༄༅། ། ན་གཞོན་ཤེས་ཡོན་པས་བོད་ཀྱི་རྩ་དོན་དང་འབྲེལ་བའི་གནད་དོན་གལ་ཆེའི་རིགས་ལ་གཅིག་ཏུ་བསམ་ཚུལ་སྤུངས་སའི་སྡིངས་ཆ་ཞིག་མགོ་འཛུགས་ཞུ་གལ་ཆེ་བར་མཐོང་ནས ད་ལམ་ཚོགས་ཆེན་སྐོང་ཕྱོགས་རྩ་འཛིན་གཞིར་བཟུང་ཚོགས་ཐེངས་དང་པོ་༼ རང་ལུས་མེར་སྲེག་གི་རྒྱབ་མདུན་ལ་ལྟ་བ་༽ཞེས་པའི་བརྗོད་གཞིའི་སྟེང། མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་གི་ཡང་སྟེང་ཚོགས་ཁང་དུ་ཕྱི་ཟླ ༡༡་ཚེས ༡༧ དང ༡༨ ཉིན་གཉིས་རིང་སྐོང་འཆར་ཡིན་ན། ཚོགས་ཆེན་ཐོག་གོ་སྒྲིག་པས་གདན་ཞུ་མ་ཕུལ་བའི་ཤེས་ཅན་རྣམས་ཚོགས་ཆེན་དུ་ཞུགས་འདོད་ཡོད་ཚེ་ཕྱི་ཚེས ༡༣ ནང་ཚུན་གཤམ་འཁོད་ཁ་བྱང་ཐོག་འབྲེལ་བ་གནང་རོགས་ཞུ།
ན་གཞོན་ཤེས་ཡོན་པའི་ཚོགས་ཆེན་གྱི་རྩ་འཛིན།
ངོ་སྤྲོད།
༄༅། ། ཤེས་ཡོན་པ་ནི་སྤྱི་ཚོགས་རྣམ་དཔྱོད་ལྡན་པའི་ཕྱོགས་སུ་བསྐྱོད་རྒྱུར་ཁ་ལོ་བསྒྱུར་མཁན་གྱི་རྐང་འགན་ལེན་མཁན་ཡིན་པ་ལྟར། བཙན་བྱོལ་བོད་མིའི་ན་གཞོན་ཤེས་ཡོན་པ་ཚོས་དུས་ནམ་རྒྱུན་དུ་བོད་ཀྱི་བདེན་མཐའ་གསལ་ཐབས་ཀྱི་གནད་དོན་གང་ཅིར་དང་བླངས་ཐོག་འོས་འགན་དམིགས་བསལ་ལེན་རྒྱུ་ནི་གཡོལ་ཐབས་མེད་པ་ཞིག་ཡིན་གཤིས། བཙན་བྱོལ་བོད་མིའི་འཕྲལ་ཕུགས་གཉིས་ཀྱི་རྩ་དོན་བོད་ཀྱི་བདེན་མཐའ་གསལ་ཕྱོགས་དང་དེའི་སྒྲུབ་ཐབས་བཅས་ལ་ཤེས་ཡོན་པར་དམིགས་བསལ་གྱིས་འཁྲི་བའི་འོས་འགན་དང། དམིགས་བསལ་ཛ་དྲག་གི་གནས་བབ་ནམ་བྱུང་ལ་གདོང་ལེན་བྱ་ཆེད། ན་གཞོན་ཤེས་ཡོན་པའི་ཚོགས་ཆེན་རྒྱ་གང་ཆེ་རེ་སྐབས་དུས་སོ་སོར་གོ་སྒྲིག་གནང་སྟེ། ཤེས་ཡོན་པ་ཚོའི་རྣམ་དཔྱོད་མཉམ་སྤུངས་ཀྱིས་དབུས་སྒྲིག་འཛུགས་དང་གཞི་རིམ་མི་མང་ལ་འབུལ་ལམ་ཞུ་དགོས་པ་དུས་ཀྱི་དགོས་མཁོ་གལ་ཆེར་མཐོང་བ་དང། གཞན་ཡང་༢༠༠༩ ནས་རིམ་བསྟུད་དུ་བྱུང་བའི་རང་སྲེག་ལས་འགུལ་གྱིས་རྐྱེན་བྱས་ཏེ་ཤེས་ཡོན་པའི་ཚོགས་ཆེན་ཚུགས་ཕྱོགས་ཀྱི་རྩ་འཛིན་འདི་གཏན་འབེབས་བྱས་པ་ཡིན།།
ཚོགས་ཞུགས་པའི་གྲུབ་སྟངས།
གོ་སྒྲིག་པས་རང་གི་གནས་བབ་ལ་གཞིགས་ཏེ་ཤེས་ཡོན་ཅན་གདན་ཞུའི་ས་ཁོངས་སྤར་ཆོག་པ་དང། དགེ་རྒན་དང། རྩོམ་པ་པོ། དགེ་བཤེས་བཅས་སེར་སྐྱ་ཕོ་མོ་དབྱེར་མེད་ཀྱི་ཤེས་ལྡན་མི་སྣ་འཛོམས་ཐབས་ལ་འབད་དགོས།
ཚོགས་འདུའི་གྲོས་གཞི།
བོད་རྒྱའི་དཀའ་རྙོག་སེལ་ཐབས་སྤྱི་དང། བྱེ་བྲག་བཙན་བྱོལ་ནང་གི་ཤེས་ཡོན་དང་བཟང་སྤྱོད་ཉམས་ཆག་འགྲོ་གཞིའི་རིགས། ༧གོང་ས་ཆེན་པོ་དང་དབུས་སྒྲིག་འཛུགས་ལ་གཞི་མེད་སྐྱོན་བརྗོད། བོད་ཀྱི་ལོ་རྒྱུས་སོགས་ལ་འཁྱོག་བརྗོད། དེ་བཞིན་སྐབས་མཚམས་སོ་སོར་གློ་བུར་བྱུང་བའི་ཆབ་སྲིད་ཀྱི་གནས་བབ་ཛ་དྲག་སོགས་ཤེས་ཡོན་པས་དམིགས་བསལ་རྣམ་དཔྱོད་འདོན་དགོས་པའི་གྲོས་གཞི་ཚང་དགོས་པ་ཡིན།
ཚོགས་འདུའི་གྲུབ་དོན།
ཚོགས་འདུའི་སྙན་ཐོ་རྣམས་དབུས་སྒྲིག་འཛུགས་ལྷན་ཁང་ཁག་དང། གཞུང་འབྲེལ་མིན་པ་ཁག དེ་བཞིན་རྒྱལ་སྤྱིའི་ཚོགས་སྡེ་ཁག་བཅས་སུ་ཡིག་རིགས་འདྲ་མིན་ཐོག་འབུལ་དགོས་ཤིང། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་གནད་དོན་གལ་འགངས་ཆེ་རིགས་ཕྱོགས་བགོས་ཀྱིས་གསལ་བཤད་ངེས་འདྲོངས་ཐོན་པ་དང་བླངས་ཐོག་གནང་དགོས་པ་ཡིན།
ཚོགས་ཆེན་ཡར་རྒྱས་གཏོང་ཕྱོགས།
ཚོགས་ཆེན་གོ་སྒྲིག་བྱེད་ཕྱོགས་ཤེས་ཡོན་པ་ཚོས་འོས་འཕེན་གྱི་ལམ་ནས་ལོ་གསུམ་རེར་མི་གསུམ་རེར་འོས་འགན་སྤྲད་ཆོག་པ་ཡིན། དེ་ནི་ཚོགས་བཅར་པ་སྤྱིའི་འདོད་མོས་ལྟར་གནང་རྒྱུ་ལས་མགོ་འཛུགས་ཞུ་མཁན་གྱི་ཞུ་ནན་མིན།།
Email: loveyoutibet@gmail.com
ལག་ཁྱེར་ཁ་པར་ཨང་གྲངས། 0091-9882533773 འབྲེལ་བ་གནང་སྐྱོང་ཡོང་བ་ཞུ།།
་་་་ དགེ་རྒན་དང། རྩོམ་པ་པོ། དགེ་བཤེས་བཅས་སེར་སྐྱ་ཕོ་མོ་དབྱེར་མེད་ཀྱི་ཤེས་ལྡན་མི་སྣ་འཛོམས་ཐབས་ལ་འབད་དགོས། ་་་་ཟེར།
ད་ཤར་ཁུག་གིས་ཅི་ཞིག་བསམ་པ་ཡིན་སུས་ཤེས། ཤེས་ཡོན་པའི་ཚོགས་ཆེན་ཚུགས་ཕྱོགས་ཀྱི་རྩ་འཛིན་འདི་གཏན་འབེབས་བྱས་པ་ཡིན་ཟེར། གཏན་འབེབས་བྱེད་མཁན་ཤེས་ཡོན་པ་སུ་དང་སུ་ཡིན། དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་བཀོད་སྒྲིག་བྱེད་ཀི་ཡོད་པ་ཨེ་རེད། གསལ་བསྒྲགས་ཀྱི་མགོ་མཇུག་ན་གསལ་ཁ་བཏོད་མེད་པ་ཅི་རེདད།
