ཨོ་་ཧཧཧཧཧ རྐུ་ངོ་ནི་རྐུ་ངོ་རང་རེད། ཧམ་བཤད་ལོག་བཤད་ཁོ་རང་རེད། བཙན་བྱོལ་བོད་གཞུང་སྒོ་རྒྱག་མཁན་ཀརྨ་བློ་གསལ་ངེད་གཉིས་ཨེ་རེད། བཙན་བྱོལ་བོད་གཞུང་སྒྲིག་འཛུགས་ལ་བསྒྱུར་ནས་ཁོང་ཁྲོས་དང་བླང་བཅའ་ཁྲལ་ཡང་མ་སྤྲད་ནས་ལོ་གསུམ་ཡིན།
ངས་ལབ་ཡིན་པ་་་ཁྱོད་ཚོས་ཧམ་པ་དང་རྫུན་བཤད་ཀྱི་རེད་ཟེར་ནས་་་་་ཧཧཧཧ
ལུང་རྟོགས་ལགས།
རྒྱལ་བ་རིན་པོ་ཆེ་ཡོད་ཟེར་ནས་རྐང་རྐྱང་ལག་རྐྱང་བྱས་ན་འགྲིགས་ཀྱི་མིན་འདུག ང་ཚོ་བྱ་བ་མང་པོ་ཞིག་བསམ་བློ་དུག་འདྲ་བ་འདིས་མཐུད་ཤོར་འགྲོ། འཆར་གཞི་བཟོ་དགོས། རྒྱལ་བ་རིན་པོ་ཆེ་ཕེབས་ཀྱི་ལ་ཐད་ཀྱི་རེད། བོད་མི་རིགས་འདི་གནས་དགོས།
ངའི་བསམ་ཚུལ་ལ། ད་རེས་ཀྱི་གནས་ཚུལ་འདི་རང་ཚོ་ཕུགས་ཀྱི་ལམ་ཁ་དང་འཆར་གཞི་བཟོ་བའི་གོ་སྐབས་ཤིག་རེད། ང་རང་མགོ་ནག་ཤེས་ཡོན་དང་རྒྱུ་ནོར་མང་པོ་མེད་པའི་ཕྲུ་གུ་གཉིས་ཀྱི་ཕ་རྒན་ཞིག་ཡིན་རུང་། ཕྲུ་གུའི་བདེ་རྩའི་ཆེད་འཆར་གཞི་གང་ཙམ་བཏིངས་ཟིན། དཔེར་ན། མ་དངུལ་གཏན་འཇོག་བྱས་ནས་རང་འཆི་བའི་ཚེ་ཕྲུ་གུ་ཚོར་དཔལ་འབྱོར་གྱི་བརྟེན་ཡོད་པ་བཟོ་བ་ལྟ་བུ། བོད་མི་རིགས་ཤིག་ལ་མཚོན་ན། དེ་བས་ཕུགས་ཀྱི་འཆར་གཞི་བརྟན་པོ་ཞིག་བཟོ་རྒྱུ་ནི་གལ་ཆེ་སྙམས།
རྒྱ་རི་རིན་པོ་ཆེ་དང་སྐལ་བཟང་རྒྱལ་མཚན་གྱིས་སྐུ་ཚབ་ཀྱི་ཕྱག་ལས་གཡུགས་རྗེས་བཙན་བྱོལ་གྱི་མི་བུ་སུ་ཞིག་སྐུ་ཚབ་ལ་རན། ཨ་ཀྱའམ་ཀུན་དགའ་བཀྲ་ཤིས་སམ་འཇིགས་མེད་དམ་བུ་ཆུང་ཚེ་རིང་ངམ་ཚེ་སྐྱིད་དམ་སུ་དང་སུ་ཡོད།
རྒྱ་ནག་ནས་ང་ཚོས་སྐུ་ཚབ་བརྐོ་བཞག་ལ་སྒུག་གིན་མ་རེད། སྐུ་ཚབ་ད་ལྟ་བར་དུ་བརྐོ་བཞག་བྱ་རྒྱུ་མ་རྙེད་པ་དེ་རྒྱ་ནག་གི་སྐྱོན་མ་རེད། སྐུ་ཚབ་ཟུར་བ་ཚོས་ལྟོས་དང་ང་མེད་ན་རྒྱ་ནག་ལ་སྐད་ཆ་བཤད་ཕོད་པའི་བཙན་བྱོལ་བ་གཅིག་ཀྱང་མི་གདའ་ཨ་ཞེས་ང་རྒྱལ་བདོ་བའི་གོ་སྐབས་བྱིན། འགྲོ་མཁན་ནམ་འགྲོ་ཕོད་པ་མེད་ན་ང་ཅོག་མྱི་བཏང་ནའང་ཆོག་གི་རེད། རྒྱ་ནག་ནས་ལོ་སུམ་ཅུར་བསྡད་པ་དེར་མ་སྐྲགས་པར་འཁྱུག་ཙམ་ལ་སྐད་ཆ་བཤད་པར་འགྲོ་བར་ཅི་ལ་སྐྲག
