བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ཆེད་དུ་ན་གཞོན་མཐུན་ཚོགས་ནས་བཞུགས་སྒར་རྡ་རམ་ས་ལར་ཁོང་ལ་རྒྱབ་སྐྱོར་གྱི་བརྙན་པར་ཞིག དེ་རིང་ཕྱི་ལོ་ ༢༠༡༠ སྤྱི་ཟླ་ ༡༢ ཚེས་ ༢༨ ཉིན་དྲ་རྒྱ་བརྒྱུད་ནས་དབུ་འབྱེད་བྱ་རྒྱུ་ཡིན།
༢༠༡༡ བཀའ་ཁྲིའི་འོས་མི། བསྟན་འཛིན་རྣམ་རྒྱལ། from Youth for TNT on Vimeo.
དེའི་ནང་ལ་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་གིས་ད་ལྟའི་དུས་ཚོད་འདིར་ཆོལ་ཁ་དང་། ཆོས་ལུགས། ལུང་ཚན་སོགས་ལ་ཞེན་འགོག་བྱེད་རྒྱུའི་དུས་ཚོད་མ་རེད་ཅེས་གསུངས་སོང།
ང་ཚོ་དང་བླངས་པ། ན་གཞོན་མཐུན་ཚོགས་ནས་བཀྲས་མཐོང་བསྟན་འཛིན་གྱི་སྐོར་ལ་མཁྱེན་རྟོགས་ཡོང་ཆེད་ གཙུག་ལག་ཁང་གི་ལམ་ཆེན་བསྟན་དབྱངས་ཇ་ཁང་གི་ཐོག་ཁར་ལས་ཁུངས་ཤིག་དབུ་འཛུགས་བྱས་ཡོད།
ང་ཚོ་ན་གཞོན་མཐུན་ཚོགས་ཀྱི་ཚགས་མི། རྒྱ་གར་དང་། བལ་ཡུལ། ཨ་རི། ཁེ་ན་ཌ། ཡོ་རོབ་སོགས་ཀྱི་སློབ་མ། ལས་བྱེད་པ། ཆེད་ལས་པ་སོགས་ལས་གྲུབ་པ་ཞིག་ཡིན།
བོད་སྐད་འབྲེལ་མཐུད་པ་རྒྱལ་མཚན་ལགས། ༩༨༨༢༥༢༠༨༥༩
དབྱིན་སྐད་འབྲེལ་མཐུད་པ་བློ་བཟང་ལགས། ༩༨༨༢༤༠༧༣༦༥
www.kalontripa2011.org
གཅིག
ངེད་ཀྱི་ཚོད་དཔག་ལ། བཀྲས་མཐོང་ལ་རྒྱབ་སྐྱོར་བྱེད་མཁན་མང་ནས་མང་དུ་འགྲོ་བཞིན་འདུག ལྷག་པར་དུ། གཞོན་སྐྱེས་ཚོའི་ཁྲོད་ན་ཡང་མང་པོ་འདུག
ད་ཡོད་ཀྱི་གནས་སྟངས་ལ་བལྟས་ན། བཀྲས་མཐོང་ལ། བྱང་ཨ་རིའི་མི་མང་གི་ཁྲོད་དུ་རྒྱབ་སྐྱོར་ཤུགས་ཆེན་རག་རྒྱུ་ཡིན་པ་འདྲ། སྔོན་འགྲོ་ལས་དངོས་གཞིའི་སྐབས་སུ་རྒྱབ་སྐྱོར་ཤུགས་ཆེ་བ་རག་རྒྱུ་ཡིན་པ་འདྲ། རྡ་ལམ་ས་ལའི་གཞུང་གི་ལས་བྱེད་ཚོས་ཀྱང་རྒྱབ་སྐྱོར་ཤུགས་ཆེ་གནང་གི་ཡོད་པ་འདྲ། གཞིས་ཆགས་ཁག་ག་འདྲ་ཡིན་ན། ངས་མི་ཤེས།
གཉིས།
ད་གནད་འགག་ནི། གྲ་སའི་དགེ་འདུན་པ་དང་སློབ་གྲའི་སློབ་མ་ཚོའི་ཁྲོད་ནས་རྒྱབ་སྐྱོར་འཚོལ་དགོས་ཀྱི་འདུག དགེ་འདུན་པ་དང་སློབ་མ་གཉིས་ཀའི་འོས་ཤོག་ཚང་མ་ར་བ་གཅིག་གི་ནང་ན་ཉར་ནས་ཡོད་རེད། ད་ནི། དངོས་གཞིའི་འོས་བསྡུ་ལ་མ་སླེབས་པའི་དུས་ཚོད་ཐུང་ཐུང་འདིའི་ནང་ལ། བཀྲས་མཐོང་ལ་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་མཁན་ཚོས།
གྲ་སའི་དགེ་འདུན་པ་དང་སློབ་གྲའི་སློབ་མ་ཚོའི་རྩ་ནས་འོས་ཤོག་མང་ཙམ་རག་ཐུབ་པའི་ལས་འགུལ་སྤེལ་དགོས་ཀྱི་འདུག ལས་འགུལ་རྒྱ་ཆེ་བ་སྤེལ་དགོས་ཀྱི་འདུག
བཀྲས་མཐོང་ལགས་ཀྱང་། བློ་བཟང་སེང་གེ་བཞིན། བཙན་བྱོལ་ནང་གི་དགོན་སྡེ་ཁག་དང་སློབ་གྲ་ཁག གཞིས་ཆགས་ཁག་རེ་རེ་བཞིན་ཕེབས་དགོས་ཀྱི་འདུག
རྡ་ལམ་ས་ལ་ནས་བགྲོ་གླེང་གཅིག་ཚོགས་པ་ལས། དགོན་སྡེ་གཅིག་ལ་ཕེབས་ནས་གྲ་བ་ཚོའི་གདོང་ལ་ཐུག་ནས་སྐད་ཆ་བཤད་ཐུབ་ན། དེས་རྒྱབ་སྐྱོར་ལ་ཕན་ཐོགས་ཆེ་བ་འདུག་དྲན།
བཀྲས་མཐོང་ལ་རྒྱབ་སྐྱོར་གནང་མཁན་ཚོ་ཡང་། དགོན་སྡེ་ཁག་དང་སློབ་གྲ་ཁག་ལ་འགྲོ་ཐུབ་ན་ཡག་པོ་འདུག
ཡག་པོ་འདུག་ བཀའ་ཁྲི་སུས་གནང་ཀྱང་ རྒྱ་དབང་བཅུ་གསུམ་པ་ཆེན་པོ་སྐུ་བཤེགས་རྗེས་ཀྱི་
རྒྱལ་ཚབ་ར་ཕྲིང་ནང་བཞིན་མི་ཡོང་བའི་རེ་བ་དང་སྨོན་ལམ་ཡོད་
xxxxxxxxxxxxxxxxxxxxxxxxxxx
བསྟན་འཛིན་རྣམ་རྒྱལ་ནི་མི་རྒས་པ་དང་ཉམས་མྱོང་རྙིང་པ་རེད། དེ་སྔ་ཕན་ཆད་ང་ཚོ་བོད་པ་རྣམས་རྙིང་ཞེན་གྱི་ར་བ་ལས་མ་འདས་པའི་སྐྱོན་ལྷག་ནས་བོད་འདི་ཕུང་བ་རེད། ད་དུང་ང་ཚོའི་དེ་ལ་འགྱུར་བ་ཞིག་མ་གཏང་ན་བོད་ཀྱི་བདེན་མཐའ་ནམ་མཁའི་འཇའ་རུ་ཡར་བའི་ཉེན་ཁ་ཡོད་པ་ཡིན་དུས་བཙན་བྱོལ་བ་ཚང་མས་གཟབ་གཟབ་གནང་དགོས།
བསྟན་འཛིན་རྣམ་རྒྱལ་གྱི་འཇོན་ཐང་ཡོད་ན་མེད་ན་བསྟན་ཚར་བ་རེད། ལོ་མང་པོའི་རིང་ལ་ལས་དཀའ་བྱས་པ་རེད་དེ་བོད་ཀྱི་རྩ་དོན་སྒྲུབ་ཐུབ་ཡོད་མ་རེད། ད་དུང་དེའི་ལམ་ལ་སོང་ན་བོད་ཀྱི་རྩ་དོན་སྒྲུབ་ཐུབ་ཀྱི་མ་རེད།
ད་ཡིན་ན་ང་ཚོ་ལ་རེ་བ་ཞིག་ཡོད་པ་དེ་བློ་བཟང་སེང་གེ་ཁོང་རེད། ཁོང་ནི་གསར་གཏོད་ཀྱི་བློ་གྲོས་ལྡན་ལ་ཤེས་རིག་གི་ནོར་གྱི་ཕྱུགས་པའི་གངས་ཅན་ཕོ་རྒོད་ཅིག་རེད། ཁོང་གིས་རྒྱལ་བ་རིན་པོ་ཆེའི་བཀའ་དང་མི་འགལ་བའི་ཐོག་ནས་བོད་ཀྱི་བདེན་པའི་འཐབ་རྩོད་ཡང་དག་པ་ཞིག་བྱེད་ངེས་རེད།
བོད་ཀྱི་རྩ་དོན་རྩོད་པ་དང་རྒྱ་དམར་ལ་ཁ་ཡ་བྱེད་དགོས་ན་བློ་བཟང་སེང་གེ་ལ་འོས་བླུག་དགོས་རེད།
དེ་མིན་གཞུང་གི་དངུལ་བྱུང་སོང་ཁ་མཉམ་པ་དང་རྒྱ་དམར་གྱིས་སྐུ་དྲག་རིགས་ལུགས་པ་ཞེས་མིང་འདོག་ངན་པ་དགོས་ན་བསྟན་འཛིན་རྣམ་རྒྱལ་ལ་འོས་བླུག་དགོས་རེད།
ང་ལ་ང་ཚོ་བོད་པ་རྣམས་གདམ་ཁ་ནོར་བ་བྱེད་ཤེས་མཁན་ཞིག་ཡིན་་བསམ་པའི་སྤོབ་པ་ཡོད།
གདམ་ཁ་མ་ནོར་བ་ནི་མཁས་དབང་ཟམ་གདོང་རིན་པོ་་་་་་་་་་་་་་་ཨོ་་་་་་་་་་་་ཨོ་་་་་་་་ད་ལྟ་མཁས་དབང་བློ་བཟང་སེང་གེ།
ང་ཚོ་བོད་པ་སེང་ལ་དགའ།
ལྷག་པར་གངས་ཀྱི་སེང་གེར་དགའ།
ང་ཚོ་བོད་པ་བློ་གྲོས་དང་ལྡན་པའི་སེང་གེ་ལ་དགའ།
ང་ཚོའི་རྒྱལ་དར་ངོས་ལ་སེང་གེ་ཡོད།
སེང་གེའི་ང་ཚོ་བླུ་མི་སྲིད།
བོད་པ་ཚོ་སེང་གེའི་མིང་དང་ལྡན་པའི་མི་ལ་ཡིད་ཆེས་གནང་ནས་འོས་་་་་་་་་་་་བླུག་ཤོག་་་་་་་་་་་་་་་་་་་་་་་་་་་་་་སེང་རྒྱལ་ལོ།
ཁོ་རེ་ཀརྨ་ཡེ་ཤེས་
སྤྱིར་སྟངས་བཀའ་བློན་ཁྲི་པའི་འོས་དེ་ བཀའ་ཟུར་བསྟན་རྣམ་མམ་ བཀའ་ཟུར་བཀྲ་དབང་ མཁས་དབང་བློ་སེང་ཁོང་གསུམ་སུ་ལ་བོད་མི་མང་གི་མང་མོས་ཐོབ་ཀྱང་འགྲིགས་ལེ་རེད་ བཙན་བྱོལ་བོད་མིའི་ནོང་ནས་ཨ་ཡོད་ནང་གི་ད་ཡོད་འོས་མི་རྩེ་ཕུད་གསུམ་མ་ནོར་བ་འདེམས་སྒྲུགས་ཐུབ་པར་དགའ་འོས་པ་ཞིག་ཡིན་ལེ་རེད་ འོན་ཀྱང་ཁྱོད་ནས་ཧ་ཅང་ཕྱོགས་ལྷུངས་གིས་མཁས་དབང་བློ་སེང་ལགས་སུ་དམའ་འབེབས་དང་མཐོང་ཆུང་ མི་དགའ་ལེའི་ཚིག་ངན་འབའ་ཞིག་ཟེར་བ་དེས་རང་གི་མདོག་རྒྱའམ་ རང་གི་དཔུས་ཚད་དེ་ དྲ་རྒྱའི་ཁྲོམ་རར་བསྟོན་པ་ལས་ཆི་གང་ཕན་ལེ་མ་རེད་ མཐའ་མའི་བཀའ་ཁྲིའི་རྒྱལ་ཁ་དེ་ཆེས་འོས་ཞིང་མཚམས་པའི་མཁས་དབང་མཆོག་ལ་ཐོབ་རྒྱུ་གདོན་མི་ཟ་ལེ་མ་ཟད་དེ་དུས་ཁྱོད་ཀྱི་མིག་རིལ་གཉིས་པོས་གསལ་པོ་མཐོང་ལེ་དང་རྣ་ཆོག་གཉིས་པོས་གསལ་པོ་གོ་ལེ་ཡང་རེད་ ཁྱོད་མཁས་དབང་མཆོག་ལ་དགའ་ཞི་མེད་ན་མགྱོགས་མྱུར་ཕྱི་ཟླ་གསུམ་པ་ནང་ཁྱོད་རང་གི་སྙིང་ལ་ན་གཟུགས་རྒྱབས་ནས་ཉལ་སའི་ནང་དུ་མགོ་གཏུམ་རྒྱབས་ཏེ་ངུ་དགོས་ལེའི་དུས་ཞིག་ཤར་ཡོང་ངོ་ དེ་ལས་ཁོང་ལ་མཁོན་འཛིན་བྱེད་རྒྱུ་སྤངས་ཏེ་ ཁོང་དུས་རབས་གསར་པའི་བོད་མི་རིགས་ཀྱི་མ་འོང་པའི་རླབས་ཆེན་དབུ་ཁྲིད་ཞིག་ཆགས་རྒྱུ་ཉག་གཅིག་ཡིན་པར་ངོས་ལེན་གྱི་རང་མི་རིགས་ལ་བརྩི་མཐོང་དང་ རྒྱབས་སྐྱོར་བྱེད་དགོས་ལེ་མ་ཏོགས་ དམའ་འབེབས་དང་ ཕྱོགས་ལྷུངས་གིས་མི་བདེན་པའི་རྫུན་གཏམ་ཆལ་ཆོལ་འདྲ་སྤེལ་བསྡད་ལེ་དེ་ཁ་ཐབས་སྐྱོ་ལེ་རེད་ ཨ་རོགས་།
བོད་ཀྱི་སྤྱིར་བཏང་གི་གནས་ཚུལ་ལ་ཞུགས་ནས་ཐེངས་འདའི་བཀའ་ཁྲི་འདེམས་ཕྱོགས་ཐད་སྐད་ཤོར་རྒྱུ་དེ་བོད་མི་མང་ལ་ཤ་ཞེན་ཅན་ཞིག་ཡིན་ཕྱིན་སུ་ཡིན་ན་འང་ཡོད་སྲིད་པ་ཞིག་རེད།
སྐད་ཤོར་སྟངས་དེའང་སྒེར་སོ་སོའི་བསམ་བློ་དང་ཐུགས་བསམ་བཞེས་ཕྱོགས་གཙོ་བོ་བྱས་ནས་གསུང་སྐད་གྱོན་པ་དེ་ཆོས་ཉིད་རེད།
གདམ་ང་ཡོད་པའི་མི་ཀུན་གྱི་གནས་ཚུལ་ལ་ཞིབ་འཇུག་དང་རྟོགས་དཔྱོད་མི་བྱེད་པར་རང་ཉིད་ལ་ཆ་རྒྱུས་ཏོག་ཙམ་ཡོད་པའི་མི་དེའི་གནས་ཚུལ་དང་ཕྱི་རྗེས་བཟང་བའི་ལོ་རྒྱུས་དུམ་བུ་རྒྱུ་མཚན་ཁོ་ནས་མི་འདི་ཐེངས་འདིའི་བཀའ་ཁྲིར་འཚམས་ཤོས་རེད་ཅེས་བརྗོད་རྒྱུ་དེའང་ཆགས་ལྡན་ཞིག་གི་རང་གཤིས་ཤིག་རེད།
བོད་ནས་མཐོ་རིམ་སློབ་མ་འགས།
ཐེངས་འདིའི་སྲིད་འཛིན་དུ་གདམ་པའི་མི་ནི།
གསར་གཅོད་ཀྱི་སྙིང་སྟོབས་ཡོད་པ།
གསོན་ཤུགས་ཀྱི་ཚོར་བ་རྣོ་བ།
ཆབ་སྲིད་ཀྱི་མིག་རྒྱང་རིང་བ།
གཅིག་སྒྲིལ་གྱི་ཐབས་ལ་མཁས་པའི་མི་ཞིག་དགོས་གསུང་པ་ང་ལ་མཚོན་ན་རླབས་ཆེའི་བསམ་བློ་ལ་བཀུར་བཞིན་ཡོད།
ངའི་བསམ་འཆར་རམ་ལྟ་ཕྱོགས་བྱས་ན།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཞལ་བཞུགས་པའི་སྐབས།
བོད་བཙན་བྱོལ་གཞུང་གི་གཞི་བརྟན་པོ་ཡིན་པའི་སྐབས།
ཕྱི་རྒྱལ་ཁག་གི་རྒྱབ་སྐྱོར་ཏོག་ཙམ་ཡོད་པའི་སྐབས།
སྐབས་མང་པོ་ཞིག་དང་བསྟུན་ནས་རྒྱ་བོད་གཉིས་ཀྱི་བར་ན་ཞི་འགྲིག་གི་ཟམ་པ་གཟུགས་ཐུབ་མཁན་གྱི་བཀའ་ཁྲི་ཞིག་དགོས་ངེས་རེད་བསམ་གྱིན་འདུག
ང་ལ་མཚོན་ན་བློ་བཟང་སེང་གེ་དང་བསྟན་འཛིན་རྣམ་རྒྱལ་ལགས་གཉིས་ཆར་ཆ་རྒྱུས་མེད་ཁར་འགྲོགས་འདྲེས་ནི་ད་བས་ཀྱང་གང་ན་ཡོད།
མདོར་ན།
མང་ཚོགས་ཁྲོད་ད་སྔར་གྱི་གསུང་གླེང་དང་རྣམ་དཔྱོད་ཅན།
ཁ་གཤོམ་ཅན་ད་དུང་ཕར་བལྟས་ནས་དཔོན་གཟུགས་ཅན་ནི་བློ་བཟང་སེང་གེ་ལགས་རེད་འདུག
ད་དུང་བློ་བཟང་སེང་གེ་ལགས་ཀྱིས་གསུངས་དོན།
གཞི་རིམ་གྱི་ལྟ་གྲུབ་
༡གཅིག་སྒྲིལ།
༢གསར་དོད།
༣རང་མགོ་རང་ཐོན།
གསུམ་གསུངས་པ་དེ་ངས་ནམ་ཡང་ཁོང་གི་བློ་རྒྱ་དང་སྙིང་སྟོབས་ཤིག་ལ་རྩི་གི་ཡོད།
དྲང་པོར་བཤད་ན་ད་ལྟ་བར་དུ། བཙན་འབྱོར་གཞུང་དེས་༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས།
༡)གསར་བསྟོད་དང་། ༢)གཅིག་སྒྲིལ། རང་མགོ་རང་ཐོན་བཅས་ཀྱི་ཐོག་ནས་ཕྱིན་ཡོད་དེ་བློ་སེང་གི་གསར་བསྟོད་བྱས་པ་ཞིག་གང་ཡང་མིན། བློ་སེང་བཀའ་ཁྲིར་སླེབས་ན་གཅིག་སྒྲིལ་ཡོང་ཐབས་མེད། སྐུ་ངོ་འཇུ་ཆེན་བཀའ་ཁྲིར་ཕེབས་པ་ནས་ཟུང་ཁམ་པའི་ཕྱོགས་ཞེན་ཆེ་རུ་ཕྱིན་ཡོད། བློ་སེང་གི་སྙིང་དེ་འཇུ་ཆེན་ཡིན། ད་ལྟ་བར་དུ་ཆུ་སྒང་རྙིང་པ་དང་། དེའི་ཀླད་པ་འཇུ་ཆེན་སོགས་ནས་བོད་གཞུང་གི་མ་འགྲིགས་པ་དང་། མ་འཇོན་པ་རྐྱང་རྐྱང་བཤད་ཡོད་འོན་ན་འཇུ་ཆེན་བཀའ་ཁྲིར་སླེབས་ནས་གང་འཇོན་ཡོད། མི་རིགས་ཀྱི་ཕྱོགས་ཐེན་གོང་མཐོར་སྤེལ་ཡོད།
ངའི་བསམ་ཚུལ་བྱས་ན་བོད་པ་ནི་བོད་པ་རང་རེད། དབུས་གཙང་། ཁམ། ཨ་མདོ། ཚང་མ་བོད་པ་ཡིན། དེ་ལ་འཐེར་འཕྱེར་གྱི་དགོས་པ་འདུག་གམ། ངས་ལབ་དགོས་པ་ནི། བློ་སེང་ལགས་ཁྱེད་རང་དེངས་རབས་ཀྱི་སློབ་སྦྱོང་ཐོོབ་པའི་མི་ཞིག་ཡིན་ཡང་ཁྱོད་རང་གི་ཀླད་པ་དེ་དེང་རབས་ཀྱི་ཀླད་པ་ཞིག་ཨེ་ཡིན། འགྱེལ་བའི་སྒང་རྡོག་བརྫིག་མི་གཏོང་བའི་རེ་བ་ཡོད།
ངས་ཉམས་ཞིབ་རིམ་པར་བྱས་པར་བློ་སེང་ཕྱོགས་གཏོགས་ཚང་མས་ཚིགས་ངན་བེད་སྤྱོད་བྱེད་པ་ལ་བལྟས་ན་བོད་པ་ཨེ་ཡིན་སྙམ་པའི་འཚོ་སྣང་སྐྱེ།