གནའ་སྔ་མོ་ཞིག་ལ། དོར་ཤུལ་རྒྱ་མཚོས་༼ཙོང་ཁ་བོད་ཀྱི་རིག་གཞུང་ཞབས་ཞུ་ལྟེ་གནས་ཁང་༽ཟེར་བ་ཞིག་བཙུགས་པ་དེ་དྲན་བཅུག་སོང་།
རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོཊ་པའི་དམིགས་བསལ་ཚོགས་ཆེན་དེ། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོཊ་པ་དང་དབུས་བོད་མིའི་སྒྲིག་འཛུཊ་ཕྱི་དྲིལ་ལས་ཁུངས་ཐུན་མོང་གི་གོ་སྒྲིག་འོག ད་ལོའི་ཕྱི་ཟླ་ ༡༡ ཚེས་ ༡༦ ནས་ ༡༨ ཉིན་བར་དུས་ཡུན་ཉིན་གསུམ་རིང་བཞུཊ་སྒར་ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་བདེ་སྐྱིད་ཚེ་རིང་ཚོཊ་ཁང་དུ་སྐོང་འཚོཊ་གནང་རྒྱུ་ཡིན་འདུག ཐེངས་འདིའི་ཚོགས་ཆེན་གྱི་བརྗོད་གཞི་གཙོ་བོ་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གདོང་ལེན་གནང་ཕྱོཊ་དང་རྒྱལ་སྤྱིའི་ཐོག་ལས་འགུལ་སྤེལ་ཕྱོཊ་སྐོར་ཡིན་འདུག
སྤོ་རྨོ་འགའ་རེ་ཚོང་རྫས་བྱེད་ཐུབ་ན་མ་གཏོགས། ཤེས་ཡོན་པ་ཞིག་མི་ལས་དགུ་ལས་བྱེད་མཁན་ཤར་ཁུག་དང་སྤྱི་རྒྱུ་སྒེར་བདག་བ་ཟླ་བ་ཚེ་རིང་འདྲ་བས་་བཙོང་ཆོག་ཆོག་ཡོད་རྒྱུ་མ་རེད་པཱ།
ཤར་ཕྱོགས་ཁུག་རྟས་གོ་སྒྲིག་བྱས། ། ཤེས་ཡོན་ཅན་རྣམས་ལྷན་དུ་འཛོམས། ། ཡག་པོ་རེད་ད།
གོ་སྒྲིག་གནང་མཁན་ཤར་ཕྱོགས་ཁུག་རྟ་། ཚོགས་ཞུགས་པ་བོད་ཀྱི་གཞོན་སྐྱེས་ཤེེས་ཡོན་ཅན། ཚོགས་ཆེན་གོ་སྒྲིག། སྤྱི་དོན་གླེང་རྒྱུ།
གནད་དོན་གཙོ་བོ་དངོས་གནས་ཀྱི་ཤེས་ཡོན་ཅན་སུ་ཞིག་ནང་དུ་འཛུལ་གྱི་ཡོད་མེད་དེ་རེད།
ཁྱེད་ཀྱི་ལས་འགུལ་དེ་ལམ་ལྷུང་ཡོང་བར་སྨོན། མི་ཞིག་གིས་བྱ་འགུལ་ཅིག་མགོ་བརྩམས་མ་ཐག་ནས་ལེགས་ཉེས་དབྱེ་འབྱེད་མི་བྱེད་པར་ལམ་སེང་དམར་གསོད་བྱེད་ཨེ་ཐུབ་ལ་འབད་པ་ནི་བོད་པ་ཚང་རྒུད་པའི་རྟགས་མཚན་ཞིག་རེད། སྔོན་མ་དགེ་ཆོས་དང་ལུང་ཤར། རང་གྲོལ་ནས་བཟུང་ཚང་མ་མྱི་ངན་འདི་དག་དང་དེའི་སྔོན་རྗེས་ཚོས་བསད་པ་རེད། དེ་ཡང་ལས་ཀ་གསར་བ་ཞིག་བརྩམས་ཡོང་སྐབས་འབུམ་འཇོམས་བྱེད་ཀྱིན་འདུག ངོ་མ་ཡ་མཚན་རེད། ལས་ཀ་ཚར་བའི་རྗེས་སུ་འཐུས་ཤོར་དང་སྐྱོན་ཆ་ཡོད་ན་གླེང་རྒྱུ་ལས་དང་པོ་དེ་འདྲ་བཤད་བསྡད་ན་ཡག་པོ་མི་འདུག་པས་ཀུན་གྱིས་ཐུགས་བསམ་བཞེས།
དོན་ལ་ཕྲག་དོགས་རེད། མི་ཞིག་སྤྱི་ཚོགས་ནང་འབུར་དུས་ལམ་སེང་འབུར་འཇོམས་བྱེད་རྐྱང་བྱས་ཏེ་ད་ལྟ་བར་རྗེས་སུ་ལུས་པ་རེད། ད་དུང་་་་
དགེ་མཐོང་གིས་བསམ་ཤེས་ཀྱི་སྐད་ཆ་བཤད་ཁུལ་རེད། ད་དུང་མེ་ཏོག་དཀར་པོས་ཀྱང་ཕྱོགས་མཚུངས་བཤད་འདུག
མ་གཞི་ཤར་ཁུག་མི་གསར་བ་ཅང་མ་རེད། ཁོ་བོས་བྱ་ལས་ལས་ཚང་མ་ང་ཚོར་རྒྱུ་མེད་པ་མིན་པ། ཉམས་མྱོང་གི་སྐད་ཆ་དང་ཕྲག་དོག་གཉིས་ཁ་ཁ་རེད། ད་མཇུག་འབྲས་ལ་སྒུག་དགོས་ཡོད་ཟེར་ན། ཤར་ཁུག་དང་ལམ་དབུ་མའི་ལས་འགུལ་ཁང་གིས་རྒྱ་དར་དམར་པོ་འཁུར་དགོས་ཟེར་བ་དང་གཅིག་མཚུངས་ཆགས་ངེས་རེད་དོ། སྤྱིར་མི་ལས་དགུ་ལས་དང་མི་བཤད་དགུ་བཤད་ཀྱི་མི་འདི་ཚོར་ད་དུང་རྒྱུས་མེད་པ་ག་རེ་རེད། དེ་བས་ཀྱང་ཤར་ཁུག་ཟེར་བ་དེ་ཤེས་ཡོན་ཅན་ཞིག་མ་རེད། དད་པ་མེད་མཁན་གྱི་མི་ལ་ཅིག་བཅའ་རྒྱུ་ཡོད་མདོག་སྟོན་མཁན་ཚོགས་པ་༡༡ཟེེར་བ་དེ་ཚོའི་ནང་གི་གཅིག་ཡིན་པ་ཡོད། ངས་གསར་ལམ་ནས་དེ་འདྲ་མཐོང་སོང་། ཁྱེད་ཚོས་དེ་འདྲ་མཐོང་མ་སོང་ངམ།
དངོས་གནས་ཁྱེད་ཚོས་མི་ཤེས་སམ། ཕྲག་དོག་ཟེར་བ་འདིའི་ད་བར་བོད་གངས་ཅན་ལ་གྱོང་གུད་ག་ཚོད་སྤྲད་མ་སོང་ངམ། མཚོ་མོ་བརྫུ་བའི་དྲ་འབུ་འདིས་ད་བར་གྱི་མཆན་འདེབས་སྟངས་ལ་བལྟས་ན་སུ་ཡིན་གསལ་བོ་རེད། དངོས་གནས་ཐབས་སྐྱོ་བོ་རེད། དེ་བས་རང་ཁ་ཨེ་སོས་བལྟས་ན་དགའ་ནི་རེད།
ཨ་ཧ་བོ་་་་་ཨ་ཧ་བོ་་་་་
མཚོ་མོ་ལ་རྒྱ་མིས་དངུལ་སྤྲད་ནས་ཆེད་དུ་བོད་མིའི་འཐབ་རྩོད་ལ་བཀག་རྒྱ་བཟོ་ཡི་ཡོད་རེད། དེ་ཁོང་དང་ཁོང་ལྟ་བུའི་ལས་འགན་དངོས་གནས་དེ་རེད། དེ་མིན་ཤར་ཁུག་ལ་མ་དགའ་ན་ཆོག་གི ཁོའི་ལས་འགུལ་དེའི་རྗེས་ནས་ཁོ་ལ་སྐྱོན་བརྗོད་དང་ཚོགས་འདུའི་གནས་བབ་ལ་དཔག་ནས་བསམ་འཆར་སྤེལ་ན་འགྲིག་གི་རེད་པ། དང་པོ་ནས་འགོག་ཨེ་ཐུབ་བལྟ་བ་དེའི་དམིགས་ཡུལ་གསལ་བཤད་དགོས་པ་མི་འདུག
