བསྟན་འཛིན་བརྩོན་འགྲུས་ཀྱིས་བརྩམས།
ལྡན་མ་བྱམས་པ་ཆོས་དབང་གིས་བསྒྱུར།
ཁོ་བོའི་གྷན་དྷི་ལྟ་གྲུབ་ཀྱི་སློབ་དཔོན་ རཱ་རྗིབ་ ཝོ་ར་ཇི་ Rajiv Voraji ཡིས་སྔ་མོར་གཏམ་རྒྱུད་ཅིག་བཤད་མྱོང་། རྒྱལ་གཞིས་ཆུང་ཆུང་ཞིག་ལ་དཔོན་པོ་གདུག་པ་ཅན་ཞིག་ཡོད་པ་ཁོང་གིས་འབངས་མི་མང་གི་འདོད་མོས་ཡོད་མེད་ལ་མ་ལྟོས་པར་ཁྲལ་ཆེན་པོ་འགེལ་བ་དང་། རང་ཉིད་སྐྱིད་ཉལ་ངང་སྡོད་ཀྱིན་ཡོད། ཞིང་པ་ཉམ་ཆུང་རྣམས་གྱེན་ལོག་བྱེད་མ་ནུས་པར་ནགས་གསེབ་ཏུ་བྲོས་བྱོལ་ཕྱིན། ནམ་ཞིག་ན་རྒྱལ་པོ་རང་གི་བཟའ་འབྲུ་རྫོགས་པ་དེའི་ཚེ་རང་ཉིད་ཀྱི་ནག་ཉེས་ནོར་འཁྲུལ་རྣམས་ཤེས་ནས་ནགས་གསེབ་ཏུ་ཕྱིན་ནས་པུས་མོ་བཙུགས་ནས་མི་མང་རྣམས་ལ་ཕྱིར་ལོག་པར་འབོད་བསྐུལ་གྱིས་བཤད་དོན། ཁོང་ནི་ཁྱེད་ཚོའི་གཡོག་པོ་ཡིན་གྱི་རྒྱལ་པོ་མིན། ཞེས་བརྗོད།
༸གོང་ས་མཆོག་གིས་དེ་ལས་ལྡོག་ཏེ་གནང་ཡོད། ཁོང་གིས་རང་ཉིད་ཆབ་སྲིད་ཀྱི་དབང་ཆ་དེ་བློས་གཏོང་གིས་འོས་བསྡུའི་ལམ་ནས་འགོ་ཁྲིད་ལ་འཕུལ་བ་མ་ཟད། ལོ་ངོ་བཞི་བརྒྱ་ལྷག་གི་༸ཏ་ལའི་བླ་མའི་སྒྲིགས་འཛུགས་དེ་ལོ་རྒྱུས་རང་བཞིན་ཅན་དུ་གཉེར་གཏད་བྱེད་པ་རེད། སྲང་ལམ་གི་མི་མང་གསར་བརྗེ་བ་རྣམས་མུ་མཐུད་བསྐྱོད་བཞིན་པ་དང་། དབང་འཛིན་པ་རྣམས་ཀྱིས་རང་གི་བཙན་ས་ཚུར་རེག་ཐབས་ཆེད་འཁྲུགས་རྩོད་༼Libya ལིབྷ་ཡ་ཡུལ་ལུང་གི་གསར་བརྗེའི་ལས་འགུལ་ལ་ཟེར་རམ་སྙམ།༽བྱེད་བཞིན་པའི་སྐབས་འདིར། ༸གོང་ས་མཆོག་དང་། ཁོང་གི་མི་མང་གཉིས་ནི་པིང་པོང་༼Ping-pong ལྕོག་རྩེའི་སྟེང་རྩེད་རྒྱུའི་སྤོ་ལོའི་རྩེད་མོ་ཞིག༽ རྩེད་མོ་སྐབས་སྤོ་ལོ་ཕན་ཚུན་དབྱུག་རེས་རྩེད་པ་དང་འདྲ་བར་གནང་བཞིན་ཡོད། ཁོང་གི་ཐུགས་འདོད་ནི་མི་མང་རང་ཉིད་ཀྱི་དབུ་ཁྲིད་རང་ཉིད་ཀྱིས་འདེམས་དགོས་པ་དེ་ཡིན་མོད། མི་མང་ནི་དེ་ལས་ལྡོག་སྟེ་རང་ཉིད་ཀྱི་འདུ་ཤེས་ཙམ་པོ་དེ་ལས་ཡར་བརྒལ་མ་ཐུབ་པར་ཁོང་ལ་མུ་མཐུད་འབོད་བསྐུལ་ཞུ་བཞིན་ཡོད།
རང་ཉིད་ཆུང་དུས་སྐབས། ༸གོང་ས་མཆོག་གི་སྐུ་པར་ཞིག་སྦྲག་གླའི་ཐེལ་ཤོག་སྟེང་དུ་མཇལ་མྱོང་བ་དེར་ཁོང་གིས་ཕྲུ་གུ་ཞིག་བཟུང་ནས་ཡོད། བྱས་ཙང་། ང་ཚོ་ཕྲག་དོག་ལངས་པ་མ་ཟད། ཕ་མ་གཉིས་ཀྱིས་ཀྱང་ང་ཚོ་བསོད་བདེ་དམན་པ་རེད་ཟེར། བོད་མི་མང་ལ་མཚོན་ན། ཁོང་ནི་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་པ་དང་། འུ་ཅག་མྱང་འདས་མ་ཐོབ་བར་དུ་གཏན་དུ་ང་ཚོ་དང་ལྷན་དུ་གནས་རྒྱུར་དམ་བཅས་ནས་ཡོད། བྱས་ཙང་། ཁོང་གིས་ཕྱི་ལོ་ ༡༦༤༢ ནས་གྲུབ་པའི་དགའ་ལྡན་ཕོ་བྲང་པའི་གཞུང་དེ་མཚམས་འཇོག་གིས་གཞི་རིམ་གྱི་བཅོས་བསྒྱུར་བཟོ་བ་ན། དེ་ནི་སེམས་འཕྲེང་དགོས་པའི་གནས་ཤིག་ཡིན་ལ། འགྱུར་བ་དེ་ཡང་ལས་སླ་པོ་ཡོང་རྒྱུར་དཀའ་མོ་ཡིན།
གསར་བརྗེ་རང་བཞིན་ཅན་གྱི་འགྱུར་བ་འདི་ནི། དུས་རབས་ཉི་ཤུ་པའི་འགོ་སྟོད་ལ་༸གོང་ས་སྐུ་ཕྲེང་སྔ་མས་ཆབ་སྲིད་འགྱུར་བཅོས་བྱས་པའི་འགྱུར་རིམ་ཞིག་ཡིན། དེའི་སྐབས་སུ་མི་དྲག་དཔོན་ཆེན་དང་བླ་ཆེན་རྣམས་ཀྱིས་འགོག་རྒོལ་བྱས་ཡོད། ཉེ་ཆར་༸གོང་ས་མཆོག་གིས་གསར་འགོད་པའི་བཅར་འདྲི་ལ་གསུངས་དོན། ཆུང་དུས་སྐབས་སུ་གཞུང་གི་བློན་ཆེན་རྣམས་ཀྱིས་མི་མང་གི་བདེ་སྡུག་ལ་ཉན་འཇོག་བྱེད་རྒྱུའི་ཚབ་ཏུ་གཤེ་གཤེ་བཏང་བ་མཐོང་བ་ན་འགྱུར་བ་དགོས་པ་ཚོར་མྱོང། དེ་ནས་དགུང་ལོ་༢༨ ལ་སོན་པ་ན་སྐྱབས་བཅོལ་དུ་སླེབས་སྐབས། རྒྱ་གར་ཀྱི་དབུ་ཁྲིད་ནེ་རུ་དང་། སར་དྷར་པ་ཊེལ་ Sardar Patel གཉིས་ཀྱི་ལམ་སྟོན་འོག་ཕྱི་ལོ་ ༡༩༦༣ ནང་ཁོང་གིས་དམངས་གཙོའི་སྲོལ་ཐོག་མར་བཏོད་ཡོད། དེ་ལྟ་བུའི་དམངས་གཙོའི་སྲོལ་དེ་དོ་གཟབ་ངང་གསོ་སྐྱོང་བྱས་པའི་མཐའ་མར་ཁོང་རང་ཉིད་རྒན་ཡོལ་ཞུ་བཞིན་པ་དང་། མི་མང་གིས་འདེམས་ཐོན་བྱུང་བའི་དབུ་ཁྲིད་ཀྱི་ལམ་ལུགས་དེ་ལག་བསྟར་བྱེད་བཞིན་ཡོད།
འོན་ཀྱང་ང་ཚོའི་གྲོས་ཚོགས་ཀྱི་ཚོགས་མི་ཞེ་གསུམ་གྱིས་ཁོང་གི་འགན་ཡོལ་ལ་ངོས་ལེན་མི་བྱེད་པ་འདི་ནི་སེམས་ཚོར་དྲག་པོའི་རྣམ་འགྱུར་ཡིན་པ་ཙམ་དུ་མ་ཟད། རྙོག་འཛིང་ཅན་གྱི་འབྲེལ་བའི་འཁྲབ་སྟོན་མངོན་པ་ཡིན། ཁོ་བོ་ནི་ཉིན་གཉིས་ཀྱི་དཔྱད་ཞིབ་གོ་བསྡུར་ནང་མཉམ་ཞུགས་བྱས་པ་ཡིན། ཚོགས་མི་ཡོངས་ཀྱིས་དེ་ནི་༸གོང་ས་མཆོག་གི་མཐའ་མའི་ཐག་གཅོད་དང་། སླར་ཡང་ཁོང་ཚོ་ལ་ཕྱིར་སློག་བྱ་རྒྱུ་ཡིན་པ་ཤེས་ཀྱིན་ཡོད། གཅིག་བྱས་ན་བཀའ་བཀྱོན་ཡང་པོ་ཞིག་དང་མཉམ་དུ་ཕེབས་སྲིད། ད་དུང་གྲོས་ཚོགས་ཀྱིས་ཁོང་མུ་མཐུད་བཞུགས་དགོས་པའི་མང་མོས་འོས་ཤོག་འཕངས་ཡོད། འདིས་ཁོ་བོར་དྲི་བ་ཞིག་སློང་བ་ནི། ཆབ་སྲིད་པ་འདི་དག་ལ་༸གོང་ས་མཆོག་གི་འདོད་མོས་བཞིན་བསྒྲུབ་བའི་གདེང་ཚོད་ཀྱིས་ཕོངས་པའི་རྒྱུ་མཚན་དང་། ཡང་ཁོང་ཚོས་ཁས་ལེན་བྱེད་ན་གཞན་གྱིས་དེ་ཚད་ལས་བརྒལ་བའི་སྤྲོ་སེམས་ཞིག་ཏུ་གོ་བ་ལོག་སྒྲུབ་བྱེད་སྲིད་པར་དོགས་པའི་འཇིགས་སྣང་ཡོང་དགོས་དོན་ཅི་ཡིན་ནམ། ཞེས་པ་འདི་ཡིན།
