ཁྲོ་གཏུམ།
རི་གྲོང་ལ་ལུད་པའི་ན་བུན་དེ་དག
ལུག་ཁྱུ་དང་འགྲོགས
ནོར་ནག་དང་འགྲོགས
རྟ་མཆོག་དང་འགྲོགས
ལུག་རྫི་བུ་དང་བུ་མོ་རྣམས་སུ་འགྲོགས
རྫི་གླུའི་དབྱངས་འགྲོས་དང་འགྲོགས
ང་ན་བུན་ཁྲོད་དུ་ལྷག་མྱོང
ངུས་ཡང་མྱོང
བགད་ཡང་མྱོང
མ་མྱོང་བ་གཅིག་ཡོད་པ་ནི
འཆི་བར་སྒུག་མྱོང་མེད
ན་བུན་གྱི་ཁྲོད་དུ
གཅིག་ལྷག་པ་ནི་ནེམ་རླན་དེ་ཡིན
དེ་རྐང་མགོར་ལྷུང་ཡོད
འབྲོག་མོའི་འདབ་ཁར་སིམས་ཡོད
དྲི་མ་ཞིག་ཡོད
ལོབ་དྲག་པའི་དྲི་མ་དེའི་ཁྲོད་དུ
ད་གཟོད་སེམས་པ་བཟི་ནས་བསྡད་ཡོད
༢༠༢༡/༠༦/༢༠ ཉིན་ཨོ་གླིང་དུ།