ཤར་ཕྱོགས་ཁུག་རྟ་ལགས་ཀྱིས་ལས་འགུལ་འདིའི་མགོ་མཇུག་བར་གསུམ་དུ་བདེ་ལགས་ཡོང་བའི་རེ་སྨོན་ཞུ།ཟུར་མཆན་པ་རེ་འགས་ཁོང་གིས་ལས་འགུལ་གྱི་འབྲས་རྟགས་མིག་གིས་མ་མཐོང་གོང་ནས་དགག་སྒྲུབ་ཀྱི་སེར་ར་འབབས་པ་ནི་དཔྱོད་ལྡན་པ་ཞིག་གི་ལས་མིན་པ་མ་ཟད།དགག་སྒྲུབ་འདིའི་རིགས་ཀྱིས་བོད་ཀྱི་མི་རབས་གསར་བ་ཚོ་སྤྱི་ཚོགས་ཀྱི་ལས་ལ་ཉམས་མྱོང་བསོག་པར་བཀག་འགོག་བྱས་ཏེ།བོད་ཀྱི་མི་རབས་གསར་པའི་ན་གཞོན་དག་གང་ཡང་བསྒྲུབ་མི་ཐུབ་པའི་དཔུང་ཚོགས་ཤིག་བསྐྲུན་པའི་རྒྱུ་ལས་མི་འདུག
ན་གཞོན་ཚོགས་ཆེན་གྱི་མཇུག་འབྲས་ལྟ་རྒྱུ་རེད། ཡང་ཚང་མའི་དབུ་མ་ཉམས་ལེན་བྱ་རྒྱུ་རེད་ཟེར་བ་དང་། དབུ་མ་ལ་མང་མོས་བྱུང་བ་རེད་ཟེར་བ་སོགས་དེ་འདྲ་ལ་མི་འགྱུར་ཤོག
ལས་འགུལ་ཞིག་སྤེལ་བ་བཟང་མོད་ཀྱང་མཇུག་སྐྱོང་རང་བཞིན་ལྡན་པ་དང་ལག་བསྟར་རང་བཞིན་ལྡན་པ་གནང་གལ་ཆེ། ང་ཚོས་གྲོ་གླེང་དང་ཚོགས་འདུ་རིམ་པ་མང་པོ་ཚོགས་ནས་གྲོས་ཆོད་མང་མང་བཞག་ཡོད་ཀྱང་ལག་བསྟར་རང་བཞིན་ལྡན་པ་ཞིག་ཧ་ལམ་བྱུང་ཚོད་མེད། འོན་ཀྱང་ཚོགས་ཆེན་གྱི་དམིགས་ཡུལ་གསལ་ཁ་ངེས་ཅན་མི་འདུག་ལ་ཚོགས་འདུའི་གྲོས་གཞི་དམིགས་བསལ་ཚོགས་ཆེན་ལས་རྒལ་བའི་ཁྱད་ཆོས་རང་བཞིན་ལྡན་པ་ཞིག་མི་འདུག། མ་ཟད་ཚོགས་འགྲོན་པ་ན་གཞོན་ཤེས་ཡོན་ཅན་སུ་སུ་གདན་ཞུ་བྱས་ཡོད་དམ། དོན་དངོས་བྱས་ན་ཤེས་ཡོན་པ་ཚོ་སྤྱི་ཚོགས་སྣེ་འཁྲིད་གལ་ཆེན་ཞིག་ཡིན་པ་མ་ཟད་ཕལ་ཆེ་བས་ངོས་འཛིན་ཞུ་གི་ཡོད་ཀྱང་བཙན་བྱོལ་ནང་དུས་རབས་དང་མཐུན་པའི་ཤེས་ཡོན་པ་ཞིག་སྤྱི་ཚོགས་ཀྱི་མདུན་གྲལ་དུ་འབུད་ཡོང་གི་ཡོད་ན། དེར་ལྟ་བ་གསར་པ་དང་བསམ་བློ་གསར་པའི་གསར་རྗེའི་ནག་ཉེས་འོག་འབུར་བཅོམ་བྱེད་པའི་ལམ་ལུགས་ཞིག་ཡོད་པ་རེད། བྱས་ཙང་ཚོགས་ཆེན་འདིའི་ཐོག་ཚོགས་ཞུགས་པ་ཚོ་བོད་ཀྱི་རྩ་དོན་ཐོག་གྲོ་གླེང་གནང་གི་ཡོད་ཙང་་དགོས་ངེས་ཀྱི་ཆ་རྐྱེན་ཞིག་ཡོད་དགོས་པ་ནི་ཆབ་སྲིད་རིག་པའི་གཞུང་ལུགས་ལ་ཚད་གཞི་ངེས་ཅན་ལྡན་པའི་ཤེས་ཚད་ལྡན་དགོས་པ་འདོད། རྩོམ་པ་པོ་དང་དགེ་རྒན་ཡིན་པ་ཙམ་གྱིས་ཆབ་སྲིད་རིག་པའི་གཞུང་ལུགས་ལ་རྒྱུས་མངའ་ཡོད་པའི་ངེས་པ་གཏན་ནས་མེད། ང་ཚོའི་དཀའ་རྙོག་གི་འཐུག་ས་ལྟེ་བ་དེ་རྒྱ་བོད་གཉིས་ཀྱི་ཆབ་སྲིད་གནད་དོན་དེ་ཡིན་ཙང་ཆབ་སྲིད་རིག་པའི་གཞུང་ལུགས་ལ་རྒྱུས་མངའ་དེ་ཙམ་མེད་ན་ཕན་ཐོག་རང་བཞིན་ལྡན་པའི་གྲོ་གླེང་ཞིག་ཁག་པོ་བྱས་པ་རེད།
ན་རྒས་དེ་ཚོ་ཡོང་ན་དགའ་བསུ་མེད་ནེ། ད་ལྟ་ན་རྒས་རྣམ་པ་ཚོ་ཡག་ཐག་ཆོད་འདུག་ཐལ། ན་གཞོན་གྱི་ལག་ན་རིགས་གཞུང་ཞིག་མེད་ནོ་གསལ་གསལ་ཐང་ཐང་རེད།
ཡོད་ནོ་མི་དགོས་ཟེར་གི།
མེད་ནོ་འལ་རེ་བ་རྒྱག་གི།
ཡིན་ནོ་མ་རེད་ཟེར་གི།
མིན་ནོ་འལ་ཡིན་རབས་སྒྲུབ་ཀི།
འདི་ནས་དོན་ཆེན་ཞིག་མི་ཡོང་ཁོ་ཐག་རེད་འདུག
འཁྲུག་འཁྲུག་ད་ཡིན་ན་དྲ་འབུ་ཁྱོད་ཚོ་འཁྲུག་ཤོག །མཚོ་མོ་དང་། མེ་ཏོག་དཀར་པོ། གསེར་འབྲུག་མིང་ཅན། མངའ་རིས་འཕྲིན་ལས་ལ་སོགས་པའི་དྲ་འབུ་ཆ་ཚང་འདིར་སླེབས་འདུག བོད་ནང་དུ་དཔའ་བོ་དཔའ་མོ་དག་གིས་རྒྱ་རྒོལ་མེ་བསྲེག །བཙན་བྱོལ་ནང་དུ་ནང་འཁྲུག་ཁོ་ན་ཡི་དུས་འདའ་བ་བྱོས་ཤིག་ལྟས་ངན་ཁྱོད་ཚོ།
ཤེས་ཡོན་ཅན་དང་ཤེས་ཡོན་ཅན་མིན་པའི་དབྱ་མཚམས་ག་ནས་འབྱེད་རྒྱུ་ཡིན། ལག་ཁྱེར་ཐོག་ནས་ཡིན་ནམ་ཡང་ན་གང་ནས་ཡིན། དེང་སང་གོ་རྒྱུ་མེད་པའི་དེབ་གཅིག་བྲིས་རྗེས་རྩོམ་པ་པོ་དང་ཤེས་ཡོན་ཅན་ཆགས་མཁན་མང་པོ་འདུག་ཀ མི་དེ་རིགས་ཤེས་ཡོན་ཅན་ལ་བརྩིས་ཏེ་ཚོགས་འདུར་བསྐོང་ཚེ་གོ་རྒྱུ་མེད་པའི་སྙན་ངག་གཅིག་དང་སྐྱར་ཟློས་རང་བཞིན་གྱི་སྐད་ཆ་རྙིང་པ་འགའ་བཤད་ནས་ཚོགས་འདུ་མཇུག་བསྡོམས་རྒྱག་རྒྱུ་རེད། དེ་བས་སྤྱི་ཚོགས་ནང་འབུར་མཐོན་ཡིན་པ་གང་ཞིག་ལ་ཆབ་སྲིད་ཀྱི་གོ་རྟོགས་ཡོད་པ། རྒྱལ་སྤྱིའི་གནས་སྟངས་ཤེས་མཁན་གྱི་བོད་རིགས་མི་སྣ་དེ་རིགས་བསྐོང་ཚོགས་ཀྱིས་ཚོགས་འདུ་ཚོགས་ན་ནུས་པ་ཆེ་ལ་དགེ་མཚན་ལྡན་པ་ཡོང་གི་རེད། དེ་མིན་བསམ་བློའི་གོ་རྟོགས་དང་ཤེས་ཚད་གཅིག་ཀྱང་མེད་ཀྱང་ཤེས་ཡོན་པར་འཆེས་པའི་རྡ་སའི་སྲང་ལམ་གྱི་ཁྱམས་པོ་དེ་རིགས་བསྐོང་ནས་ཚོགས་བསྡུ་བསྐོང་ཚེ་གྲུབ་འབྲས་གང་ཡང་ཡོང་གི་མ་རེད། དེ་ནི་བསམ་ཚུལ་ཙམ་ཡིན། ཤར་ཁུག་གི་ཕྱག་ལས་དེ་སྤྱི་དོན་ལ་དམིགས་ནས་འགོ་བརྩམས་པ་ཞིག་ཡིན་ན་རྗེས་སུ་ཡིད་རང་ཡོད། འོན་ཀྱང་དེང་སང་སྐབས་འཚོལ་བ་མང་དྲག་ནས་ཡིད་ཞེ་དྲག་ཆེས་ཀྱི་མི་འདུག་ཀ དེ་ཡང་སྐབས་འཚོལ་བ་དེ་རིགས་ཀྱིས་ཐོག་མར་མིང་ཆེན་པོ་བཏགས་ཏེ་ཚོགས་པ་ཞིག་བཙུགས་དེ་ནས་ཚོགས་པ་དེ་སྐས་འཛེགས་ལ་བརྩིས་ཏེ་ནུབ་ཕྱོགས་སུ་འཕུར་མཁན་འཁེངས་བསྡད་ཡོད། དེར་བརྟེན། ཡིད་ཆེས་རྒྱུ་ཏོག་ཙམ་ཁག་པོ་འདུག་ག