བཙན་བྱོལ་བོད་གཞུང་གི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་ཚུད་པའི་ཆབ་སྲིད་པ་འགའ་ཤས་ཀྱིས་༸གོང་ས་མཆོག་ལ་སྐྱོན་བརྗོད་ཀྱི་རྩོམ་སྤེལ་མཁན་ཀྱི་བོད་ཀྱི་རྩོམ་པ་པོ་དག་ལ་དོགས་ཟོན་བྱེད་དགོས་པའི་ཉེན་བརྡ་བཏང་ཡོད། ཁོང་གི་འགྲེལ་བཤད་རྒྱག་སྟངས་དང་རྣམ་པ་ཅུང་མི་འདྲ་བར་འགའ་ཞིག་གིས་འགན་ཡོལ་གྱི་གནད་དོན་ཡོང་རྐྱེན་ནི་རྩོམ་པ་པོ་དེ་འདྲ་རིགས་ཀྱིས་སློང་བ་རེད་ཟེར། བཤད་སྲོལ་འདི་ནི་གསར་པ་དེ་ཙམ་མིན། ཕྱི་ལོ་ ༡༩༨༠ ཡི་གཡས་གཡོན་ནང་རྒྱ་གར་ནང་མཐོ་སློབ་ཐོན་པའི་ཤེས་ཡོན་པ་སྡེ་ཁག་ཐོག་མ་རིགས་ཀྱིས་རྨོངས་དད་དང་། རྣམ་རྟོག་གི་སྲོལ་ལ་རྗེས་སུ་ཞུགས་མི་རུང་བའི་རྩོམ་སྤེལ་བ་ན། ཁོང་ཚོའི་ཨིན་ཡིག་གི་རྩོམ་དེ་དག་བོད་ཡིག་གི་སྙན་རྩོམ་གདེང་འཇོག་བྱ་འོས་པ་དེ་འདྲ་གང་ཡང་མེད། ཡང་ཕྱི་ལོ་ ༢༠༠༢ ནང་བོད་མི་ཤེས་ཡོན་ཅན་འཇམ་དབྱངས་ནོར་བུས་ནིའུསི་ཝིཀ་ Newsweek བདུན་ཕྲག་རེའི་གསར་འགྱུར་ཕྱོགས་བསྡུས་ཀྱི་དུས་དེབ་ནང་ལ། ༸གོང་ས་མཆོག་ནི་ཤིང་ནྱ་གྲོ་ད་དང་འདྲ་བར་དེའི་འོག་ཏུ་གང་ཡང་སྐྱེ་མི་སྲིད་ The Dalai Lama is like a banyan tree under which nothing grows ཞེས་པའི་རྩོམ་སྤེལ་སྐབས། སྤྱི་ཚོགས་ཁྲོད་འུར་སྒྲས་ཁེངས་ཤིང་། དད་པ་དམ་ཚིག་དང་། ལྷག་བསམ་རྣམ་དག་དགོས་རབ་དང་། བཀའ་གསུངས་དང་ལེན་དགོས་པའི་བཙན་དབང་གི་སྐུལ་དེད་ཤུགས་ཆེན་བྱུང་ཡོད།
སྐུ་གཤེགས་རྒྱལ་རབས་ལོ་རྒྱུས་སྨྲ་བ་ཟླ་བ་ནོར་བུ་ལགས་དྷ་སའི་མི་ཚོགས་ཟིངས་སློང་རུབ་རྒྱག་ལས་ཉེན་ཡོལ་ཆེད་ལྡི་ལི་ལ་བསྐྱོད་པའི་རླངས་འཁོར་ནང་གི་དངོས་པོ་ཚོལ་མ་དང་། ལྷམ་བླུགས་སྣོད་ཤོག་སྒམ་གྱི་འོག་ཏུ་གབ་དགོས་བྱུང་། རྒྱུ་མཚན་ནི། ཁོང་གི་དུས་དེབ་ཀྱི་རྩོམ་སྒྲིག་པའི་གཏམ་ཞིག་གི་ནང་དུ། བོད་ཀྱི་དབུ་ཁྲིད་ལ་ནུས་ཤུགས་དེ་ཙམ་མིན་འདུག Tibetan leadership is not dynamic enough ཅེས་བཀོད་པས་ཡིན། ཁོང་གིས་ལྡི་ལིའི་ནེ་རུའི་མཐོ་སློབ་ནང་དུ་ལོ་ ༡༩ རིང་རྒྱལ་རབས་ཐོབ་བསླབས་མྱོང་བ་མ་ཟད། རྩོམ་བྲིས་མུ་མཐུད་སྤེལ་ཡོད། འཐབ་རྩོད་ཅན་གྱི་རྩོམ་པ་པོ་པད་མ་འབུམ་དང་། འཇམ་དབྱངས་ནོར་བུ་ཨ་རི་ལ་བསྐྱོད་པ་དང་། ལྷ་བཟང་ཆེ་རིང་ནི་རང་གིས་རང་ལ་དྷ་སའི་བཅའ་སྡོད་ཀྱི་གདོན་ Resident’s devil ཞེས་འདོགས་ནས་དྷ་རམ་ས་ལའི་ནང་དུ་གནས་ཡོད་ལ། ཕྱོགས་གཞན་ན། རྒྱ་ནག་གིས་གྲྭ་ཆས་བསྣམས་པའི་གདོན་ The devil in monk’s robes ཞེས་འདོགས་པའི་༸ཏ་ལའི་བླ་མ་བཞུགས་ཡོད། ཁོང་གི་ཞལ་འཛུམ་བག་དང་བཅས་ཏེ་འཛུབ་མོ་ར་ཅོའི་ཚུལ་དུ་དབུ་ཐོག་ཏུ་བཀེར་ནས་ཡིན་ཁུལ་མཛད།
ཁོ་བོའི་གྲོགས་པོ་ཀླུ་མཁར་བྱམས་ནི་མི་མང་དཔུང་སྡེབ་ཀྱིས་བཅོམ་ཡུལ་གྱི་གདོན་མཐའ་མ་དེ་ཆགས་ཡོད། ཁོང་གིས་སྐྱོན་བརྗོད་སློང་བའི་དགག་རྩོམ་རྣོན་པོ་སྤེལ་བ་ལས་གྲགས་ཅན་ཞིག་ཏུ་གྱུར་ཡོད། ཆབ་སྲིད་བཙོན་ཟུར་ཁོང་ནི། བཙན་བྱོལ་བོད་གཞུང་གི་བདེ་སྲུང་ལྷན་ཁང་ནང་གི་ཉམས་ཞིབ་སྡེ་ཚན་ལས་དགོངས་པ་ཞུ་དགོས་བྱུང་། དེ་ནི་ཁོང་གི་རང་སྐྱོང་གི་ལྟ་གྲུབ་ལས་རང་བཙན་གཙང་མ་ལ་མངོན་གསལ་དོད་པོས་རྒྱབ་སྐྱོར་བྱེད་པས་ཡིན།
རྩོམ་པ་པོ་གང་ཞིག་གིས་གལ་སྲིད་རྒྱ་ནག་ལ་སྐྱོན་བརྗོད་ཀྱི་རྩོམ་སྤེལ་ན་དཔའ་བོ་རུ་གྱུར་ཀྱང་། ནང་ཁོངས་སམ་རྒྱལ་ནང་གི་ལྟ་གྲུབ་ལ་སྐྱོན་བརྗོད་སྤེལ་ན་ལམ་སེང་དམ་ཚིག་མེད་པ་དང་། ཆོས་དད་མེད་པ་ཞིག་ཏུ་གྱུར་གྱིན་ཡོད། ང་ཚོའི་སྤྱི་ཚོགས་ནི་ཆེས་རྙིང་ཞེན་རིང་ལུགས་པ་དང་། ཆོས་ལུགས་རྨོངས་དད་ཀྱི་རྗེས་འབྲངས་པ་ཞིག་ཡིན་པས། བསམ་བློ་རང་དབང་ཅན་དང་། ཆོས་དད་མེད་པ་རྣམས་ལ་རྒྱུན་དུ་གོ་བ་ལོག་ནས་༸ཏ་ལའི་བླ་མའི་རྒྱབ་གཏོད་པ་ཞེས་པའི་སྙད་འདོགས་པར་བྱེད། སྲིད་དོན་པ་འགའ་ཞིག་ནི་༸གོང་ས་མཆོག་ལ་གུས་ཞབས་ཡིན་ཁུལ་གྱིས་བྱེད་བཞིན་འདུག འོན་ཀྱང་། ཁོ་བོས་ད་ལྟ་བར་དུ་༸གོང་ས་མཆོག་ལ་གུས་བརྩི་མེད་པའི་ཤེས་ཡོན་ཅན་སྣེ་གཅིག་ཀྱང་མཐོང་མ་མྱོང་། དེང་གི་དུས་སུ་གནས་སྟངས་ཅུང་དྲག་ཏུ་སོང་ཡོད། འོན་ཀྱང་མི་མང་རྣམས་ནི་ད་དུང་༸་ཏ་ལའི་བླ་མའི་རྒྱབ་གཏོད་པའི་མིང་འདོགས་ལ་འཇིགས་ནས་འཁུམ་ཏེ་གནས་ཡོད།
