གནམ་སྔོན་པོའི་གྲུ་ཟུར་གང་མང་ཞིག་ཏུ་གསར་བརྗེའི་ཁ་གཡང་བསྒྲགས་ཤིང་།
ས་ཆེན་པོའི་སྒང་གཤོང་སྣ་ཚོགས་ཤིག་ཏུ་དམངས་གཙོའི་མེ་ལྕེ་འབར་སོང་།
ན་ནིང་།
སྒེར་གཅོད་ཀྱི་སྐྱེ་བོ་གང་མང་ཞིག་དམྱལ་བའི་འཕྲང་ལ་བརྫངས་ཤིང་།
རླབས་ཆེན་གྱི་སྣེ་འདྲེན་དུ་མ་ཞིག་རང་དབང་གི་སྲིད་ཁྲིར་བཀོད་སོང་།
ན་ནིང་།
མེ་སྒྱོགས་ཀྱི་དུད་ཞགས་ཀྱིས་གཉའ་གནོན་དང་གདུག་རྩུབ་ལ་ཡ་ཡན་སྤྲད་ཅིང་།
མི་དམངས་ཀྱི་ཁྲག་དྲོན་གྱིས་ཞི་བདེ་དང་དམངས་གཙོ་ཡི་སྐྱ་རེངས་བསུས་སོང་།
ན་ནིང་།
མི་དམངས་དག་མི་ལོ་བརྒྱ་ཕྲག་གི་གཉིད་ལམ་མཐུག་པོ་ཞིག་ལས་གཞི་ནས་སད་ཅིང་།
དབང་སྒྱུར་བའི་མི་ལོ་བརྒྱ་ཕྲག་གི་རྐུབ་སྟེགས་མཐོན་པོ་དག་ཀྱང་གཞི་ནས་འཐོར་མགོ་བརྩམས།
ན་ནིང་།
མི་ལུས་ལ་མེ་ལྕེ་འབར་བའི་མགོ་ཚུགས་པ་ཡིན་ལ།
མི་ཡུལ་ལ་བདེན་དོན་སྒྲོགས་པའི་དབུ་ཡང་བརྙེས་པ་ཡིན།
ན་ནིང་།
ཨ་རིས་ཨེ་རག་ལ་རང་དབང་གི་གོ་སྐབས་སྤྲད་པ་ཡིན་ལ།
བོད་མིས་རྒྱ་གར་དུ་གནས་སྐོར་ཡིད་ཚིམ་པ་རེ་ཡང་བྱས་པ་ཡིན།
ན་ནིང་།
བྱིས་པ་ཆུང་ཆུང་ཚོས་ཀྱང་རང་ཉིད་བོད་མི་ཞིག་ཡིན་པའི་ངེས་ཤེས་དྲག་པོ་དེ་རྙེད་པ་ཡིན་ལ།
ལོ་ལོན་ཚོས་ང་བརྒྱད་དང་རིག་གསར་ཡང་སྐྱར་རོ་ལངས་རྒྱག་མི་སྲིད་པ་ཡང་མིན་པའི་གོ་རྟོགས་སད་པ་ཡིན།
ན་ནིང་།
རྒྱལ་སྤྱིའི་གསར་ལམ་གྲགས་ཅན་ཁག་གི་ལས་ཁུངས་སུ་བོད་དང་བོད་མི་ཞེས་ཡང་དང་སྐྱར་དུ་ཡིག་ཆ་ཁངས་སྐྱ་འབབ་འབབ་བྱས་ཡོད་ལ།
མེ་འབར་ས་དང་དུ་བ་འཕྱུར་ས་རེ་རེ་ན་མི་བུ་གདུང་དྲུག་གི་རྣམ་ཤེས་བུ་ཡུག་འཚུབ་འཚུབ་ཀྱང་བྱས་སོང་།
ན་ནིང་གི་གཏམ་རྒྱུད་ཡོད་ཚད་མེ་ལ་བསྲེགས་ཤིང་ཆུ་ལ་བསྐྱུར་མི་འོས་ཤིང་།
ན་ནིང་གི་སྐྱོ་གར་ཡོད་ཚད་དེབ་ཏུ་བྲིས་ནས་ས་རྡུལ་ཆགས་སུ་ཡང་འཇུག་མི་འོས།
ན་ནིང་གི་སྟོན་གྱི་ཉིན་ཐོ་དང་ཨ་རིའི་ཉིན་ཐོ་དེ་དག་འཕྲོས་ཅན་དུ་ལུས་ཡོད་ལ།།
འདི་ལོ་ཡི་མེ་ལྕེ་ལྷམ་ལྷམ་དང་སྙན་ངག་སྙན་མོ་ཡི་བཞུར་རྒྱུན་དག་ཀྱང་དཀོན་དཀོན་དུ།། ཆད་འགྲོ༌ལ༌༌༌༌༌མུ་མཐུད་ཕེབས་རོགས་གནང་། ཤིན་ཏུ་ལེགས།
ལྷེམ་ལྷེམ་དུ་བཅོས་རོགས་མཁྱེན།