ཅོ་རི་བློ་མཐུན། བཙན་བྱོལ་བོད་གཞུང་སྒྲིག་འཛུགས་ལ་བསྒྱུར་བ་དེ་ནི་ཧང་སང་དགོས་པའི་གནད་དོན་གང་ཡང་མ་རེད། དེ་ནི་མིང་ལ་འགྱུར་བ་ཞིག་བཏང་བ་ཙམ་རེད་ལ། དེ་ཡང་མཐར་བཏང་ན་བཙན་བྱོལ་གཞུང་འདི་ཡུན་གནས་ཡོང་ཆེད་རེད། དེ་ཙམ་ཡང་ཧ་མ་གོ་ན་ད་དུང་ཆབ་སྲིད་བཤད་ཁུལ་བྱེད་པ་ཡ་ང་བའི་གནས་རེད། དེ་ལས་ཅོ་རི་བླ་རྒན་རི་ཁུག་ཞིག་ལ་མཚམས་ལ་བཞུགས་ན་ལེགས།
དྲ་གྲོགས་ཚོར་ཞུ་རྒྱུ། ལོང་རྟོག་མིང་ཅན་སོགས་ཆེ་འདོད་པ་དག་གིས་རྒྱལ་བ་རིན་པོ་ཆེ་དང་བོད་མིའི་སྒྲིག་འཛུགས་ཁར་འཁྱེར་ནས་བོད་མི་ཉམས་ཆུང་རིགས་ལ་འགྲོ་བ་མི་ཞིག་དང་དེའི་ཐོབ་ཐང་རང་དབང་སོགས་ལ་བློའི་ཟུར་དུ་མེད་ལ། མགོན་མེད་སྐྱོབ་མེད། རྒྱུ་མེད་གྲོགས་མེད་ཀྱི་ཉམས་ཆུང་བོད་མི་དེ་ཚོར་སྐྱག་པ་ཡི་རིན་མཐང་ཙམ་ལས་རྩིས་ཀྱིན་མེད། སྐབས་རེ་ཁོ་ཚོས་ནང་ཆོས་ཀྱི་བྱམས་སྙིང་རྗེ་དང་སྐྱོབ་འགྲོ་ལས་འབྲས་སོགས་ལ་རིན་མཐང་ཡོད་རབ་ཡང་བཤད་ཀྱི་རེད། འོན་ཀྱང་ཁོ་ཚོའི་བྱམས་སྙིང་ནི་སྐབས་འཚོལ་བས་བླ་ཆེན་མི་ཆེན་གྱི་འདོད་ཁ་སྐོངས་རྒྱུ་དེ་ལས་རང་དང་ཁ་མཉམ་ལག་མཉམ་དུ་ཡོད་པའི་བོད་རིགས་སྤུན་ཟླ་དོལ་ཚོགས་པ་དང་དབུ་ལམ་པ་དག་ལ་རྟག་ཏུ་དགྲ་ཡི་དངས་མར་ལྟ་བཞིན་ཡོད། རང་ཉིད་ཀྱི་བླ་སློབ་དང་ཆོས་རྒྱུད་སོགས་དངོས་རྒྱུད་དང་འབྲེལ་བའི་རྡོརརྗེ་ཆོས་གྲོགས་དོལ་རྒྱལ་བ་དག་ལ་བསྟན་དགྲ་དང་སྒེ་དགྲ་རུ་འཛིན་བཞིན་ཡོད། བོད་ཀྱི་ཆོས་དང་རིག་གཞུང་མི་རིགས་དང་བཅས་པ་རྩ་མེད་གཙང་དག་བཟོ་མཁན་རྒྱ་དམར་ཚང་ལ་ཁ་ཡག་ངོ་བཟང་གིས་ཞི་མཐུན་དང་མཛའ་འབྲེལ་མཉམ་གནས་ཀྱི་སྟོང་བསམ་འགའ་སྒྲོགས་ནས་རང་མི࿒རིགས་ཀྱི་རྒྱལ་རབས་ལོ་རྒྱུན་དང་མ་འོང་བོད་མི་རིགས་འདིའི་ཁ་ཕྱོགས་དང་མདུན་ལམ་ཡོད་ཚོད་རྒྱར་སྒྱུར་གྱི་བྱ་སྤྱོད་འདི་དག་ནི་དོན་དངོས་ཐོག་བོད་མི་རིགས་འདིར་ཆེས་མཐང་དང་གདེངས་འཇོག་ག་ཚོད་ཡོད་མེད་མཐོང་ཡོང་གི་འདུག། ཁ་སྔོན་སྲིད་སྐྱོང་དང་ཚོགས་གཙོ་གཉིས་ཀྱིས་སློབ་ཕྲུག་ཚོར་དོལ་རྒྱལ་སྐོར་གྱི་དྲིས་ལན་མ་ཐེབས་པར་ཟམ་གདོང་རིན༌པོ་ཆེན་ནས་ཡང་དོན་ཚུལ་གྱིས་གསལ་བཤད་འགའ་བྱས་པར་ཁོ་པ་དག་གི་འགྲིག་འགྲིགས་དང་ཐད་ཐད་དག་དག་བཤད་ཀྱི་འདུག་ཀྱང་དོན་དངོས་སུ་ཟམ་གདོང་གིས་ཀྱང་ལན་དོན་མཐུན་རྒྱབ་ཐུབ࿒མེད་པ་མ་ཟད། མདོར་སྡུས་ནས་ཁོང་གིས་བཤད་རྒྱུ་ནི། དོལ་ཚོགས་པ་ནི་བོད་མིའི་སྤྱི་ཚོགས་ས་ནས་ཕྱིར་ཕུད་མ་གཏོང་ན་རྒྱལ་བ་རིན་པོ་ཆེན་ནག་པོ་ཆག་འགྲོ་རྒྱུ་རེད་ཞེས་པ་དེ་རེད། ད་འདི་ཚོ་ལ་གནས་ལུགས་ག་ཚོད་འདུག། མཁྱེན་ལྡན་རྣམ་པས་ཐུགས་དཔྱོད་གནང་དགོས། དེང་སྐབས་དོལ་ཚོགས་ཀྱིས་བདེན་པའི་ར་སྤྲོད་ཞེས་ལས་འགུལ་མང་ནས་ཆེ་རུ་འགྲོ་བཞིན་འདུག་ལ། དོལ་རྒོལ་ཚོར་དྲི་བ་ཡང་ཟབ་ནས་རྒྱས་སུ་འགྲོ་བཞིན་འདུག། ད་ནི་དོལ་རྒོལ་བ་དག་གིས་ཡང་ཟློས་སྐྱ་ཟློས་ཀྱིས་རྒྱའི་རྒྱུགས་ཁྱི་དང་ཕོགས་བཟོས། དེ་བཞིན་དོལ་འདྲེའི་སྐོར་གྱི་སྒྲུང་གཏམ་རྐྱང་རྐྱང་དེ་ཚོ་བཤད་ནས་་མ་སྡོད་པར་གནས་ལུགས་རྒྱུ་མཚན་དང་བདེན་པ་ར་སྤྲོད་འདྲ་ཡོད་ན་དུས་ལ་བབ་འདུག་གོ།།
རྒྱལ་རོང་ལགས། མ་ཡིན་ཡིན་མདོག་མ་གནང་། ཁྱེད་རང་ཡང་དོལ་རྒྱལ་བ་ཞིག་ཡིན་པ་སྔར་ནས་ཤེས་ཀྱི་ཡོད། ཁྱོད་རང་གིས་ཤེས་དགོས་པ་ནི། བོད་མི་ཉམ་ཆུང་སྐྱབས་མེད་མགོན་མེད་ཚོའི་སྐྱབས་དང་དཔུང་གཉེན་ནི་གོང་ས་ཡིད