xxxxxxxxxxxxxxxx བློ་སེང་གི་ཕྱོགས་གཏོགས་ཟེར་ན་ག་རེ་རེད། བློ་སེང་གིས་ག་པར་ཕྱོགས་ཁག་ཅིག་བསྒྲིགས་འདུག ག་པར་ཚོགས་པ་ཞིག་བཙུགས་འདུག བློ་སེང་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་ནི། དེང་རབས་ཀྱི་ཀླད་པ་ཡོད་མཁན་དང་། སྲོལ་རྒྱུན་གྱི་རིག་གནས་ཤེས་མཁན་གཉིས་ཀ་ཚང་བའི་མི་མང་གིས་འོས་ཤོག་ཐོབ་པ་རེད་དཱ། དཔེར་ན། དགོན་པ་གྲྭ་ཚང་གི་གྲྭ་པ་རྣམས་དང་མཐོ་སློབ་གཙོས་པའི་སློབ་མ། དེ་བཞིན་མི་མང་བྱིངས་བཅས་རེད།
xxxxxxxxxxxxxxxxxxxx།
འགྲོ་བ་བཟང་མོའི་རྣམ་ཐར་ནང་ ལྷ་སྲས་རྒྱལ་པོ་དང་ ལྷ་གཅིག་ཀུན་བཟང་གཉིས་སྐུ་འཚོ་ཞིང་བཞུགས་ཡོད་ལེའི་གཏམ་དེ་ ཟེར་མ་ར་མགོས་གོ་མ་ཐག་ཏུ་ ཟེར་མ་ར་མགོ་ ཨྰའའ་་་་་ར་་་་་ར་་་་་་ར་་་་་ད་ང་སྙིང་ལ་ཟེར་རྒྱབས་ནས་ཤི་ས་རེད་ཟེར་ལེ་བཞིན་ བློ་བཟང་སེངྒེ་ལགས་བཀའ་ཁྲིའི་རྒྱལ་ཁ་ཐོབ་ཉིན་ཉེ་རུ་འགྲོ་དུས་ དེར་མི་དགའ་ལེའི་ཕྱོགས་རིགས་ཅན་གྱི་ཟེར་མ་ར་མགོ་ཚང་མར་ཉིན་རེ་ནས་ཉིན་རེར་སྙིང་ལ་ཟེར་ཟུག་ཚ་རུ་ཚ་རུ་རྒྱགས་ཞི་ཡོད་ལེའི་ངུ་འབོད་དེ་གསལ་རུ་གསལ་རུ་དོན་ཡོང་ཞི་བདའ་།
xxxxxxxxxxxxxxxxxxxxxx ༼ཕྱོགས་གཅིག་ནས་བལྟས་པ་ཡིན་ན་ཁ་སང་འདིར་ཤོག་ལབ་དུས་མ་བདེ་བ་ཞིག་བྱུང་། དེང་སང་སྤྱི་ཚོགས་ནང་དུ་སྐད་ཆ་མང་ཐག་ཆོད་ནས། ཁོ་ཚོ་གཅིག་གིས་གཅིག་ལ་ངན་པ་ལག་སྦྲེལ་བྱེད་ཀྱི་འདུག བཀའ་བློན་ཁྲི་ཟུར་ཞིག་གིས་བཀའ་བློན་ཁྲི་ཟུར་ཞིག་ལ་རྒྱབ་སྐྱོར་བྱེད་ཀྱི་འདུག ཁོ་ཚོ་མུ་མཐུད་དབང་འཛིན་པའི་ནང་ལག་བརྡང་སྦྲེལ་ནས་བྱེད་ཀྱི་འདུག་ཅེས་པའི་སྐད་ཆ་དེ་འདྲ་ང་ལ་ཡང་ལབ་མཁན་མང་པོ་བྱུང་། དེར་བརྟེན་མ་བདེ་བ་ཞིག་བྱུང། བསམ་བློ་ཡག་པོ་གཏོང་དུས་དངོས་ཡོད་གནས་ཚུལ་ནི་དངོས་ཡོད་གནས་ཚུལ་རང་རེད། སྐད་ཆ་སྙན་པོ་ཡོད་མེད་གང་ཞིག་སུས་ག་རེ་བཤད་པ་ཡིན་ཡང་འགྱུར་བ་འགྲོ་རྒྱུ་གང་ཡང་ཡོད་མ་རེད། དངོས་ཡོད་གནས་ཚུལ་རེད།༽ ཟེར། ཁ་གཅིག་གི་ནང་ནས་སྐད་ཆ་གཉིས་ཐོན་ན་དཔེ་རེད་པ།
ང་ལ་རེ་འདུན་ཞིག་ཞུ་རྒྱུ་འདུག
ད་སྔར་ང་ཚོའི་སྤྱི་ཚོགས་ཁྲོད་བཀའ་བློན་ཁྲི་བའི་འོས་མིས་བགྲོ་གླེང་བྱས་པའི་གཟུགས་མཐུང་བརྙན་འཕྲིན་དང་ཚེགས་ཤོག་སོགས་ལ་ཡག་པོ་གཟིགས་ཏེ་ད་གཟོད་གླེང་སྟེངས་ཐོགས་ནས་བགྲོ་གླེང་བྱེད་རོགས་ཞུ།
གོ་རྒྱུ་ཚོར་རྒྱུ་ཡོད་པ་ཞིག
སྤྱི་ཚོགས་ལ་ཕན་སེམས་ཀྱི་ཀུན་སློང་དང་བཅས་པ་ཞིག་བཀའ་དྲིན་ཆེ་ཞུ་བ་ལགས
བློ་སེང་ལ་རེ་བ་བྱས་པ་ཡིན། སྔོན་འགྲོ་ཁོ་ལ་བླུགས་པ་ཡིན། བློ་སེང་ཁོས་འུར་བརྒྱགས་གི་འདུག སྐད་ཆ་མང་པོ་ཞིག་ལ་གཞི་འཛིན་ས་མི་འདུག དེའི་ཕྱིར་ངའི་འོས་ཤོག་བཀྲས་མཐོང་ལ་འཕེན་གི་ཡིན།
ང་ཚོའི་བོད་དོན་ཡོངས་ལ་མ་འོངས་པར་བསམ་བློ་གཏོང་ན་བློ་བཟང་སེངྒེ་དེ་རྒྱལ་ན་བསམ་ཡོད། །དེ་མིན་ད་་་་
ཡ་ཁོ་རེ་མ་མཐོང་བའི་དྲ་གྲོགས་རང་བཙན་ལྡེའུ། ཁྱོད་རང་དེང་སང་བོད་མི་དཀྱུས་མ་རྣམས་དང་འདྲ་བ་ལུང་ཚན་དང་ཆོས་ལུགས་ཀྱི་འཐེན་ཁྱེར་གྱིས་བསླད་ནས་གཡམ་རྒྱུགས་དང་གཞན་ཟེར་གྱི་རྗེས་འབྲང་མཁན་ཞིག་མིན་པའི་རེ་བ་ཡོད། ང་ཡི་སྐྱེ་ས་བཤད་ན་བཀྲུས་ན་མ་དག་པའི་ཁམས་པ་ཞིག་ཡིན། ཡིན་ནའང་ང་ཚོ་འདས་ཟིན་པའི་ལོ་རྒྱུས་ལ་ཕྱི་མིག་ཞིག་བལྟས་པ་ཡིན་ན་མི་དགོས་པའི་ཆོལ་ཁ་དང་ཆོས་ལུགས་ཀྱི་རྙོག་དྲ་དེས་བོད་རིགས་སྤྱི་ཡི་ལུགས་གཉིས་ཀྱི་ཐད་ནས་བརྡབ་གསིག་མི་ལ་བཤད་ན་ངོ་ཚ་བ། རང་གིས་བསམ་ན་སྙིང་རླུང་ལངས་པ་ཞིག་བཟོས་ཡོད་པ་ཚང་མས་མཁྱེན་གསལ་རེད། ད་བོད་པ་ཚང་ལ་མི་ཡོད་ན་ཆོས་ལུགས་དང་ཆོལ་ཁའི་འཐེན་ཁྱེར་གྱི་དུག་སྡོང་དེ་བརྩད་ནས་བཅད་མ་ཐུབ་ན་ང་ཚོའི་མདུན་མཆོང་གི་གོམས་ཁ་བཟང་ཕྱོགས་སུ་བསྒྱུར་མི་ཐུབ། དེར་བརྟེན་ངས་བོད་རིགས་ཡོངས་ནས་ང་ཚོའི་ཆོལ་ཁ་ཆོས་ལུགས་ཀྱི་འཐེན་ཁྱེར་ཆེན་པོ་དེ་ཆུང་ཆུང་ལ་བསྒྱུར་ཞིང་ཆུང་ཆུང་རྩ་མེད་གཏོང་བའི་དུས་ཚོད་ལས། རྙོག་དྲ་ཆུང་ཆུང་ཆེན་པོ་དང་ཆེན་པོའི་ནང་འཁྲུག་རྒྱག་པའི་དུས་ཞིག་གཏན་ནས་རེད་མི་འདུག་བསམ་པས་ཐུགས་ལ་བབས་ན་དེ་ནམ་གཞག་རྒྱུན་གཏན་རང་གི་སེམས་ལ་དུང་དུང་གདུང་བའི་སེམས་ལས་ཀྱི་འཕྲོས་དོན་འདྲ་ཞིག་ཁྱེད་ལ་བཤད་པ་ཡིན།
ད་སྐབས་སུ་བབས་པའི་གཏམ། དུས་སུ་བབས་པའི་ཆར་ནི། ངས་ཀྱང་གོང་དུ་འཁོད་པ་ནང་བཞིན་ཕྱོགས་གང་གི་ཐད་ནས་བསམ་བློ་གཏང་ནས་བློ་སེང་ཁོ་རང་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུས་པ་ཡིན། དེ་ནས་ང་ཁོ་རང་གི་སྐད་ཆ་བཤད་སར་མང་པོར་བཅར་ནས་དོགས་བཅོད་བྱས་པ་ཡིན་པ་མ་ཟད་ཁོང་རང་ད་ལྟ་བསྡད་ས་ཨ་རི་བྷོ་སི་ཏྲོན་རེད། ང་དེ་ལ་ཆེད་དུ་སོང་ནས་ཁོ་རང་ཞིབ་འཇུག་དྲང་པོ་བྱས་པ་ཡིན་བྷོ་སི་ཏྲོན་ལ་ཁྱོན་སྡོམ་བོད་རིགས་བདུན་བརྒྱ་མ་ཟིན་ཙམ་ཡོད་རྒྱུ་རེད་ཁོ་རང་ལ་ས་གནས་དེའི་མི་མང་བརྒྱ་ཆ་བརྒྱད་བཅུ་ལས་ཁོ་རང་ལ་རྒྱབ་སྐྱོར་མི་འདུག་མི་མང་པོ་ཞིག་ནས་ཁོ་རང་ལ་མི་མགོ་བདེ་བོ་ཅན་ཞིག་དང་མི་མ་རབས་ཞིག་ལ་ངོས་འཛིན་བྱེད་ཀྱི་འདུག དེ་ཙམ་གྱིས་མ་ཚིམས་ནས་ཁོ་རང་གི་སྐད་ཆ་བཤད་སར་མང་པོར་བཅར་བ་ཡིན་དེང་སང་ང་ཁོ་ལ་ཞེན་པ་རྟིང་ནས་ལོགས་སོང་། གང་ཡིན་ཟེར་ན་ཁོ་རང་ལ་རྩ་བའི་ལངས་ཕྱོགས་ལ་གཏན་པོ་ཞིག་ངས་མཐོང་མ་སོང་། ཁོ་རང་བཀའ་བློན་ལ་ལངས་ཡ་དེ་ཁོ་རང་གི་མཚན་སྙན་དང་ཁོ་རང་གི་ཁེ་གསང་གི་ཆེད་དུ་ལས་བོད་མི་རིགས་ཀྱི་ལ་རྒྱ་དང་ཤ་ཞེན་ཕལ་ཆེར་མིན་པ་འདྲ། ཁོ་སྤྱི་ཚོགས་རེ་རེའི་ནང་ལ་སླེབས་དུས་སྐད་ཆ་རེ་བཤད་ཀྱི་འདུག