ཡག་གི ན་གཞོན་ཤེས་པའི་ཚོགས་ཆེན། མྱིང་ཞེ་གི་ཡག་གི
ཚོགས་ཆེན་འདི་འདྲ་བསྐུང་ཐུབ་ན་མི་མང་གི་རྒྱབ་སྐྱོར་མི་ཐོབ་པ་སྲིད་གི་མ་རེད། ཡིན་ན་ཡང་། མིང་བཏགས་པ་ནང་བཞིན་དོན་ལ་གནས་ཐུབ་པ་བྱ་རྒྱུ་འང་མི་བརྗེད་པ་བྱེད་དགོས་གི་རེད། ཡིན་གཅིག་ན་གཞོན་ཤེས་ཡོན་པ་འཛོམས་དགོས་གི་རེད། ངོ་བོ་དེར་འགྱུར་བ་བྱུང་ན་དོན་སྙིང་བརླག་འགྲོ་གི་རེད།
རེད། དགེ་རྒན་དང་དགེ་བཤེས། རྩོམ་པ་པོ་ན་གཞོན་ཕོ་མོ་དབྱེ་མེད་ཀྱི་ཤེས་ཡོན་ཅན་དང་། ལྷག་པར་དུ་ཆབ་སྲིད་དང་སྤྱི་ཚོགས་དོ་སྣང་ཅན་རྣམས་འཚོགས་འཛོམས་ཡོང་བའི་རེ་དམིགས་འདི་ཧ་ཅང་བཟང་གི
ཚོགས་འདུའི་གྲོས་གཞི་ནི་རྙོག་འཛིང་མིན་པ། ལས་འགུལ་རྒྱ་ཆེ་དྲག་པ་མིན་པ། ལས་གང་བྱས་དབུས་སྒྲིག་འཛུགས་གི་ལྡོག་ཕྱོགས་སུ་ལངས་པ་མ་ཡིན་པ། དམིགས་ཡུལ་ཕ་རིའི་སྤང་རྒྱན་མ་ཡིན་པ། སྒྲིག་ཁྲིམས་དང་གོ་རིམ་མེད་པ་ཡང་མ་ཡིན་པ། ༧གོང་ས་མཆོག་གི་དགོངས་གཞི་དང་མཐུན་པ་ཞིག་ཡིན་ཚེ་ཚོགས་ཆེན་ལ་འབྲས་བུ་མི་འབྱུང་བ་སྲིད་གི་མ་རེད།
གོ་སྒྲིག་པར་དགའ་བསུ་ཞུ།
འཇམ་གཅེས་ལགས།
འདི་ནང་ང་དང་བསམ་ཚུལ་མ་མཐུན་པ་མང་པོ་འདུག་མོད། དེ་དག་ལ་དུས་ནམ་ཡང་དྲྭ་འབུའི་མིང་གིས་མ་བསྙད་ལ། འབྱུང་འགྱུར་ཡང་དེ་ལྟར་རོ།།
དྲ་གྲོགས་ཚོས་མི་ལ་ཕྲག་དོག་མ་བྱེད་པར་་་་་་་དགག་པ་ཡང་མ་རྒྱག་པར། ཤར་ཕྱོགས་ཁུག་རྟའི་ད་ཐེངས་གི་ལས་གཞི་འདི་ལ་རྒྱབ་སྐྱོར་ཞུ་དགོས་པར་འདོད། ཡིན་ཡན་བསམ་ཚུལ་ཅུང་ཙམ་བཤད་འདོད་བྱུང་། ཁོང་གི་ཚོགས་ཆེན་འདིས་ཁ་བྱང་ལ་ན་གཞོན་ཤེས་ཡོན་པའི་ཚོགས་ཆེན་ཞེས་བཏགས་འདུག། བདག་གི་བསམ་ན་ཤེས་ཡོན་པའི་ཚཽགས་ཆེན་ཡིན་ན། ཤེས་ཡོན་རང་གི་ཐོག་ལ་བགྲོད་གླེང་དང་གྲོས་བསྡུར་བྱས་ན་ལེགས་པར་འདོད། གང་ཡིན་ཟེར་ན་ད་ལྟ་ང་ཚོ་བྱས་ཀྱིས་སྤྱི་ཚོགས་ནང་དུ་གཞོན་སྐྱེས་མང་པོ་ཞིག་གིས་བོད་ཡིག་ཉམས་ཆགས་དུ་འགྲོ་བཞིན་ཡོད་ཀྱང་དེ་ལ་དོ་སྣང་དང་སེམས་འཁུར་བྱེད་གི་མེད་པ་མ་ཟད་། གཞོན་སྐྱེས་མང་པོ་ཞིག་རང་བཞིན་གྱིས་བོད་ཀྱི་སྐད་ཡིག་དང་ཕ་སྐད་གཙང་མ་འགན་མི་འཁུར་བ་དང་བོད་ཡིག་ལ་རིན་ཐང་འཇོག་གི་མེད་པ་དེ་ཡང་ཇེ་མང་འགྲོ་བཞིན་པ་དེ་ཡང་གསལ་བོ་རེད། དེའི་རྐྱེན་ཤེས་ཡོན་པའི་སྡེ་ཡིན་ན་རིག་གཞུང་དང་སྐད་ཡིག་གཙོ་བོ་དང་ཆབ་སྲིད་ཕལ་བ་བཟུང་བ་ཡིན་ན་དེ་དགེ་མཚན་ཆེ་བར་འདོད།
དཔེར་ན་ང་ཚོ་སྤྱི་ཚཽགས་འདིས་ནང་དུ་ཆབ་སྲིད་གི་ཚོགས་པ་མང་པོ་ཡོད་པ་རེད་ལ་ཆབ་སྲིད་གི་གནད་དོན་གང་འདྲ་ཞིག་ཡིན་ཡང་ཁོང་ཚོས་སྣེ་ཁྲིད་དེ་བགྲོད་གླེང་བྱས་ཡོད་པ་མ་ཟད། ད་དུང་ཡང་མུ་མཐུད་བྱེད་གི་རེད་བསམ་ཡོད།་སྐད་ཡིག་དང་རིག་གཞུང་གི་སྐོར་ལ་ང་ཚོ་འདིར་བགྲོད་གླེང་སོགས་གོ་སྒྲིག་བྱེད་མཁན་སྐད་ཡིག་རྒྱུན་འཛིན་ཚོགས་པ་ལྟ་བུ་རེ་གཉིས་ལས་མེད་པས་ད་ཐེངས་ན་གཞོན་ཤེས་ཡོན་པའི་ཚོགས་ཆེན་འདིས་ཡང་ཆབ་སྲིད་དང་ཅུང་ཙམ་ཐག་རིང་བར་བྱས་ན་དེ་དོན་སྙིང་ཆེ་བར་བསམ།
ཁུག་རྟ་ཁོང་ལ་ཆ་བཞག་ན་ཡང་སྔོན་ཆད་ག་རེ་བྱས་ཡོད་ཀྱང་{མི་ལ་ནོར་འཁྲལ་མེད་པ་དང་ཤིང་ལ་འཛེར་བ་མེད་པ་}བཞིན་ང་ཚོ་ཚང་མའི་ཁོང་གིས་ད་ལྟའི་བྱེད་ལས་དང་སྔོན་ཆད་གཉིས་བསྡུར་ནས་ད་ཐེངས་གི་ཚོགས་ཆེན་འདི་ལ་རྒྱབ་སྐྱོར་བྱས་ན་དགེ་མཚན་ཆེ་བར་སྙམ། ཁོ་རང་ཡང་གང་ཟག་སྒེར་བ་ཞིག་ཡིན་པས་ཆ་གནས་འདི་འདྲ་ཞིག་གོ་སྒྲིག་བྱེད་པ་དེ་ལས་སླ་བོ་མིན་ཡིན་འགན་རང་འཁུར་གིས་བོད་སྤྱི་བའི་དོན་བསམ་པ་འདི་རྗེས་སུ་ཡི་རེངས་བྱེད་དགོས་པར་འདོད། ལ་ལས་ཁོང་ལ་ཁ་གཏོང་བ་ལས་རང་ཉིད་ཀྱི་ཕྱོགས་གཅིག་ཀྱང་མཐོང་གི་ཡོད་ཚོད་མ་རེད། ང་ཚོ་རང་རང་གི་བསམ་བློ་ཡག་པོ་ཞིག་ཐོངས་དང་ཁོང་གི་བསྒྲུབས་བཞིན་པ་དེ་འདྲ་བསྒྲུབས་ཐུབ་པ་ཕར་ལ་གཡུག་ཞོག། སེམས་ལ་ཡང་དྲན་གི་མེད་པས་ཚང་མའི་ཁོང་ལ་རྒྱབ་སྐྱོར་མེད་ཀྱང་མི་ཞིག་བསྒྲུབས་བཞིན་པའི་ལས་དོན་ལ་དགག་པ་མེད་པར་རེ་སྐུལ་དང་བཅས་དྲ་གྲོགས་ཡོངས་ལ་ཐུགས་རྗེ་ཆེ་ཞུ།