ཕྱི་ལོ་ ༢༠༠༨ རྗེས་ཀྱི་གྱེན་ལངས་གཞི་རྒྱ་ཆེ་ཤོས་ནི། ལོ་སྔོན་མར་སློབ་ཕྲུག་དང་ཤེས་ཡོན་ཅན་སྡེ་ཁག་གིས་བོད་ནང་དུ་སློབ་གྲྭའི་སློབ་དེབ་ནང་དུ་རྒྱ་ཡིག་འཇོག་པའི་རྒྱ་ནག་གི་སྲིད་བྱུས་ལ་ངོ་རྒོལ་བྱས་པ་དེ་རེད། དེང་སང་པེ་ཅིང་སྲིད་གཞུང་གིས་བོད་པའི་རྩོམ་པ་པོ་དང་། སྙན་ངག་པ། གཞས་པ། རྒྱུ་རྩལ་པ་ཁག་ལ་འཛེམ་པ་མེད་པར་གཉའ་གནོན་བྱེད་བཞིན་ཡོད། རྒྱུ་མཚན་ནི་ཁོང་ཚོས་དབུ་ཁྲིད་ནས་ཕན་ནུས་ལྡན་པའི་རྣམ་འགྱུར་སྟོན་པས་ཡིན། ཉེ་ཆར་༸ཏ་ལའི་བླ་མ་དང་། བཙན་བྱོལ་བོད་གཞུང་གི་བཀའ་ཁྲི་གཉིས་ཀྱིས་དཔའ་བོ་དེ་དག་གི་སྙིང་སྟོབས་ལ་བསྔགས་བརྗོད་དང་། ཁོང་ཚོ་བཙོན་གྲོལ་ཡོང་བའི་དགོས་འདུན་བཏོན་ཡོད། དེའི་ཁྲོད་ནས་རྩོམ་པ་པོ་དཔའ་བོ་གཅིག་ནི་ཞོགས་དུང་ཡིན་ཀྱང་། དུས་སྐབས་གཅིག་ལ་ཁོང་ལ་ཡང་ང་ཚོའི་སྤྱི་ཚོགས་ནང་གི་མི་སྣ་ཁག་གཅིག་གིས་ཆོས་དད་མེད་པ་དང་། ཆོ་ག་ཕྱག་ལེན་གྱི་ནང་ཆོས་ཀྱི་ཉམས་ལེན་ལ་སྐྱོན་བརྗོད་ཤུགས་ཆེན་བྱེད་པ་ལ་མི་དགའ་བར་བྱེད།
དཀོན་མཆོག་མཁྱེན། ད་ནི་༸ཏ་ལའི་བླ་མ་སྐུ་ཉིད་ཀྱིས་བཅོས་བསྒྱུར་དགོས་པར་འབོད་བསྐུལ་བྱེད་ཡོད། ལོ་ ༤༠༠ ལྷག་རིང་རང་ཚུགས་མེད་པར་ཁོང་ལ་ཡིད་ཆེས་བློས་འགེལ་གྱིས་བརྟེན་པ་ནི་གོམས་གཤིས་ལྟ་བུར་གྱུར་པ་ཁོང་གིས་རྟོགས་པ་རེད། ད་ནི་ཁོང་ཉིད་ཀྱིས་ཁོང་ཚོའི་རྒྱུད་ཀྱི་གཞན་ལ་རེ་ལྟོས་ཆེ་བའི་འཛིན་པ་དེ་དོར་ཐུབ་རྒྱུ་རེད། ང་ཚོའི་གཞུང་གི་སྲིད་དོན་མི་སྣས་བོད་པའི་དམངས་གཙོའི་ལམ་ལུགས་ལ་རྒྱབ་རྟེན་ཚུལ་དུ་བརྗོད་དོན། བོད་མི་མང་ཆེ་བས་༸གོང་ས་མཆོག་གི་དབུ་ཁྲིད་ལ་ཡིད་ཆེས་ཡོད་པས། ཁོང་དབུ་ཁྲིད་ཀྱི་སྲིད་སྟེགས་ལ་མུ་མཐུད་བཞུགས་རྒྱུར་འབོད་བསྐུལ་བྱེད་པ་དེ་ཡང་དམངས་གཙོ་དང་མཐུན་པ་ཞིག་ཏུ་སྒྲུབ་པར་བྱེད། འོན་ཀྱང་། ༸གོང་ས་མཆོག་གི་ཐུགས་འདོད་ནི་དེ་ལས་ལྡོག་སྟེ་དམངས་གཙོ་ཡང་དག་པའི་ལམ་ལ་སྒྱུར་བ་ལ་མི་མང་གིས་ཐད་བསྐོས་དབུ་ཁྲིད་ཀྱིས་སྐྱོང་དགོས་པར་འདོད་པ་དེ་རེད།
ཁོ་བོ་ནི། རྒྱུ་མཚན་ལ་བརྟེན་པའི་ནང་ཆོས་ཀྱི་གོ་རྟོགས་ལ་ཡིད་ཆེས་ཡོད་ཀྱི། རྨོངས་དད་ལ་མེད། ཁོ་བོ་ལ་མཚོན་ན། དམངས་གཙོའི་ལམ་ལུགས་འདི་ནི་འདབ་ཤོག་ཡ་གཅིག་མ་ཚང་བ་དང་འདྲ། མ་ཟད་མི་མང་གིས་ཡིད་ཆེས་བློས་འགེལ་བྱེད་པ་དང་མང་མོས་ཀྱི་འདོད་མོས་གཉིས་འཁྲུལ་འཛིངས་བྱུང་བས་སོ། །
ཕྱི་ལོ་ ༢༠༡༡ ཟླ་ ༠༤ ཚེས་ ༠༢ ཉིན་རྒྱ་གར་གྱི་ཏེ་ཧེལ་ཀ་ Tehelka དྲ་ཚིགས་ཐོག་བཀོད།
ཕབ་བསྒྱུར་བས། གོང་གི་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་དང་། གཞན་ཡང་། འཇམ་དབྱངས་ནོར་བུ་དང་། པདྨ་འབུམ། བསྟན་འཛིན་རྡོ་རྗེ། ལྷ་སྒྲོན་བཀྲིས་མཐོང། ཀླུ་མཁར་བྱམས་ལ་སོགས་པའི་གཞོན་སྐྱེས་ཤེས་ཡོན་ཅན་རྣམས་ནི་བཙན་བྱོལ་ནང་དུ་ཆབ་སྲིད་ཀྱི་རྐུབ་སྟེགས་མཐོ་པོ་ཡོད་མེད་ལ་མ་ལྟོས་པར་རང་གི་ཤེས་ཡོན་གྱི་ནུས་ཤུགས་དེ་བོད་རྩ་དོན་ཆེད་དུ་སྤུངས་ནས་ལས་འགུལ་མུ་མཐུད་སྤེལ་བཞིན་ཡོད། བོད་པའི་སྤྱི་ཚོགས་ཀྱིས་ཁོང་ཚོར་ལྟ་ཚུལ་འཐད་དང་མི་འཐད་ནི་གནས་ཚུལ་གཞན་ཡིན།
གོང་གི་བསྒྱུར་རྩོམ་དང་འབྲེལ་བའི་ཞན་ཆ་སྟེ། བསྒྱུར་གྱི་ཐ་སྙད་བཀོལ་སྤྱོད་དང་། གཞན་ཡང་སྡེབ་སྦྱོར། ཡི་གེ་ཐོབ་ཚུལ་སོགས་ཀྱི་སྐྱོན་ཡོད་ཚེ་འཛེམ་ཟོན་མེད་པར་གནང་ན་དགའ་བསུ་ཞུ་རྒྱུ་ཡིན། ཕྱི་ལོ་ ༢༠༡༡ ཟླ་ ༠༥ ཚེས་ ༢༠ ཉིན་ལྡན་མ་བྱམས་པ་ཆོས་དབང་གིས་བསྒྱུར།
བསྟན་འཛིན་བརྩོན་འགྲུས་ཟེར་བའི་མགོ་ལ་རས་དམར་པོ་དཀྲི་མཁན་དེ་ནི་བོད་མི་ཚོ་དང་ཅུང་གསང་བ་ལྐོག་གྱུར་ཞིག་གི་འབྲེལ་བའི་ཐོག་འཚོ་བ་སྐྱེལ་བཞིན་ཡོད། ཁོང་གི་མགོ་ལ་བཏགས་པའི་རས་དམར་པོ་དེ་མཐོང་དུས་གཞིས་ཆགས་ནས་གསར་འབྱོར་ཡན་ཆད་ཀྱིས་བསམ་བློ་གཞན་ཞིག་གཏོང་གི་ཡོད། ཁོས་ནམ་རྒྱུན་ལྷན་པ་ཅན་གྱི་ལྷམ་དང་གོས་གྱོན་ཞིང་ཐུག་ཚད་ལ་རན་པའི་སྐད་ཆ་ཞིམ་པོ་བཤད་ལ། རང་ཉིད་ཀྱིས་ཟ་མ་ཟ་རྒྱུའང་བརྗེད་འདུག་ཚུལ་བཤད་རྒྱུ་སོགས་ནི་ཁོང་ངོ་ཤེས་ཚད་ཀྱིས་ཕལ་ཆེར་ལྐོག་ཏུ་བཤད་བཞིན་པའི་སྐད་ཆ་ཞིག་ཆགས་ཡོད། ཁོས་འདི་ལྟར་རྣམ་འགྱུར་སྙིང་རྗེ་བོ་ཞིག་གིས་རྡ་ས་ནས་ཕྱི་རྒྱལ་ཁག་ཏུ་སྟབས་བདེའི་ངང་འགྲིམ་གྱི་ཡོད།
