༄༅།། ཚོགས་ལ་ཉེ་བའི་ན་གཞོན་ཤེས་ཡོན་པའི་ཚོགས་ཆེན་ནང་ཞུགས་འདོད་ཡོད་མཁན་རྣམས་ཀྱི་ཞུ་སྙན་ལེན་མཚམས་དེ་རིང་ཕྱི་ཚེས ༡༤ ནས་གསལ་བསྒྲགས་སྔོན་སོང་ལྟར་བཞག་ཡོད་པ་དང། ཚོགས་ཞུགས་པ་རྣམས་ལ་ཚོགས་ཆེན་དང་པོའི་བརྗོད་གཞི་དང་འབྲེལ་བའི་དཔྱད་ཡིག སྤྱི་ལོ ༢༠༠༩ ནས་ད་བར་རྒྱལ་སྤྱིའི་སྟེང་གཞུང་སྒེར་སྡེ་ཚན་ཁག་འདྲ་མིན་ནས་སྤེལ་བའི་རང་སྲེག་ཐད་ཀྱི་བསྒྲགས་གཏམ་སོགས་དང། དེ་བཞིན་དབུས་བཀའ་སྤྱི་གཉིས་ཀྱིས་སྤེལ་བའི་གསལ་བསྒྲགས་བཅས་ཕྱོགས་སྡེབས་འགྲེམས་འཆར་ཡིན་ན། ཚོགས་ཞུགས་པ་སྒེར་བར་རང་སྲེག་ཐད་མཁོ་སྒྲུབ་ཟིན་པའི་ཕྱི་ནང་གི་ཡིག་ཆ་དང། བརྙན་འཕྲིན་སོགས་བརྗོད་དོན་དང་འབྲེལ་བའི་དཔྱད་ཡིག་ཅི་ཡོད་ཚོགས་འདུའི་ཐོག་བསྣམས་ཕེབས་ངེས་ཐུབ་ཡོང་བ་ཞུ་རྒྱུ་དང། དེ་བཞིན་ཚོགས་ཉིན་དགོང་དྲོ་ཆུ་ཚོད་ལྔ་པའི་རྗེས་སྙན་ངག་གྱེར་འདོན་ཞུ་རྩིས་ཡོད་ན། ཚོགས་ཞུགས་སྙན་ངག་པ་རྣམས་ཀྱིས་དེ་ལུགས་གྲ་སྒྲིག་གནང་སྐྱོང་ཡོང་བ་དང། ཚོགས་འདུའི་སྐབས་ཤེས་ཡོན་ཅན་རྣམས་ཀྱིས་རང་ལུགས་ཕྱུ་པ་གྱོན་གནང་ཡོང་བ་བཅས་དེ་དོན་དགོངས་མངའ་ཞུ།།
གོ་སྒྲིག་པས།། ༢༠༡༢། ༡༡། ༡༤། ཉིན།
ཁུགས་རྟ་སྐུ་ངོ་མཆོག་གི་ཕྱག་ལས་དེ་ལམ་ལྷུང་ཡོང་བའི་སྨོན་འདུན་ཞུ།
ལམ་ལྷུང་མ་ཡོངས་བར་ཤོག ལམ་ལྷོང་ཡོངས་བར་ཤོག
ལམ་ལྷུང་ལམ་ལྷོང་གཉིས་ཀ་མ་ཡོང་བར་ཤོག ལམ་ལྷོངས་ཡོང་བར་ཤོག ཧ་ཧ་་ཧཧཧཧ
བོད་རྒྱ་ཚིག་མཛོད་སྨད་ཆ། ཤོག་གྲངས། ༢༧༦༩ ༼ལམ་ལྷོང་།༽ལམ་དུ་ལྷུང་བ་སྟེ། བསམ་པ་དོན་ཐོག་ཏུ་ཁེལ་བ།
ཁུག་རྟས་ཡང་ཆབ་སྲིད་རྫུན་མའི་དྲིལ་བསྒྲགས་བྱས་ཞི་ལི་ཞི་མོ་ཁ་ཤས་ཤིག་ལ་ན་གཞོན་ཤེས་ཡོན་པ་ཞེས་མིང་བཏགས་ཏེ་སྤྱི་ཚོགས་དཀྲུག་ཤིང་གི་འགོ་སློང་གྲབས་འདུག་་་་་་་
ཐེངས་དང་པོ་ཟེར་བའི་མིང་འདི་སྐྱོན་ཅན་ཞིག་ཡིན་སོ་ཀི། དེ་མིན་ཚོགས་ཆེན་ཆེ་ཆུང་ག་འདྲ་ཚོགས་ན་ཡང་དགའ་བསུ་ཡོད།
