བསོད་ནམས།
ནང་དུ་ཡོད་ན་ཕྱི་རོལ་སྣང་བར་འཆར། །
ཕྱི་རོལ་འཇིག་རྟེན་སྨུག་པ་སྟུག་པོས་གཡོཊ། །
ཤིང་སྡོང་རྩེ་ཡི་བྱིའུ་ཆུང་འཇོལ་མོ་ཁྱོད། །
སུ་ཡི་སླད་དུ་ངུ་ངག་སྒྲོག་གིན་ཡོད། །
མགོ་ནས་ཚ་བ་མེ་ལྟར་མར་ལ་ལྡིང་། །
རྐང་མཐིལ་གྲང་བ་རླུང་ལྟར་ཡར་ལ་འཕྱོ། །
ཁོག་པའི་སེམས་སུ་ཚ་གྲང་སྡོམ་པའི་ཚེ། །
དབང་མེད་འཁོབ་པའི་ན་ཟུག་སུ་ཡིས་བཟློག། །
རིང་འདྲིས་མཛའ་གྲོཊ་དར་རྩེ་མདོ་རུ་ལུས། །
ངེས་མེད་མགྲོན་པོ་ཁ་རྩང་འདི་ནས་བྲལ། །
ལམ་གསུམ་མདོ་རུ་ལུས་པའི་ལྡོམ་བུ་ང་། །
མེ་ལྟར་འབར་བའི་གསེང་ནས་སུ་ལ་རེ། །
ལག་པས་ཐོད་པར་སྐྱོར་གྱིན་དབུཊ་ངན་འབྱིན། །
ཁྲ་ཆུང་མིག་གཉིས་བཙུམས་ནས་ཕྱིར་དྲན་བྱེད། །
ཐེངས་མང་ས་ལ་འགྱེལ་པའི་ལུས་པོ་འདི། །
དོ་ནུབ་གང་དུ་བཞུད་དགོས་ངེས་མེད་ཡིན། །