བཞིན་ནོར་བུ་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་གཉིས་རེད་མ་གཏོགས། དམ་སྲི་དོལ་རྒྱལ་དང་རྒྱ་དམར་གྱི་རྐུབ་གཡོག་དོལ་ཚོགས་གཉིས་མ་རེད། ཟམ་གདོང་རིན་པོ་ཆེས་གསལ་བཤད་ཅི་འདྲ་གནང་ཡོད་མེད་ཁྱེད་རང་མིན་ན་བོད་མི་ཚང་མས་ཉན་ཡོད་པ་རེད། འཁྱོག་བཤད་བྱས་ནས་མི་མགོ་སྐོར་མི་ཐུབ་པ་དེ་ཤེས་པར་གྱིས།
ཨོ་་་་ཧཧཧཧཧཧ་་་་ལུང་རྟོགས་སྐྲ་རིང་མ། ཁྱོད་ཀྱིས་ང་ལ་བློ་མཐུན་ཨེ། ག་རེ་ཕྱོགས་ནས་བློ་མཐུན་གྱི་ཡོད་དམ།་་ཧཧཧ
རྒྱལ་རོང་ལགས་ཀྱི་སྐད་ཆ་གོ་རྒྱུ་འདུག དངོས་གནས་རེད་ད། ལུང་རྟོགས་ལགས་ཡར་ཕྱོགས་མར་ཕྱོགས་ཚང་མ་ལ་དོལ་ཚོགས་རེད་ལབ་བསྡད་པ་ཡིན་ན་ཁྱོད་ཚོ་ཉུང་ཤོས་ཤིག་མ་གཏོགས་ལྷག་ས་མ་རེད་ད་་ཧཧཧ
ལོང་རྟོག་ལགས། ང་དོལ་རྒྱལ་ཡིན་ན་སྡུག་རྒྱུ་དང་དོལ་རྒོལ་ཡིན་ན་དགའ་རྒྱུ་སྟི་འབྲུ་ཙམ་མེད། དོན་དངོས་ཀྱི་ང་ནི་ལྷ་འདྲེ་ལ་བློ་ཕུགས་གཏད་མཁན་མི་ཞིག་མིན་ལ་ལྷ་འདྲེ་ལ་སྟོད་སྨོད་རིགས་ཡང་བྱེད་ཤེས་ཀྱི་མེད་ལགས། ང་མི་དགའ་ས་ནི་གཟུགས་མེད་ལྷ་འདྲེ་ཁ་ལ་འཁྱེར་ནས་གཟུགས་ཅན་བོད་མི་ནང་ཁུལ་དཀའ་སྡུག་གི་རིགས་ལ་ང་དངོས་གནས་མི་དགའ་ས་ནི་དེ་རེད། ཟམ་གདོང་རིན་པོ་ཆེ་ནས་དོལ་ཚོགས་སྐོར་ངས་གོང་ཞུས་ལྟར་ཚིག་དོན་ཞིག་འདུག་དང་མི་འདུག་གམ། དེར་ལན་གསལ་དགོས། དེ་ནས་དེའི་སྐོར་ཞུ་ཆོག།
སྲིད་སྐྱོང་བློ་སེང་མཆོག་ནས་བོད་རྒྱ་འབྲེལ་མོལ་ཆེད་སྐུ་ཚབ་མ་བསྐོ་བར་མི་དགོས་པའི་བདོ་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་ནང་ཆོ་མེད་ཚོགས་མི་གསར་པ་མང་པོ་བཅུག་ཡོད། ད་ལོ་གསུམ་ལས་རྒྱུན་རིང་ཕྱོགས་ཕེབས་མང་པོ་གནང་སོང་བས་ཆབ་སྲིད་ཐོག་བསྒྲུབ་འབྲས་དེ་ཙམ་བཏོན་རྒྱུ་མིན་འདུག