ཡོང་ཁུངས། བོད་ཀྱི་བང་ཆེན།
ཟླ་འདིའི་ཚེས་༡༩ ཉིན་གྱི་སྔ་དྲོར་དྷ་སར་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བདུན་མཉམ་འབྲེལ་གྱིས། ༧གོང་ས་མཆོག་ལ་མཚན་སྨོད་ཞུ་མཁན་ཚོ་ཐེར་འདོན་དང་། གནས་ཡུལ་སོ་སོའི་ས་གནས་ལ་ཁྲིམས་གཏུག་དགོས་པའི་གསར་འགོད་ལྷན་ཚོགས་ཤིག་བསྐོངས་སོང་།
གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། “རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་ལུགས་གཉིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པ་ནས་བཟུང་བོད་འབངས་བདེ་ཐབས་སུ་སྔ་ཕྱི་བར་གསུམ་དུ་བཀའ་དྲིན་ཇི་ལྟར་བསྐྱང་བར་རིག་འཚོ་མ་ཟིན་པ་དང་སྨོན་ལམ་ལོག་པའི་དམ་སྲིས་བརྒྱུད་བསྐུལ་བའི་མི་ངན་རིགས་ཕུད། ཤེས་པ་རྣལ་དུ་གནས་པའི་སྐྱེ་བོ་ཀུན་གྱི་བློ་ངེས་སེམས་གསལ་གྱིས་བཀའ་དྲིན་རྗེས་དྲན་ཞུས་དང་ཞུ་བཞིན་ཡོད་པ་ཀུན་གྱིས་ཤེས་གསལ་ཡིན”ཞེས་དང་།
“བར་ལམ་ནས་བོད་མིའི་སྤྱི་ཚོགས་ནང་ངོ་ཚ་ཁྲེལ་གཞུང་མེད་པའི་ཀླད་མེད་རེ་ཟུང་དངུལ་དངོས་ཁོ་ནར་ཞེན་ཏེ་རྒྱ་དམར་གྱི་མགྲིན་ཚབ་བྱེད་བཞིན་དྲ་ལམ་ཁག་ཏུ་འཇིག་རྟེན་ཞི་བདེའི་དེད་དཔོན་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྲིན་བྱས་དྲིན་དུ་མ་གོ་བར་གཞི་མེད་བསྙོན་འཛུགས་གྱི་གཟུགས་མེད་གྲིབ་བཟོའི་སྐུར་འདེབས་ཁ་ནས་གང་ཐོན་བྱས་དང་བྱེད་མུས་ཐད། ང་ཚོ་མིང་འཁོད་ཚོགས་པ་བདུན་གྱིས་ཐེར་འདོན་མཐའ་གཅིག་ཏུ་བྱེད་རྒྱུའི་གྲོས་དོན་ལྟར། སྤྱིའི་འགན་དབང་ཡོད་པའི་བཀའ་སྤྱི་གཉིས་དང་ཆོས་སྡེ། ཚོགས་སྐྱིད་ཁག རྒྱ་ཆེའི་སེར་སྐྱ་མང་ཚོགས་ཡོངས་ནས་དེ་ལུགས་རང་དོན་རང་གཅེས་ཀྱིས་ཕྱར་གྲུ་མཉམ་འདེགས་དང་། བོད་མིའི་ས་ཁུལ་ཁག་ཏུ་མི་ངན་གཏེ་བོ་དེ་དག་གི་ལོ་རྒྱུས་འདྲ་པར་སོགས་ཉེས་སྤྱོད་ཐེར་འདོན་གྱི་འགན་འཁུར་སོགས་ཚོར་བ་རྣོན་པའི་སྒོ་ནས་ཉེ་སྤྱོད་དེ་དག་ལ་གདོང་ལེན་གྱི་ལས་འགུལ་སྤྱི་དང་། ལྷག་པར་གནས་ཡུལ་སོ་སོའི་གཞུང་དང་ཁྲིམས་ཁང་ལ་ཞུ་གཏུགས་གནང་རྒྱུའི་མཚོན་གང་ལ་ཕན་ནུས་ལྡན་པའི་ལས་འགུལ་སྤེལ་ཐབས་ལ་དགོངས་བཞེས་དང་། བོད་མིའི་བདེ་རྩ་དང་ཆིག་བསྒྲིལ་གོང་འཕེལ་ཡོང་སླད་མཉམ་རུབ་འགན་འཁུར་གྱིས་ཆ་ཤས་ལེན་པའི་སྒོ་ནས་དོན་གནད་དེར་རྩ་འཛིན་ཅི་ནས་ཀྱང་གནང་གལ་ཆེ་བའི་འབོད་བསྐུལ་གསལ་བསྒྲགས་སུ་”ཞེས་འཁོད་ཡོད་པ་རེད།
གསར་འགོད་པས་ཁྱེད་རང་ཚོས་དྲ་ལམ་དུ་༧གོང་ས་མཆོག་ལ་མཚན་སྨོད་ཞུ་མཁན་ལ་ངོ་རྒོལ་གྱི་ལས་འགུལ་ག་རེ་སྤེལ་རྒྱུ་ཡིན་དང་། གཙོ་བོ་ངོ་རྟགས་ཆོད་པའི་མི་སུ་ཡོད་ཅེས་དྲིས་པར། དབུས་གཙང་ཆོལ་ཁའི་རྒྱུན་ལས་སྤྱི་འཐུས་ཟླ་བ་ཚེ་རིང་གིས་ལན་འདེབས་གནང་དོན། “༧རྒྱལ་བ་རིན་པོ་ཆེས་འཛམ་གླིང་གི་ཆེ་བསྟོད་ཞུ་དགོས་པའི་བཀའ་དྲིན་ཆེན་པོ་གནང་བསྡད་ཡོད་པའི་སྐབས། བོད་པའི་མི་དེ་འདྲས་བཀའ་དྲིན་བསམ་ཤེས་མེད་པ་དང་། བོད་པའི་བསོད་ནམས་ཟད་བཅུག་པའི་རྒྱ་མིས་མཚན་སྨོད་མ་ཞུས་པ་དེ་འདྲ་ཞུ་ཡི་ཡོད་པས། ཁོང་ཚོར་༧རྒྱལ་བ་རིན་པོ་ཆེ་དགོས་ཀྱི་མེད་ནའང་། ང་ཚོ་རྒྱལ་བ་རིན་པོ་ཆེའི་སྐྱབས་འོག་ནས་འབྲལ་འདོད་མེད་ཅེས་རྣམ་འགྱུར་སྟོན་རྒྱུ་དེ་རེད། མི་དེ་ཚོ་ངོ་རྟགས་ཆོད་པ་བྱས་ཏེ་བོད་ཕྱི་ནང་གཉིས་ནང་མི་འདི་ཚོ་རེད་ཅེས་ངོ་སྤྲོད་བྱེད་རྒྱུ་དང་། དགོས་གལ་བྱུང་ན་བོད་གཞུང་དང་རྒྱ་ཆེའི་མང་ཚོགས། གཞུང་འབྲེལ་མིན་པའི་ཚོགས་པ། ཆོས་སྡེ་ཁག་སོགས་ལ་༧རྒྱལ་བ་རིན་པོ་ཆེར་མཚན་སྨོད་ཞུས་པ་མ་གོ་མདོག་གིས་སྡོད་རྒྱུ་མི་འདུག ཚང་མས་འགན་ཁུར་རོགས་དང་དེ་ཚོ་གསལ་བཤད་བྱེད་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན་”ཞེས་ལན་འདེབས་གནང་སོང་།
གསར་འགོད་པས། ཚོགས་པ་འདི་ཚོས་དེ་སྔོན་ཡང་གོང་ས་མཆོག་ལ་མཚན་སྨོད་ཞུ་མཁན་ཚོའི་ཐོག་ཅིག་བྱེད་རྒྱུ་ཡིན་ཞེས་གསར་འགོད་གསལ་བསྒྲགས་གནང་བ་རེད་མོད། རྗེས་སུ་ལས་ཀ་གནང་བ་དེ་ཙམ་མཐོང་མ་སོང་། ད་ཐེངས་གསལ་བསྒྲགས་འདི་སྤྱི་ཚོགས་ནང་བཀྲམ་པ་ལས། དངོས་སུ་༧གོང་ས་མཆོག་གི་མཛད་འཕྲིན་ལ་ཕན་པའི་ལས་ཀ་ཞིག་གནང་གི་རེད་དམ་ཞེས་དྲིས་པར། སྤྱི་འཐུས་ཟླ་བ་ཚེ་རིང་གིས། “ང་ཚོའི་དམིགས་ཡུལ་དེ་ལངས་ཕྱོགས་གསལ་པོ་ཞིག་སྟོན་དགོས་ཀྱི་རེད། ང་ཚོས་གསལ་བསྒྲགས་དེ་བཀྲམ་པ་ཙམ་གྱིས་ང་ཚོ་ཁོང་ཚོའི་གྲལ་དུ་མེད། ང་ཚོ་སྐྱབས་འོག་ནས་འབྲལ་འདོད་མེད། བཀའ་དྲིན་རྗེས་དྲན་ཤེས་ཀྱི་ཡོད། བཀའ་དྲིན་རྗེས་དྲན་ཤེས་རོགས། ང་ཚོ་ཁོང་ཚོ་དང་ལོགས་སུ་ཡིན་པའི་རྣམ་འགྱུར་སྟོན་རྒྱུ་དེ་དང་པོ་རེད། དེ་ནས་གསལ་བསྒྲགས་བཀྲམ་པ་ལས་དངོས་སུ་ལས་ཀ་བྱས་པ་མཐོང་མ་སོང་ཟེར་བ་ཕལ་ཆེར་བདེན་པ་རེད་དེ། ལས་ཀ་འགའ་ཤས་གསལ་བསྒྲགས་བཀྲམ་རྗེས། ཞུ་དགོས་ས་ལ་ཞུས་ནས་ལག་ལེན་ཁེལ་བ་བྱུང་ཡོད། ཚང་མ་ཕྱི་གསལ་ནང་གསལ་བྱེད་པ་རྒྱུ་མཚན་མི་འདུག་མོད། འབྲེལ་ཡོད་ལ་བཀའ་འདྲི་ཞུས་ཆོག་རེད་”ཅེས་གང་ཐུབ་བྱས་ཡོད་སྐོར་དང་། གཅིག་གཉིས་ཀྱང་མ་ལྷག་པར་ཚགས་ཚུད་པོ་དེ་འདྲ་གནང་ཐུབ་ཁག་པོ་ཡིན་ནའང་། མ་འོངས་པར་ཡང་ལས་འགུལ་ཡོང་རྒྱུ་ཡིན་སྐོར་གསུངས་སོང་།