ན་ནིང་གི་ ལས་བཞུགས་ ད་ལོར་ འཇུག་མཐུད ་དགོས་ལ། ད་ལོའི་ ལས་འགུལ་ ནང་ལ་ རང་གཞན་ སྲོག་ལ་ མི་གནོད་པའི་ སྒོ་ནས་ གཞི་རྒྱ་་ཆེ་ལ་ དུས་ཚོད་ ཕུ་ཐག་ རིང་ལ་ ངོ་བོ་ ཞི་བའི་ ལས་འགུལ་ མཐར་ཕྱིན་པ་ བྱེད་པའི་ དུས་ཚོད་ རན ་མི་འདུག་གམ། དྲ་གྲོགས་ ཚོ་དང་། གཞིས་བྱེས་ བོད་རིགས་ ཚོ། །དགེའོ། །
ཧེ་རུ་ཀ་ལགས། ངོ་མ་སྙན་ངག་སྙན་མོ་རང་རེད། ངའི་ཐེངས་ཁ་ཤས་ལྟས་བ་ཡིན། ཡིད་འཕྲོག་སོང་། རྗེས་སུ་འདི་བཞིན་མང་ཙམ་འབྲི་རིགས་ཐུགས་རྗེ་ཆེ།
སྙན་ངག་ཟེར་ནོ་རེད། ཧེ་རུ་ཀ
ངས་སྙན་ངག་མི་ཤེས་ཀྱང་། ངའི་ལྷག་བསམ་གྱི་དུང་བས་རང་དབང་མེད་པར་ཐལ་སོང་ན། ན་ནིང་ནི་བརྗེད་དུ་མེད་པའི་ལོ་རྒྱུས་ཀྱི་མེ་ལྕེ་འབར་བའི་ལོ་ངོ་ཞིག་རེད་ལ། ཟུབ་དུ་མི་རུང་བའི་རྡོ་བཀོས་ཀྱི་དུང་ཞེན། རང་དབང་གི་འབོད་སྒྲ་ཞིག་ཀྱང་རེད། དེ་བཀག་འགོག་བྱེད་པའི་ནུས་པ་ང་ཚོར་མེད་པས། དེ་ནི་རང་དབང་གི་འབོད་སྒྲ་ཞིག་རེད་ལ། དེ་ནི་ལྷག་བསམ་གྱི་མེ་ལྕེ་ཞིག་ཡིན་པ་མ་ཟད། གཞན་ཕན་གྱི་ཀུན་ནས་སླང་བའི་མི་རིག་གི་དུང་ཞེན་གྱི་མེ་ལྕེ་ཞིག་ཀྱང་རེད།
གཟིགས་དང་དྲ་གྲོག་ལྷན་རྒྱས།། 2012 Empathy ཟེར་བ་དེ་གནོན་དང་།།
ཕོ་མོ་བརྩེ་དུང་དང་འདོད་ཡོན་སྤྱོད་པའི་སྙན་ངག་མ་གཏོགས་ཆབ་སྲིད་ཀྱི་སྙན་ངག་ཨ་ཁུ་ཚང་གིས་དངོས་གནས་ཅིག་འབྲི་མི་ཤེས་ཀི འདི་བོ་སྨད་པའི་ཚུལ་གྱི་བསྟོད་པ་ཙམ་ཡིན།
མཁའ་ལ་ལྷབ་ལྷུབ་ཏུ་གཡོ་བ་རྒྱལ་སྤྱིའི་ཨ་སྔོན་དབྱིངས་ཀྱི་དུ་བ་ཡིན་ལ། ས་སྟེང་དུ་དམར་ལྷམ་ལྷམ་དུ་འབར་བ་ནི་བོད་མི་སྐྱ་སེར་སྙིང་སྟོབས་ཅན་ཚོས་བསྟན་སྲིད་མི་རིགས་ཀྱི་རང་དབང་ལ་བཅངས་པའི་ཞུམ་མེད་ལྷག་བསམ་ཀྱི་མེ་ལྕེ་གསོན་པོ་ཞིག་
ཡིན།
འོན་ཀྱང་མེ་ལྕེ་དེ་དག་རྩ་བ་ན་ནིང་ཐོག་མར་འབར་བ་ཞིག་ཏུ་ཁ་མཚོན་གཅོད་
དཀའ།
མི་ལུས་ཀྱི་སྲེག་དྲི་ཞིག་ཁྱབ་བཞིན་གདའ།
སྤར་ཟིན་པའི་སྙིང་ཁོངས་ཀྱི་སྒྲོན་མེ།
སྒྲོག་ཟིན་པའི་རང་བཙན་གྱི་རྒོལ་སྒྲ།
ཅི་ཕྱིར་་་་་་མེ་ཞུན་དེ་བསད་པ་ཡིན།
ཅི་ཕྱིར་་་་་རྒོལ་སྒྲ་འདི་བཀག་པ་ཡིན།
ཅི་ཕྱིར་་་་་སུན་སྒྲ་མེད་པར་མུན་ནག་གི་ཁྲོད་ང་བསད་པ་ཡིན།
