འབྲོང་ངུར་བསྟན་འཛིན་ལམ་བཟང་གིས་ནགས་ཤོད་འབྲི་རུའི་ལོ་རྒྱུས་ནས་དཔེ་བཤུས་བགྱིས་སོ།
ནགས་ཤོད་འབྲི་རུའི་ཡུལ་གྱི་བཀོད་པ་ནི། སྤྱིར་བོད་བྱང་ཀུལ་ནགས་ཤོག་འབྲི་རུའི་ཡུལ་ཁམས་འདི་ཡང་། བོད་གངས་ཅན་གྱི་བྱང་ངོས་སུ་གཉན་ཆེད་ཐང་ལྷའི་རི་རྒྱུད་དེའི་གཡས་གཡོན་གཉིས་སུ་བར་མཚམས་མ་ཆད་པར་འཀྱུད་པ་ལྟར་གྱིས་ནགས་སོད་འབྲི་རུའི་ཁུལ་དེ་གནས་ཡོད། ཅོས་ནའབྱུང་མཁས་པའི་དགའ་སྟོན་ལས། མངའ་རིས་སྐོར་གསུམ་ཤ་རྐྱང་རི་དྭགས་གླིང་། བར་གྱི་རུ་བཞི་སྟག་གཟིག་གཅན་གཟན་གླིང་། །ཞེས་ལ་ལྟར། སྟོད་དུ་མངའ་རིས་སྐོར་གསིམ། བར་གྱི་དབུས་གཙང་རུ་བཞི། སྨད་ཀྱི་མདོ་ཁམས་སྒང་དྲུག་བཅས་སྟོད་སྨད་བར་གསུམ་དུ་ཆགས་ནི། ལོ་རྒྱུ་ཕལ་ཆེ་བ་གཅིག་མཐིན་དུ་གསལ་ཡོད་པ་ལྟར་དེའི་ནང་ཚན་མདོ་སྟོད་ཆར་གཏོགས་ཡོད། དེ་ཡང་སྤྱིར་འབྲི་རུའི་ཡིལ་ཁམས་ཆགས་ཚིགས་སུ་བཅད་པ་ནི།
བོད་མཐོ་སྒང་ནགས་ཀྱི་བཀྲ་ཤིས་ལུང་། །
རི་ཡུལ་ཁམས་བཀོད་པའི་ཆགས་ཚུལ་ནི། །
བོད་གངས་ཅན་ཡུལ་གྱི་བྱང་ངོས་ན། །
རི་གཉན་ཆེན་ཐང་ལྷའི་རི་ནརྒྱིད་ནས། །
མཚམས་མ་ཆད་གཡས་དང་གཡིན་གཉིས་སུ། །
རི་སྤྲེལ་ནས་དཀྱིལ་དུས་འཁྱུད་འདྲ་བ། །
ཡུལ་མཐོང་སྒང་འདི་ཡི་ཆོས་ཉིད་ཀྱང་། །
རི་གངས་དཀར་རྫ་གསེབ་ལུང་ཕྲད་ན། །
ལྗོངས་ས་འཛིན་སྒེག་མོའི་མཛེས་བྱེད་རྒྱན། །
གྲངས་ཚད་ཀྱིས་གཞལ་མེད་དགེ་མཚན་ལྡན། །
སྟོད་མཚོ་ནག་ཆབ་ཀྱི་ཆུ་བོ་རྒྱུན། །
ཉམས་འཚར་བ་གཡུ་འབྲུག་འཁྱུག་འདྲ་བ། །
ཆབ་ཆུ་ཕྲན་རྔུལ་ཆུའི་ནང་དུ་འདུས། །
ཆུ་མཐོ་ནས་དམའ་འབབས་རང་མཞིན་ཡིན། །
སྣོད་བཅུད་ལྡན་གདོད་མའི་ནགས་ཀྱི་ཤོད། །
སྔོན་ལོ་རྒྱིས་རྩ་ཟབ་སྡོང་པོ་རྒྱས། །
བྱང་སྦས་ཡུལ་ལུང་གསུམ་སྨན་ལྗོངས་སུ། །