དཔེར་ན་རང་བཙན་དང་གཞོན་ནུའི་མདུན་དུ་རང་བཙན་དང་། རྡ་སའི་ས་གནས་དང་མི་མང་གི་མདུན་དུ་དབུ་མའི་ལམ་ཞེས་གང་ལྟར་ཀྱང་ཁོ་རང་ལངས་ཕྱོགས་གཏན་པོ་ཞིག་མེད་པ་མ་ཟད་མི་དེའི་ཀུན་སློང་ཁྱེར་སྟངས་དང་སྡུག་ན་ཁོ་རང་གི་རྒྱབ་ལྗོངས་ལ་སུ་ཡོད་པ་ད་དུང་བརྩད་བཅད་ན་དོགས་པ་འདུག དཔེར་ན་སྐུ་ངོ་བློ་བཟང་སྦྱིན་པ་ལགས་དང་པོ་ཁོ་རང་ལ་འདོད་པ་ཡོད་མེད་ལ་མ་གཏོས་པར་ཁོ་རང་གི་གྲོགས་པོ་དང་ལ་རྒྱ་ཤེས་ཡོན་ཅན་མང་པོ་ཞིག་ནས་སྔོན་འགྲོའི་འོས་ཤོག་ནང་ཞུགས་དགོས་བྱུང་བ་རེད། ཡིན་ནའང་ཁ་སང་གསལ་སྒྲགས་ཤིག་ནང་ཁོ་རང་དངོས་གཞིའི་འོས་ཤོག་ནང་ཞུགས་ཀྱི་མིན་གསུངས་འདུག མི་ཞུགས་པའི་རྒྱུ་མཚན་ཞིག་གསུང་འདུག་དེ་ལ་ལྟས་ན་ཁོང་དངོས་གནས་བོད་གཞི་བྱེས་གཉིས་ལ་ལྷག་བསམ་ཡོད་མཁན་ཞིག་ལས་ཁོ་རང་གི་མཚན་སྙན་དང་ཁེ་གསང་གི་ཆེད་དུ་མིན་པ་གསལ་པོ་རེད་འདུག གང་ལྟར་ད་དུང་ང་ཚོ་ལ་བསམ་བློ་གཏང་བའི་དུས་ཚོད་ཞིག་ཡོད་པ་འདིར་རི་བོང་ཅར་འདྲོགས་ཀྱི་དཔེ་རུ་དང་། ང་ལོ་ཆུང་ཡིན་བློ་སེང་ལ་རྒྱབ་སྐྱོར་ཡོད་དང་། ང་རྒན་པོ་ཡིན་བཀྲས་མཐོང་ལ་རྒྱབ་སྐྱོར་ཡོད་ཟེར་ནས་རིན་ཐང་གསེར་ལས་དཀོན་པའི་དམངས་གཙོའི་ལམ་ཡག་པོ་ཞིག་དང་༧གོང་ས་མཆོག་ཞལ་བཞུགས་དུས་བསྐལ་བཟང་པོ་འདི་རྣམས་ཕྲོག་རླག་ཏུ་མ་སོང་བར་ཧ་ཅང་ནས་ཀྱང་གལ་ཆེ་སྙམ། ང་རང་གི་ངོས་ནས་བྱས་ན་ཡོངས་རྒྱུའི་དཀའ་བློན་ཁྲི་བ་སུ་གང་ལའང་གནས་སྐབས་ཇ་ཡུན་ཙམ་འབྲེལ་བ་མེད་འོན་ཀྱང་དྲ་རྒྱའི་བརྒྱུད་རིམས་དང་གསར་ཤོག་ཁག་ནས་གནས་ཚུལ་རྒྱུས་ལོན་བྱེད་ཀྱི་ཡོད།
ཡང་སྐྱར་ཞུ་ཆོག
དོན་མེད་སེམས་ཁམས་མི་འཁྲུག་པའི་སྨོན་ལམ་བཅས།
xxxxxxxxxxxxxxxxx
ཀླད་སྟོང་དྲ་འབུའི་སིར་སིར་སྐད་སྒྲ་དེ།།
དཔྱོད་ལྡན་མི་བུའི་རྣ་བ་ལ་ཨེ་ཐད་ལེ།།
བོད་ཡིག་དྲ་རྒྱར་དོ་སྣང་མི་བྱེད་པའི།།
སྡུག་བསྔལ་འདི་ཡི་ཀུན་འབྱུང་འདི་རང་རེད།།
ཀརྨ་ཡེ་ཤེས་ནས་ཞིབ་འཇུག་ཨོ་ཙམ་བྱས་འདུག ཡག་པོ་དང་འཇམ་པོ་བཤད་ན་མི་སྣང་བ་འགྲོ་བ། འོན་ཀྱང་ཕྱོགས་ལྷུང་ཆེ་དྲགས་པའི་ཚོར་གཏེར་གྱིན། སོང་ཙང་བཤད་ཀྱང་ཕན་ཐོགས་ཡོང་དཀའ། ཨབ་སོབ་ཀྱིས་སྣེ་གཅིག་ཤེས་མཁན་དེ་རེད་མི་འདུག ཨབ་སོབ་རང་རེད།
བོད་ལ་དགའ་བ་དང་མ་འོངས་པར་བསམ་བློ་གཏོང་ན་བློ་བཟང་སེངྒེ་ལ་འོས་བླུག་
གསེར་མཛོད་ཐོགས་མེད་བློ་བཟང་སེང་གིས་དམིགས་ཡུལ་ཅིག་སྒྲིལ་མ་རེད་ཁོང་གི་དམིགས་ཡུལ་ནི་དཔུང་ཁག་བསྒྲིགས་མཁན་ཞིག་རེད།
ཁྱེད་ཚོས་དྲ་རྒྱ་འདིར་འབྲེལ་དང།
http://www.khabdha.org/?p=13559
མཁས་དབང་བློ་བཟང་སེངྒེ་མཆོག་ལ་བཀྲིས་བདེ་ལེགས་ བོད་རྒྱལ་ལོ
དུས་ཚོད་འདི་སྐབས་སུ་བཀའ་ཁྲིའི་འོས་མི་སུས་ཀྱང་གང་ཞིང་མི་མང་གི་མདུན་དུ་གང་འབོར་འདོད་པ་དང་། གསུང་འདོད་པ་དང་། གང་དང་གང་ཞིག་བྱ་འདོད་པ་རྣམས་དུས་དང་མཐུན་པའི་བརྡ་འཕྲིན་འདི་རིགས་སྤྱད་ནས་རང་གི་དགོས་འདུན་བསྒྲུབ་ཐབས་བྱ་བའི་ལས་འགུལ་འདི་ལ་བསྔགས་བརྗོད་ཡོད།
ད་ལྟའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་ཡོང་སྟངས་དེ་ཡང་བོད་མི་ཨ་རི་དང་ཡོ་རོབ་སོགས་དང་འདྲ་བ་ཞིག་བྱུང་ན་དགེ་མཚན་ཆེ་བ་ཞིག་ཡོང་ངེས། མི་འབོར་གྱི་ཚད་གཞི་དང་བསྟུན་པའི་འཐུས་མི་ཕེབས་ཐུབ་པ་དང་། དམིགས་བསལ་མི་མང་གི་འཐུས་མི་དེ་བཞིན་གཞི་རིམ་མི་མང་གི་འཁྲོད་ནས་སྐྱེས་པ་དང་། འཚར་ལོངས་དང་གོང་འཕེལ་བྱུང་བའི་མི་ཞིག་གྲོས་ཚོགས་སུ་སླེབས་ན། དངོས་ཡོད་ཀྱི་གནས་ཚུལ་ངོ་མ་དེར་འཁྱོལ་བས་དགེ་མཚན་དུ་མ་ཡོད་ན། མ་འོངས་ང་ཚོས་འདི་ཕྱོགས་ཀྱི་གནད་དོན་ལའང་། ཡང་བསྐྱར་ཨུ་ཚུགས་གསར་པ་ཞིག་བརྒྱག་དགོས་པར་འདུག
གངས་ལྷར་རྒྱབ་སྐྱོར་བྱེད་དཀའ་ཙམ་འདུག་ཀྱང་། གངས་ལྷས་རྒྱབ་སྐྱོར་གནང་སྟངས་ལ་ང་དགའ་སོང་། དམངས་གཙོའི་སྨྲ་བརྗོད་རང་དབང་ཟེར་ན་འདི་འདྲ་ཞིག་ལ་གོ་དགོས་འདུག དགེའོ། དགེའོ།
མཁས་དབང་བློ་བཟང་སེང་གེར་རྒྱབ་སྐྱོར་གནང་མཁན་དང་པོ་བློ་བཟང་དབང་རྒྱལ་ཡིན་ལེ་མ་རེད་
མཁས་དབང་བློ་བཟང་སེང་གེར་རྒྱབ་སྐྱོར་གནང་མཁན་ཨང་དང་པོ་ནས་ཉི་ཤུ་རྩ་དྲུག་བར་ ཐུབ་བསྟན་བསམ་འགྲུབ་ལགས་ནས་བཟོས་པའི་༢༠༡༡ལོའི་བཀའ་བློན་ཁྲི་པའི་དྲ་རྒྱའི་ནང་བློ་སེང་ལགས་བཀའ་ཁྲིའི་འོས་ཞིར་ཐོག་མར་འདོན་ཁན་དེ་དང་དེར་རྒྱབ་སྐྱོར་བྱེད་ཁན་མི་༢༥ དེ་དག་རེད་ བློ་བཟང་དབང་རྒྱལ་རྗེས་རྗེས་ཀྱི་རྒྱབ་སྐྱོར་བ་ཞིག་ཡིན་འགྲོ་།
མཁས་དབང་བློ་བཟང་དབང་རྒྱལ་གྱིས་མཁས་དབང་བློ་བཟང་སེང་གེ་བཀའ་ཁྲིར་རྒྱབ་སྐྱོར་གནང་བ་དེ་ནི། ཡོངས་གྲགས་རྒྱབ་སྐྱོར་གནང་མཁན་དང་པོ་རེད། ཁོང་གིས་བོད་ཀྱི་མཛངས་མའི་འགྲན་བསྡུར་གྱི་སྡིངས་ཆའི་སྒང་ནས་ཐོག་དང་པོར་རྒྱབ་སྐྱོར་གནང་བ་རེད། དེ་དུས་བཀའ་ཁྲིའི་དྲ་རྒྱའི་སྒང་ལ་མཁས་དབང་ཆེན་པོ་བློ་བཟང་སེང་གེ་མཆོག་གི་མཚན་སླེབས་ཡོད་མ་རེད
i have no words to say about him.if he will win i will give all my support with him.because for our future in tibet people.