ཤར་ཕྱོགས་ཁུག་རྟས་དངོས་གནས་ང་ཚོར་མཐོང་ཆུང་བཏང་གི་འདུག ཁོ་ག་དུས་ཡིན་ན་སྡོད་མི་ཚུགས་པ་འདི་ག་རེ་ཡིན་ན། ཁོ་ཁྲམ་པ་ཟླ་བ་ཚེ་རིང་དང་འགྲོགས་འདྲིས་བྱེད་ཀྱི་ཡོད་པ་རེད། ཁྲམ་པར་འགྲོགས་ན་ཁྲམ་པ་ཆགས་འགྲོ་བ་ཆོས་ཉིད་རེད། ཟླ་ཚེས་ཡོངས་གླིང་སྤྱི་རྒྱུ་སྒེར་བདག ༧གོང་མཆོག་གི་དྲུང་ཆེ་ཚོར་ལག་སྦྲེལ་གྱིས་ཡིག་ཆ་རྫུན་བཟོ། ལས་ཀ་ག་རེ་བྱེད་ནའང་ཁྲམ་པ་ཁོར་ཁེ་ཕན་མེད་དུས་བྱེད་ཀྱི་ཡོད་པ་མ་རེད། སྤོ་རྨོ་རྣམས་ཤི་ཁར་གཉོར་ཁུལ་གྱིས་ཁང་པ་མང་པོ་བདག་བཟུང་བྱས་པ། ངོ་ཚ་མེད་མཁན་དེར་འགྲོགས་ནས་ཤེས་ཡོན་པའི་ཚོགས་འདུ་སྐོང་ན་རྒྱབ་སྐྱོར་རྩ་བ་ནས་མེད།
རང་ལུས་མེར་སྲེག་ལ་བསྐྱར་ཞིབ་མང་པོ་བྱས་ན་ག་ཚོད་ཕན་གི་ཡོད་ན། དེ་ལས་རེབ་ཐོག་མདས་བཤད་པ་ལྟར་སྐད་ཡིག་དང་རིག་གནས་སོགས་ཀྱི་སྐོར་ཚོགས་འདུ་འཚོགས་ན་ཡག་པོ་མེད་འགྲོ
རང་ལུས་མེར་སྲེག་ལ་ཞིབ་འཇུག་ཅིག་བྱས་ན་ཡག་པོ་ཡོང་གི་མ་རེད།
རང་ཉིད་རང་གིས་བསད་ན་ཡག་པོ་རེད་དམ། ༧གོང་ས་མཆོག་གིས་རང་སྲེག་མཚམས་ཞོག་མི་གསུངས་དོན་ག་རེ་རེད་དམ། རང་སྲེག་བཏང་ན་གྲུབ་འབྲས་ག་ཚོད་འདུག རང་སྲེག་བཏང་བ་ཡོད་ཚད་ཆོས་ཕྱོགས་ནས་འགྲེལ་བཤད་རྒྱབ་ན་ཕན་ཐོག་ཡོད་པ་རེད་དམ། བཙན་བྱོལ་ནང་ནས་རང་སྲེག་མི་བྱེད་དོན་ག་རེ་རེད་དམ།
རེབ་ཐོག་མདའ་ཟེར་བ་ཁྱེད་ཀྱིས་དབུས་གཙང་ནས་རང་སྲེག་བཏང་མ་སོང་ཟེར། ཡིན་ཅིག་བོད་ནང་ནས་གཏོང་དགོས་དོན་ག་རེ་རེད། བཙན་བྱོལ་ནང་བཏང་མ་ཆོག་པ་ག་རེ་རེད། ཁྱེད་ནས་ག་རེ་བྱས་ནས་རང་སྲེག་བཏང་གི་མེད་དམ།
མཚོ་མོའམ་ཀླུ་མཁར་བྱམས་ཁོ་སྐད་བཏང་ཡོད་དམ། འདྲེ་ཁུག་རྟ་ལགས།
ད་ཡིན་ན་ལྟད་མོ་འདུག
མུ་མཐུད་དུ་ཡིན་ད
མཚོ་མོ་ཡང་བདེན་ལ། ཤར་ཁུགས་ཀྱང་བདེན། དོན་ལ་འདི་ནང་ཡོད་ཚད་བོད་དོན་ལ་སེམས་ཁུར་ཡོད་མཁན་ཤ་སྟག་ཡིན་པའི་ཡིད་ཆེས་ཡོད། བསམ་ཚུལ་མི་མཐུན་པ་བརྒྱ་ཕྲག་ཡོད་ཆོག དེ་དང་མ་མཐུན་པས་རྒྱུགས་ཁྱི་ཡིན་དོགས་མེད་ལ། དྲྭ་འབུ་དེ་བས་ཡིན་མི་དགོས། རྒྱུགས་ཁྱི། དྲྭ་འབུ། སོ་པ། ཕོགས་ཟན། ཉུལ་མ། དོལ་རྒྱལ། ད་དུང་ཁྱོད་ཀྱི་གསང་བ་རྟོལ་རྒྱུ་ཡོད་མདོག་མདོག སྒུགས་ཨ་མདོག་མདོག དེ་མིན་སྐུ་དྲག བཙན་བྱོལ། རྡ་ས་སོགས་ཀྱིས་མ་བྱས་མ་འཇོན་ཁོ་ན་མ་ཡིན་པར་རང་གི་བསམ་ཚུལ་ལྷུག་པར་གླེང་རོགས།
ཧ་ཧ་ཧ། བློ་བཟང་ག་རེ་གནང་སོང་། རྒྱ་གུང་ཁྲན་ཚང་ལ་འདི་འདྲ་ངར་ཅིག་ཡོད་ན་ཅི་མ་རུང་། བོད་པ་འདི་ཚོ་ནང་ཁུལ་ལ་འདི་འདྲ་སྡང་སེམས་ཆེ་དོན་ག་རེ་ཡིན་ནམ། ?????
འཇམ་གཅེས་ཟེར་བའི་ཅོལ་ཆུང་དེ་ལ་གཟིགས་དང་ག་དུས་ཡིན་ཀྱང་ཁོ་དགག་པ་རྒྱག་རྐྱང་རེད། ཁག་མེད་སྙིང་རྗེ་བཀྲ་མ་ཤིས་པ་ཞིག་རེད།
བུ་མོ་ངས་གོ་ཐོས་ལ་ཤར་ཕྱོགས་ཁུག་རྟ་ཁོང་ན་གཞོན་ཤེས་ཡོན་པ་ཞིག་ཡིན་ཚོད་འདུག་པས་་་་བུ་མོ་ངས་འདི་ནས་ཁོང་ལ་རྒྱབ་སྐྱོར་གང་ཡོང་ཅི་ཡོང་བྱས་ཆོག
འཇམ་གཅེས་ཟེར་བ་འདི། ཉེ་འཆར་རྒྱ་ནག་སྒྱུ་རྩལ་གྲགས་ཅན་པ་ཨེའེ་ཝེ་ཝེ་ཡིས་འཕྲུལ་དྲ་བརྒྱུད་ནས་རྒྱ་ནག་གཞུང་གིས་དྲ་ཐོག་གི་གསར་འགྱུར་དང་གླེང་གཞི་ཁག་ཁ་བསྒྱུར་དང་ནག་བསུབ་གཏོང་བར་ཆེད་མངགས་མི་སྣ་བཀོལ་སྤྱོད་ཀྱིས་དྲ་ངོས་སུ་དཔྱད་མཆན་འདེབས་འཇུག་གིན་ཡོད་པའི་གྲས་ཀྱི་དྲ་ཐོག་གི་མཆན་མཁན་ཞིག་ལ་བཅར་འདྲིའི་རིན་འབབ་་[ipad]་་ཞིག་དང་། བདེ་འཇགས་ཆེད་མིང་སོགས་་མི་སྒེར་གྱི་གནས་ཚུལ་གསང་རྒྱ་བྱ་རྒྱུའི་དགོས་འདུན་འོག་བཅར་འདྲི་དང་ལེན་བྱས་པ་ཞིག་དུས་བབས་ནང་། གུང་ཁྲན་ཏང་གི་་་དྲ་འབུ་་་་ཞིག་གིས་འདི་ལྟར་བཤད་ཞེས་པ་ཞིག་བོད་བསྒྱུར་བྱས་འདུག་པའི་ནང་དྲིས་ལན་ལྔ་པ་དང་དྲུག་པ་གཉིས་ཀྱི་ནང་དོན་དང་དྲ་འབུ་དེའི་བྱ་བྱེད་ལས་གསུམ་ཚང་མ་འཇམ་གཅེས་དང་སྒོ་ཀུན་ནས་འདྲ་མཚུངས་སུ་འདུག། རྒྱུ་མཚན་ཁོའི་མཆན་ཡོད་ཚད་ལ་ཞིབ་འཇུག་ཞིག་བྱོས་དང་།
ཤར་ཁུག་འདིས་བོད་ལ་ཕན་རྒྱུ་མེད་པའི་བཤད་རྒྱུ་མང་ནི་རེད། གང་ལྟར་ཁོའི་ཅི་བཤད་ལ་མ་ཉན་གང་བྱས་ལ་ལྟོས།
ཧ་ཅང་ཡག་པོ་རེད་ལམ་འགྲོ་ཡོངས་པའི་རེ་བ་ཡོད། ཡིནའང་ན་གཞོན་ཤེས་ཡོན་ཅན་གྱི་ཚབ་ལ་ཤེས་ཡོན་ཅན་གྱི་ཚོགས་འདུ་ཞེས་དག་ན་ཡག་འདོད།
དྲ་འབུ་ཚོས་གཟབ་གཟབ་བྱོས་མ་གཏོགས། ཞབས་མཆན་འདེབས་མཁན་ནང་ལ་མི་ལས་དགུ་ལས་བྱེད་མཁན་དེ་འདྲ་སླེབས་འདུག མི་འདི་ཚོས་མི་ལས་དགུ་ལས། ཆུང་མའི་སྣོག་ལས་གླིང་ལ་གྲགས་ནི་ཞིག་བྱས་རྗེས། ད་དུང་ཕྲག་དོག་གིས་གཞན་གྱི་སྤྱི་དོན་ཞབས་ཞུར་འདི་འདྲ་བརྗོད་ཐུབ་སོང་བ་ནི་དངོས་གནས་ཞེད་སྣང་རེད། སྤྱིར་ངོ་ཚ་ཟེར་བ་འདི་མེད་དུས་ད་ཁག་པོ་རེད། ཕོ་ཁྱོ་གའི་རུས་པ་ནག་མོས་མི་གཅོག་ཟེར་བའི་གཏམ་དཔེ་ཞིག་ཀྱང་ཡོད་པ་ད་རེད་དེ། དེང་སང་བོད་ཕྱི་ནང་གཉིས་ལ་སྣོག་ལས་དགུ་ལས་བྱས་ནོ་གྲགས་ཚོད་པ་མ་རེད་དམ།། ཧཧཧཧཧཧ