དེར་དབུ་མ་ནགས་ཀྱི་ནགས་ཤོད་ཅེས། །
དེའང་དབུ་མ་ནགས་ཀྱི་ནགས་ཤོད། རྐྱང་མ་སོག་གི་སོག་ཤོད། རོ་མ་རྒྱལ་ཤོད་ཅརས་པ་རྩ་དབུ་མ་དང་། རྐྱང་མ། རོ་མ་ཧསོམ་གྱི་རྣམ་པར་མཚོན་པའི་སྦས་ཡུལ་ལུང་གསུམ་སྨན་ལྗོངས་སུ་ཞེས་པ་དེའི་ནང་དུ་ནགས་ཤོད་སྦས་ཡུལ་གྲགས་པ་སའི་ཆར། བོད་བྱང་གི་ཕྱུགས་སུ་ཆགས་ཡོད། ལྷོ་སྐྱིད་ཆུ་སྔོན་མོ་ཤར་ནས་ནུབ་ཏུ་བབས་པའི་གཡས་ཕྱོགས། རྒྱ་མོ་རྔུལ་ཆུ་ནུབ་ནས་ཤར་དུ་འབབ་པའི་ཆུ་རྒྱུད། ཁམས་ཤོད་ཆེད་བཅོ་བརྒྱད་ཀྱི་རྕེར་གནས་ཡོད་པ་རེད། སྦས་ཡུལ་ལུང་གསུམ་སྨན་ལྗོངས་སུ་དབུ་མ་ནགས་ཀྱི་ནགས་ཤོད་ཅེས་པས།
ཤར་དུ་ཇོ་བོ་དཔལ་འཛོམས་དཀར་པོ་ཞེས་པ་ནི་ཁམས་ཀྱི་སྲིན་མོ་རྫོང(ཁམས་དུ་བ་རི) ཞེས་པའི་རྩེར། གནས་མཆོག་རྡོ་རྗེ་ཤེལ་རྫོང་མཁར་རི་རྡོ་རྗེ་རྫོང་། ཁམས་ཤག་རྡོ་རྗེ་སྣིང་རྫོང་བཅས་ལ་ཁམས་ཀྱི་སྲིན་མོ་རྫོང་གསུམ་དུ་གྲགས། དེ་ཡང་གནས་ཆེད་པོ་འདིའི་མཚན་ཉིད་ནི། དབིས་ཀྱི་ཇོ་བོ་དཔལ་འཛོམས་དཀར་པོ་འདི་རིའི་རྒྱལ་པོའི་རྣམ་པ་ལ། ཕྱོགས་དང་ཕྱོགས་མཚམས་ཀྱི་རི་འདི་རྣམས་གསེར་གྱི་རི་བདུན་དང་། བར་གྱི་མཚོ་རྣམས་རོལ་བའི་མཚོ་བདུན་གྱི་རྣམ་པ་སྟེ་བྱིན་ཆེ་ཞིང་བརྗིད་ལྡན་བཀོད་པའི་ཁྱད་པར་དུ་མ་དང་ལྡན་པར་ཕུན་སུམ་ཚོགས་པའི་གླིང་ཆེན་པོར་མཚོན་པ་ཡོད་དོ། མདུན་དུ་ཕོ་བྲང་ཡུམ་མཚོ། ཡན་ལག་བརྒྱད་དང་ལྡན་པའི་ཆུ་ཡིན་ཏེ། དངོས་གྲུབ་སྣ་ཚོགས་སྟེར་བར་ནུས་ཤིང་། ཁྱད་ོར་དུ་འཛམ་བུའི་ཀླུ་རུ་དང་། མི་མགོན་དཀར་པོ་སུགས་ཀྱིས་ཀླུ་ནོར་ཕུལ་བ་ཐམས་ཅན་མཙོ་འདིར་ཀླུ་གཏེར་དང་ནོར་གཏེར་གྱི་རིགས་རྣམས་སྦས་ཡོད་པས། གསོལ་བ་ཙུལ་བཞིན་བཏབ་ན་ནོར་གྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་རོ་ཞིས་གནས་ཀྱི་རི་མཚོ་ཟུང་དུ་འབྲིལ་ཏེ་ཆགས་ཡོད།