ཕྱི་རྒྱལ་གྲོས་ཚོགས་ཁག་ཅིག་ནས་བདོ་དོན་རྒྱབ་སྐྱོར་གྲོས་ཆོད་བཞག་ཡོད་གསུང་པ་ནི་རེ་གཉིས་མ་གཏོགས་དེ་སྔ་ནས་རྒྱབ་སྐྱོང་གནང་མཁན་ཤ་ཏག་ལས་གསར་པ་གང་ཡང་མ་ཡིན། མཉམ་སྦྲེལ་རྒྱལ་ཚོགས་ནང་ཡིན་ན་དེ་སྔ་ལས་འགུལ་གང་ཙམ་སྤེལ་བ་མཐོང་རྒྱུ་དང་བོད་སྐད་རླུང་འཕྲིན་ནང་ཐོས་རྒྱུ་འདུག་པ་དེའང་ལོ་ཤས་རིང་གོ་རྒྱུ་ཚོ་རྒྱུ་མི་འདུག་པས་ཅི་རེད་སོང་ངམ། ད་ལྟ་བོད་ནང་གི་ཛ་དྲག་གནས་སྟངས་སྐབས་སྔར་ལྷག་ལས་འགུལ་སྤེལ་དགོས་ངེས་ཀྱང་དེ་ལྟར་མི་གནང་བར་གང་ཡིན་ནམ། གྲོས་ཚོགས་ནས་དེའི་ཐོག་དྲི་བ་གནང་དགོས་གལ་ཆེ་ཆག་འདུག མཆོད་འབུལ་དང་གསར་འགོད་གསལ་བསྒྲགས་གནང་ནས་བསྡད་ན་བོད་ནང་གི་བོད་མིས་དཀལ་ངལ་ཅུང་ཙམ་ཡང་སེལ་རྒྱུ་ཕར་བཞག་རྒྱ་ནག་དཔོན་རིགས་ནས་བོད་མི་ཐོག་རང་སྣང་གང་དྲན་བྱ་རྒྱུ་གོ་སྐབས་སྤྲད་ཀྱི་ཡོད།
རྒྱལ་རོང་ལགས། གཟུགས་མེད་ལྷ་འདྲེ་ཁ་ལ་ཁྱེར་ནས་གཟུགས་ཅན་བོད་མི་ནང་ཁུལ་དཀྲུག་མཁན་ནོ་དོལ་རྒྱལ་བ་ཚོ་རེད། ཁོ་ཚོས་བདུག་འདྲེ་དོལ་རྒྱལ་གྱི་ཆེད་དུ་ཡོད་ཚད་བློས་གཏོང་བྱེད་ཀྱི་ཡོད་པ་འདི་ཤེས་པར་གྱིས།
ཅོ་རི་བློ་མཐུན། ཁྱོད་རང་གུང་ཕྲན་ཏང་གི་བློ་མཐུན་ཡིན་པའི་རྒྱུ་མཚན་གྱིས་ངས་བློ་མཐུན་ཞེས་འབོད་ཀྱི་ཡོད་པ་ལས་ངའི་བློ་མཐུན་ཡིན་པའི་རྒྱུ་མཚན་གྱིས་འབོད་ཀྱི་མེད། མ་གཞི་ནས་བློ་མཐུན་ཞེས་པའི་ཐ་སྙད་འདི་ཡང་རྒྱ་དམར་གུང་ཕྲན་གྱིས་འབོད་པའི་ཐ་སྙད་ཅིག་རེད། ཁྱོད་རང་དངོས་གནས་གུང་ཕྲུན་དམར་པོའི་ཐ་སྙད་ལ་མཁས་པོ་འདུག་ག ཧཧཧ
བོད་པའི་ཐ་སྙད།
དོལ་རྒྱལ།
ལྷ།
འདྲེ།
དངོས་གནས།
རྫུན་མ།
ཡག་པོ།
སྡུག་པོ།
མགོ་སྟོང་།
ཨ་མདོ།
བློ་མཐུན།
རྒྱ་དམར།
བོད་གཞུང་།
ཅོ་རི་ཉི་མ།
ལུང་རྟོག
རྒྱ་ནག་གི་ཐ་སྙད།
རྒྱལ་ཁབ།
དཔལ་འབྱོར།
སློབ་གསོ།
དངུལ་ཁང་།
ཁྲོམ་ར།
དམག
སྲིད།
ཚོང་།
དབང་སྒྱུར།
ས་སྲུང་།