བར་སྐབས་ཤིག་ནས་ང་ཚོ་ཁམས་པའི་ཆེ་གྲས་རེ་འགའ་ཤར་ཁུག་གི་སྟེང་དུ་མིག་ཕྲ་རུ་སོང་སྟེ། རང་སྐྱོན་རི་འདྲ་བོ་བཞག་ནས་གཞན་སྐྱོན་ཁབ་འདྲ་བ་འཚོལ་མགོ་བཙུགས་སོང། ཐ་ན་དེང་སང་ལི་ཐང་ཨ་ཐར་དང་འཇུ་ཆེན་ཆུ་སྒང་གི་རྗེས་སྐྱོང་པར་ཁེས་འཆེ་བའི་སྨོན་ལམ་མཐར་ཕྱིན་པས་ཀྱང་ཤར་ཁུག་གི་མིང་གྲོས་ཚོགས་བཏོན་ནས་མི་མང་འཐོམས་སུ་འཇུག་རྩིས་བྱས་ཡོད་མོད། ཡིན་ནའང། ལམ་དུ་ལྷུང་མེད། ཤར་ཁུག་རང་སྟེང་གི་རྣམ་རིག་གཟུར་གནས་ཡིན་པ་ཟམ་གདོང་བླ་མས་བཤད་ནའང། ཁོས་ད་དུང་ཆུ་སྒང་འདིས་༧རྒྱལ་བ་རིན་པོ་ཆེར་མཚན་སྨོད་ཞུས་དང་ཞུ་བཞིན་པའི་ཀེ་ཏ་ཀའི་དེབ་ཕྲེང་སྐོར་ལ་ཚིག་གཅིག་བཤད་མེད། ཁོང་གིས་ཅིའི་ཕྱིར་མ་བཤད་པ་རེད་དམ། དངོས་གནས་ལན་ལྡོན་འདོད་ན་ཡོད་ན་ཆུ་སྒང་ལ་རྒྱབ་བསྙེས་བྱས་པའི་ཅོལ་ཆུང་ཁ་ཤས་མིན་པར། ཆཱུ་སྒང་རང་ལ་ཡིག་ཐོག་ནས་དགག་ལན་ཚ་ཐག་ཆོད་མི་རྒྱག་པ་ག་རེ་ཡིན་ནམ། ང་ཁམས་ཕྲུག་ཅིག་ཡིན་པའི་ཆ་ནས། དོ་སྣང་ཅན་ཅིག་ཡིན་པའི་ཆ ནས། ཁམས་པ་མི་མང་དང་མགོ་ལ་སྡོད་མཁན་གྱི་བར་ལ་རིང་ཐུང་ཆེན་པོ་ཡོད་པ་ཤེས་ཀྱི་ཡོད། དེས་ནས་ཁོང་ཚོའི་སྒང་གི་འཁྲབ་ཚམས་ད་ནི་ཅམ་འཇོག་བྱས་ནས་སྤྱི་ལ་ཕན་གལ་ཆེ་བར་མཐོང།
ཧ་ཧ་ཧ ངའི་སྐད་ཆ་མི་འགའི་སྐྱོན་ལ་ཕོགས་ཡོད་ས་རེད། དེར་བྱ་ཐབས་ཡོད་མ་རེད། ཡིན་ནའང་ངའི་མཆན་དང་མཉམ་པོར་ཀླུ་མཁར་བྱམས་སྦྱར་བ་ནི་འབྲེལ་རང་རེད། སྡེ་མི་བསྡོད་བཅུག་ན་ག་འདྲ་འདུག
འདྲེ་བྱེའུ་ཤར་ཁུག་ཅི་ཙམ་ཁྲམ་པ་ཟླ་ཚེ་དང་འབྲེལ་བ་དེ་སྲིད་དུ། ཁོང་ལ་སྤྱི་ཚོགས་ནང་ངོས་འཛིན་ཡག་པོ་ཞིག་མེད་པ་གསལ་བོ་རེད། ཉེ་འཆར་བཀའ་ཤག་ནས་ཁྲིམས་ཡིག་བསྐྱར་བཅོས་བསྣམས་ནས་ཟླ་ཚེའི་ཁྲམ་ལས་དེ་རིགས་གཙང་བཟོ་བྱ་འདོད་ཀྱང།་ཐུབ་བསྟན་ལུང་རིགས་ཁྱི་རྔ་རིང་ཅན་གྱི་ཚད་ལས་བརྒལ་བའི་སྤྱང་ཀིར་རྣ་ཙོར་བཏགས་ཡོད་པ་རེད། བཀའ་ཤག་གསར་པ་དང་ལྷག་པར་སྲིད་སྐྱོང་མཆོག་གིས་གནད་དོན་ཆེ་ཁག རུལ་སུངས་དང་འབྲེལ་བ་ཡོད་པ་འདི་རིགས་གཙང་བཟོ་མ་གནང་ན་ང་ཚོར་ཡིད་ཆེས་སླེབས་ས་མ་རེད། དེ་བས་མུ་མཐུད་ནས་འདི་རིགས་གཙང་མ་བཟོས་སྟེ། གཞུང་རྒྱུ་གཞུང་ལ་དབང་བ་ཞིག་གནང་རོགས།།
ངའི་སྐད་ཆས་མཚོ་མོའི་འཚིང་ལ་ཕོགས་འདུག ཧཧཧཧཧ ད་ལས་ཐབས་ཆག་དེ་རྣམས་མཚམས་འཇོག་རོགས
གོང་གི་འབེལ་དེ་་་་འབྲེལ་མེད་་་་་་ལ་བཟོ་བཅོས་ཡོད་པ་ཞུ
མཚོ་མོ་ཁྱེད་ཚ་ག་ཚུག་གེ་མ་གནང། འཁྲབ་བསྡད་ན་འདི་འདྲ་རང་རེད། ལས་འབྲས་རེད་ཡ། ཁུངས་ག་བ་འཁྱོལ་གི་རེད།།།
བློ་བཟང་ཟེར་བ ཁྱེད་ནོར་བ་རེད། ཤར་ཁུག་ཟླ་ཚེར་འགྲོག་ནས་ནག་པོ་ཆགས་སོང་བ་མ་རེད། མི་འདི་ཚོ་གཅིག་པ་གཅིག་རྐྱང་རེད། ཁོ་ཟླ་ཚེར་མ་འགྲོག་གོང་ནས་མི་ལས་དགུ་ལས་བྱེད་མཁན་ཞིག་རེད།
ཟླ་བ་ཚེ་རིང་ལགས་ནི། མི་འཇོན་པོ་ཅིག་ཡིན་པ་འདྲ། དེ་དེ་བཞིན་དུ་ཤར་ཁུག་ཀྱང་སྤྱི་དོན་ལ་འཇོན་མཁན་ཡག་པོ་ཅིག་ཡོང་བའི་སྨོན་འདུན་ཡོད་ལགས།
ད་ཆོ་མི་འདུག བསམ་ཚུལ་སྤེལ་མཁན་འདི་ཚོ་རྩ་ཚང་མཁན་གཅིག་ཀྱང་མི་འདུག ལས་མེད་ཚོགས་པ། དྲ་འབུ་རྐྱང་རེད། ངས་གོ་ཐོས་བྱས་ན། ཤར་ཁུག་ལ་མི་ཆེན་པོ་རེ་འགས་སྐུལ་མ་བྱས་ཏེ་ཚོགས་ཆེན་འདི་སྐོང་འཆར་ཡོད་པ་དང། འདིའི་དམིགས་ཡུལ་རང་སྲེག་མཚམས་འཇོག་ཡོང་ཐབས་རེད་ཟེར། དེ་བཞིན་ཁོས་ཤེས་ཡོན་ཅན་རྣམས་ནས་མགྲིན་གཅིག་ཏུ་དབུ་མའི་ལམ་ལ་རྒྱབ་སྐྱོར། རང་སྲེག་མཚམས་འཇོག་ལ་འབོད་སྐུལ་བྱེད་འཇུག་འཆར་ཡོད་པ་རེད་ཟེར། ཤར་ཁུག་འདི་༧མགོ་རྒྱལ་བ་རིན་པོ་ཆེ་ནས་ཆེ་གྲས་ཚང་མས་མཉེས་པོ་གནང་གི་ཡོད་སྟབས། འདིའི་རྒྱབ་ལྗོངས་ན་སྟག་འདྲ་གཟིག་འདྲ་ཡོད་པ་རེད། བློ་བཟང་སེང་གེས་ཀྱང་གླགས་འཁེལ་ཡོད་པ་མ་རེད། མི་འདིའི་ལས་ཀ་དེ་ཚོ་ཏན་ཏན་ཟམ་གདོང་བླ་མས་བཀོད་མངགས་མེད་ན། ཆེ་གྲས་ཤིག་གི་བཀོད་མངགས་ཡོད་པ་རེད་ཟེར།།
ངས་ཤར་ཁུག་དབུ་མའི་ལམ་ལས་འགུལ་ཁང་གིས་ཕྱིར་ཕུད་བཏང་ཚུལ་གྱི་མཆན་ཞིག་ཡོད་པ་དེ་ག་རེ་བྱས་ནས་བསུབ་པ་ཡིན་ནམ། ཤར་ཁུག་ཁོ་རང་གིས་བསུབ་པ་ཡིན་རྒྱུ་རེད། ཁ་བརྡ་ཤར་ཁུག་གིས་སྒེར་སྤྱོད་ལག་ཆ་ཆགས་པ་རེད་དམ།