ལྷོར་རྒྱལ་སོད་ཡུལ་དུ་སྤུར་རྒྱལ་བོད་ཀྱི་ཤོད་སྲོལ་ནི། གསལ་ཕུ་མགོན་ལྷ་དཀར་པོ་ཞེས་པ་དང་སྟོན་ཀུན་རྒྱ་ཡིས་ལྷོ་ནུབ་གངས་དཀར་རི་བོ། བྱང་ཕྱོགས་ཧོར་གྱི་ལྷོ་ཡི་འཛམ་བུའི་ཀླུ་རི། ཞང་ཞུང་བོན་གྱི་དྲིང་གྱིར་མགོན་ལྷ་དཀར་པོ། ན་ནམ་ཀླུ་ཡི་མུར་ཟུང་ལྭི་རོ་ར་ཙ་བཅས་སུ་གྲགས་པའི་རི་ཚོགས་འདི་ནི་རྒྱ་ཤོད་བོན་ལུང་སྐྱ་མོའི་དཔྲལ་བ། ཆིས་ཀྱི་རི་ཆེན་བཅུ་གསུམ་ཞེས་པའི་རི་ཚོགས་བཀོད་པ་དེར་གངས་རིའི་ལྷུན་པོ་དགུང་ལ་སྙེགས་པ་ལྟར་ཕྱོགས་བཞུགས་ཡོད་པ་དང་། དེའི་གཡས་སུ་རྒོག་པུ་བཀྲ་སིས་དར་རྒྱ་གཙོའི་ལོ་རྣམ་སྣུག་མོ་མཚེད་བརྒྱད་བཅས་རྗེ་ལ་བློན་གྱིས་བསྐོར་བཌྷི་ཚུལ་དུ་ཡོད།
ནུབ་ཏུ་གཉན་ཆེན་ནག་ལྷ་ཛམ་བྷ་ནི། མདོ་སྟོད་ཤོད་ཅེད་བཅོ་བརྒྱད་ཡང་རྕེར་ན། དགེ་མཚན་ལྡན་པའི་ནགས་སོད་སྨན་ལྗོངས་སུ། རྗེ་ཡི་རྟེ་གནས་ལྷ་རི་གྣན་པོ་ནི། རིན་ཆེན་ལས་གྲུབ་སྣ་ལྔའི་ཕོ་བྲང་། །ཞེས་པ་གསལ་བ་ལྟར། རིའི་མཚོན་ཚུལ་ནི་ཤར་ནས་བལྟས་ན་དམག་དཔུང་དར་ནུབ་ནས་བལྟས་ན་རྒྱ་སྟག་གནས་ལ་མཆོངས་བ་འདྲ། དབུས་ནས་བལྟས་ན་དྲག་པོའི་དམར་གཏོར་བསམས་འདྲ་བ་བཅས་ཡོད་པ་རེད། དབུས་ནས་བལྟས་ན་དྲག་པོའི་དམར་གཏོར་བཤམས་འདྲ་བ་བཅས་ཡོད་པ་རེད། དེ་ལ་གོང་མ་ལྷ་ཡི་སྐད་དུ་ལྷ་རྒོད་མཐུ་ཆེད་ཞེས་པ་དང་། འོད་མ་ཀླུ་ཡི་སྐད་དུ་ཀླུ་ཚ་མཐུ་ཆེད། བར་མ་གཉན་གྱི་སྐད་དུ་གཉན་གྱི་སྐད་དུ་གཉན་གྱི་སྐད་གཉན་སྲས་མཐུ་ཆེད། སྲིད་པ་མི་ཡི་སྐད་དུ་ཇོ་བོ་ནད་ལྷ་ཛམ་བྷ། གཡུང་དྲིང་བོན་གྱི་སྐད་དུ་ཇོ་བོ་ནག་ལྷ་ཞེས་པ་འདིའི་འཁོར་ཆོགས་རུ་འདྲིན་སུམ་བརྒྱ་དྲུག་བཅུས་བསྐོར་བའི་རི་བོ་འདི་ཉིད་བརྗེད་ཉམས་ལྡན་པར་གནས་ཡོད།