xxxxxxxxxxxxxxxxxxxxx
རྡོ་རྗེ་ལགས་ཀྱིས་གསུངས་པ་འགྲིག་ཤག གངས་ལྷའི་ཁ་སྒོ་ལ་ཐེམ་པ་མི་འདུག ཐེམ་པ་དེ་ཕལ་ཆེར་ཁོ་རང་གིས་བཤད་པའི་གོང་གི་མི་དེ་ཚོས་གཏོར་བ་ཐག་ཆོད། དེ་ལྟར་མིན་ན་སྐད་ཆ་ཤོད་དུས་མཚམས་དང་ཚིགས་དགོས། འདས་པའི་རྗེས་མ་གཅོད་ཅེས་པ་བཀའ་གདམས་གོང་མའི་མན་ངག་རེད། ཁོ་ཚོ་གང་ཡིན་ཀྱང་གཏམ་ངན་རོ་ལངས་རྒྱག་ཏུ་འཇུག་རྒྱུ་མེད། དེ་ལྟར་བྱས་ན་ཕན་མེད་གནོད་སྐྱེལ་དུ་འགྱུར་རོ། །
ཁོ་རེ་ཨ་རོགས་གངས་ལྷ། ཁྱོད་ཀྱི་ཁ་ལ་ངོ་མ་ཐེམ་པ་མེད་ཀི། གཏམ་ཆོ་མེད་ཤ་སྟག་མ་ཤོད། ཁྱོད་ཉམས་ཆུང་ནུས་མེད་ཡིན་པས། བཀྲས་མཐོང་ཕམ་པར་རྒྱག་པའི་བློ་ཁོག་མེད་ལ། སྐུ་དྲག་ཕམ་པར་རྒྱག་པའི་སྟོབས་ཤུགས་དེ་བས་ཀྱང་མེད། ཁྱོད་ཀྱིས་མི་རབས་རྙིང་པ་ཕམ་པར་རྒྱག་པའི་ཁོངས་སུ་ཁྱེད་རང་གི་ཕ་མ་གཉིས་ཀྱང་ཚུད་འདུག་པས། དོན་ལ་ཁྱེད་རང་གིས་རང་གི་ཕ་མ་རྒན་རྒྱོན་ཡང་ཕམ་པར་བརྒྱབ་འདུག ད་དུང་མི་རབས་རྙིང་པ་ཕམ་པར་རྒྱག་དགོས་ན་ཁྱོད་ཀྱིས་ཁོ་ཚོ་ཕམ་པར་རྒྱོབས། ད་བསམ་བློ་ཐོངས་སོང་ངམ།
ཡ་དྲ་གྲོགས་རང་བཙན་ལྡེའུ།
འཇིག་རྟེན་གནའ་མིའི་གཏམ་དཔེ་རུ། གཏམ་ལ་གཏམ་ལེན་མེད་ན་ལྐུགས་པ་ཡིན། དྲིན་ལ་ལན་འཇལ་མེད་ན་སྨྱོན་པ་ཡིན་ཟེར་བའི་དཔེ་ལྟར། ཁྱོད་རང་ངོ་མ་བདེན་པ་རེད་བརྒྱ་ཆ་བརྒྱ་ཡི་ནང་བརྒྱད་བཅུའི་རྒྱབ་སྐྱོར་ཡོད་པ་དེ་ཧ་ཅང་ཚད་མཐོ་བོ་རེད། ངས་མཛུབ་གཞོང་མནན་སྟངས་ནོར་བ་རེད། ངས་ཟེར་ན་མི་བརྒྱ་ཆ་བརྒྱ་ཡི་ནང་ནས་བརྒྱ་ཆ་བརྒྱད་བཅུའི་ཁོ་རང་ལ་རྒྱབ་སྐྱོར་བྱེད་ཀྱི་མི་འདུག་ཞུས་པ་ཡིན། ལར་ནི་ང་རང་གཉིས་སྒེར་ལ་འཁོན་འགྲས་གང་ཡང་མེད་པས་གསུང་སྐད་ལྷོད་བྱས་ནས་སྐྱོན་དང་ཕ་བཟང་བུ། ཁྱོད་རང་གི་ཚིག་གི་འགྲོས་ལ་ལྟས་ན་ཁམས་རིགས་ཤིག་རེད་འདུག ས་པཎ་གྱི་ལེགས་བཤད་ལས།
བློ་ཆུང་སེམས་ལ་འཁོན་འཛིན་ཅན།
གནོད་པ་ལས་ཀྱང་རྣམ་འགྱུར་སྔ།
ཁྱི་ངན་དགྲ་བོ་མཐོང་བས་ན།
རྨུག་པའི་ཐོག་མར་ཀུ་ཅོ་འདོན།
ཞེས་གསུངས་པ་ལྟར་དུ་མ་སོང་བར་གལ་ཆེའོ། ང་རང་སྒེར་གྱི་ངོས་ནས་བཤད་ན་ད་ལྟའི་ཡོང་བཞིན་པའི་བཀའ་བློན་གསུམ་པོ་སུ་བཀའ་ཁྲིར་ཐོབ་ཁྱད་པར་གང་ཡང་མེད། xxxxxxxxxxxxxxxxxxxxxxxxཐུགས་ཕན་གསོས་ན་མུ་མཐུད་ནས་ཞུ་ཆོག
དྲ་གྲོགས་ཚོས་དོན་མེད་ཚིག་སྨྲ་བ་དང་དམོད་ཚིག་བོར་བ།
ཀླན་ཀ་འཚོལ་བ་སོགས་ཀྱི་མཆན་མ་འདེབས་རོགས།
མཆན་དེའི་རིགས་དང་མཆན་རྒྱག་མཁན་གཉིས་ཀ་ང་ཚོས་འགོག་བཞིན་ཡོད།
གངས་ལྷ་སོགས་ཁ་ཤས་ཤིག་གནས་སྐབས་རིང་བཀག་ཡོད།
ཁ་བརྡ་རྩོམ་སྒྲིག་པས།
khabdha@gmail.com
http://www.khabdha.org
ངས་བཀྲ་རྡོར་ལ་བཀའ་དྲིན་ཆེ་ཞུ།
དྷ་སར་བགྲོ་གླེང་འཚོགས་སྐབས་བློ་བཟང་སེང་གེ་ལགས་ཀྱིས།
ཆོལ་ཁ་དང་ཆོས་ལུགས་དབྱེ་འབྱེད་མེད་པར་གཅིག་ཏུ་སྒྲིལ་དགོས་པའི་ལྟ་བ།
གལ་ཆེན་ཤོས་ལ་བརྩིས་ཏེ་གཞི་རྩའི་ལྟ་གྲུབ་གསུམ་གྱི་ཐོག་མར་བགྲང་ཡོད།
འོན་ཀྱང་ལི་ཐང་གི་བརྟན་བཞུགས་འབུལ་བའི་སྐབས་ཁོང་གིས།
འདིར་དཔུང་སྒྲིག་པ་སླེབས་པ་ཡིིན་ཞེས་གསུངས་པ་དངོས་ནས་ཡ་མཚན་པོ་གཅིག་རེད་ལ་ཞེད་སྣང་ཀྱང་ཚ་བོ་ཞིག་རེད།
གོང་དུ་ཀརྨ་ཡེ་ཤེས་ལགས་ཀྱིས།
ཁོ་རང་ལ་རྩ་བའི་ལངས་ཕྱོགས་གཏན་པོ་ཞིག་ངས་མཐོང་མ་སོང་ཞེས་པ་གནད་དོན་གཅིག་འཛིན་ཐུབ་འདུག་བསམ་བྱུང་།
སླར་ཡང་རྣམ་གཉིས་ཆར་བཀའ་དྲིན་ཆེ་ཞུ།
དྲང་པོ་བཤད་དགོས་རེད།
ངས་ཐོག་མ་ནས་ད་བར་བློ་ཟབང་སེང་གེ་ལ་བརྒྱབ་སྐྱོར་དང་གྲོགས་པོ་ཚོ་དང་མཉམ་དུ་ནམ་འཛོམས་སྐབས་བློ་བཟང་སེང་གེ་ལགས་ཀྱི་ལེགས་པའི་ཁྱོད་ཆོས་རྣམ་བཤད་ཀྱིན་ཡོད།
གླེང་སྟེགས་འདིའི་སྟེང་འཛིསམ་མཁན་རྣམ་པའི་དངོས་ནས་དུས་ཚོད་གང་ཡོད་ལ་ཐེངས་འདི་བཀའ་ཁྲིའི་འོས་མི་རྣམ་པས་གསུངས་རེ་རེ་ལ་ཞུབ་འཇུག་དང་ཚིག་གི་སྔ་ཕྱི་བསྒྲིག་སྟེ་དཔྱད་བརྡུར་བྱས་ན་བོད་སྤྱི་ལ་ཕན་ཐོགས་ཡོངས་ངེས་རེད་བསམ་གྱིན་འདུག
ཡ་དྲ་གྲོགས་གསེར་མཛོད་ལགས།
ངོ་མ་རེད་ཡ་དེང་སང་ང་ཚོའི་བོད་པའི་གོམས་གཤིས་དེ་གཞན་བསྟེན་རིང་ལུགས་རང་རེད། རང་ཉིད་ལ་ཐོབ་ཐང་ལྷན་སྐྱེས་སུ་ཡོད་པའི་སོ་སོའི་རྣམ་དཔྱོད་དང་རིག་རྩལ་བེད་སྤྱོད་གཏན་ནས་གཏོང་ཤེས་ཀྱི་མི་འདུག བླུན་པོ་ཆུ་སྣ་གར་ཁྲིད་གཞན་ཟེར་རྗེས་འཇུག་མཁན་རྣམས་སྐུ་མཁྱེན་གཟབ་གཟབ་གནང་རོག
དེང་སང་བོད་པའི་སྤྱི་ཚོགས་འདི་མགོ་བདེ་དྲན་འཁྲུལ་ཅན་ངོ་ཕོད་གདོང་བཙན་ཅན་རྣམས་ཀྱིས་ཁེ་སང་ལེན་སའི་གར་སྟེགས་འདྲ་ཞིག་ངོས་ནས་མཐོང་གི་འདུག ད་ལྟ་ང་ཚོ་ལ་བོད་ཀྱི་གཏམ་དཔེར་མི་ལ་ངོམ་རྒྱུ་གདོང་དང་། ཁྱི་ལ་ངོམ་རྒྱུ་ཉྭ་ཞེས་པ་ལྟར་གཞན་ལ་མེད་པའི་དབུ་ཁྲིད་བླ་ན་མེད་པ་ཞིག་དང་། དེས་ཐུགས་རྗེའི་སྐུ་དྲིན་ཉག་གཅིག་ལ་བསྟེན་ནས་འཛམ་གླིང་རྒྱལ་གཅེས་ཐོག་ནས་ཉིན་བཞིན་རྒྱབ་སྐྱོར་བྱེད་མཁན་ཇེ་མང་དང་། ལྷག་པར་གཞིས་ལུས་རྒྱལ་གཅེས་མི་མང་རྣམས་ཀྱི་སེམས་ཤུགས་དང་མངོན་འདོད། མ་ཟད་རྒྱ་ནག་ནང་ཁུལ་ནས་ད་ལྟའི་དམར་པོའི་གཞུང་འདི་མིག་ནང་གི་ལིང་ཐོག་དང་། སོ་ནང་གི་སྲིན་བུ་ཞེས་པའི་དཔེ་ལྟར་དུ་གྱུར་ནས་རྒྱ་ནག་དམར་པོའི་སྲིད་འཛིན་རྣམས་ཉིན་ཟླས་མ་འཁྱོངས་བའི་དུས་ཚོད་འདིར་མི་རིང་ང་ཚོའི་སྙིང་ལ་གནག་པའི་རེ་འབྲས་གཅིག་པུ་དེ་ཉིད་ཀྱང་གོ་སྐབས་འདི་རྣམས་བརྒྱུད་ནས་མི་འགྲུབ་པའི་ངེས་པ་གཏན་ནས་མི་འདུག