མེ་ཏོག་ལྷ་མཛེས་ཟེར་བར་བལྟས་དང། དངོས་གནས་ཨ་མདོ་འདི་ཚོ་ཞེ་དྲག་ཐབས་སྐྱོ་བོ་རེད། གཅིག་གིས་གཅིག་སྐྱོར་རྒྱུ་ལས་མར་འཐེན་ཨེ་ཐུབ་ལྟ་བ་འདི་ག་རེ་ཡིན་ནམ། དཀྲོགས་གཏམ་སྤེལ་ཀྱང་ཤར་ཁུག་གི་སྐྱག་པ་གཡུག་སར་ཁྱེད་རང་མི་སླེབས་ཐག་ཆོད། ཤར་ཁུག་དངོས་གནས་ཤེས་ཡོན་ཅན། ཀླད་པ་ཅན། ལངས་ཕྱོགས་བརྟན་པོ། རྒྱལ་བའི་དགོངས་གཞིར་ཤར་བསྐྱོད་བྱེད་མཁན། ཕྱི་ནང་གི་གནད་དོན་ཚང་མ་བློ་ངེས་ཆུབ་མཁན་ཞིག་ཡིན་པ་ངས་ཁག་ཐག་བྱས་ཆོག ཁོང་མེད་ན་དབུ་མའི་ལམ་ལས་འགུལ་ཁང་སྒོ་རྒྱབ་ཚར་ཡོད། སྤྱི་ཚོགས་ཐོག་ཡོངས་གྲགས་རེད། ཁྱེད་རང་རྒྱ་མིས་གསོ་ཕྲུག་ཅིག་མིན་ན། ཕྲག་དོག་བྱབ་ཆུང་དེ་འདྲ་མ་བྱེད། ཁྱེད་རང་ཤར་ཁུག་གི་སྐྱག་པའི་མཉམ་དུའང་བསྡུར་ས་མི་འགྲོ་བ་མི་རྣམས་ཀྱིས་ལོས་ཤེས། ཧཧཧཧཧཧ
ཤར་ཁུག་གི་ལས་དོན་བཟང་པོ་འདིར་བར་ཆད་གཏོང་མཁན་ག་ཚོད་མི་འདུག་གམ། དཀོན་མཆོག་མཁྱེན་ཐབས་སྐྱོ་བ་ལ། འདི་ལྟར་ནང་ཁུལ་ཕྲག་དོག་བྱེད་པ་འདི་ཅི་ཞིག་ལན་ནམ། སོ་སོའི་ངོས་ན་སྐྱག་པ་མ་གཏོགས་གཏོང་རྒྱུ་མེད་མཁན་ཅིག་གིས། མི་ལ་འདི་ལྟར་བྱེད་པ་ག་རེ་ཡིན་ན།
རྒྱ་མིའི་སོ་པ་དྲ་འབུ་དེ་ཚོ་འདི་འདྲ་མིན་ན་གང་ཡིན། ཐབས་སྐྱོ་བོ་འདུག ཤར་ཁུག་ཁྱད་དུ་འཕགས་སོང་ན་བོད་མི་གཅིག་འཕགས་སོང་བ་རེད། དེར་སེམས་སྐྱོ་ནས་ག་རེ་བྱེད་ག བོད་ནང་རང་སྲེག་བཏང་ནས་སྲོག་དོར་ན། བཙན་བྱོལ་ནང་མི་སྒེར་བ་ཞིག་གིས་འདི་འདྲའི་ལས་ཀ་རླབས་ཆེན་ཅིག་མགོ་འཛུགས་ན་ཡག་པོ་མ་རེད་དམ། དངོས་གནས་བོད་པ་ཚོ་ཐབས་སྐྱོ་བོ་རེད།།
ཤར་ཁུག་གིས་གོ་སྐབས་དམ་འཛིན་བྱས་ནས་ཅིག་འཁྲབ་བསམ་པ་དེ་མི་མང་གིས་ཧ་གོ་སོང་བ་རེད། དེར་དགའ་མི་དགའ་ཟེར་བ་ཞིག་ཡོད་པ་མ་རེད། དེང་སྐབས་མང་ཚོགས་ཀྱི་གོ་རྟོགས་དེ་ཚད་དམའ་བོ་ཞིག་མ་རེད། དེ་ཤེས་པ་བྱེད་ན་བཟང་།
ཤར་ཁུག་ཡིན་ན་འདི། དབུ་མའི་ལམ་མི་མང་ལས་འགུལ་ཁང་ལ་མེད་ན། དབུ་མའི་ལམ་མི་མང་ལས་འགུལ་ཁང་སྒོ་བརྒྱབ་ཚར་ཡོད་པ་རེད་ཟེར་བ་དེ་རིང་མ་གཏོགས་གོ་མ་སོང་། དབུ་མའི་ལམ་མི་མང་ལས་འགུལ་ཁང་འདི་ཡོད་ན་འདྲ། མེད་ན་འདྲ། མི་ཁ་ཤས་ཀྱི་འཚོ་ཐབས་འཚོལ་བའི་ཚོགས་པ་ཞིག་རེད། སྔོན་ཡང་འདི་ལྟར་རེད་ལ། ད་ལྟ་ཡང་འདི་འདྲ་རེད།
ལྟས་ངན་རྐྱང་འཛོམས་ནས་ངན་ལབ་རྐྱང་ལས་དོན་གནད་ཅིག་མཐོང་མ་སོང་།
དགོངས་དག སྐད་འཕྲིན་ཕྱོགས་སུ་་་་་་
རྒྱ་གར་རྨ་བྱས་ཟེར་བ་བདེན། སངས་དོན་ལ། ལྟས་ངན་ཁྲམ་པ་ཁྱེད། དབུ་མའི་ལམ་ན་འཚོ་ཐབས་འཚོལ་བའི་མི་སུ་འདུག་གམ། ཟླ་བ་ཚེ་རིང་ནི་རྡ་སའི་ཀ་རོར་པ་དེ་རེད། ཡོན་ཏན་མགྲོན་ཁང་ཡང་ཕྱུག་བདག་རེད། སྤྱི་ཟུར་མདོ་སྨད་སྒྲོལ་མ་མཚོ་མོ་བཤད་ག་ལ་དགོས། ཁོ་ཚོར་དབུ་མའི་ལམ་ན་ཁེ་ཕན་ག་རེ་ཡོད་པ་རེད་དམ། རྨོག་རུ་བསྟན་པ་དང་བསོད་ནམས་རྒྱལ་མཚན་གཉིས་ཟླ་ཚེ་མ་འགྲིག་པས་གནའ་ནས་ཐོན་ཚར་བ་རེད། ཟླ་ཚེའི་བཀའ་ལ་མ་ཉན་ན་ཁྲམ་ལས་བྱེད་རྒྱུ་བྱང་ཆུབ་པ་ཡིན་པ། ད་ཤར་ཁུག་གིས་ཉེ་བའི་ལོ་གཅིག་གི་ནང་ཅིག་བྱས་པའི་ཁུལ་རེད་དེ། ཁོ་ཕྱུག་བདག་དེ་ཚོའི་ལག་གཡོག་མིན་ན་ཅི་ཡིན། ཚོགས་པ་འདི་མེད་ན་འགྲིག་ཅེས་བསམ་ཚུལ་བཏོན་ཆོག་ནའང། ཚོགས་པ་འདིས་ཁོང་ཚོར་ཁེ་ཕན་ནི་ཅི་ཡང་ཡོད་ས་མི་འགྲོ་བ་རེད།། དེ་བས་དཀར་པོར་ནག་འགལ་མ་བྱེད།།
བདུན་གཉིས་ཙམ་གྱི་སྔོན་ལ་ཨེ་ཤ་ཡ་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འཛིན་ང་ཕོད་འཇིག་མེད་ལགས་ལས་ཀ་ནས་དགོང་ཞུ་གནང་དགོས་པའི་རྡ་ཐོ་འབྱོར་ཡོད་པ་རེད། རྡ་ཐོ་འབྱོར་བའི་ནང་ལོ་རྫེས་མའི་ཟླ་དགུ་བའི་བར་དགེ་ཡལ་དུ་འགྲོ་དགོས་སྐོར་དང་རྒྱུ་མཚན་ཞིབ་ཕྲ་ད་དུང་སུ་གཅིག་གི་ཕྱི་ལ་བསྒྲིགས་མེད་པ་རེད། ཁུང་ལྡན་གནས་ཚུལ་ལ་ལྟར་ན་གནས་ཚུལ་དེ་བྱུང་མ་ཐག་བོད་སྐད་སྡེ་ཚན་གྱི་ལས་བྱེད་ཡོངས་ཨེ་ཤ་ཡ་རླུང་འཕྲིན་ཁང་གི་ལས་ཁུང་ཨ་མའི་ནང་ང་ཕོད་འཇིག་མེད་གྱི་རྒྱབ་སྐྱོར་ཆེད་དུ་སོང་ཡོད་པ་རེད། ཡིནའང་སྟབས་མ་ལེགས་པ་ཞིག་ལ་རླུང་འཕྲིན་ཁང་གི་སྤྱི་ཁྱབས་འགན་འཛིན་ཉིན་དེར་ལས་ཁུང་དུ་བསྡད་མེད་པ་རེད། བོད་སྐད་སྡེ་ཚན་གྱི་ལས་བྱེད་ཡོངས་ལས་ཁུང་ཨ་མའི་ནང་བཅར་སྐབས་འགན་འཛིན་གཞོན་པ་ཅུང་མ་སྡེ་བྱུང་ཡོད་པ་དང་ཁྱེད་ཅག་ཚང་མ་འདུར་རུ་བཅར་དགོས་དོན་ཅི་ཡིན་ནམ་ཞེས་དྲིས་ཡོད་པ་རེད ད་ལྟ་བོད་སྐད་སྡེ་ཚན་གྱི་ལས་བྱེད་ཚང་མ་ཚབ་ཚབ་ངངས་སྡད་ཡོད་ཚོད་འདུག།
