སྐལ་བཟང་ཉི་མས་བསྒྱུར།
བྱིས་པའི་རྩོམ་རིག་ནི་ཕྲུ་གུ་ཚོར་སྐུལ་སློང་གི་ཁྱད་ནུས་འདོན་ཞིང་བོངས་ཆེ་བའི་རྩོམ་རིག་གི་ཕུང་བོ་ཞིག་ཏུ་གྲུབ་ཡོད་ལ། ད་ལྟའི་ཆར་ན་ཆུང་ྐློག་པ་པོ་རྣམས་ཀྱིས་རང་ཉིད་ཀྱི་ཕྱིར་རྟོག་བཟོ་བྱས་པའི་ཆེད་ལས་བརྩམས་ཆོས་སྟོང་ཕྲག་ཏུ་མར་གདམ་ང་བྱས་ཆོག་ཅིང་། བརྩམས་ཆོས་དེ་དག་གི་ཁོངས་སུ་དམངས་ཁྲོད་རྩོམ་རིགས་གཅེས་བཏུས་དང་། སྙན་ཚིག་གཏམ་རྒྱུད། མི་སྣའི་ལོ་རྒྱུས་ཁག གཞན་ཡང་སྤྱི་ཚོགས་ཚན་རིག་དང་། ཚན་རིག་སྒྱུ་རྩལ་སྐོར་གྱི་གནས་ཚུལ་ངོ་སྤྲོད་དཔེ་དེབ་བཅས་འདུས་ཡོད།
དེར་མ་ཟད་ཕྲུ་གུ་ཚོ་ཁོ་ནར་དམིགས་ནས་བྲིས་པའི་བརྩམས་ཆོས་འགའ་ྐློག་མཁན་དག་གི་ཁྲོད་དུ་དར་ཁྱབ་ཆེན་པོ་བྱུང་ཡོད་དེ། དཔེར་ན། ཌེ་ནེལ་ཌོ་ཧོ(Daniel Deoes)ཡི་༵༵རོ་བྷེན་སེན་ཁུ་རོ་སེན་དང་། ཇ་ན་ཐན་སུ་ཝེ་ཁྲེ་(Janathan swits)ཡི་གྷོ་ལོའི་ཝེར་གྱི་འགྲུལ་བསྐྱོད། གྷ་རེའི་མེ་(Grimni’s)ཡིལྷ་སྒྲུང་། ཞེས་བཏགས་པའི་དམངས་སྒྲུང་གཅེས་བཏུས་བཅས་སོ།།
བྱིས་པའི་དཔེ་དེབ་ལ་རིགས་སྣ་ཚོགས་ཡོད་◌དེ། དཔེ་དེབ་འགའ་ཤས་ཀྱིས་ྐློག་མཁན་རྣམས་འཆར་སྣང་ཁྲོད་ཀྱི་འབྱུང་འགྱུར་གྱི་ཡུལ་གྲུ་ཞིག་ཏུ་འཁྲིད་པ་དང་། འགའ་ཞིག་ཏུ་རྩོམ་པ་པོས་ཕྲུ་གུ་ཚོར་སྨན་པའི་རང་ཉིད་ཀྱི་ཉམས་མྱོང་རྣམས་ཇི་བཞིན་ཡི་གེར་བཀོད་པའང་ཡོད། གཞན་དེང་སྐབས་བྱིས་པའི་དཔེ་དེབ་གང་མང་ཞིག་ཏུ་སྤྱི་ཚོགས་དང་སྒེར་གཉིས་ཀས་གདོང་ལེན་བྱེད་བཞིན་པའི་དཀའ་ངལ་མང་པོའི་སྐོར་ལ་བགྲོ་གླེང་གནང་ཡོད་དེ། དཔེར་ན། དཔེ་དེབ་དེ་རིགས་ཀྱི་ནང་དུ་མི་རྒན་པར་བརྩི་བཀུར་བྱེད་སྟངས་དང་ཕྲུ་གུ་གཉོར་སྐྱོང་བྱེད་ཚུལ། རིག་རྒྱུད་འཐབ་རྩོད་དང་འཁྲིགས་སྦྱོར་སློབ་གསོ། སྦྲིད་སྨན་འཐེན་དབྱིངས་བཅས་ལ་ཞིག་འཇུག་བྱས་ཏེ་བཀོད་པ་ལྟ་བུས་མཚོན་ལ། བྱིས་དེབ་ཁ་ཤས་ཀྱིས་ྐློག་མཁན་དག་གི་ཡུལ་ལུང་གཞན་གྱི་འཚོ་བ་དང་སྐད་གྲགས་ཅན་གྱི་སྐྱེ་བོ་ཕོ་མོའི་མི་ཚེ་སྐོར་ཤེས་འདོད་ཀྱི་བློ་ཁ་རྫོགས་པར་བྱེད་པ་དང་། བྱིས་པའི་ཆེད་དུ་བྲིས་པའི་ཡིད་དབང་འཕྲོག་པའི་སྙན་ངག་ཀྱང་ཡོད་ལ། བྱིས་པའི་རྩོམ་རིག་གིས་ད་དུང་ྐློག་མཁན་ལ་སྒྱུ་རྩལ་གྱི་མཛེས་སྡུག་དང་ཚན་རིག་གི་ངོ་མཚར་བཅས་མཚམས་སྦྱོར་བྱེད་པ་རེད།