ཚོགས་པ་བདུན་གྱིས་མཚན་སྨོད་ཞུ་མཁན་མི་ཁག་ཅིག་མིང་འདོན་བྱས་པ་ཚོང་ཁང་སྐྱིད་སྡུག་གི་ཚོགས་གཙོས་ངོ་སྤྲོད་གནང་བ། ནིའུ་ཡོག་ནས་རྡོ་རྗེ་བཀྲ་ཤིས་དང་། དབང་ཆེན་ཉི་མ། མཱེ་ནེ་སོ་ཊ་ནས་བདེ་ཆེན་དབང་མོ། ཐའེ་ཝན་ནས་པདྨ་རྒྱལ་མཚན། ལྡི་ལི་ནས་ངག་དབང་དོན་ལྡན། ཨོ་སི་ཁྲི་ལི་ཡ་ནས་ཐུབ་བསྟན་བཅས་ངོ་རྟགས་ཆོད་ཡོད་སྐོར་དང་། དེ་ཚོ་སྒེར་པ་ལས་ཚོགས་པ་དེ་འདྲར་འབྲེལ་བ་ཡོད་པ་ངོས་འཛིན་བྱེད་ཀྱི་མེད་སྐོར་འགྲེལ་བརྗོད་གནང་སོང་། དེ་བཞིན་ཚོགས་པ་ཁག་གིས་ཕྱི་རྒྱལ་ཁག་ཏུ་སྡོད་མཁན་ཚོའི་མིང་རྒྱ་གར་གྱི་ཁྲིམས་ཐོག་ལ་གཏུགས་ན། ཕྱི་རྒྱལ་ནས་རྒྱ་གར་དུ་ཡོང་མི་ཐུབ་པ་བཟོ་ཐབས་ཡོད་སྐོར་དང་། ས་གནས་སོ་སོ་ནས་བོད་གཞུང་གིས་འགན་ཁུར་ནས་ཚོགས་པ་ཁག་གིས་མཚན་སྨོད་ཞུ་མཁན་ཚོ་ཁྲིམས་ལ་གཏུག་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད་སྐོར་ཡང་གསུངས་སོང་།
གསར་འགོད་པས་རྒྱ་ནག་གིས་བོད་ས་ཕྲོགས་ནས་༧གོང་ས་མཆོག་ལ་མཚན་སྨོད་མང་པོ་ཞུ་ཡི་ཡོད་རེད། དེ་ཚོ་ལས་བོད་མི་ཁག་ཅིག་དེ་ཚབ་ཆེ་བར་བརྩི་ཡོད་རེད་དང་། ཁོ་ཚོ་རྒྱ་མིར་འབྲེལ་བ་ཡོད་པ་རེད་ཟེར་གྱི་ཡོད་རེད་དམ་ཅེས་དྲིས་པར།
སྤྱི་འཐུས་ཟླ་བ་ཚེ་རིང་གིས། “ཁོང་ཚོ་ཚབ་ཆེ་བ་རེད་དང་རྒྱ་མིས་མཚན་སྨོད་ཞུས་པ་དེ་ཚབ་ཆུང་བ་རེད་ཟེར་གྱི་མེད། ཁོང་ཚོ་ལས་འཛམ་གླིང་ནང་ཡོད་པ་མ་རེད་ཟེར་གྱི་མེད། བོད་པ་ཞིག ལྷག་པར་༧རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་འོག་འཚར་ལོངས་བྱུང་བའི་མི་ཞིག་གིས་བཀའ་དྲིན་བསམ་ཤེས་མེད་པར། དངོས་སུ་མཚན་སྨོད་ཞུས་པ་དེར་བློ་ཕམ་ཡོད་”ཅེས་དང་། “༧སྐྱབས་མགོན་རིན་པོ་ཆེའི་བཀའ་དྲིན་མ་བསམ་ནས། མཚན་སྨོད་བྱས་ཡོང་ནས། རྒྱ་མི་ལ་དགོས་པ་དེ་བྱས་ཡོང་དུས་རྒྱ་མི་དང་འབྲེལ་བ་ཡོད་པ་དངོས་སུ་ཁོངས་སྐྱེལ་རྒྱུ་མེད་ནའང་། ཚོད་དཔག་གི་ཐོག་ནས་ང་ཚོས་དེར་ངོས་འཛིན་བྱེད་ཀྱི་ཡོད་”ཅེས་གསུངས་སོང་།
གསལ་བསྒྲགས་དེ་སྤེལ་མཁན་དབུ་མའི་ལམ་ལས་འགུལ་ཚོགས་པ་དང། དབུས་གཙང་ཆོལ་ཁ། མངའ་རིས་སྤྱི་མཐུན་ཚོགས་པ། མདོ་སྨད་ཆོལ་ཁ། དྷ་ས་མདོ་སྟོད་ཆུ་བཞི་སྒང་དྲུག ཚོང་ཁང་ཚོགས་པ། ཆིག་སྒྲིལ་ཚོགས་པ་བཅས་ཡིན་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།
་་་་་་་་་་ བོད་པ་ཞིག ལྷག་པར་༧རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་འོག་འཚར་ལོངས་བྱུང་བའི་མི་ཞིག་གིས་བཀའ་དྲིན་བསམ་ཤེས་མེད་པར། དངོས་སུ་མཚན་སྨོད་ཞུས་པ་དེར་བློ་ཕམ་ཡོད་་་་་་་་་
སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ། །
ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན། །
ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ། །
གསོལ་བ་འདེབས་སོ་བཞེད་དོན་ལྷུན་གྲུབ་ཤོག །
དཔལ་ལྡན་བླ་མའི་རྣམ་པར་ཐར་བ་ལ། །
སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །
ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །
བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །
སྨོན་ལམ་ལོག་པས་རྒྱལ་བའི་བསྟན་པ་ལ། །
འཁྲུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེ། །
བསམ་སྦྱོར་ངན་པའི་འཇུག་པ་མ་ལུས་པ། །
མཆོག་གསུམ་བདེན་པས་རྩད་ནས་གཅོད་གྱུར་ཅིག །
ངས་དབྱིན་ཇིའི་ལུང་པར་བཞུགས་པའི་བོད་པ་དང་ཕྱི་རྒྱལ་བ་ཚོར་ཕྱག་བཙལ་ནས་བཀའ་དྲིན་ཆེ་ཞུ། ཁོང་ཚོས་གསལ་བསྒྲགས་ཅི་ཡང་མེད་པར་ཁུ་སིམ་མེར་དབྱིན་ཇིའི་སྐལ་བཟང་རྒྱ་མཚོའི་ཆོས་ཚོགས་མདུན་ལ་གྲང་ངར་ཆེ་བའི་གནམ་གཤིས་ནང་ལ་བཞུགས་ནས། ཟླ་བ་གསུམ་རྗེས་ལ། བཀའ་གདམས་གསར་མ་ཟེར་བའི་ཆོས་ཚོགས་དེས་ལམ་གསེང་གོང་ས་མཆོག་ལ་ངོ་རྒོལ་མཚམས་འཇོག་བྱས་སོང་། དེ་ཚོ་ཁ་ཡོད་ལག་ཡོད་ཟེར།
