ཀླུ་སྨྱོན་ཧེ་རུ་ཀ
རྨི་ལམ་ནང་དུ།
ནགས་ཚལ་གྱིས་བྱིས་པ་སྐྱེ་བཞིན་འདུག
གྲངས་ལས་འདས་པའི་བྱིས་པ་སྐྱེ་བཞིན་འདུག
བྱིས་པ་རེ་རེའི་ལུས་ནས་འཇའ་འོད་འཕྲོ་བཞིན་འདུག
བྱིས་པ་རེ་རེའི་ངག་ནས་སྙན་ངག་གྱེར་བཞིན་འདུག
བྱིས་པ་སྐྱེ་ཐེངས་རེ་རེར།
ནགས་ཚལ་གྱི་དབྱངས་རྟ་སྙན་མོ་ཞིག་གིས་བར་སྣང་ཧྲིལ་བོར་བྲག་ཅ་འཁོར་བར་བྱེད།
ནགས་ཚལ་གྱིས་རང་གི་རིགས་རྒྱུད་ཕྱི་མ་བསྐྱེད་པ་ཇི་བཞིན།
ལྗོན་ཤིང་དང་ལོ་འདབ་དག་གིས་ཀྱང་རང་རང་གི་ཕུན་སུམ་ཚོགས་པའི་གཏམ་རྒྱུད་དག་ཉར་ཚགས་བྱེད་བཞིན་འདུག
ཉི་འོད་དང་རྦབ་ཆུས་ཀྱང་རང་རང་གི་མི་ཚེའི་བྱུང་བ་དག་སྙན་ངག་ཏུ་འབྲི་བཞིན་འདུག
སྨུག་པ་དང་ན་བུན་གྱིས་ཀྱང་རང་རང་གི་དགའ་སྐྱོ་ཆགས་སྡང་ཡོད་ཚད་དུས་བཞིའི་ཤོག་ངོས་སུ་འབྲི་བཞིན་འདུག
ནགས་ཚལ་གྱིས་བཙས་པའི་བྱིས་པ་དག
རྐང་པ་ཆུང་ཆུང་དང་ལག་པ་ཆུང་ཆུང་།
མིག་ཟུང་དང་མཆུ་འདབ་སྙིང་རྗེ་བོ།
སྐྲ་ལོ་དང་བ་སྤུ་ཡིད་དུ་འོང་ཞིང་འོད་དུ་འཚེར།
ཞོགས་པ་རེ་རེར།
ནགས་ཀླུང་དུ་བྱིས་པ་འདི་དག་གིས་རྩེད་འཇོར་རོལ་ཞིང་།
མུ་མེད་པའི་རང་བྱུང་ཁམས་ཀྱིས་འོ་འཛིན་ཆེ་རུ་རྒྱས་པར་བྱས་ཏེ་བྱིས་པ་འདི་ཚོར་ནུ་ཞོ་སྣུན་བཞིན་འདུག
སྣང་ཚུལ་འདི་དག་གིས།
ང་རང་ནགས་ཚལ་ལ་དགའ་ཞིང་ནགས་ཚལ་ལ་དུང་།
ང་རང་ཡང་ནགས་ཚལ་ལས་སྐྱེས་ཤིང་ནགས་ཚལ་ལས་རྒས།
(ནགས་ཚལ་(གྱིས)་བཙས་པའི་བྱིས་པ་དག)
གོང་གི་འདི་དག་གོ་བོད་ཡིག་ཡིན་ནི་ན། བོད་སྐད་ཡིན་ནི་ན། གང་ཤེས།
ནགས་ཚལ་ནི་ནུས་པ་ཞིག་མ་ཡིན་པར། མིང་ཞིག་ཡིན་པས། གོ་རྒྱུ་ཚོར་རྒྱུ་མི་འདུག།
ལ་དོན་ནི་མ་ཡིན་པར། བྱེད་སྒྲ་ཡིས་སྦྱར་འདུག་པས། གོ་ལ་ལེན་རྒྱུ་མེད་ཀི།
ཁྱོད། འབྲི་ལ་བྱང་ཡོད་ཁུལ་དུ་བཏང་ན་ཡང་། ང་ཚོ་ནི། གོ་བ་ལ་བྱང་མེད་ཁུལ་དུ་བཏང་ན་ཡང་། བོད་སྐད་དང་བོད་ཡིག་ནི་འདི་ལྟར་ལ་གཙབ་ན་དགེ་བ་ཞིག་དང་གོ་བ་ཞིག་ནི་ཨེ་ཡོད་ན་ཨ། ཡ་ཨ་ཁུ་ཅིག་གསུང་དང་།
ཡག་པོ་བྲིས་འདུག
འབྲི་སྟངས་འདིའི་རིགས་ངའི་སྣང་བ་ལ་འགྲོ་སོང་།
ནགས་ཚལ་ལས་་་་
ནགས་ཚལ་ལས་ཤིང་ཆས་བསྐྲུན།
ས་རྡོ་ལས་ལྕགས་རིགས་ཕྱུང་།
ཉི་དྲོད་ལས་འབྲས་བཟང་སྨིན།
མཁའ་དབུགས་ལས་སྣོད་བཅུད་གསོན།