མི་ལུས་ཀྱི་སྲེག་དྲི་ཞིག་ཁྱབ་བཞིན་གདའ།
སྙིང་ཁོངས་ཀྱི་མེ་རོ་རྣམས་བསྐྱར་དུ་བསླངས་བཞིན་འདུག
འབོར་ཟིན་པའི་རེ་བ་རྣམས་སྲེག་པའི་རྨི་ལམ་ཞིག
ཁྱེད་ལའང་དེ་འདྲའི་སྣང་བ་ཞིག་མ་བྱུང་ངམ།
བརྟུལ་ཞུགས་ཀྱི་ངང་ཚུལ་ཞིག་ཁྱབ་བཞིན་འདུག
ཡིད་ཆད་པས་ནད་ཡམས་ཞིག་བརྡོལ་བཞིན་གདའ།
རྒོལ་སྒྲ་འདི་ད་བསྐྱར་དུ་བསྒྲགས་ན་ཅི་ཞིག་འདུག
དུས་འགྱང་དུ་མ་བཅུག་་་་་ཀྱེེ་སྐྱབས་མགོན།
མགོན་མེད་རྣམས་ལུས་ནས་ཐམས་ཅད་སྲེག་ཉེན་འདུག
དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ་ཞུ།
ན་ནིང་ཁ་སེམས་གཅིག་པའི་བོད་མི་གང་མང་ཞིག་བོད་དོན་ལ་ཤི་སོང་།
ན་ནིང་གཡོ་རྒྱུར་མཁས་བའི་བོད་མི་མང་བོ་ཞིག་གིས་ནུབ་ཕྱོགས་ནས་སྐྱབས་བཅོལ་ཞུས་སོང་།
བོད་ནས་དཀའ་ལས་མྱོང་བའི་བོད་དོན་ལས་འགུལ་བས་སྐྱབས་བཅོལ་ཞུས་ན་འབབ་མོད།
རྒྱ་གར་ནས་ནུབ་ཕྱོགས་ལ་ཧུན་སྒོར་འབུམ་སྐོར་སྤྲད་ནས་ཕྱི་བསྐྱོད་ལག་ཆེར་ཉོས་མཐར།
བོད་ནས་ཆབ་སྲིད་ལས་འགུལ་སྤེལ་ནས་རྒྱ་ནག་གིས་སྡོད་མ་བཅུག་ཟེར།
དེ་ནས་གཡོ་རྒྱུའི་གཏམ་ལ་དགའ་བའི་ནུབ་ཕྱོགས་ཀྱི་སྐྱབས་བཅོལ་རེགས་པས།
ན་ནིང་གི་དཔེ་ཆའི་ཁ་བསུམ་མི་འོས་ཞེས་ཀླུ་མྱོན་ལ་ཁག་མེད།
སྟོང་གཟུགས་ཀྱིས་བསླུས་པའི་འགྲོ་བ་ཚོ།
ཁ་དོག་མེད་པའི་རི་གྲོང་ན།
བདེ་སྐྱིད་ཀྱི་འཚོ་བ།
འཁོར་བ་འདིའི་སྙིང་པོ་ཡིན་ནམ།
ཡང་ན། བདེ་སྡུག་གི་ཚོར་བ་མཐའ་དག
ཤིན་ཏུ་འཁྲུལ་བའི་བསམ་བློ་ཞིག་གི་ལག་རྗེས་ཡིན།
ཁྱེད་ཀྱིས་བཤད་ན།
ངོ་མ་འདི་དག་ལ་སྙིང་པོ་ཅི་འདྲ་ཞིག
རྒྱུས་མེད་པའི་ཁོར་ཡུག་གི་ཐལ་རྡུལ།
སེམས་ཀྱིས་མི་ཐེག་པའི་མིང་སྐམ་གྱི་ཆོ་ལོ།
ཅིས་ཀྱང་བསམ་ན།
རང་མགོ་གཡོག་པའི་སེང་རས་ཀྱི་གྲྭ་བ་སྟེ།
ཨུ་ཐུག་ཐབས་ཟད་ཀྱི་གནའ་བོའི་ལམ་ལུགས་ཤིག་གམ།
རྫོགས་མི་ཐུབ་པའི་ཞེན་ཆགས་ཀྱི་ཨ་ལུང་ཞིག
ན་ནིང་གི་ལོ་དེ་ནི།
མིའི་རིགས་ཀྱི་ལོ་རྒྱུས་རིང་མོའི་ནང་།
གཏན་དུ་འབར་བཞིན་པའི་ལོ་ཞིག་རེད།
ལོ་ཚིགས་རིང་མོ་ཞིག་གི་བྱ་ར་ཐུར་དུ་དཔྱངས་ན།
ན་ནིང་གི་ལོ་དེ་ནི་མེ་སྟག་གིས་གྲུབ་པའི་ལོ་ཚིགས་ཤིག