གལ་ཏེ་ཚོགས་པ་བདུན་གྱིས་ཁ་ཡོད་ལག་ཡོད་ལ་གོང་ས་མཆོག་ལ་མཚན་སྨོད་ཞུ་མཁན་དེ་ཚོའི་ལས་མཚམས་འཇོག་དགོས་ནས། ང་བླ་མ་རྫུན་མ་དེའི་ཁྱིམ་གྱི་མདུན་ལ་ཞི་བའི་ངོ་རྒོལ་ལོ་གཅིག་ཐག་བཅད་ནས་བགྱིད་དང་ཁོང་གིས་ཀྱང་ལན་ཞིག་སྤྲོད་འོང་། དེ་བཞིན་རྒྱ་གར་ལ་ཡོད་པའི་གོང་ས་མཆོག་ལ་མཚན་སྨོད་ཞུ་མཁན་གྱི་མི་སྒེར་དེ་ཚོའི་ཁྱིམ་ཚང་ཕྱི་ལ་ཕྱིན་ནས། ཞི་བའི་ངོ་རྒོལ་གནང་དང་འབྲས་བུ་ཐོན་འོང་།
ད་སྐད་ཤོར་འདུག་ཧཧཧཧཧཧ། ཚོགས་པ་བདུན་གྱི་ནང་དུ་སྤྱི་རྒྱུ་སྒེར་བདག་བྱེད་མཁན་དང་མི་གསོད་ཁྲག་སྦྱོར་བྱེད་མཁན་གྱི་མགོ་ཁྲིད་འདུག་བ། ད་ཡིན་ན་ཡོད་ལེ་རེད།
དམ་ཉམས་པ་དང་མཉམ་དུ་མཉམ་དུ་འགྲོགས་འདྲིས་བྱས་ན། རང་ཉིད་དམ་ཚིག་ཉམས་པའི་རྒྱུ་རུ་འགྲོ་མི་སྲིད་མིན་པས་་་་་་
ད་དངོས་གནས་ཡག་པོ་རེད། དེ་འདྲ་རང་གནང་རྒྱུ་ཡིན་ན། ཁྱེད་རྣམ་པས་དམ་པ་ལྷ་ཆོས་ཀྱི་དབང་དུ་བྱས་ནའང་དད་པ་དག་སྣང་གི་ཉམས་ལེན་ཐེག་པ་ཆེན་པོའི་ལམ་ཡང་དག་པ་དང་མཐུན་པ་ཞིག་བྱེད་ཤེས་པའི་རྟགས་སྟོན་འདུག འཇིག་རྟེན་མི་ཆོས་ཀྱི་དབང་དུ་བྱས་ནའང་ཡ་རབ་བཟང་སྤྱོད་ཀྱི་སྒོ་ནས་ཕྱི་འཛམ་བུ་གླིང་པའི་མི་ཚོར་མིག་དཔེ་ཤིན་ཏུ་བཟང་པོ་སྟོན་ཐུབ་རྒྱུ་ངེས་འདུག ཆབ་སྲིད་དང་ཡར་ཐོན་མང་གཙོའི་ལམ་ལུགས་ཀྱིས་དབང་དུ་བྱས་ནའང་རྟོག་སད་ཀྱི་ཆུ་ཚད་ཤིན་ཏུ་མཐོན་པོར་སླེབས་ཡོད་པའི་རྟགས་སྟོན་འདུག་པས་བོད་མིའི་ཆིག་སྒྲིལ་དང་ཞི་བདེ་ལ་ཕན་ལོས་སྲིད། ཕྱོ་ལོ་གསར་པར་༧རྒྱལ་བ་དགྱེས་པའི་མཆོད་སྤྲིན་བླ་མེད་ཞིག་འབུལ་རྒྱུ་དང་། བོད་ཕྱི་ནང་གཉིས་ཀར་བཞུགས་པའི་ཤ་རུས་གཅིག་པའི་བོད་མི་ཚོའི་དམ་ཚིག་བསྲ་བརྟན་གྱི་ངོ་བོ་ངོ་མ་དེ་མཚོན་པའི་དེང་རབས་བོད་མིའི་ལོ་རྒྱུས་ཀྱི་ལེའུ་གསར་པ་གསར་རྐྱང་ཅིག་བསྐྲུན་ཐུབ་རྒྱུའི་བཟོ་ལྟ་ཡིན་མདོག་ཁ་པོ་འདུག་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ལས་མ་འདས། ཧ་ཧ། ཧི་ཧི།། །།
མྱི་ཁྱི་འདྲ་མ་མང་གི། རང་གི་ལྟོ་ཁུང་གང་ཡིན་པ་མི་ཤེས་མཁན། རང་གི་དྲིན་ཆེན་མི་ཤེས་མཁན། རང་རིགས་ཀྱི་རུས་རྒྱུད་མི་ཤེས་མཁན། འདི་ཅན་པོ་ཚང་མ་བོད་ཁུང་ནས་ཕྱི་ལ་ཕུད་དགོས་བ་རེད། གང་འདྲ་ཞིག་བྱས་ནས་ཟེར་ན། ཁོ་ཚོ་ལ་ཁ་ཡ་མི་བྱེད་པ་དང་། སྐྱིད་སྡུག་གི་འདུ་འཛོམས་ལ་ཞུགས་མི་འཇུག་པ་དང་། ཁོང་ཚོའི་ཕ་མ་དང་བུ་རབ་ཚ་རྒྱུད་ལ་ཁོང་ཚོ་མྱི་ཁྱི་འདྲ་མ་ཡོད་པའི་ཡོད་ལུགས་ཀྱི་བདེན་པ་བརྙན་གཟུགས་ཡིག་གསུམ་གྱི་རྒྱུད་ལམ་ནས་འབྱོར་ཐུབ་པ་བྱེད་རྒྱུ་སོགས། ཁ་མ་དྲོ་བའི་རིགས་དེ་ཚོ། ཁ་མི་དྲོ་ས་ཞིག་ནས་ཁོ་ཚོའི་ངོ་རྐུབ་ཁ་གསལ་གཏིང་གསལ་ལ་འཇོག་རྒྱུ་དེ་གལ་ཆེན་པོ་རེད།
ཚོགས་མི་ཚོ་དང་དད་ལྡན་རྣམ་པ་ཚོ་རྒྱལ་གྱུར་ཅིག།
དཔེ་ཡག་པོ་རེད། བཀའ་དྲིན་ཆེ། ད་ཟླ་བ་ཚེ་རིང་གིས་གསལ་བཤད་འདྲ་མིན་བྱས་ནས་ཡོངས་གླིང་སློབ་གྲྭ་དག་ཐེར་བྱེད་རྒྱུའི་འཆར་གཞི་ཞིག་རེད། ཡིན་ནའང་དེའི་ནང་ཆིག་སྒྲིལ་ཚོགས་པ་ཟེར་བ་ཞིག་འདུག་པ་དེ་སྔར་རྒྱ་ལོ་དོན་གྲུབ་ཀྱིས་བཙུགས་པའི་ཆོལ་ཁ་དང་། ཆོས་ལུགས་དབྱེ་འབྱེད་བྱེད་པའི་ཚོགས་པ་དེ་མིན་ལས་ཆེ། གལ་ཏེ་དེ་རང་སྐྱར་ལངས་བྱ་འཆར་ཡིན་ན་དེ་ལ་ཕན་པའི་སྔོན་འགོག་གི་ལས་འཆར་ཞིག་ཡོང་བ་ཆོས་ཉིད་ཡིན་པས་དེ་དོན་ཡིད་འཇགས་གྱིས།
ལས་འགུལ་འདི་འདྲ་བ་སྔ་མ་དྲགས་པར་ཕྱིས་དྲགས་འདུག
སློབ་དཔོན་པདྨས། བོད་ལ་དྲིན་ཆེན་བྱས་རུང་དྲིན་མི་གོ། ཞེས་བདེན་ཐག་ཆོད་རེད།
ཆིག་སྒྲིལ་ཚོགས་པ་ཟེར་ན་བོད་ཀྱི་ལོ་རྒྱུས་གཉེན་འཕྲང་གི་སྐབས་སུ་རང་མི་འཇོན་ཐང་ཅན་མང་པོ་ལྐོག་གསོད་གཏོང་མཁན་གྱི་ལག་དམར་དེ་ཚོ་རེད། ཚོགས་པ་བཅུ་གསུམ་ཟེར་བ་ཞིག་གོ་མྱོང་ངམ། མ་མྱོང་ན་་་་་་་་
ཆིག་སྒྲིལ་ཚོགས་པ་ཟེར་པའི་སྐད་འཕྲིན་དང་། དེའི་ནང་གི་ཏྲེ་ཧོར་བདེ་ཆེན། ཉག་རོང་དོན་གྲུབ་བམ་དབང་ཆེན་ཉི་མ། འདིའི་རིགས་རྩ་མེད་མ་བཟོས་ན་བདེ་སྐྱིད་ཀྱི་ཉི་མ་ཤར་མི་སྲིད།
༅༅། ཚོགས་པ་བདུན་མཉམ་ཚོགས་ཀྱིས་གྲོས་མཐུན་ཐོག་༧གོང་ས་སྐྱབས་མགོན་མཆོག་མཚན་སྨད་
ུ་མཁན་རྒྱ་དམར་པོའི་རྒྱུགས་ཁྱི་བོད་མི་གསུམ་བཞི་སུ་ཡིན་མིང་དང་ལོ་རྒྱུས་སྤྱི་ཚོགས་ནང་གསལ་འདོན་
གནང་རྒྱུ་ཡིན་པ་ལེགས།
དྲིན་ཆེན་མ་དྲན་མ་བསམ་ན་་་དེ་ཡི་ངན་འབྲས་མགྱོགས་མྱུར་སྨིན།
ཁག་མེད་འཚོ་བ་དགྲ་ལ་བཅོལ་དགོས་པ།
ཆོས་ནི་མ་ཤེས་འདྲེ་ལ་སྐྱབས་བཅོལ་བ།
སྐྱེ་བ་ཕྱི་མ་རྒྱ་དམར་ལུས་སྐྱེས་ཤོག།
ནམ་ཡང་སྐྱིད་མདོག་རྗིག་མདོག་མ་བྱེད་ཨང།
སྙིང་ནི་སྙིང་ཡང་རྗེ་སོང། མཚན་སྨད་ཞུས་ནས་འཚོ་བ་སྐྱེལ།
སྐྱོན་འཛུགས་བྱས་ནས་འཚོ་བ་སྐྱེལ།
སྐྱབས་མགོན་བཀའ་དྲིན་བསམ་མི་ཁྱབ།
ས་གནས་སོ་སོ་ནས་བོད་གཞུང་གིས་འགན་ཁུར་ནས་ཚོགས་པ་ཁག་གིས་མཚན་སྨོད་ཞུ་མཁན་ཚོ་ཁྲིམས་ལ་གཏུག་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད་སྐོར་ཡང་གསུངས་སོང་།