རིག་པ་རྣལ་དུ་གནས་མཁན་ཞིག་དང་ཤེས་ཡོན་ཅན་ཞིག་གིས་ལྟོས་པ་ཡིན་ན། ཡང་ན་ཁོང་གིས་རྒྱབ་ར་བྱེད་པའི་ཀླུ་མཁར་བྱམས་སོགས་ངོ་ཤེས་འདྲིས་གྲོགས་ཚོའི་ཆ་ནས་ལྟོས་པ་ཡིན་ནའང་། བསྟན་འཛིན་བརྩོན་འགྲུས་ལ་དང་པོར་ཡི་ག་ཆད་འགྲོ་བ་ནི་མི་གཤིས་ཀྱི་སྤུས་ཀ་དེ་ཡིན་ལ། དེ་ནི་ཁོས་རྒྱ་གར་རམ་ཀླད་པ་གཞན་གྱི་ལྟ་ཚུལ་ཞིག་གིས་དོན་དམ་པར་བོད་མི་ཚོ་མིག་ནང་དུ་ཆེས་ཆུང་བའི་དངོས་པོ་ཁོ་ནར་ཆགས་ཟིན་ཚུལ་རང་བཞིན་གྱིས་ཕྱིར་ལ་ཤོར་གྱི་ཡོད་ལ། དཔེར་ན་ཀླུ་མཁར་བྱམས་ཀྱིས་སྡིངས་ཆ་ཞིག་ཏུ་བོད་པའི་ཞགས་རྩི་མེད་མཁན་གྱི་རྣམ་འགྱུར་རང་ལུགས་པ་དེ་ཚོར་ངས་མཚམས་ལན་རེར་འུ་ཐུག་ནས་ཡ་བྱེད་ཀྱི་ཡོད་ལ། མཚམས་ལན་རེར་ངས་ཁོང་ཚོས་མཐོང་ན་མི་འདོད་ཅེས་བཤད་མྱོང་ཡོད། གནས་སྟངས་འདི་ནི་བོད་པ་གཤའ་མ་ཞིག་གིས་བོད་པ་འགྱེལ་ས་ནས་བསླང་ཚུལ་གྱི་འཐབ་རྩོད་ལ་བསམ་ན་བརྩེ་དུང་དང་གནས་ལུགས། རིག་གནས་བཅས་ཀྱི་ནང་དོན་ཡོད་པ་ཞིག་ཡིན།
འོན་ཀྱང་། སྐབས་འདིར་བསྟན་འཛིན་བརྩོན་འགྲུས་ཟེར་བས་སླར་ཡང་ཀླུ་མཁར་གླེང་འགོ་བཙུགས་པ་ནི། ཁོའི་ཆབ་སྲིད་ཀྱི་ཀྱོག་ལམ་ལ་ནོར་འཁྲུལ་ཤོར་ཟིན་པའི་འགྱོད་གཤེགས་ཤིག་ཀྱང་ཡིན་སྲིད་ལ། ཆུང་ས་ནས་ཁོའི་ཕྱིའི་ཉམས་ཐག་གི་རྣམ་འགྱུར་དང་ནང་གི་གསོག་སྒྲུབ་བྱས་པའི་པེད་ཤག་གི་སྲབ་མཐུག་གཉིས་ལྷང་ལ་བུད་པའི་བློ་འགྱོད་ཅིག་ཀྱང་ཡིན་སྲིད་པ་རེད། གནད་དོན་འདིའི་རིགས་ནས་ལྟོས་ཚེ་ཀླུ་མཁར་བྱམས་ནི་བསྟན་འཛིན་བརྩོན་འགྲུས་ཟེར་བས་གླེང་བ་ནི། རྐུན་མས་དྲང་བདེན་གླེང་བ་དང་གཅིག་པ་གཅིག་རྐྱང་རེད།
སྤྱིར་ན། ངེད་ཚོའི་འཐབ་རྩོད་པའི་དཔུང་སྡེར་བོད་ཀྱི་ནང་དོན་གྱིས་མེད་ནས་མུག་འདུག་པ་གསལ་བོ་ཡིན་ནའང་། སྐད་ཆ་ཐད་ཀར་ཞུས་ན་མགོ་བདེ་དྲན་འཁྲུལ་གྱི་རིགས་གཅིག་འདི་ལྟར་བོད་དོན་འཐབ་རྩོད་འདིའི་བར་ནས་མི་ཆགས་སོང་བ་ནི་ངེས་པར་དུ་གཟིགས་གནང་ཤེས་དགོས་པ་ཞིག་རེད།
འོ་ན། བསྟན་བརྩོན་ཟེར་བ་ཅི་ཞིག་ཡོད་དམ་ཟེར་ན། འཐབ་རྩོད་པ་ཞིག་རེད་ཟེར་གི་ཡོད་པ་རེད། དེའང་སྐད་རྒྱག་མཁན་ཞིག་རེད། ཁྱེད་ཚོས་གསལ་བོར་གཟིགས་དང་། འདིའི་སྐད་རྒྱགས་ས་ནི་མི་མང་ས་དང་ཁྱབ་ཤུགས་ཆེ་ས། སྐབས་དང་དུས་ཡག་ས་མ་གཏོགས། བོད་ནང་གི་གནས་སྟངས་ཅི་འགྱུར་ཁོ་ན་ལ་དམིགས་ནས་སེམས་ནས་མ་བཟོད་པར་སྡོད་པའི་འཐབ་རྩོད་པ་ཞིག་མིན་ཚུལ་ནི་གསལ་བོ་ཡིན།
ད་དུང་ཁོང་གིས་འོས་བསྡུ་གཙོས་ལས་དོན་འདྲ་མིན་ནང་ཆ་ཤས་ལེན་གྱི་ཡོད་ལ། ཁྱེད་ཚོས་ཞིབ་ཏུ་ལྟོས་ཡིན་ན། ཁོང་ལ་ཆོལ་ཁའི་ན་ཚའང་གང་འཚམས་ཁྱབ་ཡོད། ཁོས་ཁོ་ལ་ན་གཞོན་མང་གཙོ་དང་བླངས་པ་ཟེར་ཞིང་། སྐབས་བཅུ་བཞི་དང་བཅོ་ལྔ་གཉིས་སུ་ཁོས་སྤྱི་འཐུས་ཀྱི་འོས་མི་ཁྱབ་བསྒྲགས་བྱས་ཡོད། དེའི་ཐད་མི་ཚང་མར་སྐད་ཆ་ཡོད་པ་ལས། དཔེ་མཚོན་གཅིག་བཤད་ན། གསེར་རྟའི་སྙོག་གླེང་སྐོར་རེད། ཁོའི་ལས་རོགས་ཤིག་ནས་སྐབས་བཅུ་བཞི་ནས་གསེར་རྟ་སྙོག་གླེང་དུས་ཚོད་འདིར་རན་པོ་མིན་པ་ཤེས་ནས། གསེར་རྟ་བ་ཡིན་ཟེར་མཁན་གཉིས་ཀྱི་འོས་མ་བཏོན་པ་ཡིན་ན་ཡག་པའི་བསམ་ཚུལ་ཞུས་ཀྱང་། ཁོས་སྐབས་སྔ་ཕྱི་གཉིས་ལ་བང་ཆེན་རྩོམ་སྒྲིག་པ་དེ་ལས་སྐུ་ཞབས་དེ་བཏོན་ཡོད་པ་མ་རེད། འདི་ནི་ཁོ་ཚོས་ལོ་རྒྱུས་དཔྱད་ཞིབ་ཀྱིས་ཐག་གཅོད་བྱེད་རྒྱུ་མིན་པར། ཁོ་གཉིས་ཐོན་པ་ཙམ་གྱིས་སྙོག་གླེང་ཡོད་ཡོད་པ་དེ་ཁོས་སྡིག་པ་མིག་བཙུམས་རྒྱབ་ཡོད། འདི་འདྲའི་དཔེ་མཚོན་མང་པོ་ཡོད་པ་རེད།
ཁོ་རྒྱ་གར་དུ་སྐྱེས་ཤིང་རྒྱ་གར་སློབ་གྲྭས་གསོས་བ་ཁག་མེད་ཀྱང་། བོད་ཡིག་ཕར་ཞོག་བོད་སྐད་ཀྱང་ཕྱིས་སུ་མ་གཏོགས་མི་ཤེས་མཁན་ཞིག་ཡིན་པ་དེས། ཁོང་གི་ཁྱིམ་ཚང་ནས་སྤྲད་པའི་ང་བོད་ཡིན་པའི་ལ་རྒྱའི་སྒྲུབ་བྱེད་ནི་དེས་གསལ་བོ་མཚོན་ཐུབ་པ་ཞིག་རེད། རྒྱ་གར་དུ་སྐྱེས་པ་ཙམ་གྱིས་བོད་ཡིག་བོད་ཀྱི་རིག་གནས་ཤེས་མི་དགོས་པའི་གནང་བ་སུས་ཀྱང་སྤྲད་མེད་མོད། ཁོས་ཕྱིས་ཀྱི་འཐབ་རྩོད་ལས་རང་ཉིད་མི་རུ་བཞེངས་བསྐྲུན་གྱི་བརྒྱུད་རིམ་ནང་དུའང་གནད་དོན་དེ་དག་ལ་སྐར་མ་གཅིག་བཏང་ནས་སློབ་སྦྱོང་བྱས་མེད། དེ་ལྟའི་འཚར་ལོངས་ཀྱི་བརྒྱུད་རིམ་ཞིག་དང་ལྷན་སྐྱེས་ཀྱི་གཤིས་ཀ་ཞིག་གིས་ཞེ་ས་མ་ཞུས་ན་ཁོའི་འཐབ་རྩོད་ཀྱི་ལ་རྒྱའང་ཤེས་ཚོད་རེད།
ཡ་མཚན་པ་ཞིག་ལ། རྒྱ་གར་དུ་སྐྱེས་པའི་ཁོང་གི་ན་མཉམ་དང་སློབ་གྲོགས་ཕོ་མོ་ཚང་མས་ཁོ་ནི་སྣ་དགོད་རྒྱགས་ས་ཞིག་ཏུ་བརྩི་བ་འདི་ནི། ཞིབ་འཇུག་བྱེད་མི་ཤེས་པའི་དོན་དག་ཅིག་རེད།