འོན་ཀྱང་༧གོང་ས་མཆོག་ནས་གྲ་སྒྲིག་སྡུག་ས་ནས་གྱིས། གསུངས་པ་ལྟར་དེ་འདྲ་ཡོངས་བར་བྱེད་པ་ལ་ཨ་ལེ་ད་ལྟའི་ང་ཚོའི་ལག་ཏུ་ཡོད་པའི་བཙན་བྱོལ་བོད་གཞུང་འདི་ཉིད་ཚགས་ཚུད་པོ་ཞིག་མ་བྱུང་ན་ངས་རྟེན་འབྲེལ་ངན་པ་སྒྲིག་ལེ་མིན་ཏེ་༧གོང་ས་མཆོག་གི་དགུང་ལོའི་བབས་དང་། བོད་ཀྱི་མིང་གཟུགས་ཁུར་ནས་བསྟན་དགྲ་རྒྱ་དམར་གྱི་རྣམ་ཤེས་ཁོག་ཏུ་ཞུགས་མཁན་སྐབས་འཚོལ་རིང་ལུགས་པའི་མི་ངན་ཁ་ཤས་ཞིག་ནས་བོད་ཀྱི་གཏམ་དཔེར། ཨ་བྲས་བསགས་བསགས་མཛོ་ཕོས་ཁམ་གང་གི་ངན་ཇུས་ཀྱི་དབང་དུ་མི་འགྲོ་བའི་ངེས་པ་མི་འདུག་པས་ཚང་མས་གཟབ་གཟབ་གནང་རོག
སྐུ་ཞབས་ཁ་རུ་ཁ་ཐུག་ལགས། བློ་སེང་གི་རྒྱབ་སྐྱོར་པ་ཚང་མ་དེ་རབས་ཀྱི་སློབ་སྦྱོང་ཡོད་པ་དང་། ཀླད་པ་ཡོད་པ་རྐྱང་རྐྱང་ཡིན་ས་རེད། དམིགས་བསལ་ཁྱོད་རང་གི་ཀླད་པ་འགྲོ་བ་མི་ཞིག་གི་ཀླད་པ་ཨེ་ཡིན་ནམ། མི་ལ་ཁྱི་དང་། རྣ་བ་ཨུབ་ལ་གཏུགས་ནས་ཉོལ་ཟེར་པ་སོགས་འགྲོ་བ་མིའི་རིགས་ཀྱི་བཟང་སྤྱོད་ལས་འགལ་བའི་མ་རབས་ཀྱི་སྐད་ཆ་ཤོད་སྟངས་ལ་བལྟས་ན་ཁྱེད་རང་བློ་སེང་གི་རྒྱབ་སྐྱོར་བ་ཡིན་ནམ་བློ་སེང་གི་ཞབས་ནས་འཐེན་མཁན་ཡིན། བློ་སེང་གི་རྒྱབ་སྐྱོར་བའི་ནང་དུ་དེངས་རབས་ཀྱི་ཀླད་པ་ལ་ཡོད་པ་མང་པོ་ཡོད་ཀྱང་ཁྱོད་རང་དེངས་རབས་ཀྱི་ཀླད་པ་དང་བཟང་སྤྱོད་ཀྱི་ཀླད་པས་སྟོང་པ་ཡིན་པ་གསལ་པོ་རེད། ངས་དེངས་རབས་ཀྱི་ཀླད་པ་ཡོད་པའི་་མི་མང་པོ་ཐུག་མྱོང་ཡོད་དེ། མ་རབས་ཀྱི་སྐད་ཆ་ཤོད་མཁན་དེ་འདྲ་མཐོང་མ་མྱོང་། ཁྱེད་རང་བློ་སེང་ལ་རྒྱབ་སྐྱོར་ཡོད་ན་ཉུང་མཐར་ཡང་བོད་རིགས་ཀྱི་་བཟང་སྤྱོད་དང་ལྡན་པ་ཞིག་དགོས། ངས་འཛམ་གླིང་རྒྱལ་ཁབ་མང་པོའི་འོས་བསྡུ་བྱེད་པ་མཐོང་མྱོང་ཡང་། སོ་སོ་དང་ལྟ་བ་མི་མཐུན་པའི་མི་ལ་ཁྱི་ཞེས་ངན་སྨྲས་བྱེད་མཁན་ཁྱེད་རང་མིན་པའི་མཐོང་མྱོང་མེད། ཁྱེད་རང་ཁ་རུ་ཁ་ཐུག་ཅིག་མིན་པར་ཕྱོགས་ཞེན་གྱི་ཀླད་ནན་འཕོགས་པ་ཞིག་རེད།
བོད་པའི་རེ་བ་མི་གཅིག་ལ་བཅོལ་ན་དེ་ལས་ཆག་སྒོ་ཆེ་བ་མེད་ལ། སྐུབ་སྟེག་སྟེང་དུ་འཛེགས་མ་ཐག་སྐུ་སེམས་ལ་འགྱུར་བ་ཐེབས་མིན་སུས་ཀྱང་ཐག་གཅོད་ཐབས་དཀའ། མཐུན་སྒྲིལ་དང་ཞི་བདེ་ཁ་འབོད་ལ་ལེགས་ཀྱང་རང་འདོད་གཏན་ནས་མ་སྤང་བར་འགྲུབ་རྒྱུ་ཡིན་ཚོད་མི་གདའ། འོན་ཀྱང་འབད་པ་རེ་བྱེད་ལོས་དགོས། ད་ལྟའི་དུས་ཚོད་འདིར་ཆོལ་ཁ་དང་། ཆོས་ལུགས། ལུང་ཚན་སོགས་ལ་ཞེན་འགོག་བྱེད་རྒྱུའི་དུས་ཚོད་མིན་པ་བདེན་ནའང་། ལས་ཀ་འགྱོན་པོ་ཞིག་ཡོད་ན་ཁ་ཚ་དགོས་གཏུག་གི་གནད་དོན་ཐག་གཅོད་དགོས་པ། གྲོས་ཚོགས་ནང་གི་ཆོལ་ཀའི་རྒྱབ་ལང་དང་གཅིག ཆོས་ལུགས་གི་ཀརྨ་པ་གཉིས་ཀྱི་གནད་དོན་དང་གཉིས། གྲུབ་མཐའི་སྐོར་ཀྱི་ཇོ་ནང་པའི་ངོས་ལེན་དང་གསུམ། ཆབ་སྲིད་སྐོར་ཀྱི་རྒྱ་གཞུང་གིས་བོད་ཡིག་བཀག་རྒྱ་ལས་གྲོལ་ཐབས་དང་བཞི། ལོ་བཅུའི་ནང དུ་བོད་རིགས་ཀྱི་མི་འབོར་བརྒྱ་ཆ་ལྔ་འཕར་ཐབས་དང་ལྔ། བོད་གཞུང་གི་སྒྲིགས་གཞི་རྒྱལ་བ་རིན་པོ་ཆེའི་རྒན་ཡོལ་དང་ཆབ་ཅིག་ཕེབས་མི་འགྲོ་བ་དང་དྲུག་པོ་དོ་སྣང་དང་ཐག་གཅོད་མྱུར་མོ་གནང་ཐུབ་མཁན་དེ་ལ་རྒྱབ་སྐོར་ཞུ། །
ང་ཚོས་བགྲོ་གླེང་བྱེད་པའི་དམིགས་ཡུལ་་ནི་བཀའ་ཁྲིའི་འོས་མི་ཚང་མའི་འདས་པའི་ལོ་རྒྱུས་དང་། ད་ལྟའི་གནས་སྟངས་མ་འོངས་པའི་གནང་འཆར་ཚང་མ་རྒྱུས་ལོན་གྱིས་མ་འོང་བའི་བཀའ་ཁྲི་དེ་བོད་མི་ས་ཡ་དྲུག་གི་བདེ་དོན་ཆེད་ལས་ཀ་བྱེད་ཐུབ་མཁན་ཞིག་བྱུང་ན་བསམ་པའི་ཆེད་བྱ་གི་ཡོད་ཀྱང་། བཀའ་ཁྲིའི་འོས་མི་བྱེ་བྲག་པ་ཞིག་གི་ཐོག་་ལ་དོག་སློང་བྱས་པ་ཙམ་གྱིས་ཁྱི་དང་། མི་མ་རེད། ཁྱོད་ལ་འཇུས་ཏོག་གང་ཡོད་སོགས་སེམས་ལ་གང་དྲན་ཤོད་ཀྱི་འདུག་པར་དེ་དྲང་པོ་ཡིན་ནམ། འཛམ་གླིང་རྒྱལ་ཁབ་གཞན་གྱི་སེར་བློན་འདེམས་སྐབས་མི་དེའི་ལོ་རྒྱུས་ཆ་ཚང་ལ་ཉམས་ཞིབ་བྱེད་ཀྱི་འདུག
xxxxxxxxxxxxxxxxxxxxxxx
རང་བཙན་ལྡེའུ། ཁྱེད་ཀྱིས་ཁམས་པའི་མི་དྲང་པོ་ཡིན་པ་འདྲ་ཞིག་བཤད་འདུག འོན་ཀྱང་དོན་དངོས་དེ་ལས་ལྡོག་ཡོད། དེ་འདྲ་ཡིན་ན་ཁྱེད་ལ་དྲི་བ་ཞིག་ཞིག་ཡོད། དཔེར་ན་སྐུ་ངོ་འཇུ་ཆེན་ལྟ་བུ་རེད། རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་དང་བོད་མི་མང་གིས་ཡིད་ཆེས་བློ་འགེལ་གྱིས་བཀའ་ཁྲིར་བཀོད། བོད་རྒྱལ་ཞི་མོལ་གྱི་དམིགས་བསལ་སྐུ་ཚབ་ཏུ་བཏང་བ་སོགས་མི་འདི་ལ་དམིགས་བསལ་གྱི་གཟིགས་རྟོག་མ་ཐོབ་པ་གཅིག་ཀྱང་མེད་མོད། མཐའ་མ་ཁོ་རང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་མདོ་སྟོད་མི་མང་ཉུང་ཤས་བེད་ལོག་བཏང་སྟེ་ཆོལ་ཁར་ཁ་གཡར་ནས་སྒེར་གྱི་མིང་གྲགས་སོགས་ཆེད་བོད་པའི་སྤྱི་ཚོགས་ནང་དཀྲུགས་ཤིང་ག་ཚོད་བཟོ་གི་མི་འདུག་གམ། མཐའ་ན་༧རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་ལ་ཟུར་ཙམ་མ་གླེང་བར་ཨ་ཐར་འདས་པོ་བེད་སྤྱད་ནས་ཐེ་ཝན་དང་ཆུ་སྒང་བར་བོད་སྤྱིའི་རྩ་དོན་གསང་གྲོས་བཞག་པ་མ་ཟད། གྲོས་ཆོད་བཞག་པ་དེའང་ཁྲིམས་མཐུན་ཡིན་ལུགས་དང་ཚོགས་པ་སྒེར་སོ་སོར་ཡང་བོད་སྤྱིའི་རྩ་དོན་ཐག་གཅོད་ཀྱི་དབང་ཚད་ཡོད་པ་དང་། ངེས་པར་བོད་གཞུང་ལ་བཀའ་འདྲི་ཞུ་དགོས་མེད་རབས་ཧམ་བཤད་བྱས་ནས་ཁྲམ་པ་མགོ་བདེ་ག་ཚོད་འཁྲབ་མ་སོང་ངམ། ཕྱིས་སུ་༢༠༠༨ལོར་བཀའ་ཤག་གིས་བོད་རྒྱ་ཞི་འགྲིག་ཐད་རྒྱ་ནག་རྩ་ཁྲིམས་འོག་ཆོལ་གསུམ་བོད་མི་གཅིག་སྒྲིལ་གྱི་རང་སྐྱོང་དགོས་འདུན་གྱི་ཡིག་ཆ་དེར། འཇུ་ཆེན་གྱིས་གྲོས་ཚོགས་སུ་མ་བསྟན་པའི་ཡིག་ཆ་ཟེར་ནས་སྤྱི་ཚོགས་ནང་རྙོག་དྲ་བཟོ་རྒྱུའི་གཡོ་ཇུས་ག་ཚོད་བཏིང་སོང་། དོན་དངོས་ཐོག་འཇུ་ཆེན་གྱིས་དེ་སྔོན་བོད་གཞུང་ལ་མ་བཤད་པར་བོད་སོག་ལས་ཁུངས་མཉམ་གྲོས་ཆོད་བཞག་བཅུག་པ་དེ་འགྲིག་པ་རེད་དམ། ཡང་ན་སྔར་ལོ་འཇུ་ཆེན་གྱིས་གྲོས་ཚོགས་སམ་མ་བསྟན་པའི་ཡིག་ཆ་ཞེས་རྙོག་དྲ་བཟོས་པ་མ་ཟད། བོད་གཞུང་ལ་མ་བཤད་པར་ཐ་ན་བཀའ་ཤག་ལའང་བོད་དོན་ཐོག་གྲོས་ཆོད་འཇོག་རྒྱུའི་དབང་ཚད་མེད་ཟེར་བ་བདེན་པ་རེད་དམ། ཁ་གཅིག་གི་ནང་ན་ལྕེ་གཉིས་ཡོད་པ་མ་རེད་དམ།