སྐད་ཆ་མང་པོ་གང་ཡང་མེད། ཟླ་བ་ཚེ་རིང་གི་ཡོངས་གླིང་སློབ་གྲྭ་དེ་བོད་བཙན་བྱོལ་སྒྲིག་འཛུགས་ལ་རྩིས་འབུལ་ཞུ་དགོས་པ་གཅིག
ཆིག་སྒྲིལ་ཚོགས་པ་ཟེར་བའི་ཀླད་མེད་མི་འཁྱམ་ཚོགས་པ་བསྡུ་རུབ་ཀྱིས་ཆོས་ལུགས་དང་མི་རིགས་ཆིག་སྒྲིལ་ཟེར་བ་དེ་མེད་པ་དང་གཉིས་དེ་ང་ཚོ་ལ་བྱུང་ན་གཞི་བྱེས་བོད་རིགས་གནས་སྐབས་བདེ་འཇགས་ཡོང་ངེས།
ཆིག་སྒྲིལ་ཟེར་མབ་སྔོན་མ་རྒྱ་ལོ་དོན་འགྲུབ་ཀྱི་མགོ་ཁྲིད་ཞིག་ཡོད་འདུག ད་དེ་ཡིན་གྱི་རེད། ད་བོད་སྲིད་གཞུང་རྙིང་པ་རོ་ལོངས་རྒྱ་རྩིས་ཡིན་ས་རེད། དེ་རྒྱབ་གཏོང་ན་སྲིད་དབང་སྒེས་འཛིན་དང་བཀའ་བཀོད་རྒྱུད་འཛིན་བྲན་གཡོག་ལམ་ལུགས་སོ་རོ་ལོངས་རྒྱག་ཡོང་གི་རེད
ཟླ་བ་ཚེ་རིང་གི་ཡོངས་གླིང་སློབ་གྲ་དེ་དང་པོ་རྒྱལ་བ་རིན་པོ་ཆེ་ལ་རྩིས་འབུལ་ཞུས་རྗེས་༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ལ་ངོ་བརྒོལ་བྱས་ན་ཡག་པོ་འདུག དེ་མིན་ཟླ་བ་ཚེ་རིང་ཁོ་རང་༧གོང་མཆོག་ལ་མཚན་སྨད་ཞུ་མཁན་གཙོ་བོ་གཅིག་བྱེད་ནས་གཞན་ལ་དགག་པ་རྒྱག་གི་ཡིན་ཟེར་ན། ཡོངས་གླིང་སློབ་གྲ་དེ་༧གོང་ས་མཆོག་ལ་རྩ་བ་ནས་རྩིས་འབུལ་ཞུ་སེམས་མེད་རྟགས་རེད། དེའི་མ་ཚད་དེང་སང་ཟླ་བ་ཚེ་རིང་གི་དབུ་ཁྲིད་པའི་ཐོག དབུས་གཙང་ཡར་རྒྱས་ཚོག་པ་ཟེར་བའི་སྐད་འཕྲིན་དྲ་ཚོགས་ཞིག་བཙུགས་ཡོད་འདུག དེའི་ནང་དུ་༧གོང་ས་མཆོག་ལ་ཟུར་ཟ་དང་ལྷ་སྲས་རྒྱ་ལོ་དང་སྟག་རྩེ་རིན་པོ་ཆེ་གཉིས་ལ་མངོན་གསལ་དོད་པོས་ཐོག་མཚན་སྨོད་ཤུགས་ཆེན་ཞུ་ཡི་འདུག དེ་ང་རང་དངོས་སུ་མཐོང་ཐོས་བྱུང་སོང་། ད་མང་པོ་མི་བཤད།
གསར་འབྱོར་འཁྱམས་པོ་འགའ་ཤས་༧ གོང་ས་མཆོག་ལ་དྲིན་ལན་ལོག་འཇལ་བྱེད་ནི་ཡ། ད་མང་པོ་མི་བཤད་ཡ། ཡིན་ནའངཁོང་ཚོའི་གསར་འབྱོར་ཡག་པོ་ཚོས་མིང་རྫས་ཀྱི་འདུག
ཨ་རིའི་ནང་གི་ངོ་རྒོལ་བ་ཚོའི་གནས་ཚུལ་ལ་བལྟས་ཡོང་ན། ནུབ་ཕྱོགས་གངས་ཕྲུག་གི་བཤད་པ་བདེན། ༧གོང་ས་མཆོག་ལ་ངོ་རྒོལ་དང་ཁོང་གི་སྐུ་སྲོག་ལ་བདོ་མཁན་མང་ཆེ་བ་གསར་འབྱོར་བ་ཡིན་པ་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཀྱང་དེ་ལྟར་ཤོད། དེའི་ནང་ནས་མང་ཤོས་ཁམས་པ་རེད། ལི་ཐང་ཨ་དར། ལི་ཐང་རྒྱ་མཚོ། ལི་ཐང་སྤྲུལ་སྐུ་བདེ་ཆེན་རྒྱ་མཚོ། ཆབ་མདོ་བློ་བཟང་རྡོ་རྗེ། སྨར་ཁམས་པ་བསོད་ནམས་བླ་མ། འཁྱུང་པོ་སྟེང་ཆེན་གྱི་ཁམས་པ་འགའ་ཤས་དང་། ད་དུང་ཆ་འཕྲེང་གི་ཁམས་པ་འགའ་ཤས་བཅས་འདུག
ཚོགས་པ་དེ་རིགས་ཀྱིས་སྒྲིག་འཛུགས་རང་བཞིན་གྱི་སྒོ་ནས་ལོག་སྤྱོད་པ་དེ་རིགས་ལ་གདོང་ལེན་བྱ་རྒྱུ་དེ། ཕྱིས་མ་དྲག་ན། སྔ་དྲག་མ་སོང་། ཉེ་དུས་འཐབ་ཕྱོགས་གཅིག་འགྱུར་ཁང་གིས། བོད་པའི་ཁྱི་སྨྱོན་དེ་ཚོར། བོད་པར་སོ་རྒྱག་ཏུ་འཇུག་དགོས་ཟེར་བའི་སྐད་ཆ་ཞིག་ཀྱང་བཤད་ཡོད། ད་ཁྱི་སྨྱོན་དེ་རིགས་རྩ་མེད་མ་བཟོས་ན། ང་ཚོ་ཚང་མར་སོ་རྒྱག་པའི་ཉེན་ཁ་འདུག བྱས་ཙང་། ཚོགས་པ་བདུན་པོས་སྣེ་འཁྲིད་ནས། ཁྱི་སྨྱོན་དེ་རིགས་རྩ་མེད་བཟོ་དགོས་པའི་དུས་ལ་བབ་འདུག མ་མཐར། སྤྱི་ཚོགས་ཀྱི་ཐ་ལ་སྤུད་དགོས་པ་རེད། སྡིག་པ་ཁྱེར།
ཡ་ད་ཡིན་ན་འདུག སྤྱི་མཐུན་ཟླ་བ་ཚེ་རིང་ཟེར་བ་འདི་སུ་རེད། ད་ཧ་གོ་སོང་༧གོང་ས་མཆོག་གི་བཀའ་ལ་རྒྱལ་འགལ་བྱེད་མཁན། སྤྱི་རྒྱུ་སྒེར་བདག་པ་ཟླ་བ་ཚེ་རིང་ཟེར་རྒྱུ་དེ་རེད་འདུག་བ། ཡོངས་གླིང་སློབ་གྲོ་༧གོང་ས་མཆོག་ལ་ག་དུས་རྩིས་སྤྲོད་བྱེད་ཀྱི་ཡིན། ད་དེ་མིན་ན་རང་བོད་མི་ཆིག་སྒྲིལ་ཚོགས་ཁྲིམས་ལ་སྦྱར་ས་རེད་དོ།
རླུང་ཐོས་ལགས་ཀྱི་སྐད་དེ་མི་སྐད་མ་རེད། རང་རིགས་ལ་ཤ་ཚ་བའི་སྐད་ཀྱང་མ་རེད། གོང་ལ་བོད་པའི་འདོགས་ཁྱི་བོད་པར་རྨུག་པའི་གཏམ་ཞིག་བཤད་འདུག ཁྱི་དེ་ཚོ་ཁ་བརྡར་ཡང་བསླེབས་ཚར་ནས་དྲ་གྲོགས་ཚོ་རྨུག་པར་བྱེད། ཨ་ཚ་ཚ། ལྟས་ངན་དེས་ང་ལ་ཡང་སོ་རྒྱག་པར་འོང་། ཕར་རྒྱུག ལྟས་ངན། སྤྲང་ཁྱི་རང་རེད། དགྲ་དང་གཉེན་ངོ་མ་ཤེས་མཁན་གྱི་ཁྱི་སྨྱོན། སྤྲང་ཁྱི་དེ་ཕར་རྒྱུག དྲ་གྲོགས་ཚོ་གཟབ་དགོས།
མི་བདུན་པོ་རྒྱབ་ལོག་ལ་བློ་སེང་ཡོད་ཀྱི་རེད། ཁོང་ཚོས་ཀྱང་བློ་སེང་ལ་རྒྱབ་བསྐྱོར་བྱེད་ཀྱི་འདུག བློ་སེང་ལ་དྭོགས་པ་ཆེན་པོ་ཡོད།
ད་ཁྱི་སྨྱོན་དེ་རིགས་རྩ་མེད་མ་བཟོས་ན། ང་ཚོ་ཚང་མར་སོ་རྒྱག་པའི་ཉེན་ཁ་འདུག བྱས་ཙང་། ཚོགས་པ་བདུན་པོས་སྣེ་འཁྲིད་ནས། ཁྱི་སྨྱོན་དེ་རིགས་རྩ་མེད་བཟོ་དགོས་པའི་དུས་ལ་བབ་འདུག མ་མཐར། སྤྱི་ཚོགས་ཀྱི་ཐ་ལ་སྤུད་དགོས་པ་རེད། སྡིག་པ་ཁྱེར།
རླུང་ཐོག་རླུང་ལ་བཞོན་ནས། །
རླུང་ནད་སྲོག་རླུང་འཕར་འདུག །
རླུང་ཐོག་རང་གཟབ་མེད་ན། །