ལོང་རྟོག་ལགས། ངས་ཁྱེད་ཀྱི་མི་གཤིས་ངོ་མ་དེ་ཤེས་ཀྱི་ཡོད། ཁྱེད་ནི་ནོར་འཕྲུལ་ཡོད་ཚོད་གཞན་གྱིས་བཟོས་པ་དང་དགེ་མཚན་ཡོད་ཚོད་རང་ཕྱོགས་ཀྱིས་བྱས་ཚུལ་བཤད་མཁན་གྱི་ཕྱོགས་འཛིན་པ་ཞིག་རེད། ༡ བོད་རྒྱ་དཀའ་སེལ་རང་གིས་མི་འཇོན་དོལ་རྒྱས་བྱས་རབས་གཟུགས་མེད་ལྷ་འདྲེར་སྡིག་སྐུལ་སྤུན་ཟླར་ནང་དམེ་མཁན་དེ་ཁྱེད་རེད། ༢ བྱམས་སོགས་ཚོད་མེད་བཞི་སོགས་ཁ་འདོན་བྱས་ནས་དོལ་ཚོགས་པ་རྣམས་སྙིང་རྗེའི་ཡུལ་ཕུད་ཐེག་ཆེན་་ལུགས་འཛིན་མཁན་དེ་ཁྱེད་རེད། ༣ ཉོན་སྐྱོན་ཐམས་ཅད་གཞན་བྱས་བརྗོད་ནས་རང་ཕྱོགས་སྐྱོན་མེད་བློ་སྦྱོང་མངའ་བདག་བཀའ་གདམ་པ་ཡི་སྲོལ་འཛིན་མཁན་དེ་ཁྱེད་རེད། ༤ རང་སྐྱོན་ཡོད་ཚོད་ལྷ་འདྲེ་བྱས་སོང་ཉམས་ཆུང་མི་སེལ་བཙན་ཕུད་བཏང་ནས་ནང་རུལ་པ་ཡི་སྤྱོད་ངན་མཁན་དེ་ཁྱེད་རེད། ༥ དབུ་ལམ་འདི་ཡིས་རྒྱ་བོད་དཀའ་སེལ་མྱུར་ལམ་ཡིན་ཚུལ་གུང་ཁྲན་གཞུང་ལ་ངོ་སྟོད་སྟོང་བསམ་ཀླད་མེད་མཁན་དེ་ཁྱེད་རེད།
རྒྱལ་འགོང་ལགས། ངས་ཀྱང་ཁྱེད་ཀྱི་མི་གཤིས་ཅུང་ཟད་ཤེས། ཁྱེད་ནི་ནོར་འཁྲུལ་བྱས་པ་ཤེས་བཞིན་དུ་ད་དུང་ཨུ་ཚུག་མཐའ་སྐྱེལ་བྱེད་མཁན་གྱི་གླེན་པ་ཞིག་རེད། རང་ཉིད་དགྲ་བོའི་རྒྱག་ཁྱི་བྱེད་ནས་ཉེས་པ་ཡོད་ཚད་གཞན་ལ་བཀལ་མཁན་དེ་ཁྱེད་ཚོ་རེད། ཁ་ནས་བྱམས་དང་སྙིང་རྗེ་བཤད་ནས་ལག་ནས་མི་གསོད་ཁྲག་སྦྱོར་བྱེད་མཁན་དེ་ཡང་ཁྱེད་ཚོ་རེད། ཉེས་པ་ཡོད་ཚད་རང་གིས་བྱས་ནས་ནོར་འཁྲུལ་ཡོད་ཚད་གཞན་ལ་གཡོག་མཁན་བཀའ་གདམས་གསར་མིའི་མིང་འཛིན་མཁན་ཡང་ཁྱེད་ཚོ་རེད། འདྲེ་ངན་ཞིག་གི་གསོལ་མཆོད་ཆེད་དུ་རང་རིགས་ལ་རྒྱ་ཆུ་ལ་གཡུག་མཁན་དེ་ཡང་ཁྱེད་ཚོ་རེད། བོད་པ་ཚང་ལ་དཀའ་ངལ་འཕྲད་དུས་པད་ཤག་དོན་དུ་ཕ་ཆུས་བཙོང་མཁན་དེ་ཡང་ཁྱེད་ཚོ་རེད། ཧཧཧ