མི་འདི་ལྟ་བུས་དེ་རིང་ཀླུ་མཁར་བྱམས་ལ་ཁ་གཡར་ནས་བོད་ཀྱི་གནད་དོན་ཆེ་སར་བསམ་ཚུལ་འདོན་ཁུལ་བྱེད་པ་ནི་དངོས་གནས་དགོད་བྲོ་བ་ཞིག་རེད། དེས་ན་སླད་མར་ང་ཚོས་མི་ལ་ཡིན་གཅིག་མིན་གཅིག་ལྟ་ཤེས་དགོས་པ་བྱེད་དགོས།
དེ་ལྟར་བྱས་ན་རས་དམར་པོ་དེ་སེམས་དམར་པོ་ཡིན་མིན་ཡང་ཤེས་ཐུབ། དེ་རིང་དེ་ཙམ་གྱིས།
རྩོམ་འདིའི་སྡོམ་རྒྱག་ན་འདིའི་སྒང་ལ་བབས་ཀྱིན་འདུག་སྙམ།
“རྩོམ་པ་པོ་གང་ཞིག་གིས་གལ་སྲིད་རྒྱ་ནག་ལ་སྐྱོན་བརྗོད་ཀྱི་རྩོམ་སྤེལ་ན་དཔའ་བོ་རུ་གྱུར་ཀྱང་། ནང་ཁོངས་སམ་རྒྱལ་ནང་གི་ལྟ་གྲུབ་ལ་སྐྱོན་བརྗོད་སྤེལ་ན་ལམ་སེང་དམ་ཚིག་མེད་པ་དང་། ཆོས་དད་མེད་པ་ཞིག་ཏུ་གྱུར་གྱིན་ཡོད།ང་ཚོའི་སྤྱི་ཚོགས་ནི་ཆེས་རྙིང་ཞེན་རིང་ལུགས་པ་དང་། ཆོས་ལུགས་རྨོངས་དད་ཀྱི་རྗེས་འབྲངས་པ་ཞིག་ཡིན་པས། བསམ་བློ་རང་དབང་ཅན་དང་། ཆོས་དད་མེད་པ་རྣམས་ལ་རྒྱུན་དུ་གོ་བ་ལོག་ནས་༸ཏ་ལའི་བླ་མའི་རྒྱབ་གཏོད་པ་ཞེས་པའི་སྙད་འདོགས་པར་བྱེད། ”
དེར་མ་ཟད། “མི་མང་གིས་ཡིད་ཆེས་བློས་འགེལ་བྱེད་པ་དང་མང་མོས་ཀྱི་འདོད་མོས་གཉིས་འཁྲུལ་འཛིངས་བྱུང་བས་སོ། །”
གོང་དུ་འདྲེ་མགོ་རྡོ་ཞེས་པས་བསྟན་འཛིན་བརྩོན་འགྲུས་ལ་སྐྱོན་བརྗོད་པ་འདི་ནི་དོན་བསྡུ་ན་གསེར་རྟ་ཚུལ་ཁྲིམས་འོད་ཟེར་གྱི་མཚན་དེ་ཁོང་གིས་གཉེར་བའི་གཞོན་སྐྱེས་ཀྱི་ཚོགས་པའི་སྔོན་འགྲོའི་སྤྱི་མཐུས་འོས་མིའི་ཁོངས་སུ་མ་བླུགས་པ་འདི་ལ་ཐུག་འདུག དེ་ལས་སྤྲོས་ནས་སྐྱོན་བརྗོད་མང་དག་ཅིག་སྤེལ་འདུག་པས་འགྲིག་དང་མི་འགྲིག་ཀློག་པ་པོ་རྣམས་ཀྱིས་ཐག་གཅད་པར་ཞུ།
དེང་སང་ང་ཚོའི་སྤྱི་ཚོགས་སུ་སོ་སོའི་ལྟ་བ་དང་མ་མཐུན་པ་ཡིན་ན། རྒྱ་མིའི་སོ་པ་དང་། ལྟ་ལོག་ཅན། ལོ་རྒྱུས་ནག་སྲུབ་བཏང་མཁན་སོགས་མིང་འདྲ་མིན་འདོགས་ཀྱིན་ཡོད། དེ་ནི་རྗེས་ལུས་དང་ཆེས་ནོར་འཁྲུལ་ཅན་ཅི་ཕྱིར་མིན་ནམ། དངོས་ཡོད་གནས་ཚུལ་ནི་དེང་དུས་དང་མཐུན་མིན་གཟིགས་དགོས།
ཁ་རོགས་སྡད་ན་བོད་པ་མིན་ཞེས་ཨ་རིའི་རླུང་འཕྲིན་ཁང་ནས་སྒྲོགས།
གདོང་དུ་དོན་ན་རྒྱ་མིའི་སོ་བ་རྡ་སའི་ཡུལ་ལུང་ཀུན་ཏུ་བསྒྲགས།
འདི་མུར་སྡད་ན་མི་ཡི་ལུང་པར་སྟོ་གོས་འཚོ་བའི་སྐབས་མེད་པས།
ད་ནི་འཇིག་རྟེན་འདི་ནས་བརྟན་བྲལ་བྱེད་པའི་དུས་ལ་བབས།
རྩོམ་ཡིག་འདི་ལ་བལྟས་དུས་ངས་བསྟན་འཛིན་བརྩོན་འགྲུས་མཐོང་མི་ཐུབ་པར་གྱུར། དེ་ནི་རྩོམ་ཡིག་དང་བསྟན་བརྩོན་གཉིས་ཀྱི་བར་ཐག་རིང་དྲགས་པས་རེད། རྩོམ་ཡིག་གིས་མི་གཤིས་མཚོན་ཐུབ་ཟེར་བ་དེར་ཁ་ཐུག་གི་གོ་བ་བླངས་ན་ནོར་འཁྲུལ་ཆེན་པོ་ཞིག་ཡིན་པའང་འདི་ཉིད་བཀླག་པས་རྟོགས་ཐུབ། ཁ་དང་སེམས་ཀྱི་བར་ཐག་རིང་དྲགས་པ་དང་སྡུག་ས་ནས་བཤད་ན་རྒྱབ་འགལ་དུ་གྱུར་བའི་རྩོམ་ཡིག་དེ་དག་ལ་དམིགས་བསལ་གྱི་མིང་ཞིག་ཡོད་མོད་དྲན་ཐུབ་མ་སོང་། བསྟན་འཛིན་བརྩོན་འགྲུས་འདི་སྐབས་འཚོལ་རིང་ལུགས་པ་ཞིག་རེད་ཅེས་བཤད་ན་སྡོམ་ཚིག་གནད་ལ་འཁེལ་བ་ཞིག་ཡིན། གནས་ཚུལ་ཆུང་ཙག་རིགས་བཤད་མི་དགོས་པར་གཞུང་འབྲེལ་མིན་པའི་ཚོགས་པ་ལྔས་སྣེ་ཁྲིད་འོག་བོད་བར་གོམས་བགྲོད་ཀྱི་ལས་འགུལ་སྤེལ་སྐབས་རྙོག་དྲ་བྱུང་བའི་གནས་ཚུལ་འདི་ལས་ང་ཚོས་ཁོའི་ཕྱི་ནང་ཚང་མ་རྟོགས་ཐུབ། སྐབས་དེར་ཁོ་ལ(my)ཟེར་བའི་མིང་འདོགས་ཤིག་ཀྱང་བཏགས་ཡོད་པ་རེད། བོད་སྐད་དུ་༼ང༽ཟེར་བ་རེད། མིང་འདོགས་འདིའི་བརྒྱུད་རིམ་ཤེས་འདོད་ན་སྐབས་དེའི་གནད་ཡོད་མི་སྣ་རྣམས་ལ་དྲིས་ཤིག འདི་འདྲ་བའི་གནས་ཚལ་རེ་བྱུང་སྐབས་ངས་ནམ་ཡང་བོད་དོན་འདི་མི་སྒེར་པའི་ཁེ་བཟང་བསྒྲུབ་བྱེད་ཅིག་ཏུ་གྱུར་འདུག་འང་སྙམ་ནས་སེམས་ལ་མི་བདེ་བ་ཆེན་པོ་ཞིག་ཡོང་གི་འདུག
འདྲེ་མགོ་རྡོའི་བཀའ་མོལ་ལ་བརྒྱ་ཆ་བརྒྱ་རྒྱབ་སྐྱོར་ཡདོ། བཙན་བྱོལ་སྤྱི་ཚོགས་ནང་ཁྲེལ་གཞུང་མེད་པའི་མི་ངན་ཀླུ་གར་བྱམས་ལྟ་བུར་བསྟན་འཛིན་བརྩོན་འགྲུས་ཀྱིས་བདེན་བཤད་བྱེད་པ་ནི་བསྟན་འཛིན་བརྩོན་འགྲུས་རང་ཉིད་ཀྱང་བཙན་བྱོལ་ཁྲོད་དུ་ཁྲེལ་མེད་ཞིག་ཡིན་པ་སྒྲུབ་པ་མ་རེད་པས། གང་ལྟར་ཡང་ང་ཚོ་ཚང་མས་སྐབས་འཚོལ་རིང་ལུགས་པར་དུས་ནམ་ཡང་དྭོགས་ཟོན་བྱེད་དགོས་ལ་ཞིབ་བརྟག་བྱེད་དགོས་པ་ཡང་དེ་རིགས་ཡིན། དེའི་རིགས་ལ་བཙན་བྱོལ་བོད་གཞུང་མགོ་རྟིང་སློག་རྒྱུའི་མདུན་པ་མེད་པ་མ་རེད་ཅེས་བརྗོད་ཐབས་བྲལ་སོང་། ࿋࿋࿋࿋࿋࿋࿋࿋