རང་སྲོག་རང་གིས་གཅོད་སྲིད། །
་
དོལ་ཚོགས་ཤོད་བགྱིན་ཤོད་བགྱིན། །
རླུང་ཐོག་འདྲ་ལས་ལོད་པ། །
སྨོན་ལོག་གཟུགས་ཅན་སྡེར་གཏོགས། །
རླུང་ཐོག་ཐལ་བར་བརློགས་ཤིག །
རླུང་ཐོག་འདྲ་ལས་ལོད་པ། །
འདི།
རླུང་ཐོག་འདྲེ་ལས་ལོད་པ། །
ལོད་པ་ང་ཚོའི་ཡུལ་སྐད་དུ་སྡུག་གའམ། སྡུག་པ་ལ་གོ
ེདེས་ན།
དོལ་ཚོགས་ཤོད་བགྱིན་ཤོད་བགྱིན། །
རླུང་ཐོག་འདྲེ་ལས་ལོད་པ། །
སྨོན་ལོག་གཟུགས་ཅན་སྡེར་གཏོགས། །
རླུང་ཐོག་ཐལ་བར་བརློགས་ཤིག །
རླུང་ཐོག་ཟེར་བའི་འདིའི་ཁོག་ལ་རྒྱ་འདྲེ་ཞུགས་འདུག གང་བྱུང་མང་བྱུང་ལབ་ཀྱི་འདུག
ཀ་རྡོ་ལེགས། ཉིད་ཀྱིས་དོལ་ཚོགས་ལ་བཀའ་བསྐྱོན་རྒྱུན་དུ་གནང་བ་བདེན་པ་དངོས་རེད། རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེས་དོལ་ཚོགས་ལ་གནང་བའི་བཀའ་སློབ་ཡོད་ན་འདིར་བཀོད་པར་ཞུ། ཁོང་༧གོང་ས་མཆོག་གི་རྒྱབ་ན་ཡོད་པ་ནི་སྨོས་མ་དགོས་ལ། སྲུང་མ་བརྟེན་ཕྱོགས་སྐོར་ལ་བཀའ་སློབ་གནང་ཡོད་པ་གཞིར་བཞག་རེད། འོན་ཀྱང་ཡོངས་ཁྱབ་མ་གྱུར་པས། མ་རྟོགས་ལོག་རྟོགས་ཅན་གྱི་དོལ་ཚོགས་རྗེས་འབྲངས་འགའ་རེས་ཁོང་གིས་བཀག་གཏན་ནས་མེད། ཀརྨ་བཀའ་བརྒྱུད་པས་དགག་བྱ་མེད་ཟེར་ནས་ཨུ་ཚུགས་བྱེད་མཁན་ཡང་ཡོད་པས་སོ། །
དགེ་ལུགས་པའིན་གདོན་འདྲེ་ལ། བཀའ་བརྒྱུད་པས་བྱུས་གཏོགས་བྱས་ན། བཀའ་དགེ་གཉིས་ཀྱསི་དམ་ཚིག་ལ་མི་གནོད་དམ། ལགས། དྲི་མེད་ལགས།། །།
ལེགས་སོ། ། འགའ་ཞིག་གིས་བཀའ་སློབ་ཡོད་ཟེར། འགའ་ཞིག་གིས་སྲུང་མའི་ཕྱོགས་ཡིན་པས་བཀའ་སློབ་མེད་ཟེར། བཀའ་བརྒྱུད་པ་རང་གི་སློབ་མའི་ནང་དུའང་མགོ་འཐོམ་ནས་འདུག རྒྱ་ནག་ཏུ་ཁང་གསར་གི་སློབ་མ་མང་པོས་ཀརྨ་པས་བཀག་མེད་པར་མ་ཟད་རྒྱབ་སྐྱོར་ཡོད་ཟེར། རྒྱ་ནག་བཀང་ཀྲོས་ནས་ཨ་མདོ་དཔལ་རིའི་དགེ་བཤེས་ཅིག་དང་བཀྲ་ཤིས་འཁྱིལ་གྱི་གྲྭ་བ་གཉིས་སོགས་ངེད་ཅག་གིས་གསལ་བོ་ཐོས། དེའི་བཤད་པ་ལ་ཡིད་ཆེས་མེད་ཀྱང་སྐབས་དེར་དག་འདོན་ཡང་ཞུ་མ་ཕོད། ཀརྨ་པ་མཆོག་གཙང་མ་ཡིན་པའི་ཡིད་ཆེས་ཡོད་ཀྱང་བཀའ་སློབ་ཡོད་མེད་ཆ་འཚལ་བས་དྲིས་པ་ཡིན། ཉིད་ཀྱིས་གསུངས་པ་ལྟར་ན། གོང་ས་མཆོག་གིས་དགེ་ལུགས་པའི་སྲུང་མ་ལ་ཐེ་གཏོགས་བྱས་ན་དགེ་ལུགས་པའི་ནང་གི་དམ་ཚིག་ལ་གནོད་ཞུ་བ་ལྟ་བུ་ལས་མི་འདུག་གོ། ། དགེ་ལུགས་པའི་བླ་ཆེན་ཡོངས་རྫོགས། ས་སྐྱ་གོང་མ། གདོང་ཐོག་སྤྲུལ་སྐུ། བྱ་བྲལ་སེང་རྡོར། གྲུབ་དབང་པད་ནོར། འབྲི་གུང་སྐྱབས་མགོན། ཆོས་རྒྱུན་བཞིའི་བླ་ཆེན་ཕལ་མོ་ཆེས་བཀའ་གནང་ཟིན་པས། དོན་གྱིས་དེ་དག་གིས་ཀྱང་དགེ་ལུགས་པ་ལ་འགལ་བ་བཟོས་གསུངས་པ་ལྟར་སྣང་ངོ། །གལ་དེ་གསུངས་བཀའ་སློབ་མེད་ཚེ་ཀཾ་ཚང་གི་སློབ་མས་བརྟེན་ཀྱང་དགག་བྱ་མེད་ཟེར་བ་དོན་གྱིས་གྲུབ་པོ། སྤྱིར་བརྟེན་མི་བརྟེན་སོ་སོའོ་འདོད་པ་ཡིན་ཀྱང་། རང་ལུགས་ཞལ་གསལ་ཞིག་ཡོད་ན་རྗེས་འབྲངས་པར་ཕན་ཐོགས་པས་སོ། ངའི་ལྷག་བསམ་རྣམ་དག་ཡིན། འདི་ལས་འཕྲོས་ཏེ་སྐད་ཆ་ཞུ་འདོད་ཀྱང་མེད།
༸ཀརྨ་པ་སྐུ་གོང་མའམ། ༸སྐུ་ཕྲེང་བཅུ་དྲུག་པས། ཤུགས་ལྡན་ལ་གདོན་འདྲེ་ཞེས་དགག་པ་མཛད་ཡོད་རེད། ཀར་རྫུན་མཐའ་ཡས་རྡོ་རྗེས་གང་གང་ལབ་ཡོད་མེད་ངས་མི་ཤེས་ཀྱང་། ༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས། ༸གོང་ས་མཆོག་གི་བཀའ་ལ་ཤར་བསྐྱོད་དགོས་རེད་གསུངས་པ་འདིས་ག་རེ་མཚོན་ནམ། ཁྱེད་མཁྱེན་ལྡན་དྲི་མེད་ལྷག་བསམ་ལགས།། །།
ཀ་རྡོ་ལེགས། ཐུགས་རྗེ་ཆེ། ལན་དེ་ཙམ་གྱིས་འཐུས་ན་བཀྲ་ཤིས་པར་གྱུར་ཅིག ཀྃ་ཚང་ལ་དཀར་འདོན་སྔ་མོ་བྱས་ན་མཁས་པ་དང་། གླེང་གཞི་ཆེར་མ་ཕྱིན་གོང་གསལ་འདེབས་ཅུང་ཟད་བྱ་ཁུལ་ལོ། །རི་བོང་གནམ་རྡིབ་ཀྱི་དོགས་པ་དེ་ང་ལ་མཁོས་མི་ཆེ་བས། དེ་ལས་ཐེ་གཏོགས་གང་ཡང་མེད། །
བཀྲ་ཤིས་པར་གྱུར་ཅིགུ
རྒྱལ་དབང་ཀརྨ་པ་བཅུ་བདུན་པས་དོལ་རྒྱལ་སྐོར་བཀའ་སློབ་ཅི་ཡང་གནང་མེད་ཚོད། གཙོ་བོ་ཁོང་དང་ཞྭ་དམར་ཕྱོགས་གཏོགས་དབར་་ལ་རྙོག་དྲ་ཡོད་མུས། དགྲ་བོ་འཕར་མ་ཞིག་བཟོ་མི་འདོད་པ་རེད་སྙམ། ཞྭ་དམར་བཞུགས་པའི་སྐབས་ལ། དོལ་ཚོགས་ཀྱིས་ཁོང་ལ་འབྲེལ་བ་བྱས་ཡོད་པ་ཕྱི་གསལ་རེད། གལ་ཏེ་རྒྱལ་དབང་ཕྱོགས་ཀྱིས་དོལ་ཚོགས་ལ་མི་དགའ་བའི་གཏམ་འཐོན་ན། ཁོང་ལ་དགྲ་བོ་འཕར་མ་ཞིག་ལས་གང་ཕན་མི་ཐོགས། ལར་ནས་བཀའ་བརྒྱུད་པའི་ནང་ལ་དོལ་རྒྱལ་གསོལ་མཁན་མེད།
རྒྱལ་དབང་ཀརྨ་པས་རྒྱལ་བ་རིན་པོ་ཆེའི་དྲུང་ནས་དུས་འཁོར་དང་། གསང་འདུས་སོགས་གསུང་ཆོས་ཟབ་ཅིང་རྒྱ་ཆེ་བ་གསན་བཞིན་པ་ཡིན་པས། དེས་ཁོང་སུའི་ཕྱོགས་གཏོགས་ཡིན་པ་ཤོད་མི་དགོས། ད་རེས་དུས་དབང་ལ་རྒྱལ་དབང་མཆོག་ནས་དགེ་ལྡན་པའི་དགེ་འདུན་༥༠༠༠ལ་གུར་གྱི་མཐུན་འགྱུར་གནང་བ་དེ་ཁ་ཡོད་ལག་ཡོད་ཀྱི་བཀའ་དགེའི་དབར་གྱི་མཐུན་སྒྲིལ་ཆུ་བོ་གཅིག་སྒྲིལ་བྱུང་བའི་རྟགས་གསལ་པོ་ལགས།