པར་རིས་ཀྱིས་དངོས་ཡོད་གནས་ཚུལ་ལ་འགྲེལ་བཤད་རྒྱག་པ་ནི་བྱིས་པའི་རྩོམ་རིག་གི་དམིགས་བསལ་ཁྱད་ཆོས་ཤིག་ཡིན་ལ། སྤྱིར་བཏང་བྱིས་པའི་དཔེ་དེབ་ཁག་ཏུ་རི་མོ་ཞིབ་འབྲི་བྱས་པ་ན་གཞོན་ྐློག་མཁན་ཚོའི་དཔེ་དེབ་ཁག་ཏུ་བཀོད་པ་ལས་མང་བ་མ་ཟད། ཕྲུ་གུ་རྒན་པའི་དཔེ་དེབ་ཁག་ལས་ཀྱང་མང་ལ། པར་རིས་ཀྱིས་ྐློག་མཁན་རྣམས་ལ་དུས་རྟག་ཏུ་དེབ་ཀྱི་བརྗོད་བྱ་ལྟར་སྤྲོ་སྣང་གི་ལེགས་སྐྱེས་བསྩལ་ཡོད།
དབྱིན་ཡིག་ཁྲོད་ཀྱི་བྱིས་པའི་རྩོམ་རིག་ལོ་རྒྱུས་དེ་བཞིན་སྤྱི་ལོ༦༠༠རྗེས་སུ་དབུ་བརྙེས་མོད། ལོ་གཅིག་སྟོང་གཉིས་བརྒྱའི་རིང་རྩོམ་རིག་ཚན་ཁག་འདི་དལ་བུར་འཚར་ལོང་བྱུང་བ་དང་། སྤྱི་ལོ༡༨༠༠ཡར་སྔོན་ལ་རྩོམ་པ་པོ་འགའ་ཞིག་གིས་བྱིས་པ་ཚོར་དམིགས་ནས་དེབ་རེ་འགའ་བྲིས་ཀྱང་། དེ་དག་སུས་ཀྱང་ྐློག་མཁན་རྣམས་ལ་སྤྲོ་སྣང་སྦྱིན་ཐབས་གནང་མེད་པར། དེ་ལས་ལྡོག་ཏེ་རྩོམ་པ་པོ་མང་ཤོས་ཀྱིས་ཕྲུ་གུ་ཚོར་དད་མོས་ཞེས་པ་ཅི་ཞིག་ཡིན་མིན་དང་། སྤྱོད་ལམ་གྱི་སློབ་སྟོན། ཡང་ན། ཚན་རིག་དང་ལོ་རྒྱུས་ྐློག་འདོན་བཅས་ཀྱི་སློབ་ཚན་སློབ་སྟངས་སྐོར་བྲིས་ཡོད་པ་རེད། སྤྱི་ལོ༡༨༠༠ནང་རིག་རྩལ་གྱིས་ཕྱུག་པའི་རྩོམ་པ་པོ་དང་རི་མོ་བ་ཚོས་སློབ་སྟོན་ཙམ་ཞིག་མིན་པར་སྤྲོ་སྣང་སྤེལ་བའི་བྱིས་པའི་དཔེ་དེབ་གསར་རྩོམ་བྱེད་རྒྱུའི་འགོ་བཙུགས་པ་དང་། དེ་ནས་ད་ལྟའི་བར་འགྱུར་བ་མེད་པར་བྱིས་པའི་དཔེ་དེབ་གྲངས་ངེས་ཅན་ཞིག་ཏུ་འཕེལ་ཞིང་། འཕེལ་◌རྒྱས་ཀྱི་རྣམ་པ་འདིས་བྱིས་པའི་རྩོམ་རིག་གཙོ་ཆའི་བཟོ་གྲྭ་ཞིག་ཏུ་བསྒྱུར་བ་རེད། ད་ལྟ་པར་སྐྲུན་ཁང་དག་ཏུ་བྱིས་པའི་དཔེ་དེབ་དང་དུས་དེབ་ཁག་ཆེད་གཉེར་རྩོམ་སྒྲིག་ལས་བྱེད་ཡོད་ལ། མི་མང་དང་སློབ་གྲྭའི་དཔེ་མཛོད་ཁང་རྣམས་སུའང་ན་ཆུང་བྱིས་པའི་ཆེད་དུ་དཔྱད་གཞིའི་ཡིག་ཆ་དང་། ཡིག་ཐོག་ཟིན་ཐོ། དཔེ་དེབ་བཅས་བསྡུ་བསྒྲིགས་ཀྱིས་མཁོ་འདོན་བགྱིས་ཡོད་ཅིང་། ཡུལ་ལུང་མང་པོར་བྱིས་པའི་རྩོམ་རིག་གི་འཇིག་རྟེན་ནས་གྲུབ་འབྲས་ཕུལ་བྱུང་ཐོབ་པའི་སྒྱུ་རྩལ་པ་དང་རྩོམ་པ་པོ་ཚོར་ལོ་རེ་བྱ་དགའ་འབུལ་བ་རེད།
སློབ་གྲོགས་སྐལ་བཟང་ཉི་མ་ལགས།
ཨོཧོ། དགོངས་དག རྒན་སྐལ་བཟང་ཉི་མ་ལགས། ཡག་པོ་བསྒྱུར་འདུག བསྒྱུར་གཞི་གང་ཡིན་མིན་ངོ་སྤྲོད་གནང་ན་ཨེ་འགྲིག
སྐལ་བཟང་ཉི་མས་བྱིས་སྒྲུང་ལ་དོ་སྣང་གིས་ཡིག་བསྒྱུར་གནང་བ་ནི། ད་ལྟའི་བོད་མིའི་སྤྱི་ཚོགས་ནང་དགོས་ངེས་ཆེ་ཤོས་ཅིག་རེད། བོད་སྐད་དང་བོད་ཡིག་གི་ནང་ལ་བྱིས་སྒྲུང་ཕབ་བསྒྱུརལ་བརྩོན་དགོས་བགྱིད་མི་འདུག་གམ།