ན་གཞོན་ཤེས་ཡོན་ལྷན་ཚོགས་གནང་རྒྱུར་དགའ་བསུ་དང་བཅས་ཞུ་རྒྱུར། ཁྱེད་རྣམ་པའི་གོ་སྒྲིག་གནང་བ་བསྔགས་བརྗོད་ཡོད། འོན་ཀྱང་རང་བཙན་དང་དབུ་མ་ཟེར་བའི་ལྟ་གྲུབ་དེས་གཞོན་ནུ་ཚོ་མགོ་བོ་རྨོངས་སུ་མི་བཅུག་པའི་རེ་བ་ཡོད། དེང་སྐབས་ལྟ་གྲུབ་རྩོད་པའི་དུས་མ་རེད་ལ། ལྟ་གྲུབ་སྦྱང་བའི་དུས་ཀྱང་མ་རེད། དེས་ན་ལྟ་གྲུབ་ཁྱབ་སྤེལ་དུས་ག་བ་ཡིན། བོད་མི་རིགས་ལ་ཁ་ཡོད་ལག་ཡོད་དགོས་པ་ནི་རྡོག་རྩ་གཅིག་སྒྲིལ་དང་། རིག་ཞུང་སྲུང་སྐྱོབ་གཉིས་གཞི་རྩ་འཛིན་ནས་ཁ་ནས་བཤད་སྡད་པ་གཅིག་པོ་མིན་པར་ལག་ལེན་དངོས་སུ་བསྟར་བའི་དུས་ལ་སླེབས་ཡོད་པ་ནི་ཕྱིས་མེད་ན་སྔ་རྩ་བ་ནས་མེད།
བདག་གིས་ཡིག་ནོར་བྲིས་འདུག དེ་ལ་དགོངས་སེལ་ཞུ། ལམ་ལྷོང་དང་ལྷོངས་གཉི་ག་འབྲི་སྲོལ་འདུག ལྷག་པར་ལྷོངས་འདི་བྲིས་ན་ཞོར་ལས་ལྟ་བུའི་ངང་ནས་བདེ་བླག་ཏུ་འགྲུབ་པའི་དོན་དུ་འཇུག་གི
ཨ་ཇོ་དགེ་མཐོང་གིས་ང་སྐྱབས་སོང་ང་།
ཨ་དགེ་ཡིས་ཡིག་ནོར་མེད་པའི་ཡི་གེ་ཞིག་དྲ་ཐོག་འདི་ན་མཐོང་རྒྱུ་མེད།
དཔེར་ན་བསྟན་འཛིན་གྱིས་༼ཡི་ལ་ཡིས་༽དྲྭ་ལ་དྲ་ཞེས་ཡིག་ཕྲེང་གཅིག་ནང་ཡིག་ནོར་གཉིས་བྲིས་པ་བཞིན།
མེ་དཀར་ལགས། ཡི་དེར་བྱེད་སྒྲ་མི་ཐོབ་པའི་གནད་ལུགས་གསུང་དང་། དེ་བཞིན་དྲ་བའི་དྲ་ལ་ཝ་ཟུར་ཐོབ་དོན་གང་ཡིན་ནམ།
བྱེད་སྒྲ་མི་ཐོབ་པའི་༼གནད༽ གནས་ལུགས་ཁྱེད་ཀྱིས་གསུངས་ན་འཚམ། དྲྭ་བ་ལ་ཝ་ཟུར་དགོས་པ་ཡོངས་སུ་གྲགས། གཞན་རྒྱུ་མཚན་གང་ཡོང་།
ཨ་དགེའི་ཡིག་ནོར་ཞེས་དྲུག་པ་འབྲེལ་བ་ལས་གསུམ་པ་ཅིའི་ཕྱིར་འཇུག
ཨ་དགེ་ཡིས་ཡིག་ནོར་མེད་པའི་ཡི་གེ་ཞིག་དྲ་ཐོག་འདི་ན་མཐོང་རྒྱུ་མེད། ཞེས་པ་དེར་ནོར་སྐྱོན་མི་འདུག། གལ་སྲིད་ཨ་དགེའི་ཡི་གེ་ལ་ཡིག་ནོར་མེད་པའི་དྲ་བ་འདིར་མཐོང་རྒྱུ་མེད། ཞེས་དྲུག་སྒྲ་སྦྱར་ན་ཡང་དག་པ་རེད། དྲ་བ་ལ། དྲ་རྐྱང་ལས་ཝ་ཟུར་བཀོལ་བ་ནི་དག་ནོར་ཡིན་པ་ལས་ཡོངས་སུ་གྲགས་པའི་རྒྱུ་མཚན་མེད། གནད་ལུགས་དང་གནས་ལུགས་གཉིས་ཀྱི་ཚིག་གི་གོ་དོན་མི་འདྲ་ཡང་དེ་གཉིས་གང་ཞིག་སྤྱོད་ཡང་ཆོག།
མེ་ཏོག། མགར་བའི་ཁུང་ཁར་ལག་མ་སྔ་ཟེར་བ་དེ་འདྲ་གོ་ཨེ་མྱོང་། ཚ་ཕྲུག་གིས་ཁྱེད་ལ་ཚ་བོ་ཅིག་བྲིས་འདུག་གི་ཨ།
དྲ་བར་ཨ་དགེའི་ཡིག་ནོར་ཞེས་བྲིས་ན་དག་པ་མིན་ནམ། ལགས།