ཀར་རྡོ་ལགས། ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྗེས་འབྲང་གི་ཞྭ་དམར་ཕྱོགས་གཏོགས་ལས། ༧ གོང་ས་མཆོག་ལ་མཛད་དཀའ་མང་བ་བཟོས་ཡོད་རེད། ལྷ་ས་བའི་གཏམ་དཔེར། བསྡད་་ས་པད་གོག་སྒང་ལ་བསྡད་ནས་མིག་ལ་ཐལ་བ་ཤོལ། ཟེར་བ་དེ་རེད་འདུག ༧ གོང་ས་མཆོག་ནས་༡༩༩༢ ལོ་འཇུག་ཏུ་རྡོ་རྗེ་གླིང་དུ་ཕེབས་སྐབས་ཀརྨ་པ་གཉིས་ཡོད་ན་འགྲིག་གསུངས་པ་ང་ཚོས་གོ་མྱོང་ཡོད། ཡིན་ནའང་སི་ཏུའི་རྗེས་འབྲང་དང་དམ་ཉམས་འཇུ་ཆེན་གྱིས་ཀམ་ཚང་དུམ་བུ་གཉིས་ལ་བཏང་བ་རེད། སྲུང་མ་བསྟེན་ཕྱོགས་ནི་བཀའ་རྙིང་གཉི་གའི་འཛེམས་ཟོན་སྔོན་མ་བྱེད་བཞིན་ཡོད། སྦིར་ཨྱོན་སྟོབས་རྒྱལ་གྱིས་བོད་སྤྱི་ལ་སེམས་ཤུགས་ཡོད་མདོག་གིས་༧ གོང་ས་མཆོག་ལ་དོལ་རྒྱལ་བསྟེན་སྲོལ་མ་བཀག་ན་ལེགས་ཚུལ་སྐད་འཕྲིན་ནང་ལ་བཤད་པ་གོ་ཐོས་བྱུང་། དེ་ནི་ཁྲམ་པ་ངོ་མའི་སྐད་ཆ་རེད།
ང་ཞྭ་དམར་ལ་སེམས་པ་མི་དགའ། ༸གོང་ས་མཆོག་གིས། ཞྭ་དམར་ལ་མཐའ་ཡས་རྡོ་རྗེ་ལ་དེཔ་ཆ་ཡག་པོ་བླ་མ་ཡག་པོ་ཞིག་ཟོས། རུམ་སྟེགས་ཀྱི་ཁྲི་དང་ཞྭ་མོ་ཐོབ་ཐབས་མ་གྱིས། གསུངས་པ་ཞིག་གོ་བྱུང་བས་་་་་་
ཀ་རྡོ་ལགས། ཀརྨ་པ་ངོ་མ་ཡིན་མིན་དེ་དབུ་ཞྭ་ཡོད་མེད་ག་ལ་ཡིན། ཀརྨ་པ་དང་པོ་ནས་བཞི་པའི་བར་དབུ་ཞྭ་མེད། ལྔ་པ་དེ་བཞིན་གཤེགས་པ་ལ་དབུ་ཞྭ་འབུལ་བ་ནས་བཟུང་ཀརྨ་པ་རིམ་བྱོན་གྱིས་དབུ་ཞྭ་བཞེས་སྲོལ་བྱུང་བ་རེད། ཨོ་རྒྱན་འཕྲིན་ལས་དང་ཁོང་གི་རྗེས་འབྲང་གིས་ཁོ་རང་ཚོ་བཞུགས་ས་རྡ་ས་ལ་བཞུགས་ནས། བོད་གཞུང་ལ་ཁ་བཏང་བ་དངཁ་གཏད་བཅག་པ་བྱེད་བཞིན་ཡོད། ཀརྨ་པ་ཡར་མར་ཕེབས་མི་ཆོག་པ་དེ་བོད་གཞུང་གིས་བཟོས་སོང་ཟེར་བཞིན་འདུག ད་ཁྱོད་ལ་ལན་ཅི་ཡོད། ད་དུང་དག་པ་རབ་འབྱམས་ཡིན་ནམ།
བོད་མི་སྒྲིག་འཛུགས་ལ་ཕན་ཐོགས་ཤོས། བླ་མ་ས་སྐྱ་གོང་མ་རིན་པོ་ཆེ་དང་། བླ་མ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་མཆོག་རྣམ་གཉིས་རེད། ཞྭ་དམར་དང་། བྱ་བྲལ་རིན་པོ་སོགས་ཀྱིས་ཕན་གང་ཡང་ཐོགས་ཡོད་མ་རེད་དོ།།
https://m.facebook.com/story.php?story_fbid=236692310102918&id=100012864513096
ཀ་རྡོ་ལེགས། བླ་ལ་གཞན་གྱིས་བོད་ལ་ཕན་མ་ཐོགས་ཟེར་བ་དེར་ལེགས་སོ་ཞུ་མ་ཐུབ། ས་དགེ་བཀའ་རྙིང་། ཇོ་བོན་སོ་སོའི་བླ་མ་དབུ་འཛིན་ལས་བྱེད་ཚོས་བོད་གཞུང་ལ་སྤྲེལ་ལད་འཁྲབས་ཡོད་མེད་ཅི་ལྟར་ཡང་། རང་ས་ནས་བོད་ཀྱི་ཆོས་དང་རིག་གཞུང་གི་འགན་ཆེན་པོ་རེ་ཁུར་ནས་སྐུ་ཚེ་འཁྱོལ་ཡོད་པ་ཤིན་ཏུ་མང་། ཀརྨ་པ་ཨོ་རྒྱན་འཕྲིན་ལས་ལ་གུས་པ་ཡོད། རྒྱབ་སྐྱོར་ཡོད། བོད་སྤྱི་ལ་ཕན་ཐོགས་པའི་རེ་ཤིན་ཏུ་ཆེ། ད་བར་རྒྱ་ཆེན་པོ་ཞིག་ཀྱང་མཐོང་མ་སོང་ཁོང་ལོ་ཆུང་རེད་སྒྲུབ་པའི་གོ་སྐབས་མ་འོངས་པར་ལྷག་ཡོད། བོད་གཞུང་ལ་ཕན་ཐོགས་དགོས་པ་རེད། ཁོང་༧གོང་ས་མཆོག་དང་བོད་གཞུང་གིས་གིས་མི་གྲྭལ་དུ་བཅུག་པ་རེད། ཕན་ཚུན་དུ་ཕེབས་སྐབས་ཀྱང་གཞུང་ཞབས་ལས་བྱེད་མི་སྣ་ཡོངས་རྫོགས་གིས་ཞབས་ཕྱི་སྒྲུབ་གནང་གིས་ཡོད་པ་རེད། སྐུ་སྲུང་བཞག་ནས་ནོར་བུ་བཞིན་དུ་བསྲུང་ཡོད་པ་རེད། བོན་པོ་དང་རྙིང་མ། བཀའ་བརྒྱུད་ཀྱི་བླ་ཆེན་གཞན། དགེ་ལུགས་ཇོ་ནང་སོགས་ཀྱི་བླ་ཆེན་སུ་ལའང་དེ་འདྲ་ཡོད་པ་མ་རེད། ཀརྨ་པ་བཅུ་དྲུག་པ་ལའང་འདི་འདྲའི་བཀུར་བཟོ་གནང་མེད། གདན་ཐོབ་ལྟར་ན་ཀརྨ་པ་རིམ་བྱོན་གྱི་གོ་གནས་རིམ་པ་གསུམ་པའི་གྲས་རེད། ཆོས་རྒྱུན་གྱི་ཐོབ་ཐང་གི་ཆ་ནས་ཀརྨ་པ་ཀྃ་ཚང་གཅིག་པུའི་དབུ་ཁྲིད་ཙམ་རེད། རྒྱ་ཐོབ་ཡོད་ས་ཁོང་དང་འདྲ་བ་མང་པོ་ཡོད། མི་འདྲ་དོན་པོ་གཞུང་ནས་རེ་བ་ཆེན་པོ་བྱེད་གནང་གི་ཡོད་པས་ཀུན་གྱིས་བཀུར་བ་ཤེས་པར་མཛོད། དེར་མ་ཟད་ཁོང་ལ་མཇལ་གཅར་བྱེད་མཁན་ཚོ་ཡང་༧གོང་ས་མཆོག་ལ་མཇལ་མ་བཅུག་པར་བཀག་ཟེར་བའང་འདུག ཁོང་གི་དགོངས་པ་ག་ལ་ཡིན་ཏེ། ལས་བྱེད་འགའ་ཞིག་ཕྱག་ལས་གནང་མ་མཁས་པས་ཡིན་སྲིད་པས་དེ་ལའང་གཟབ་དགོས་པར་གནང་། །ལས་ཀྱི་སྣེ་མོ་བའི་སྐྱོན་བླ་མ་ལ་བགོ་བ་བོད་ཀྱི་གཤིས་ཀ་རེད། དེ་བླ་མ་ལ་རྒྱུས་མེད་པ་ཤིན་ཏུ་མང་། བློ་གཟུ་བོར་གནས་པ་ཉུང་བས་དཀྲོག་གཏམ་ནི་ཀུན་གྱི་ཁ་ལ་རྒྱུགས་ཆེ། དེས་སྤྱི་ཚོགས་ཕུང་པ་ཡིན་པས་བོད་ནང་མི་མཐུན་དོན་ཡང་དེ་ལས་བྱུང་། ཀུན་ལ་བཀྲ་ཤིས་པར་གྱུར་ཅིག