བསྟན་འཛིན་བརྩོན་འགྲུས་ནི་ཁེ་བཟང་སྐབས་འཚོལ་རིང་ལུགས་པ་ཞིག་ཡིན་པ་རྡ་སར་ཡོངས་གྲགས་ཡིན། ད་དུང་ཁོའི་མིག་ནང་ལ་བོད་མི་དོན་དམ་གྱི་ཤེས་ཡོན་པ་ཚོ་ཅི་ལའང་མི་བརྩི། རང་གིས་བོད་ཀྱིས་འདས་མ་ད་གསུམ་དང་སྲིད་འབྱོར་རིག་གསུམ་གྱི་གནས་ཚུལ་ཡོངས་རྫོགས་ཤེས་སྙམ་གྱི་ཡོད། དོན་ལ་བསམ་བློ་མ་སྨིན་པ་བུ་གུ་འདྲ་ཞིག་ཡིན། བསམ་ཚུལ་དེ་འདྲ་བསྟན་རྡོར་ཟེར་པ་སོགས་ལའང་ཡོད། གཞན་སྐད་འཁྱར་འཁྱོར་ཞིག་ཤེས་པ་དེ་དང་ནམ་རྒྱུན་མདུན་དུ་སྐད་བརྒྱབ་ནས་ཐོན་པ་དེས་མི་མང་པོ་དང་ལྷག་པར་དུ་གྲ་པ་ཚོ་མགོ་མཐོམ་གྱི་ཡོད། མི་འདི་ཚོ་བོད་མིའི་སེམས་ཤུགས་སྐྱེ་གཞིའི་འཐབ་རྩོད་ཀྱི་དབུ་ཁྲིད་ཀྱི་ཁྱད་ཆོས་གཏན་ནས་མེད།
བསྟན་འཛིན་བརྩོན་འགྲུས་ལ་མེད་པ་གསུམ་ཡོད་པ་ནི། ཤེས་ཡོན་པའི་བསམ་གཞིགས་ཀྱི་གནས་ཚད་ཞན་པ་དང་། བོད་སྐད་ཡིག་ཆུ་ཚད་ཕྲུ་གུ་ལོ་ན་བརྒྱད་ལོན་པ་ཞིག་གི་ཚད་ལས་མེད་པ། རང་ཉིད་དྲིལ་བསྒྲགས་དེ་འགུལ་སྐྱོད་ཡོད་ཚད་ཀྱི་རྩ་དོན་དུ་འཛིན་མཁན་ཞིག་ཡིན། མཐར་གཏུགས་ན། ཤེས་ཡོན་དང་། སྐད་ཡིག མི་གཤིས་ཀྱི་སྐོར་ལས་ཁོ་ལ་སྟོང་ཆ་གསུམ་ཡོད་པ་འདི། ཁ་སྐོང་དང་ཡར་རྒྱས་གཏོང་གལ་ཆེ་བའི་རེ་བ་འདོན་གྱིན་ཡོད།
བསྟན་བརྩོན་ཟེར་བའི་མི་འདི་ནི་རང་ཉིད་བཟོ་བར་མཁས་པོ་ཞིག་ཡིན་པ་དང།སྐད་རིགས་ཁ་ཤས་ཤིག་ཤེས་པ་
ཙམ་མ་གཏོགས་གཞན་ལྟ་ས་གང་ཡང་མེད་པ་ཀུན་གྱིས་ཤེས་གསལ་རེད། ནམ་ཡང་མདུན་དུ་ཐོན་ནས་སྐད་རྒྱག་གི་ཡོད་པ་དེ་ཡང་རང་ཉིད་་བཟི་ཚུལ་ཙམ་ལས་གཞན་གང་ཡང་མིན།
ཨ་ཙི་་ དེ་འདྲ་རང་ཡིན་ནམ་་་ གཅིག་གིས་མར་ཙམ་དྲུད་ན ཚང་མས་རྩ་བ་བར་དྲུད་པ་ནི་ རི་བོང་ཅལ་འདྲོག་རང་རེད་ དོན་དངོས་ཐོག་ཁོ་ལ་ཡང་བོད་དོན་འཐབ་རྩོད་པའི་མིང་དེ་རི་ཀླུང་ཀུན་ལ་གྲགས་པ་མ་ཡིན་ནམ་
བསྟན་འཛིན་བརྩོན་འགྲུས་ཀྱིས་རྩོམ་ཡག་པོ་འབྲི་བ་དེ་དབྱིན་ཡིག་གི་འཇིག་རྟེན་ལ་ཡོངས་གྲགས། དེར་དྲ་འབུ་ཚོ་མིག་ཚ་ན་སོ་སོ་རང་གི་སྡུག་གྱོང་ཤེས། རྩོམ་འདི་ལས་བསྟན་འཛིན་བརྩོམ་འགྲུས་ལགས་ཀྱི་བསམ་བློའི་འཕེལ་ཕྱོགས་དང་། རིག་གནས་ཀྱི་ཟབ་ཚུལ། མི་གཞིའི་སྙིང་སྟོབས་སོགས་མཚོན་གི ཁོང་འདི་ལྟར་ཕྱིན་ན་བུ་རེ་བ་ཅན་ཞིག་ཡོང་ཐག་ཆོད་རེད།
ཁ་བརྡ་འདི་དྲ་འབུ་ཡིས་བཟུང་ཚུལ་གསུངས་པ་དེ་དངོས་གནས་རེད།
ཆབ་སྲིད་ཀྱི་ལྡིང་ཆ་ཞིག་རེད།
ངོ་མ་འཇག་དམག་གིས་ལྟེ་གནས་ཤིག་རེད་འདུག
ཕྱོགས་རེས་ཆགས་སྡང་མང་བའི་གྲུ་ག་ཞིག་རེད་འདུག
༼མི་སྐྱོན་མེད་འཛམ་བུ་གླིང་ན་མེད་༽ཅེས་བོད་ལ་གཏམ་དཔེ་ཡོད་པ་ལྟར། བསྟན་འཛིན་བརྩོན་འགྲུས་ལགས་ཀྱང་མི་ཡིན་པས་མ་འདང་ས་བྱུང་ཡོད་སྲིད་པ་ཞིག་རེད། ཡིན་ནའང་། བསྟན་འཛིན་བརྩོན་འགྲུས་ལགས་ཀྱི་རྩོམ་ཡིག་ཁག་དབྱིན་ཡིག་གི་འཇིག་རྟེན་དུ་ཡོངས་གྲགས་རང་བཞིན་ཅན་དུ་གྱུར་ཡོད་པར་མ་ཟད། རྒྱ་ཡིག་འཇིག་རྟེན་ལའང་བསྒྱུར་མཁན་མང་པོ་བྱུང་ཡོད་ལ་ཤུགས་རྐྱེན་ཡང་ཐེབས་ཀྱིན་ཡོད་ལ། ཁོང་གི་རྩོམ་ཡིག་གཅིག་གིས་ཀློག་མཁན་ཁྲི་སྟོང་མང་པོར་ཤུགས་རྐྱེན་བསྐྲུན་བཞིན་པའང་གསལ་བོ་གསལ་རྐྱང་ཡིན། དེ་བས། ཁོང་གིས་བོད་ཀྱི་གནད་དོན་ཐད་བསྐྲུན་བཞིན་པའི་དགེ་མཚན་ཤིན་ཏུ་ཆེ་བ་ལྷན་རྒྱས་ནས་ཐུགས་འཇགས་གནང་བར་རེ་བ་ཆེ།
དགོངས་དག་རྩོམ་དེའི་གོང་འོག་མཐུན་གི་མེད་པའི་ཚོར་སྣང་ཞིག་བྱུང་གོང་ལ་ ༼ལོ་ངོ་བཞི་བརྒྱ་ལྷག་གིཏ་ལའི་བླ་མའི་སྒྲིགས་འཛུགས་༽ཅེས་དང་ཡང་འོག་ལ་༼༡༦༤༢ ནས་གྲུབ་པའི་དགའ་ལྡན་ཕོ་བྲང་པའི་གཞུང་༽ཞེས་འཁོད་འདུག།
ཨོ་རེད་ཡ་་་གོང་དུ་འདྲེ་དང་ལྷག་པར་ཀིརྟི་སྐྱབས་ནས་བཤད་པ་ནང་བཞིན་བསྟན་བརྩོན་ཁོང་རང་ཉིད་མ་རྟོགས་ཤེས་ཡོན་པ་གཞན་ནས་ཅི་ཡང་མི་ཤེས་བསམ་མཁན་ཞིག་དང་ལྷར་པར་བོད་ཡིག་གི་ཁ་ལག་ཟ་མི་ཐུབ་མཁན་གྱི་ལྟ་ཚུལ་འཛིན་མཁན་ཞིག་ཡིན་པ་གསར་བོ་རེད་་་དྲ་གྲོགས་གཞན་ཞིག་ནས་དེང་སང་རང་ཉིད་གྱི་ལྟ་བ་དང་མ་མཐུན་ན་ཉེས་འདོགས་འདྲ་མིན་བྱེད་ཚུལ་བྲེས་འདུག་པའི་ང་ལ་ལྟ་བ་གང་ཡང་མེད་་་་་་མི་སྐྱོན་མེད་འཛམ་བུ་གླིང་ན་མེད་ཟེར་བ་་་་་བདེན་པ་རེད་འོན་ཀྱང་སྐྱོན་ཆེ་བ་མང་སོང་ན་དེ་ག་འདྲ་ཡིན་ན་
མི་ལ་ལྟ་བར་མིག་ཡོད་ཀྱང་།
རང་ལ་ལྟ་བར་མེ་ལོང་དགོས།
རང་སྐྱོན་གཡག་མགོ་ཙམ་ཡང་མི་མཐོང་ཞིང་།
གཞན་སྐྱོན་ནད་འབུ་ཚུད་ཅད་འཚོལ་བ་དེ།
འཇིག་རྟེན་ཡ་རབས་ལུགས་ཀྱི་སྤྱོད་མིན་ན།
ཨ་རོགས་བོད་པ་ཚང་ལ་དགོས་ལེ་མིན
གནས་ཚང་ལགས། ང་ལ་མཆན་བུ་ལོ་རྗེས་མར་ཐོབ་ཀྱི་རེད་དམ།
དག་མཆན་དགོས་པར་བཀའ་ཁྲི་གསར་པར་ཞུ་དགོས་རེད་དམ།
བོད་པ་འདི་ཡར་རྒྱས་འགྲོ་ངེས་རེད།