མི་ངན་འདི་འདྲའི་བྱེད་སྤྱོད་དྲན་ནས་ཁམས་པར་ཡིད་ཆེས་བྱེད་ཁག་པོ་རེད། བློ་བཟང་སེང་གེར་ཡང་ཡིད་ཆེས་བྱས་ནས་བཀའ་ཁྲིར་སླེབས་ན་མཐའ་མ་ཁྲམ་པ་འཁྲབ་ཀི་རེད་བསམ་པས་ཁོ་ལ་ཡིད་ཆེས་བློ་འགེལ་བྱེད་མི་ཐུབ་མཁན་མང་པོ་ཡོང་གི་ཡོད་རེད། དེའི་ཕྱིར་མི་ཚང་མས་སེམས་ཁྲལ་གྱིས་གཏན་པོ་བྱེད་ཆེད་ན་གཞོན་མིན་ནའང་ཡིད་ཆེས་བྱེད་ཐུབ་ས་བཀྲས་མཐོང་རྒན་པོར་མི་རྙིང་འདི་ལ་སླར་ཡང་རེ་བ་མི་བྱེད་ག་མེད་ཐུག་པ་རེད། སྐབས་རེ་བདེན་གཏམ་མ་བཤད་ཐབས་མེད་ཡིན་པས་དགོངས་འགལ་མེད་པ་ཞུ།
སྟག་སྨོན་ཞེས་པ་འདི་དངོས་གནས་ལས་སླ་མོ་ཞིག་རེད་མི་འདའ། ཁོས་བརྟག་དཔྱད་ཡག་མོ་བྱས་འདའ། ཁོ་མི་དྲང་མོ་ཞིག་རེད་ལེ། ཁོས་བཤད་ལེ་ལ་རྒྱུ་མཚན་མང་པོ་འདའ། ཨ་རོགས་ཚོ། ཁམས་བཟོང།
ཀརྨ་ཡེ་ཤེས་ལགས།
སྤྱིའི་ཆ་ནས་ཁྱེད་ཀྱི་དགོངས་འཆར་ཐོས་པས་ངའི་སྤྲོ་སྣང་གི་ལག་ཟུང་ཐལ་མོའི་ལྡབ་སྒྲ་ཁྱེད་ལ་སྐྱེས་སུ་འབུལ།
འོན་ཀྱང་གནད་དོན་བྱེ་བྲག་བ་ཞིག་གིས་ཐད་ནས།
ཁྱེད་ཀྱིས་ཚིག་པ་ཡག་ལ་ཟོས་ནས་ལུང་ལྕགས་རྟ་ལ་མིན་པའི་རེ་བ་ཡོད།
ངས་ཁྱེད་ལ་ཚིག་དུམ་རེ་རེ་བྱས་ནས་གསེས་བཀྲོད་དང་ཐོང་རྩ་ནས་འཛིན་དགོས་པའི་རྒྱུ་མཚན་ཆེར་མ་མཐོང་ཡང་།
ཞི་ལིའི་བློ་ཁ་ཅུང་ཟད་མ་བདེ་བ་ནི་སྐུ་ཞབས་ཁྱེད་ཀྱིས་གཞན་བསྟེན་རིང་ལུགས་རང་རེད་གསུངས་པ་དང་བོད་པའི་སྤྱི་ཚོགས་འདི་མགོ་བདེ་དྲན་འཁྲུལ་ཅན་ངོ་ཕོད་གདོང་བཙན་ཅན་རྣམས་ཀྱིས་ཁེ་སང་ལེན་སའི་གར་སྟེགས་འདྲ་ཞིག་ངོས་ནས་མཐོང་གི་འདུག་གསུངས་པ་དེ་ཡིན།
ང་ཚོས་སྤྱིའི་གནས་ཚུལ་དང་གང་ཟག་བྱེ་བྲག་བ་ཞིག་གི་བསམ་ཚུལ་གང་རྙེད་ཕྱོགས་གཅིག་ལ་བསྡུས་ཏེ་མཐའ་སྡོམ་སྐབས་རང་གི་བློ་ངོར་སོང་བ་ལ་རྗེས་སུ་ཡིད་རིང་དང་དེ་ལས་ལྡོག་པ་ལ་སྐྱོན་བརྗོད་བྱས་ན་རང་ཚིགས་མེད་པའི་རི་བོ་ཅལ་འདྲོགས་གི་གཏམ་རྒྱུད་ལ་མི་ཐལ་སེམས་ལ་རྣམ་དཔྱོད་བཀོལ་སྤྱོད་མ་བྱས་པའི་གླེན་རྟགས་ཤིག་དེ་བས་རེད་བསམ་པ་མི་ཚོར་ལགས།
སྤྱིར་ཆབས་སྲིད་ཟེར་བ་དེ་དྲན་རྒྱུ་སྣ་ཚོགས་ཤིག་གི་འོག་ནས་མ་ལངས་ན་ཆབས་སྲིད་བྱེད་མི་ཐུབ་པ་དང་གལ་སྲིད་མི་གང་ཡང་རུང་བ་ཞིག་གིས་ཆབས་སྲིད་གནང་དགོས་ཚེ།
མི་དེ་ལ་ཀུན་གྱི་མགོ་བདེ་དྲན་འཕྲུལ་ཅན་ཞིག་རེད་ཅེས་དམོད་པ་ནི་འཇིག་རྟེན་གྱི་གོསམ་སྲོལ་ཞིག་ཡིན་པ་མཐོང་།
རྒྱུ་མཚན་དེའི་ཕྱིར་ང་ཚོ་བོད་པ་དང་བོད་པའི་སྤྱི་ཚོགས་གཅིག་བུ་མ་རེད་འཛམ་བུ་གླིང་གི་ཆབས་སྲིད་ཕྱོགས་ཁག་ཡོངས་སུ་རྫོགས་པ་དེ་ལྟ་བུ་ཞིག་ཡིན་དུས་ང་ཚོ་བོད་པའི་སྤྱི་ཚོགས་འདི་ཅེས་མིག་སྐྲངས་སྟེང་ཁུ་ཚུར་མི་གནང་རོགས་ཞུ།
རང་དབང་རང་བཙན་མེད་པའི་ང་ཚོ་བཙན་བྱོལ་བ་ཞིག་ལ་གཞིར་བཞག་ཚེ་ང་ཚོའི་བོད་པའི་སྤྱི་ཚོགས་དང་བོད་མི་ཚད་ལས་བརྒལ་བའི་གཞི་རྩ་ཅན་ཡིན་པའི་ཡིད་བྱེད་ཀྱིན་ཡོད།
ཁམས་དང་ཨ་མདོ་གང་ཡིན་མ་བལྟ་བར་འོས་མི་སོ་སོའི་སྐྱོན་ཚོལ། ད་ལྟ་ནས་ཚོལ། ཞག་པོ་བརྒྱད་ཅུ་ལས་མི་འདུག འོས་མི་ལ་སྐྱོན་བརྗོད་ན་འགྲིག་པ་རེད། དེ་སྒེར་ནད་ཡིན་ཀྱང་སྤྱི་ལ་ཕན་ངེས་རེད། ང་ཚོར་བཀའ་ཁྲི་སྐྱོན་མེད་པའམ་ཉུང་བ་ཞིག་དགོས། ཁམས་དང་ཨ་མདོ་རྩོད་དུས་ཤིག་ཤར་སོང་ན་དེ་དུས་རྩོད། ད་ལྟ་བཀའ་ཁྲི་མི་གཅིག་རྩོད་པའི་དུས་ཚོད་རེད། ཤེས་སོང་ང༌།
འཇུ་ཆེན་ལ་འཛམ་གླིང་གི་ཤེས་ཡོན་ཞིག་ཡོད་ན་ཆབ་སྲིད་མཁས་པའི་གྲས་སུ་སླེབས་ངེས་ཡིན། དེ་མ་བྱུང་བ་བོད་པའི་ཕམ་ཁ་རེད། ཁོས་རྫོང་སར་ཏུ་གྲྭ་བ་བྱེད་སྐབས་དཔེ་ཆ་ཡག་པོ་ཞིག་གཟིགས་ཡོད་ན་མཁས་པའི་་དྭངས་རྩེ་ཞིག་ཡོང་བར་སྙོན་ཏུ་མེད། དེ་མ་བྱས་པ་ནང་པའི་ཕམ་ཁ་རེད། ཁོས་སྡོམ་པ་ཡག་པོ་ཞིག་བསྲུང་ཡོད་ན་མཁན་པོ་ཆེན་པོ་ཡོང་རྒྱུ་ཐག་ཆོད། དེ་མ་བསྲུང་པ་ས་སྐྱའི་ཕམ་ཁ་རེད། ཁོ་ལ་བོད་པའི་རིག་གནས་འབྲིང་ཙམ་པ་ཞིག་ཡོད་ན་ཀརྨ་པ་གཉིས་ཀྱི་སྙོག་དྲྭ་སེལ་བའི་གོ་སྐབས་ཡོད་རེད། ཡིག་རྫུན་ཞིག་གིས་མགོ་བོ་སྐོར་བ་ཁོ་རང་གི་ཕམ་ཁ་རེད། མདོར་ན་དེ་དག་ཐམས་ཅད་ང་ཚོའི་ཕམ་ཁ་རེད། འོན་ཀྱང་བོད་པའི་ཆབ་སྲིད་ལ་ཉམས་མྱོང་ཕུན་སུམ་ཚོགས་པའི་མི་ཞིག་ཡིན་པས། བཀའ་བློན་ཁྲི་བའི་འོས་འདེམས་ལ་ཁོས་དགོངས་འཆར་རྣམས་ལ་དཔྱད་པའི་རིན་ཐང་ཤིན་ཏུ་ཆེ།
མེད་ན་མ་བྱུང་ན་མ་གཏོགས་ཡོང་གི་རེད་ཡོད་ཀྱི་རེད་ཟེར་ན་བྱབ་ག་རེ་ཡོད་རེད། གོ་སྐབས་དང་མཐུན་རྐྱེན་ཤེས་ཡོན་དང་སྡོམ་པ་རྒྱུ་དང་དབང་དེ་ཚོ་ཚང་མ་ཡོད་ན་ངས་ཀྱང་དེ་ལྟར་བྱེད་ཐུབ་ཀྱི་རེད།
རང་བཙན་ལྡེའུ་དང་ཁ་རུ་ཁ་ཐུག བློ་གྲོས་མཐས་ཡས་སོགས་ཀྱིས་ཀླན་ཀ་འཚོལ་བའི་མཆན་སྤེལ་བ་རྣམས་ལ་ཁ་བརྡས་དགའ་བསུ་མི་ཞུ།
མཆན་དེའི་རིགས་གསུབ་པ་མ་ཟད། མུ་མཐུད་དུ་སྤེལ་ན་མཆན་རྒྱག་མཁན་འགོག་གི་ཡིན།
ཁ་བརྡ་རྩོམ་སྒྲིག་པས།
khabdha@gmail.com
http://www.khabdha.org