ཀརྨ་ཞྭ་དམར་པ། ཏཱ་ཡི་སི་ཏུ་པ། འཇམ་མགོན་ཀོང་སྤྲུལ་གསུམ་པ། གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ། བྱ་བྲལ་སངས་རྒྱས་རྡོ་རྗེ། རྡོ་གྲུབ་ཆེན། པད་ནོར་རིན་པོ་ཆེ། རྫོང་ནོར་རིན་པོ་ཆེ། འཁྲུལ་ཞིག་རིན་པོ་ཆེ། སྟག་ལུང་རྩེ་སྤྲུལ། ཀ་ལུ་རིན་པོ་ཆེ། ཁམས་སྤྲུལ་དོན་བརྒྱུད་ཉི་མ། འབྲུག་པ་ཐུགས་སྲས་རིན་པོ་ཆེ་ལ་སོགས་པའི་བཀའ་རྙིང་གི་བླ་མ་རྣམས་ཀྱིས་བོད་གཞུང་ལ་ཕན་ཐོགས་ཡོད་མེ་མི་ཤེས། ཡིན་ནའང་ རང་རང་སོ་སོའི་ས་ནས་བོད་ཀྱི་ཆོས་བརྒྱུད་ལ་ཕན་ཐོགས་པ་བརྒྱ་ཆ་བརྒྱ་རེད།
བོད་གཞུང་ཟེར་ན་འདྲ། ད་བར་དུས་དུས་བདག་པོ་རྒྱབ་ཡོད་ཚང་མས་མཁྱེན་གསལ་རེད། ཧ་ཅང་གི་གི་ཉེ་དྲག་ན་ཡང་འདྲེ་ལག་འཆང་སོང་སྙམས་དྭོགས་པ་ཡིང་མ་སྲིད་པ་མིན། འུ་ཐུག་དུས་ཚང་མས་བོད་གཞུང་ལ་ཞབས་བསུ་ཞུ་དགོས་ཟེར་གྱིས་རེད། གང་ལྟར་ད་ཆ་ག་ཚང་མ་ལ་༧ སྐྱབས་མགོན་རིན་པོ་ཆེ་འངྲ་བོ་ས་སྟེང་ན་མེད་ཁོང་ལ་དད་བསྐུར་བཀའ་བརྩི་བ་ཙམ་འགྲིག་རེང་བསམ་འངུག༼ མ་གཞི་ནུབ་ཕྱོགས་གངས་ཕྲུག༽་ཁྱེད་ཀྱིས་ཞབས་ཕྱི་ཟེར་བ་གང་འདྲ་ལ་ངོས་འཛིན་ནམ། དེའི
ནང་ལ་ཞབས་འདྲེན་ཞུ་མཁན་ཚོ་ལ་གང་ངོས་འཛིན་དགོས། ཤི་འདྲེ་གསོ་མཁན་དྲས་བླ་ཆེན་ཚོས་མིང་དེ་གང་དུ་འཇོག་ཡག་ཡིན་ནམ། ཧཧཧཧཧ ཁ་ལྟས་མི་གཙང་ཟོས་པ་བཞིན་མ་གནང་བར་ཆོས་ལུགས་ཕན་ཚུན
ཞོ་བཞིན་ཆགས་པ་ལ་ཁྲག་ལྟར་མ་བསུབ་ན་དགའ་འོ།
ངས་ཀྱང་ཞབས་འདྲེན་ཞུ་མཁན་མིང་ཐོ་བཀོད་ན་བཀོད་ཆོད་འོན་ཏེ་དོན་མེད་ཆགས་སྡང་རྒྱུ་རུ་འགྲོ་ཉེན་གནས་སྐབས་མི་ཞུས། གལ་སྲིད་དོན་དག་ཐོགས་དགོས་སོང་ན་ཞབས་འདྲེན་ཞུ་མཁན་ལྟས་ངན་རང་གསང་ཅན་བླ་མ་དགེ་བཤེས་མིང་དེ་ཚོ་ལོ་དུས་གསལ་ལྷམ་མེད་ཞུ་ཆོག་ཆོག་ཡོད་ད།
ཏི་སེའི་ཡི་གེ་ལ་གོ་རྒྱུ་མི་འདུག
https://m.facebook.com/story.php?story_fbid=236692310102918&id=100012864513096
བྲགཡབ་པའི་ངུ་སྐད་ཅིག འདི་ན་འདུག
ཀ་རྡོ་རབ་འབྱམས་པ་ཟེར་བའི་ཆོས་ལུགས་འཐེན་འཁྱེར་གྱི་སྨྱོ་བའི་རྨ་བྱ་ཨེ་རླུང་ཚང་གི་སྐལྡན་བློ་གྲོས་འདྲ་བ་འདིས་བོད་ཀྱི་བླ་སྤྲུལ་ཡོངས་རྫོགས་ཕན་མེད་ཟོག་སྟོངས་ཡིན་པ་བཤད་ནས་རྙོག་ཁྲ་བཟོས་འདུག ཨ་རྩི་ མི་རྩ་མ་ཚང་བ་དེ་འདྲ་བ།
་་་་་་་་་་ #52 ཀ་བ་ཚེ་རིང་ ་ལགས་ཀྱིས་སྤེལ་དོན།:
December 25th, 2016 at 6:25 am
ཀ་རྡོ་རབ་འབྱམས་པ་ཟེར་བའི་ཆོས་ལུགས་འཐེན་འཁྱེར་གྱི་སྨྱོ་བའི་རྨ་བྱ་ཨེ་རླུང་ཚང་གི་སྐལྡན་བློ་གྲོས་འདྲ་བ་འདིས་བོད་ཀྱི་བླ་སྤྲུལ་ཡོངས་རྫོགས་ཕན་མེད་ཟོག་སྟོངས་ཡིན་པ་བཤད་ནས་རྙོག་ཁྲ་བཟོས་འདུག ཨ་རྩི་ མི་རྩ་མ་ཚང་བ་དེ་འདྲ་བ། ་་་་་་་་་ ཟེར།
༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་གསར་འབྱོར་བ་རེད་ཟེར་ན་རྒྱ་དམར་གཞུང་དེ་གསལ་འབྱོར་བ་ཡིན་ཤས་ཆེ། མ་གཞི་ལྐོག་ཟ་རུལ་སུངས་བྱེད་མཁན་རྒྱ་ལོ་དོན་འགྲུབ་དང་། སྤྱི་རྒྱུ་སྒེར་བདག་བྱེད་མཁན་ཟླ་བ་ཚེ་རིང་གཉིས། སྐུ་སྒེར་ཚང་གི་ཁྲིམས་ཐར་ཡིན་ས་རེད། ཡིན་ཡང་དུས་དང་རྣམ་པ་ཀུན་ཏུ་༧གོང་ས་མཆོག་གིས་སྐྱོན་ཡོད་ལ་སྐྱོད་དགོས་གསུང་འདུག་གི་ཡོད། ངས་ལྟས་ན་ཟླ་བ་ཚེ་རིང་གི་སྤྱི་རྒྱུ་སྒེར་བདག་བྱས་པར་འགེབས་སྲུང་ཆེད་ད་རེ་ལས་འགུལ་དེ་སྤེལ་བ་ཞིག་རེད་བསམ།
ཁ་བའི་ཡུལ་གྱར། ནོར་གླིང་དང་ཆོས་ནོར་མགྲོན་ཁང་སྒེར་བདག་བྱེད་མཁན་བཀའ་ཟུར་སྐལ་བཟང་ཡེ་ཤེས་དང་ཁོ་རང་གི་སྐྱེས་དམན་ཀིམ་ཡེ་ཤེས། མཆན། ༼རྒྱུ་ཚང་མ་ཁོ་རང་གི་སྐྱེས་དམན་ལ་དབང་བ་རེད་ཟེེར།༽ ད་དུང་རྒྱ་རི་ཚང་གི་ནང་མི་དེ་ཚོ་ཡང་ལྐོག་ཟ་རུལ་སུང་རེད། སེམས་བཟང་སྤྱི་འཐུས་ཟླ་བ་ཚེ་རིང་གསར་འབྱོར་བ་ལ་རོགས་པ་མང་པོ་བྱེད་ཡོད། ངོ་ཚ་མེད་མཁན་དེ་ཚོ་སོ་སོའི་སྡེར་མའི་ནང་ལ་རྐྱག་པ་བཏང་གི་འདུག
བོད་མིའི་ལས་བྱེད་ནང་ལ་ལྐོག་ཟ་རུལ་སུངས་པ་གསར་རྙིང་གཉིས་ཀ་ཡོགབཟོ་འདུག་གདའ། ཧ་ཧ།། །།
ནུབ་ཕྱོགས་གངས་ཕྲུག
སྨན་རྩིས་ཁང་དང་། ནོར་གླིང་སོགས་འགའ་ཟུར་སྐྱོང་སྡེ་ཚན་ལས་སྒེར་བདག་བྱས་པ་ཡིག་མ་རེད། དེ་དག་གི་ལོ་རེ་བཞིན་རྩིས་ཁྲ་ཆབ་ཚང་སྤྱི་མཐུན་སྒྲོས་ཚོགས་ནང་རྒྱུད་ནས་ཐག་གཅོད་བྱེད་ཀྱི་ཡོད། ཡིན་ཡང་ཐད་ཀར་གཏོང་འཛིན་བྱེད་དབང་མེད། རྒྱ་རི་ཚང་དང་ཊེ་མཐང་ཚང་་་སོགས་འགའ་ཡི་ལྐོག་ཟ་བྱས་ཡོད་གསལ་པོ་རེད། ཡིན་ཡང་འདི་ཞེས་མཛུག་མི་བཙུགས་ས་མེད། ཟླ་བ་ཚེ་རིང་ནི་ཁྲིམས་ཐོག་ནས་སྤྱི་རྒྱུ་སྒེར་བདག་བྱེས་ར་འཕྲོད་བྱས་བཞག་པ་ཞིག་རེད། གསར་འབྱོར་དེ་ཚོ་ལ་ལས་གླ་ཅུང་ཙམ་སྤྲད་ཀྱི་ཡོད་ཚོད་རེད། ཡིན་ཡང་དེ་ཚོང་ལས་ཞིག་ལས་སྦྱིན་པ་མ་རེད། ལས་གླ་ཆུང་ཆུང་དེ་ཙམ་ལ་གསར་འབྱོར་མགོན་མེད་སྐྱབས་མེད་དེ་ཚོ་མ་གཏོགས་ལས་མཁན་རག་ཁག་པོ་རེད།