མཆན་བུ་མང་པོ་ཞིག་གི་ཁ་རུབ་ཐོག་བསྟན་འཛིན་འགྲུས་ལ་ཁ་དང་སྣ་ཟེར་སོང་། ཁོང་བོད་ནས་འབྱོར་བ་མིན་ཞིང་རྒྱ་གར་གྱི་གཞིས་ཆགས་ཞིག་ཏུ་སྐྱེས་པའི་བོད་པ་ཡིན་པའི་སྐྱོན་གྱིས་མིན་ན་བསམ་བློ་གཏོང་གཞི་ཞིག་ཡོད་སྲིད།་
བསྟན་བརྩོན་གྱི་རྩོམ་ཡིག་དང་ཁོ་རང་གཉིས་ཀྱི་བར་ཐག་རིང་དྲགས་འདུག་ཅེས་ངས་གོང་དུ་བཤད་ཟིན་མོད། ད་དུང་འགའ་རེས་གོ་གི་མེད་པ་འདྲ། འདི་འདྲ་བ་ལ་རྩོམ་པ་པོ་མི་ཟེར་ཞིང་སྟབས་ཉེས་ན་ཡོད་ཚད་ཕུང་ལ་སྦྱོར་བའི་ཉེན་ཁའང་ཡོད་པ་རེད། དེ་ནི་ཁོའི་སྐད་ཆའི་སྒྱུ་རྩལ་སྐམ་པོ་དེའི་ནུས་པ་རེད། ༼སྐབས་འཚོལ་བ༽་ཟེར་བའི་ཚིག་འདིའི་གཡས་གཡོན་གང་སར་ཉེན་ཁ་ཅན་གྱི་སྣང་བརྙན་འབའ་ཞིག་གིས་གང་བསྡད་ཡོད་ལ། སྐབས་འཚོལ་བའི་འཁྲབ་རྩལ་གྱིས་སྐྱེ་བོ་མང་པོ་ཞིག་མུན་ནག་དང་འཇིགས་རུང་གི་འགག་འཕྲང་དུ་བསྐྱལ་བཞིན་ཡོད།
དེ་ག་རང་རེད། འདིའི་ནང་གི་འཆན་འདེབས་པོ་མང་པོ་ཞིག་གིས་ཁ་རུབ་ཀྱིས་བསྟན་འཛིན་བརྩོན་འགྲུས་ཟེར་བའི་གཞོན་སྐྱེས་ཤེས་ཡོན་ཅན་དང་། བོད་མི་རིགས་ཀྱི་དཔའ་བོ་ཁོང་ལྟ་བུ་ཞིག་ལ་མ་ཉེས་ཁ་གཡོག་ཀྱིས་རང་གི་རྣམ་རྟོག་ལ་ཁ་གཡར་གྱིས་སྐྱོན་འདོགས་སྣ་ཚོགས་བྱེད་སོང་། སྐྱོན་བརྗོད་འདི་དག་ནི་འདྲེ་འགོ་ལྡོག་ཟེར་བས་ཕྱོགས་རིས་ཀྱི་རྩོམ་སྤེལ་བ་དེ་ཡིས་སློང་སོང་སྙམ། བདེན་པ་རེད། མི་ཟེར་མཁན་དེ་ཅི་འདྲ་ཡག་ཀྱང་སྐྱོན་ཡོད་ཡོད་པ་རེད། རྒྱལ་སྲས་མེ་ཏོག་ཇི་འདྲ་མཛེས་ཀྱང་ཚེར་མ་མེད་པ་མི་སྲིད་ཟེར་བ་ལྟར་རེད། ཁོང་ལ་སྐྱོན་ཅི་ཡོད་སྲིད་ཀྱང་བོད་རྩ་དོན་ཁ་ཞེ་གཉིས་མེད་ཀྱི་ཕྱག་ལས་གནང་བ་དེ་ནི་ང་ཚོས་མིག་དཔེ་ལྟ་འོས་པ་ཞིག་ཡིན། ཁོང་གི་སྣེ་ཁྲིད་པའི་གཞོན་སྐྱེས་ཚོགས་པ་ཞིག་གི་སྤྱི་འཐུས་སྔོན་འགྲོ་འོས་གཞི་ནང་དུ་ང་ཚོའི་ཕྱོགས་གཏོགས་མིན་འདུག་ཟེར་ནས་སྐྱོན་བརྗོད་པ་ནི་ལུགས་དང་རྒྱུ་མཚན་དང་མི་ལྡན་པ་ཞིག་རེད་འདུག དེས་ན་མགོ་བདེ་དྲན་འཁྲུལ་རེད་འདུག་ཟེར་བ་སོགས་ཀྱི་སྐྱོན་ནི་འགའ་ཞིག་ལ་ཆབ་སྲིད་ལས་འགུལ་བ་ཀུན་ལ་ཕལ་ཆེར་ཡོད་པའི་ཁྱད་ཆོས་ལྟ་བུ་ཞིག་ཡིན། ང་ཚོའི་སྤྱི་ཚོགས་ནང་དུ་གཞོན་སྐྱེས་ཤེས་ཡོན་ཅན་དང་ལྷག་བསམ་ཅན་དེ་འདྲ་ཡང་སེ་འབྱུང་དགོས་པ་ཡིན།
མེ་ཏོག་དཀར་པོ་ལགས་་་་སྐད་ཆ་དེ་གང་ལ་འགྲོ་དགོས་རེད་ཁོང་བོད་ནས་སླེབས་མིན་དང་གཞིས་ཆགས་ནས་སྐྱེས་མིན་བཤད་མཁན་ཞིག་འདུག་པེ་གོང་གིས་དྲ་གྲོགས་རྣམས་ནས་ཁོང་གི་ལས་ཀ་ཅེས་སྟངས་དང་མི་གཞི་ལྷག་པར་ཁོང་གི་གྲོགས་པོ་རྣམས་ནས་ལྟ་ཚུལ་ཇི་ཞིག་འཛིན་བཞིན་པའི་བསྐོར་ཡིན་པ་ལས་ཁོང་སྐྱེ་ས་སྐྱེ་ཡུལ་བཤད་མཁན་ཞིག་ཡོད་དམ་་་་་དོན་དམ་པའི་ཁྱེད་ཀྱི་སྐད་ཆ་འདི་ང་ཚོའི་འདས་མ་ད་གསུམ་གྱི་དོར་བྱ་ཞིག་ཡིན་པའི་སྐད་ཆ་དེ་དུས་ནམ་ཡང་མི་བཤད་པར་ཞུ་་་་་་
བསྟན་འཛིན་བརྩོན་འགྲུས་ཀྱིས་བོད་དོན་ཁྱོད་ཚོ་ལས་ལྷག་སྒྲུབ་ཡོད་པ་ངས་མ་བཤད་རུང་ཁྱོད་ཚོས་ལོས་ཤེས། ཁྱོད་ཚོར་ཁོག་མེད་པ་དེ་ཐ་ན་གཞན་གྱི་རྩོམ་ལ་མཆན་ཞིག་བྲིས་ནའང་སོ་་སོའི་མིང་གསལ་བོ་ཞིག་བཀོད་མི་ཐུབ་མོད།
གཞན་ལ་སྐྱོན་བརྗོད་བྱེད་རྒྱུ་དེ་ཧ་ཅང་དཀའ་མོ་རེད་དམ། གཞན་ལ་སྐྱོན་བརྗོད་བྱེད་རྒྱུ་དགའ་མཁན་དེ་ཚོས་བོད་དོན་ལྟ་ཅི་ཐ་ན་སོ་སོ་ཁ་ཡང་མི་སོས་་མཁན་ཅང་ཅང་རེད།
མཆན་བུ་དང་པོས་བསྟོད་ན་བསྟོད་པ་རུ་འགྲོ་ཞིང་། །
མཆན་བུ་དང་པོས་སྨད་ན་སྨད་པ་རུ་འགྲོ་ལ། །
བསྟོད་ན་བསྟོད་ཚོད་མེད་པ་ཉི་ཟླ་དང་གྲལ་གཅིག །
སྨད་ན་སྨད་ཚོད་མེད་པ་ས་དོང་གི་འབུ་ནག །
མཆན་བུ་དང་པོས་དབང་བསྒྱུར་ཁ་བརྡ་ཡི་མཆན་བུ། །
བསྟོད་ནས་གནམ་ལ་བཞག་ཀྱང་།།སྨད་ནས་དོང་ལ་གཡུགས་ཀྱང་།།་མགོ་སྐྲེས་དམར་པོ་ཅན་འདི།།བོད་མི་ངོ་མ་ཞིག་ཡིན།།བོད་དོན་ལག་ཆར་བཟུང་ནས།།དངུལ་ལོ་བསོགས་སྒྲུབ་བྱེད་པ།།ངོ་མ་བདེན་པ་ཡིན་ན།།ཁོང་ལ་ཡིད་ཆེས་དཀའ་ཀི།།
བསྟན་འཛིན་བརྩོན་འགྲུས་ཟེར་པའི་མི་འདི་་ཁེ་བཟང་གང་ཐོབ་ཀྱི་སྐབས་འཚོལ་རིང་ལུགས་པ་ཞིག་ཡིན་པ་དངོས་གནས་རེད། ད་སྐབས་རྒྱ་གར་བདེ་སྲུང་་ལས་ཁུང་ལ་སྐྱབས་བཅོལ་ལག་འཁྱེར་(R C)འབྱོར་ཐོ་འགོད་པར་་སོང་ན།
མི་མིང་ལ་དཀའ་ངལ་ག་ཚོད་ཡོད་པ་ཚང་མས་མཁྱེན་གྱིན་ཡོད་པ་རེད། རྒྱ་གར་ལས་བྱེད་པས་བཤད་པ་མི་བདེན་མ་རེད། བོད་པ་ཁྱེད་ཚོ་ལ་གནས་ཚང་གཡར་ན་གནས་ཚང་ནང་སྐྱིད་པོ་མི་འདུག་ཟེར་ན་སོ་སོའི་ལུང་པར་ལོག་ན་འགྲིག་རེད་སོགས་བཤད་ནས་བོད་མི་ཚོ་དཀའ་ངལ་འཕར་མ་འཕྲད་ཀྱི་ཡོད་པ་རེད།
དྲ་གྲོགས་ཚོ།
གཞན་ལ་ལྟ་བའི་མིག་ཡོད་ཀྱང་།།
རང་ལ་བལྟ་ན་མེ་ལོང་དགོས།།