ཁ་བརྡ་ཚང་ནས་ངས་མཆན་དེ་དག་བསུབ་དགོས་ལེ་དེ་འདྲའི་ནག་ཉེས་རང་ཆི་བཀོད་མེད་བསམ་ཞི་ཡོད་ ཡིན་ནོའང་ཁྱོད་ཚང་ནས་དེ་འདྲ་མཐོང་ཞི་ཡོད་ན་ངའི་མཆན་དག་བསྲུབ་པར་ང་མི་འགྱོད་ ཁ་བདའི་ཁྲིམས་ལ་བརྩི་སྲུང་བྱེད་ལེ་ཡིན་ དེ་ལ་ང་བློ་ཕམ་ཆི་མི་བདའ་ ངས་མཆན་དག་ནི་ གོང་གི་མཆན་ཨང་ ༣ དང་ ༡༤ ༣༠པ་ བཅས་ཀརྨ་ཡེ་ཤེས་ཀྱི་མཆན་ལན་ཡིན་ འོན་ཀྱང་ཁྱེད་ཚང་ནས་ཀརྨ་ཡེ་ཤེས་ཀྱིས་ ” སྐྱེ་བོ་སྒེར་པ་ལ་དམོད་ཚིག་དང་འཐབ་འཛིང་བྱེད་པའི” མཆན་དཔེ་ན་༼ ཡ་དེང་སང་ལྟས་མོ་འདུག་ག་ ཕལ་ཆེར་ངས་བསམ་ན་བཀའ་ཁྲི་ལ་བསྟན་འཛིན་རྣམ་རྒྱལ་ཐོབ་ས་རེད། ཁོ་རེ་བློ་སེང་གཟབ་གཟབ་བྱས་ན་མ་གཏོགས་ཁྱོད་རང་རྒྱ་གར་གཞིས་ཆགས་ཁག་ནང་ནས། ལག་ཐལ་མོ་སྦྱར་ཞིང་ཁ་སྦུ་བ་ཐལ་ལེའི་གྲྭ་སའི་སློབ་གཉེར་བ་དང་གཞིས་ཆགས་སོ་ནམ་པ་དེ་རྣམས་ལ་མི་བདེན་སྒྲུང་གཏམ་རྗུན་གྱི་འཁོར་ལོ་བསྐོར་བ་དེ་རྐུབ་རྡོལ་ཉེན་འདུག་གོ ༽ ཟེར་བ་གསལ་ཐིང་ངེར་མཐོང་རྒྱུ་ཡོད་ལེ་སོགས་གཅིག་ཀྱང་མ་བསུབ་པར་ཉར་འཇོག་དང་ངའི་ཆན་དག་བསུབ་པར་ སྤྱིར་གསར་འགོད་པ་ཞེས་པས་ཕན་ཆུན་ཉེ་རིང་ཕྱོགས་ལྷུང་མེད་པར་ཕྱོགས་གཉིས་ཀ་མཐོང་ཐུབ་ལེ་གི་གཉིས་ཀར་འདྲ་མཉམ་དང་དྲང་པོ་བྱེད་དགོས་ལེ་དེའང་གསར་འགོད་པའི་ཁྲིམས་ཞིག་དང་རང་ཉིད་ལ་བརྩི་མཐོང་ཆ་འཇོག་ཡོང་ལེའི་གཞི་རྩ་གཙོ་བོ་དེ་མིན་ནམ་ ངའི་མཆན་བསུབ་པར་བློ་འགྱོད་མེད་རུང་ ཁྱེད་ཚང་ནས་མི་དྲང་བའི་ཉེ་རིང་བྱེད་པ་འདི་ལ་ཅུང་བློ་ཕམ་སྐྱེས་ ད་ཁྱེད་ཚང་ཁ་བྲོ་།
ང་ཚོའི་དུས་ཡིན་ལོ་གཅིག་གི་རང་འཚོལ་བཞིན་པའི་བཀའ་ཁྲི་དེ་རེག་པ་རེ་ཟེར་ན་མ་འགྲིག་་པ་མེད། དེ་ནི་བློ་སེང་དང་བཀྲས་མཐོང་གང་རུང་ཡིན་པ་གཏན་ཁེལ་ཚར་བ་རེད། ང་ཚོས་ངོས་ནས་ཀྱང་ཁོང་གཉིས་ཀྱི་འདས་པའི་ལོ་རྒྱུས་དང་རྒྱབ་ལྗོངས་སོགས་གང་ལ་གང་འཚམས་ཤིག་ཤེས་རྟོག་བྱུང་བ་རེད། ད་དུང་ཡིན་ནའང་ཁོང་གཉིས་ཀྱི་ཕྱོགས་གཏོགས་ཀྱི་མི་ཚོས་ཕན་ཚུན་ལ་རྩོད་པ་རྒྱག་བཞིན་ཡོད། ངས་བསམ་ན་ང་ཚོའི་ཁོང་གཉིས་ཀྱི་དགེ་སྐྱོན་མང་པོ་ཞིག་བཤད་རྒྱུ་ལྷག་མེད་པ་འདྲ་བོ་འདུག། སྐབས་འདིར་ཤེས་དགོས་བ་དང་རྩོད་དགོས་བ་ནི། གསར་སྟོད་དང་ཉམས་མྱོང་གཉིས་ཀྱི་གལ་ཆེའི་རང་བཞིན་རེད། དེ་གཉིས་ཀྱི་རིན་ཐང་གི་དབྱེ་བ་ཤེས་ཚར་ན། ད་གཟོད་ང་ཚོའི་འཚོལ་བཞིན་པའི་བཀའ་ཁྲི་དེ་རེག་པ་རེད། འོན་ཀྱང་ང་ལ་མཚོན་ན་འདིའི་སྐོར་ནས་གནས་ལུགས་ལྡན་པ་ཞིག་བཤད་རྒྱུ་མེད་པས་མི་སྨྲ་བའི་བརྟུལ་ཞུག་ལས་མ་མཆིས་སོ། སྐད་ཆ་གཞན་ཞིག་བཤད་འདོད་པ་ནི། དྲ་རྒྱ་དང་བརྙན་འཕྲིན་སོགས་སུ་མི་མང་པོ་ཞིག་གིས་བཀའ་ཁྲི་གཉིས་ལ་རྒྱབ་སྐྱོར་བྱེད་སྟངས་དང་འོས་བླུགས་སྟེང་དགོད་སྤྲོ་བ་རེ་མཐོང་རྒྱུ་འདུག། དཔེར་མཚོན་ཙམ་བཀོད་ན། ངས་སྔོན་འགྲོའི་འོས་གཞིའི་སྐབས་བཀྲས་མཐོང་ལ་འོས་བླུགས་པ་ཡིན་། དངོས་གཞིའི་སྐབས་བློ་སེང་ལ་འོས་བླུགས་ཡ་ཟེར་བ་ལྟ་བུ། ཁོ་ལ་རྒྱབ་སྐྱོར་བྱེད་གི་ཡིན་ཟེར་བ་དང་ཁོ་ལ་འོས་བླུགས་རྒྱུ་ཡིན་ཟེར་བ་གཉིས་ཀྱི་དབྱེ་བ་མཁྱེན་གིས་མེད་པ་འདྲ། དངོས་གནས་མང་གཙོ་ཚད་ལྟན་གྱི་རྒྱལ་ཁབ་ཚོའི་ནང་སྲིད་འཛིན་འོས་འདེམས་སྐབས་སུ་གཟའ་ཚང་ཕན་ཚུན་བར་ཡང་སུ་ལ་འོས་ཤོག་འཕེན་མིན་དེ་བཤད་སྲོལ་མེད་པ་མ་ཟད་གསང་བ་ཞིག་ཀྱང་རེད། རྒྱབ་སྐྱོར་ཡོད་མེད་ཀྱི་ཐོག་ནས་ཕན་ཚུན་ལ་རྩོད་པ་རྒྱག་རྒྱུ་ལས་ང་ཚོ་ནང་བཞིན་ས་བསྒྲགས་གནམ་བསྒྲགས་བྱེད་སྲོལ་ཞིག་མཐོང་མ་སོང། གནས་ལུགས་ཡོད་མེད་ལ་བརྟགས་རྒྱུའི་རེ་བ་ཡོད།
རང་བཙན་ལྡེའུ་ལགས། བཀའ་དྲིན་ཆེ།
ཀརྨ་ཡེ་ཤེས་ཀྱི་མཆན་དེ་བསུབ་ཡོད། ཁ་བརྡས་ཁྱེད་ཚོ་མི་སྒེར་བ་རེ་རེར་ལན་འདེབས་ཐུབ་པ་མི་འདུག
ཇི་ཙམ་ཁྱེད་ཚོས་དྲ་གྲོགས་ནང་ཁུལ་དུ་དམོད་ཚིག་དང་ཚིག་རྩུབ། ཀླན་ཀ་འཚོལ་བ་སོགས་ཀྱི་མཆན་ཉུང་བ་སྤེལ་ན། ཁ་བརྡར་དེ་ཙམ་གྱིས་མཆན་དང་མཆན་རྒྱག་མཁན་ཚོར་སྟངས་འཛིན་གྱི་ལས་ཀ་མང་པོ་མེད།
ཁ་བརྡའི་མཆན་ལ་སྟངས་འཛིན་བྱེད་མཁན་དང་རྩོམ་སྒྲིག་གནང་མཁན་ཚོས། སོ་སོ་སྒེར་གྱི་དུས་ཚོད་ཟུར་དུ་བཏོན་ནས་ལས་ཀ་བྱེད་ཀྱི་ཡོད་པ་རེད།
འདི་ཡང་དྲ་གྲོགས་ཚོས་མཁྱེན་པ་གནང་རོགས།
ཁ་བརྡ་རྩོམ་སྒྲིག་པས།
khabdha@gmail.com
http://www.khabdha.org
ཨ་ཕོ་སྟག་སྨྱོན་ལགས་
ང་ལ་གོང་དུ་ཁ་བརྡ་ཚང་ནས་བཀའ་སྐྱོན་འཕོག་ཟིན་ཙམ་ཡིན་ཙང་གཞན་ཆི་ཟེར་རྒྱུ་མེད་
ངས་ཟེར་དོན་ནི་སྤྱིར་སྟངས་ཀྱི་ཁམས་པའི་གཤིས་ཀ་དེ་སེམས་ནས་བསམ་ལེ་དེ་ཁ་ནས་བཤོད་དགོས་ལེ་ཡི་ ཁ་རི་ཁ་ཐུག་མི་རེད་ ཟེར་ལེ་མ་ཏོག་ མི་རེ་ངོ་རེ་བཞིན་ཚང་མ་དེ་འདྲ་རེད་ཟེར་ཞི་མེད་ དེ་འདྲའི་སྤྱིར་སྟངས་ཀྱི་མཐོང་ཚུལ་ཡོད་ལེ་ནི་རང་ཚོའི་ཁ་རྒྱུན་གྱི་ཟེར་སྲོལ་ལ་ཡང་ དབུས་གཙང་ཆོས་ཀྱི་མཆོལ་ཁ་ མདོ་སྟོད་མི་ཡི་མཆོལ་ཁ་ མདོ་སྨད་རྟ་ཡི་མཆོལ་ཁ་ ཟེར་ལེ་བཞིན་སྤྱིའི་ཆ་ནས་ཟེར་ལེ་མ་ཏོགས་ དེ་མིན་དབུས་གཙང་གི་མི་ལས་མདོ་སྟོད་སྨད་ཀྱི་མི་ཆོས་སེམས་ཆེ་བ་ཡང་ཡོད་ལེ་རེད་ལ་ མདོ་སྨད་ཀྱི་རྟ་ལས་མདོ་སྟོད་དང་དབུས་གཙང་ནང་རྟ་ཡག་ལེ་ཡང་ཡོད་ལེ་རེད་ དེ་བཞིན་ མདོ་སྟོད་ཀྱི་མི་ལས་དབུས་གཙང་དང་མདོ་སྨད་ནང་མི་གཟུགས་བཟང་བ་ཡང་ཡོད་ལེ་རེད་ དེ་ལ་བརྟེན་ནས་གོང་གི་ཁ་རྒྱུན་ཟེར་སྲོལ་དེ་ཡང་ “དོན་དངོས་དེ་ལས་ལྡོག་ཡོད་” ཟེར་ན་ཅུང་འགྲིགས་ལེ་ཨེ་ཡོད་བསམ་། དེ་མིན་ཁྱེད་ནས་སྐུ་ངོ་འཇུ་ཆེན་ལ་སེམས་ནད་རིང་མོ་དེ་ཐད་ངས་ཆི་ཤེས་ཞི་མེད་ལ་ཐེ་བྱུས་བྱེད་མི་འདོད་། ད་ཁྱེད་ཐུགས་ཅག་གནོང་ ལོོ་ ཁ་བྲོ་།