ཁ་བའི་ཡུལ་གྱར་ལགས། ཡོངས་གླིང་བོད་གཞུང་གི་འཛིན་སྐྱོང་འོག་འགོ་བཙུགས་དུས་ནས་མ་རེད། ད་དུང་TCV སློབ་གྲྭ་ཚང་མ་བོད་གཞུང་འོག་ལ་མ་རེད། ཡོངས་གླིང་སློབ་གྲྭ་བོད་གཞུང་ལ་ག་རེ་བྱས་ནས་རྩིས་སྤྲོད་དགོས་རེད། དེ་འདྲ་ཡིན་ན་TCV དང་སྨན་རྩིས་ཁང་། སཱ་ར་སློབ་གྲྭ་སོགས་ཀྱང་བོད་གཞུང་རྩིས་སྤྲོད་དགོས་རེད་དམ།
ཡོངས་སློབ་བོད་གཞུང་ལ་རྩིས་སྤྲོད་དགོས་པ་ཆེ་མཐོ་ཁྲིམས་ཞིབ་ཁང་གིས་ཐག་གཅོད་མི་འདུག་གམ། ཞྭ་ཀོག་ནི་ཡིན་རྒྱུ་མ་རེད། དེ་མིན་གཞུང་གི་སྤྱི་རྒྱུ་གང་འདྲ་ཅིག་ཡིན་ནའང་ཟླ་ཚེའི་ནང་བཞིན་བདག་བཟུང་ཡོད་ན་རྩིས་འབུལ་ཞུ་དགོས་ངེས་རེད། དེང་སང་བཙན་བྱོལ་སྒྲིག་འཛུགས་ལ་དམིགས་བསལ་གལ་བྱ་རྒྱུ་ཡོད་མ་རེད་བསམ་བློ་ཁུར་ནས་ལས་ཀ་ཐད་ཐད་བཟོ་མཁན་མང་པོ་ཡོད་རེད། དེ་ཚོ་དྲང་པོ་དང་ཁེ་བཟང་རེད་དྲན་ན་ནོར་རེད་གདའ།
སྨོན་ལམ་ལོག་པས་རྒྱལ་བའི་བསྟན་པ་ལ། །
འཁུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེ། །
བསམ་སྦྱོར་ངན་པའི་འཇུག་པ་མ་ལུས་པ། །
མཆོག་གསུམ་བདེན་པའི་རྩད་ནས་གཅོད་གྱུར་ཅིག །
ནུབ་ཕྱོགས ནོར་གླིང་དང་སྨན་རྩིས་ཁང་གཉིས་བོད་གཞུང་གི་འཛིན་སྐྱོང་འོག་ཡོད་ཡོད་པ་རེད་བ་དེ་ཙམ་ཡང་ཧ་མ་གོ་ན་དྲ་ལམ་དུ་རྙོག་གཏམ་མ་བཤད་ན་དགའ། ཡོངས་གླིང་སློབ་གྲ་དང་པོ་བོད་གཞུང་ཐད་ཀར་འཛིན་སྐྱོང་འོག་ཡོད་ཀྱང་། དེ་སྐབས་ས་གནས་མགོ་འཛིན་ཟླ་བ་ཚེ་རིང་ཡིན་ཙམ། གཡོ་ཇུས་འོག་ཁོ་རང་གི་བཙན་བདག་བྱས་བསྡད་པ་ཞིག་རེད། དེའི་མིང་ལ་སྤྱི་རྒྱུ་སྒེར་བདག་ཟེར།
ཏྲེ་ཧོར་དང་ཡུལ་གྱར་གཉིས། ཡོངས་གླིང་སློབ་གྲྭ་ཐོག་མར་བཙུགས་་དུས་བོད་གཞུང་གི་བཙུགས་མ་རེད་འཛིན་སྐྱོང་ཡང་བོད་གཞུང་གི་འོག་ལ་མ་རེད། ལོ་རྒྱུས་་ཡག་པོ་བལྟ་ཤོག
༅༅། ཟླ་བ་ཚེ་རིང་ལགས་ཀྱིས་འཛིན་སྐྱོང་འོག་ཏུ་ཡོད་པ་ཡོངས་གླིང་སློབ་གྲོབ་གྲའི་སྐོར་ལ་
འབྲེལ་བ་ཡོད་མེད་ལ་མ་ལྟོས་པར་མི་རེ་གཉིས་ནས་ཡང་སེ་བློ་ལ་མ་འགྲོ་བའི་སྐད་ཆ་དྲ་རྒྱའི་ནང་
བྲིས་ཡོང་གི་འདུག་པ་རྒྱུ་མཚན་གང་རེད། སྤྱི་དོན་ནི་མ་རེད། སྒེར་དོན་ཁོ་ན་ཡིན་ས་རེད།
སླད་ཕྱིན་སྒེར་དོན་དྲ་རྒྱའི་ནང་བྲིས་མ་ཡོང།
དེ་ལས་འཚོ་བ་དགྲ་ལག་ཏུ་བཅོལ་ནས་༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་། ཆོས་ཀྱང་མི་ཤེས།
འཇིག་རྟེན་བཟང་སྤྱོད་ཀྱང་མེད་མཁན་ཚོར་ལན་བྲིས།
ཕ་ཡུལ་བཙན་འཕྲོག་བྱས། ཆོས་རིག་གཞུང་རྩག་ཏོར་བཏང། རྩ་ཆེན་ཡུལ་གྱི་གཏེར་ཁ་རྣམས་བཏོན་ནས་
རྒྱ་ཡུལ་གྱི་དཔལ་འབྱོར་ཆེད་དུ་འཁྱེར་མཁན་དེ་ཚོར་ལན་འདྲ་ཡོད་ན་བྲིས།
སྤྱི་རྒྱུ་སྒེར་བདག་བྱས་པར་ཐེར་འདོན་བྱས་ན་སྤྱི་དོན་མིན་ན་གང་རེད་དམ། ཁྱོད་ཀྱང་ཁྱི་དང་ཞི་མི་རྐུ་མ་ཁ་མཚུངས་མིན་ནམ་་་་་ཧཧཧཧ་་་་་་སྒེར་དོན་མ་ཡིན་པས་རྒྱུ་མཚན་ཨེ་ཤེས་སམ། ལར་ནས་ཁ་བརྡ་ནང་མཆན་བཏབ་ལ་བཀག་སྡོམ་དེ་འདྲ་གུང་བྲན་ཏང་གིས་བཀའ་འདྲ་་་་་་ཕ་གཞིས་ཕ་ས་འཕྲོག་མཁན་ལ་ཨ་ཁུ་ཚ་བོ་སུས་འཇོན་ན་ཁྱད་པར་ཡོད་མ་རེད་པས་ཁྱོད་ཀྱང་རྒྱ་ནག་ཏུ་འགྲོ་ནས་ཅིག་ལྟོས་དང་་་་་་་་་
ཏྲེ་ཧོར་བྱམས་པ་ལགས། སྤྱི་རྒྱུ་སྒེར་བདག་ཧ་མི་གོ ང་སྔོན་མ་བོད་ལ་འགྲོ་མྱོང་ཡོད། ལྷ་ས་ལ་ཏྲེ་ཧོར་རྐུན་མ་མང་པོ་འདུག གཅིག་ཁྱེད་རང་མིན་ཤག་ཡིན། ཧ་ཧ། ཡང་ཏྲེ་ཧོར་ལུང་པ་ལ་སྔ་མོ་ཉག་རོང་གི་རྐུན་ཇག་མང་པོ་རྒྱབ་སྐད་འདུག
ནུབ་ཕྱོགས་གངས་ཕྲུག་གཙོས་རང་མིང་དངོས་སུ་འདོན་མ་ཕོད་ནས་མཆན་འདེབས་མཁན་འདི་ཚོ་ལ་བདེན་པ་བརྡར་ཡུལ་ཡོད་མ་རེད། ཇབ་ཆུང་གི་ལས་ཀ་འདྲ་་་་་་་ད་ལྟོས་དང་འཕྱོན་མ་ཅིག་གིས་བྱས་སྟངས་ནང་བཞིན་་་་་་་་
སྤྱི་རྒྱུ་ལྐོག་ཏུ་ཟས་ན་ལྐོག་ཟ་རེད་།
དེ་ལ་རྒྱབ་སྐྱོར་བྱས་ན་རུལ་སྲུང་རེད་།
ལྐོག་ཟ་རུལ་སྲུང་སྤྱི་ཚོགས་ཡོངས་སུ་དར་།
ཡ་རབས་བཟང་སྤྱོད་ངོ་ཚ་ཉམས་པའི་རྟགས་།
ཕྱོགས་གཏོགས་ཆབ་སྲིད་སྤྱི་ཆོགས་རུལ་བའི་གཞི་།
ཆོལ་ཁ་ལུང་ཚན་ཕྱོགས་གཏོགས་མང་བ་ནས་།
བཙན་བྱོལ་འོས་བསྡུའི་ལས་རིམ་གྲལ་རིམ་འོག་།
འགོ་འདྲེན་ཕྱོགས་གཏོགས་མང་གཙོ་དམངས་གཙོར་བརྒྱུར་།
རང་བཙན་རང་དབང་གང་བསམ་བརྗོད་མཁན་དང་།
མང་གཙོ་དམངས་གཙོ་དོན་གཅིག་བསམ་མཁན་དང་།
ཡུལ་མིའི་རྒྱལ་ཁབ་ཡུལ་མིའི་སྲིད་སྐྱོང་སོགས་།
ཆབ་སྲིད་རིག་པས་གོ་རྟོགས་མ་ཐུབ་ནས་།
ཐ་སྙད་ཚད་སྒྲུབ་ཡིན་པ་བློ་མ་བདེ་།
སྔོན་ཐོན་རྗེས་ལུས་ཆབ་སྲིད་རིག་པ་ལ་།
ནམ་ཡང་རྗེས་ལུས་མ་ཐེབས་ཐུགས་རྗེའི་གཟིགས་།
སྔོན་ཐོན་ཆབ་སྲིད་སྤྱི་ཚོགས་མདུན་ལམ་བདེ་།
རྗེས་ལུས་ཆབ་སྲིད་སྤྱི་མདུན་ལམ་འགག་།
ཏྲེ་ཧོར་བྱམས་པ་སྐད་ངན་ཤོར་འདུག ཧ་ཧ་ཧ་ཧ ངའི་ཟེར་བ་དེ་དྲང་པོ་ཡིན།