ཞེས་པའི་གཏམ་དཔེ་བཞིན་མདོར་བསྡུས་ནས་བཤད་ན་བསྟན་འཛིན་བརྩོན་འགྲུས་ལ་ཁ་རྡུང་གཏོང་མཁན་ཚོ་དབྱིན་ཡིག་མི་ཤེས་མཁན་གྱི་དྲ་འབུ་སྐོར་ཤིག་ཡིན་པ་གསལ་བོར་ཤེས་སོང་།གང་བཤད་ཀྱང་བསྟན་འཛིན་བརྩོན་འགྲུས་ཀྱི་རྩོམ་ཡིག་དག་དང་རྩོམ་པ་བོའི་མཚན་གནས་དག་ཁྲོན་པའི་སྦལ་བ་ཁྱེད་ཅག་གི་དོ་ཟླ་ཐུབ་པའི་གནས་ཤིག་ལས་རིང་དུ་འཕགས་སོ།།
འོན་ཀྱང་། འགྲོ་བ་མི་ལུས་ཁྲོན་པའི་སྦལ་པའི་ཀླད་པ་ཅན་དག་གིས་ནམ་ཡང་ཤེས་མི་སྲིད།རྒྱ་གར་དུས་བབ་དང་དབྱིན་གྱི་ཐོབ་ཐང་དྲ་རྒྱ་ཁག་ལ་ལྟ་ཀློག་རེ་བྱོས་དང་གཞི་ནས་རང་ཉིད་ཀྱི་ཆེ་ཆུང་མཐོང་ཡོང་ངོ་སྤུན་ཟླ་ཚོ།
ཐུབ་བསྟན་པ་་་་་སྐད་ཆ་བཤད་ཤེས་པ་ཅེས་མི་ལ་མཐོང་ཆུང་བྱེད་མི་ཉན་བསྟན་བརྩོན་ལ་ཡང་ཁྱེད་ནས་བཤད་པའི་ན་ཚ་ཤུགས་ཆེན་པོ་ཡོད་རབ་འདུག་མོད་་་་འདིའི་ནང་གི་མི་ཚང་མ་དབྱིན་ཇི་མི་ཤེས་མཁན་ཨེ་ཡིན་ན་དབྱིན་ཇི་མ་ཤེས་ན་བསྟན་བརྩོན་ཤེས་ཀི་ཡོད་རྒྱུ་རེད་ལགས་་་་དབྱིན་ཇི་མི་ཤེས་མཁན་རྣམས་ཤེས་ཡོན་པ་མ་ཡིན་པ་རེད་དམ་་ཡང་ན་མི་མ་ཡིན་པ་རེད་ཁྱོས་དབྱིན་ཇི་ཤེས་ཀི་ཡོད་པེ་་་་་ཨོ་རེད་གྲོགས་པོ་ལགས་བསམ་ཚུལ་ཙམ་ཡིན་ཐུགས་ལ་མ་གནོད་རོགས་ཞུ་
དཀྲུགས་ཤིང་སློང་མཁན་གྱི་དྲྭ་ཚིགས་༼ཁ་བརྡ༽
གོང་གསལ་མཆན་འབྲི་བ་དེ་དག་ལས་མེད་ཀྱི་ཚོ་ཁག་ཅིག་རེད། ཉིན་མཚན་འཁྱོལ་དཀའ་བས་སྤྱི་ཚོགས་ཀྱི་ལས་མཁན་བྱེ་བྲག་པ་འགར་དོན་མེད་གཏམ་འཆལ་བཟོས་ཀྱི་འདུག
ངས་བལྟས་ན་མཆན་འབྲི་བ་དེ་དག་མང་ཆེ་བ་གྲྭ་བ་ཆོས་མི་བྱེད་མཁན་དེ་ཚོ་ཡིན་གྱི་རེད་ལ་ཡང་རྡ་སར་གསར་དུ་འབྱོར་བའི་དབྱིན་ཡིག་འཁྱར་འཁྱོར་མགོ་སེར་ལ་བརྡ་འཕྲོད་ཙམ་ཤེས་མཁན་གྱི་ཚོ་ཁག་དེ་ཚོ་ཡིན་པ་ཐག་ཆོད།
རྒྱ་གར་ནང་སློབ་གྲྭ་གྲིམས་ཤིང་མཐོ་སློབ་ཏུ་སོང་བའི་བོད་རིགས་ཞིག་ཡིན་ན་ཕལ་ཆེར་སྐྱུག་བྲོ་བའི་དྲ་ཚིགས་འདིར་ཁ་ཡ་བྱེད་ཀྱི་མ་རེད་ལ་༼ཁ་བརྡ༽ཟེར་བ་ཡོད་མེད་ཧ་གོ་གི་མ་རེད།
འཛམ་གླིང་རྒྱ་ཆེ་ལ་དྲྭ་ཚིགས་ཀྱང་ཧ་ཅང་མང་བས་གལ་སྲིད་ཁྱེད་ཅག་ཤེས་ལྡན་པ་ཞིག་ཡིན་ན་ད་ནས་བཟུང་འདིར་ལག་པ་མ་འཆང་ན་ཡག་པོ་ཡོད་རེད།
མཆན་བུ་བ་ ༣༢ ལགས། ཁྱེད་རང་བདེན་པ་རེད། འདི་ནང་ལྟ་སྤྱོད་ལེགས་ཤོས་དེ་ཁྱེད་རང་རེད། གཞན་པ་ཚང་མ་སྡུག་ཅག་རེད། ལྐུགས་པ་རེད། སློབ་སྦྱོང་མེད་མཁན་རེད། དེས་ན་ཤེས་ཡོན་ཅན་ཁྱེད་རང་གིས་གསུངས་པ་བཞིན་དཀྲུག་ཤིང་གི་དྲ་ཚིགས་ཁ་བརྡ་འདིར་མ་ཕེབས་ན་དངོས་གནས་ལེགས། bye bye have a great day.
ཨོ་རེད་ཡ་སློབ་ཕྲུག་ལགས་དེ་འདྲ་མ་གསུངས་རོགས་ཁྱེད་རང་སློབ་ཕྲུག་ཞིག་ཡིན་ན་ལྷག་པར་དེ་འདྲ་མ་གསུངས་རོགས་་་་་ཁྱེད་ནས་བཤད་པ་བཞིན་ང་ཡང་བོད་ནས་སླེབས་པའི་གསར་འབྱོར་ཞིག་ཡིན་ལགས་་་འོན་ཀྱང་ང་རྒྱ་གར་ནས་སློབ་གྲྭ་ཚང་མ་བཏོན་ཚར་བ་དང་ད་ལྟ་ཕྱི་ཡུལ་དུ་སློབ་སྦྱོང་ལ་འགྲོ་བཞིན་པ་ཞིག་ཡིན་་་་གཞན་པ་དེ་ཚོ་གྲྭ་བ་ཅི་ཡང་མི་ཤེས་མཁན་ཞིག་དང་རྡ་སར་འཁྱམས་བསྡད་མཁན་དེ་རེད་ལབ་ནས་མཐོང་ཆུང་མ་བྱེད་རོགས་ཞུ་ལགས་ལྷག་པར་ཤེས་ཡོན་དང་ལྷག་བསམ་ལྡན་པའི་མི་བུ་དག་གིས་དཀའ་ལས་རྒྱབ་པའི་ཁ་བརྡ་དྲ་བ་འདི་ལ་དེ་འདྲ་མ་གསུངས་རོགས་ཞུ་ཞུ་
མཆན་འདེབས་པ་མང་པོ་ཞིག་གིས་དང་པོ་ནས་རུབ་རྒྱབ་ཀྱིས་བསྟན་བརྩོན་ལ་གཞི་མེད་ཀྱིསཁ་བརྡུང་བཏང་པ་དེས་བགྲོ་གླེང་འབག་བཙོག་ཏུ་བཟོས་སོང་། བསྟན་འཛིན་བརྩོན་འགྲུས་ལ་ཁ་བརྡུང་ཕོག་པ་དེ་ཡང་ཁོང་གི་སྐྱེ་ས་སྐྱེ་ཁུངས་ལ་བརྟེན་ནས་ཁྱད་པར་ཆེན་པོ་ཤོར་གིན་ཡོད་པ་ཕལ་ཆེར་བདེན་པ་རེད། འདི་ནི་ང་ཚོའི་སྤྱི་ཚོགས་ཀྱི་ནད་རྙིང་དྲག་རྒྱུ་གཏན་ནས་མེད་པ་ཞིག་ཡིན། ཐ་ན་༸གོང་ས་མཆོག་གིས་ཀྱང་བཅོས་མི་ཐུབ་པའི་ནད་རིགས་ཤིག་ཡིན།
གལ་སྲིད་དོན་ངོ་མར་བགྲོ་གླེང་བྱེད་དགོས་ན་གང་ཟག་ལ་མི་རྟོན་ཆོས་ལ་རྟོན། ཆོས་ལ་མི་རྟོན་དོན་ལ་རྟོན། དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན། ཞེས་པའི་ལུགས་ལྟར་བགྲོ་གླེང་བྱེད་དགོས་པ་ལས་གང་ཟག་གང་ནས་ཡིན་མིན་དང་། གང་ཟག་འདི་སྐབས་འཚོལ་བ་ཡིན་མིན། གང་ཟག་འདི་མགོ་བདེ་དྲན་འཁྲུལ་ཡིན་མིན་སོགས་ཀྱི་སྐྱོན་འདོགས་བྱེད་པ་ནི་ལུགས་དང་མི་མཐུན་པ་ཞིག་ཡིན། དེས་ན་ངོ་མ་བགྲོ་གླེང་བྱེད་དགོས་ན། ཁོང་གི་རྩོམ་གྱི་ནང་དོན་འགྲིག་དང་མ་འགྲིག མ་འགྲིག་ན་གཞན་གང་འཐད་མིན། འགྲིག་ན་འགྲིག་པའི་རྒྱུ་མཚན། དེ་དང་འབྲེལ་བའི་རང་ཉིད་ཀྱི་བསམ་འཆར་སོགས་ལ་བགྲོ་གླེང་བྱེད་དགོས་པ་ཡིན། བྱེད་སྟངས་འདི་ནི་ལུགས་དང་མཐུན་པ་ཞིག་རེད་སྙམ།