བཟང་ངན་ཅང་གླེང་རྒྱུ་མེད།
༡༽ ཡང་སྙིང་བཙན་བྱོལ་སྤྱི་ཚོགས་ནང་ན་གཞོན་ཤེས་ཡོན་པ་ག་ཚོད་ཡོད་རེད།
༢༽ ཚོགས་འདུ་གོ་སྒྲིག་པས་”ན་གཞོན་ཤེས་ཡོན་པ་”ངོས་འཛིན་བྱ་སྟངས་གང་འདྲ་ཡིན་ནམ།
༣༽ གདན་ཞུའི་”ན་གཞོན་ཤེས་ཡོན་པ་”རྣམས་ཤར་ཁུག་གིས་ཐག་གཅད་ཀྱི་རེད་དམ། ཡང་ན་སྤྱི་ཚོགས་ལ་གོ་བསྡུར་གྱིས་ཐག་གཅད་ཀྱི་རེད།
༤༽ གདན་ཞུའི་”ན་གཞོན་ཤེས་ཡོན་པ་”རྣམས་ང་ཚོར་ངོ་སྤྲོད་བྱེད་ན་འགྲིག་གམ།
༡༽བཙན་བྱོལ་སྤྱི་ཚོགས་ནང་ན་གཞོན་ཤེས་ཡོན་པ་ག་ཚོད་ཡོད་མེད་བོད་གཞུང་གིས་ཀྱང་ཞུ་ཐུབ་ཀི་མ་རེད།
༢༽ ཚོགས་འདུ་གོ་སྒྲིག་པས་ན་གཞོན་ཤེས་ཡོན་པ་ངོས་འཛིན་བྱ་སྟངས་རྒྱུན་དུ་བཙན་བྱོལ་སྤྱི་ཚོགས་ནང་ཤེས་ཡོན་གྱི་ལམ་ནས་རྩ་དོན་འཐབ་རྩོད་ཐད་ནུས་བ་འདོན་བཞིན་པ་དང་ཐོན་བཞིན་པ་རྣམས་ལས་གཞན་སུ་མཆིས།
༣༽ གདན་ཞུའི་ན་གཞོན་ཤེས་ཡོན་པ་རྣམས་ཤར་ཁུག་གིས་ཐག་མ་བཅད་ན་སུས་གཅོད། ཁོའི་ཁར་ཉན། མོའི་ཁར་ཉན་ན་ག་དུས་ལམ་དུ་འགྲོ་ཡི་རེད།
༤༽ གདན་ཞུའི་”ན་གཞོན་ཤེས་ཡོན་པ་”རྣམས་ང་ཚོར་ངོ་སྤྲོད་བྱེད་ན་འགྲིག་གམ། དེ་ངས་མི་ཤེས། ཤར་ཁུག་ལ་ཐད་ཀར་བཀའ་འདྲི་ཞུ་དགོས་ཀྱི་རེད།
ང་ལ་དྲི་བ་ཁ་ཤས་ཡོད།
༡ ཚོགས་ཆེན་འདིས་མི་ཁ་ཤས་ཀྱི་གཉིད་དཀྲོགས་བཞག་པ་ག་རེ་ཡིན་ན།
༢ ཚོགས་ཆེན་འདིས་མི་ཁ་ཤས་ཀྱི་ཕྲག་དོག་མཇེ་གནམ་ལ་ལངས་བསྡད་པ་ག་རེ་ཡིན་ན།
༣ ཚོགས་ཆེན་འདིར་ཞུགས་ན་འདོད། གདན་ཞུ་མ་ཕུལ་ན་མི་འགྲོ་བསམ་མཁན་དེ་འདྲ་ཡོད་པ་ག་རེ་ཡིན་ན།
༤ ཚོགས་ཆེན་འདི་འཚོགས་པ་ཡིན་ན་གནམ་ས་ཤོར་འགྲོ་བར་དགོངས་མཁན་དེ་འདྲ་ཡོད་པ་ག་རེ་ཡིན་ན། ཧཧཧཧཧ
༡ ཚོགས་ཆེན་འདིས་མི་ཁ་ཤས་ཀྱི་གཉིད་དཀྲོགས་བཞག་པ་ག་རེ་ཡིན་ན།
འདི།
༡ ཚོགས་ཆེན་འདིས་མི་ཁ་ཤས་ཀྱི་གཉིད་དཀྲོགས་བཞག་པ་ག་རེ་ཡིན་ནམ། ལ་བཅོས་དགོས་འདུག
ཀ་རྡོ་ཁྱེད་ཅིག་ཤེས་མདོག་མདོག་མ་བྱེད། ཁ་སྐད་ལྟར་བྲིས་པ་ཡིན།་
ཁ་སྐད་ནང་ལ་ཡང་འདི་འདྲ་མི་ཟེར།
མི་ཚོགས་ཁྲོད་ནས་ཁ་མ་སྔ་ཞེས་བཤད་སྲོལ་ཡོད་པ་ལྟར། ཡིན་ནམ་གྱི་ན་ལ་མ་རྗེས་འཇུག་ཡོད་པ་ལས་དང་པོ་བས་ཀྱང་ཤེས། དེས་ན་ཀརྡོ་གླེན་རྒན་ཁྱེད་གད་མོ་ཤོར་རོ།། རབ་ཏུ་ཤོར་རོ།།
ཀརྡོ་གླེན་རྒན་ཁྱེད་གད་མོ་ཤོར་རོ།། རབ་ཏུ་ཤོར་རོ།།
འདིཡང་།
ཀརྡོ་གླེན་རྒན་ཁྱེད་༼ལ་༽གད་མོ་་ཤོར་རོ།། རབ་ཏུ་ཤོར་རོ། །ཞེས་འབྲི་མི་དགོས་སམ། ལགས།
ཡང་འཇིག་རྟེན་ཆོས་བརྒྱད་ཀྱི་འཁྲབ་སྟོན་ཞིག་ལ་སྦྱིན་བདག་རག་པ་འདྲ་ཧཧཧཧཧ་མིང་སྙན་པ་ལ་སྤྱི་རྒྱུ་སྒེར་བདག་མཁན་ཚོ་ག་དུས་ཡིན་ཡང་ལམ་ཁ་ཡོད་པ་ནི་གོང་གི་སྐུ་ངོ་ཚོས་ལྐོག་བརྔན་བཞེས་ཀྱི་ཡོད་པའི་རྟགས་མཚན་ལས་དྲང་བདེན་གྱི་སྤྱི་ཚོགས་ཤིག་་་་་་་་་་་་་་་་སྤྱི་རྒྱུ་སྒེར་བདག་ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧབློ་སེང་ལགས་ལ་མིག་དང་རྣ་བ་ལྕེ་ལེ་གསུམ་ཡོད་ན་་་་་་ཧཧཧཧ་མ་གཞི་ཟམ་གདོང་ཚང་གིས་ག་ཚད་ཟོས་ཡོད་ན་ཧཧཧ་ད
ཤེས་ཡོན་ཅན་སྤྱི་དང་ལྷག་པར་ན་གཞོན་ཤེས་ཡོན་ཅན་རྣམ་པས་རང་གི་སྤྱི་ཚོགས་ལ་འགན་འཁུར་གྱི་རྩོམ་ཡིག་སྤེལ་བ་དང་བྱ་བ་སྒྲུབ་པ། གནད་དོན་བྱེ་བྲག་པ་ཁག་ལ་ཉམས་ཞིབ་བྱེད་པ། ལྷག་པར་རིགས་ཞེན་ཙམ་མིན་པར་ཡུལ་དུས་གནས་བབ་ཤེས་པའི་ཐོག་ནས་ཡིད་བཞིན་ནོར་བུའི་བཀའ་སློབ་ལམ་སྟོན་བཞིན་ནུས་པ་ཅི་ཡོད་འདོན་རྒྱུ་ཧ་ཅང་གལ་ཆེ། སྤྱི་ཚོགས་ཁྲོད་དུ་འཇུག་དུས། བློ་ཁོག་ཡངས་དགོས། གཟུ་བོར་གནས་དགོས། སྙིང་སྟོབས་ལྡན་དགོས།
རྒྱུ་མཚན་ཁུངས་ལུང་གིས་དབེན་པའི་བསྟོད་སྨད་གང་རུང་གི་སྐད་ཆ་རྣམས་ནི་དོན་གྱིས་སྟོང་བའོ།
ཆབ་བྲག་ལྷ་མོའི་གསུང་ལ་མངོན་པར་བསྟོད་དོ།། དེ་དེ་བཞིན་ནོ།།
ཆབ་བྲག་ལྷ་མོ་སྐྱབས་ཁ་མཁས་པོ་ཡོད། འོན་ཀྱང་ལག་ལེན་ནི་་་་་་་་་་་་་་་་་་་་་་་
རྩེ་བཀྲ་ལགས། ངས་གོ་བ་དེ་བདེན་པ་ཡིན་མིན་སྐད་ཆ་དྲིས་དང་ཧ་གོ་གི་རེད། དབུ་མའི་ལམ་ལས་འགུལ་ཁང་གི་ཚོགས་ཆེན་ཐོག་ཤར་ཁུག་གིས་ཕྱིན་ཆད་ལས་ཁུངས་ཀྱི་མིང་ཐོག་ནས་ལས་ཀ་གཅིག་ཀྱང་བྱས་མི་ཆོག བྱས་ན་རྩ་དགོངས་ཞུ་དགོས་ཞེས་ཐག་བཅད་འདུག་པ་གཞན་ལ་དྲིས་དང་། དེས་ན་གཅིག་ནས་ཁུངས་མ་འཁྱོལ། གཉིས་ནས་ཁུངས་མ་འཁྱོལ། ངོ་མ་ཨ་མདོ་བའི་རང་གཟུགས་ཇེ་སྟོན་རེད། ཧེཧེ