ལོང་བའི་མ་རྟོག་པ་ལགས། ཧཧཧཧཧཧཧཧཧཧཧ། ད་ཁྱེད་ལ་བཤད་རྒྱུ་དང་འབྲི་རྒྱུ་མ་རག་ནས་ངའི་ལད་ཟློས་ཙམ་ལས་མི་འདུག། འདྲེ་ངན་མ་ཐུབ་མི་ལོ་བཞི་བརྒྱ་མིན་ཙམ་ཁ་ངན་སྒྲོགས་མཁན་རིགས། འདྲེ་ངན་ཟེར་བཞིན་འབྱུང་པོའི་ཟ་འདྲེ་ཕོ་མོའི་འཁོར་དུ་སྐོར་མཁན་ཁྱེད། འདྲེ་ངན་གཟུགས་མེད་མི་ཐུབ་གཟུགས་ཅན་སྤུན་ཟླར་ནང་དམེ་བཟོ་མཁན་རིགས། འདྲེ་ངན་རྒྱ་འདྲེ་ཟེར་བཞིན་རྒྱ་དམར་གཞུང་ལ་རེ་སྟོང་རྒྱབ་མཁན་ཁྱེད།
འོ་རྒྱ་རང་ལགས་དེ་འདྲ་མ་གསུང། དེང་སང་རྒྱ་དམར་ལ་སྐྱོན་བརྗོད་བྱེད་མཁན་དག་དགྲ་ངོ་མ་དེ་རེད་ཡ།
མའོ་ཨ་ཕ་དང་སྤུན་མཆེད་ཡིན་ཟེར་འགྲོ་དུས། ང་རྒྱ་དམར་ལ་མགོ་འདོག་གི་ཡིན་ཟེར་དགོས་རེད།
ཨ་ཧོ་ཧོ་ཧོ་ཧོ་ཧོ། དེ་འདྲ་ལབ་ན་མདུན་ལམ་ཆེ་ཡ།
ཧཧཧཧཧཧཧ་་་ཧིཧིཧིཧིཧི་་་ཧུཧུཧུུཧུ་་་་་མཆན་བུ་ཆོ་མེད་འབྲི་་ནས་གང་བྱེད་་་་དོལ་ཚོགས་དང་མཉམ་དུ་་་་མི་འབྲིའོ
ད་གཏམ་ཉོག་བཤད་ལོང་མེད། དོལ་རྒྱལ་བ་ཚོ་ལ་གནས་ལུག་བཤད་པའི་སྨྲ་ལྕེ་ནི་མི་འདུག ཁོ་ཚོ་ལ་ཡོད་པ་ནི་ཚིག་ངན་བཤད་པའི་མཆུ་ཏོ་ཞིག་ཡོད་པ་དེ་རེད།
དེང་སང་རང་དང་བསམ་ཚུལ་མ་མཐུན་པའི་མཆན་བུ་འབྲི་མཁན་ཚང་མ་དོལ་ཚོགས་ཟེར་ཅི་འདུག། ངས་ལྟས་ན་
དོལ་ལས་སྡུག་པའི་དབུ་ལམ་པ་དེ་ཚོ་རེད་འདུག་བསམ། དབུ་ལམ་པ་དག་ནི་མ་འོང་བོད་ཀྱི་ལོ་རྒྱུས་ནང་རྒྱལ་བཙོན་
བ་གྱུར་ཟིན་པ་རེད། མའོ་ཙེ་ཏུང་གི་བཀོད་ཇུས་འོག་བོད་མི་ས་ཡ་ལྷག་གི་ཚེ་སྲོག་ཤོར་བ་དང། ད་རུང་ཤོར་བཞིན་པ་
རེད། ད་དེ་ཨ་ཕ་དང་སྤུན་མཆེད་ཡིན་ལབ་ཡོང་དུས། དོལ་ཚོགས་སྡུག་པའི་བྱ་སྤྱོད་དེ་རེད་བསམ། སྔོན་མ་གུང་
ཁྲན་ཏང་འོག་ཏུ་འབྱོད་མེད་གྲལ་རིམདང། སྲུང་དམག་དམར་པོ། གདོང་འཆོང་རུ་ཁག་ཟེར་བའོ་ཚོགས་མི་རྣམས་
ཀྱི་མའོ་ཨ་དང་ཡིན་བ་མ་གཏོགས་། གཞན་གོ་བ་ད་ཐིང་དང་པོ་ཡིན། གོང་གི་མཆན་འདེབས་མཁན་མགོ་འདོག་
རིང་ལུགས་པ་དེ་ཚོའི། རྗེས་རྒྱུག་ང་ཚོ་མ་བྱས་པར་ཁོང་་འཁྲོ་ལངས་ཡོད་ས་རེད་ཡིན་ཡང་ཐབས་ཤེས་མི་འདུག་ཡ།