བྱང་དུ་མེ་མོ་བྲང་དཀར་ཞེས་པ་ནི། སྤ་ཆེད་དང་འབྲི་རུ་གཉིས་བར་དུ་ཧནས་ཡོད། གནས་ཀྱི་རི་བོ་དེ་ཡང་བན་བོན་གཉིས་ཀྱི་གནས་སྐོར་བྱ་ཡུལ་ཞིག་ཀྱང་ཡིན་ལ། ལྷག་ཏུ་གནས་བདག་འབྲོང་ངུར་ཆོས་རྗེའི་མཚན་དུ་གྲགས་པས།
ནགས་སྟོད་མེ་མོ་བྲག་དཀར་ནི། །
ཐང་ཆེད་གསུམ་གྱི་དབུས་ན་བཞུགས། །
རི་ཆེད་གསུམ་གྱི་མཐའ་ནས་བརྟེན། །
ལ་ཆེདན་གསུམ་གྱི་རྒྱབ་ན་བཞུགས་། །
མཚོ་ཆེད་བཞི་ཡིས་ཡོན་ཆབ་ཕུལ། །
རི་ཁད་པར་བསིལ་གྲིབ་གནས་ཀྱི་ས། །
སྐལ་མེད་སྐལ་བ་ལེན་ས་ཡིན། །
སྐལ་ཡོད་བསོན་ནམས་གསོག་ས་ཡིན། །
སྡིག་པའི་བརྡར་ས་བཅད་ས་ཡིན། །
མི་དགེའི་ས་བོན་བསྲེགས་ས་ཡིན། །
གནས་དེ་དྲན་པས་བྱང་ཅུབ་ཐོབ། །
ཐོས་པ་ཙམ་གྱིས་སྒྲིབ་པ་དག །
ཅེས་སོ། དེ་ལྟར་རི་བོ་འདི་ཉིད་རྫ་རི་དཀར་པོའི་རྩེ་མོར་བྲག་དཀར་ལྟ་ན་སྡུག་པ། དེའི་པྱོགས་མཚམས་ཏམས་ཅད་ཆུ་ཕྲན། བྲག་ཕུག་དངོས་ལ་ངོ་མཚར་ཕུག་པ་ཞེས་སོགས་ཕུག་པ་འདིའི་གཏིང་ཟབ་ཚད་དང་གྲགས་ཚད་ཤིན་ཏུ་རྟོགས་དཀར་བ་ཡིན་ནོ། དེ་ལྟར་བརྗེད་ཅིད་མངོན་པའི་གངས་རི་དང་། གཡའ་རི། བྲག་རི། ནགས་རི་བཅས་ཕྱོགས་མཙམས་ཀྱི་བོ་དེ་དག་ཀྱང་རྩར་གངས་རི། བར་སྦང་ལྗོངས། འདབ་ནགས་ཚལ། བར་མཚམས་མྕོ་དང་མཚེའུ་སོགས་རྣམ་པར་བཁྲ་ཞིང་ལྟ་ན་སྡུག་པ་དེ་དག་རྒྱུས་མངའ་མེད་པའི་མི་རྣམས་ཀྱིས་རྟོག་ཞིབ་བྱེད་སྙིང་འདོད་པ་ཞིག་དང་། བྱེད་རིན་ཡོད་པ་ཞིག་ཀྱང་རེད། དེ་ལྟར་ནོར་བུས་ཁེངས་པའི་ས་ཆ་དེ་དག་རྣམས་གོས་ཆེན་བཟང་པོའི་ན་བཟའ་ལྷབ་ལྷུབ་དུ་པུལ་བ་ལྟར་གྱི་བལྟ་བས་མིག་གིས་མེ་བཟོད་པའི་ནེ་ཏོག་རྣམས་ཀྱི་ཚོན་མདངས་དཀར། སེར། དམར། ཐིང་། མུ་མེན་མདོག་དཟུ་འོད་རྣམ་པར་བཀྲ་བ། སྟོན་དུས་དང་དགུན་དུས་སུ་རི་བོ་རྣམས་བརྗེད་ཉམས་ལྡན་པའི་གསེར་གྱི་ལྷུན་པོ་ལྟར་དབུ་ལ་དར་དཀར་པོ་དྲི་མ་མེད་པའི་ལ་ཐོད་བཅུངས་བ་དང་འདྲ་བ། ཀེ་ལ་ཤའི་རུ་བོ་ཕྲརང་བར་ཀ་ཤི་ཀའི་རས་ཀྱི་སྟོད་གཡོགས་ཀྱི་གོས་ཡོན་ཏན་འཐུས་སྒོ་ཙང་བ་དང་། ཡུལ་གྱི་བཀོད་པ་ནི་མཛེས་ཤིང་མཐོང་བ་ཙམ་གྱིས་ཡིད་དབང་མི་འཕྲོག་པ་མེད་པ་ཤ་སྟག་ཏུ་སྣང་ངོ་། །
ཚིག་སྙན་པོ་ཙམ་བསྒྲིགས་འདུག
རྗེས་ཕྱོགས་ནང་དོན་གྱི་ཆར་ཞིབ་ཚགས་དང་ཡར་རྒྱས་གཏོང་རོགས།
དཔེ་བཤུས་བགྱིས་ནས་སྐུ་ལས་བསྐྱོན་འདུག་སྟེ་ཆད་ལྷག་དང་ཡིག་ནོར་གྱིས་ཁེངས་འདུག
ཁམས་ནགས་ཤོད་འབྲི་རུའི་ལོ་རྒྱུས་ལས་གོང་གསལ་ཁོ་བོས་འདིར་བཀོད་དེ་ལྟར་ཡང་ཡིག་ནོར་དང་དོན་ནོར་མང་པོ་ཞིག་འདུག་པར་དགོངས་དག་ཞུ་རྒྱུ་དང་རི་ཆེན་བཞི་ཡི་པར་ཡང་བཀོད་ཐུབ་མི་འདུག་པས་རྗེས་མར་ཞུ་བཅོས་དང་སླར་ཡང་འགོད་རྒྱུ་ལགས་ན་དེ་དོན་དགོངས་ཆུབ་ཞུ།
ལོ་རྒྱུས་བཀོད་པ་བཀྲིན་ཆེ། ཡིག་ནོར་དང་ཆད་ལྷག་མེད་པ་ཞིག་བཀོད་ཐུབ་ན་དགེ་མཚན་རེད། དེ་མིན་་་་་་་་་་་་་་་།
ལར་ནས། ལྷ་ཀླུ་གཞི་བདག་དང་། རྩི་ཤིང་ཚེར་མ་ལ་བསྟོད་ར་དང་། ཁྱད་ཆོས་ངོམས་པ་ལས། མི་རིགས་ཤིག་གི་བྱུང་བ་དང་། དེའི་ཀུན་སྤྱོད། ད་ལྟའི་འཚོ་བ། མ་འོངས་པའི་ཕུགས་བསམ་སྐོར་བྲིས་ན་ཕན་ཆེ་སྙམ།། ལོ་ངོ་སྟོང་གི་ལྷག་ལྷ་ཀླུ་གཞི་བདག་ལ་སྐྱབས་བཅོལ། དེ་ལ་དཔང་བསྟོད། མངའ་གསོལ་བྱས་ནས་བསྡད་པ་མ་གཏོགས། མི་རིགས་དེའི་ནུས་ཤུགས་དང་། ཕུགས་བསམ། རེ་བ། སོ་སོའི་འཇོན་ཐང་སོགས་གང་ཡོད་ངོ་མ་ཤེས། བཏོན་མ་ནུས། དཔའ་ཞུམ་ནས་བསྡད་པས་ད་ལྟ་གནས་སྟངས་འདི་ལ་གྱར་སོང་། །
འབྲོང་ངུར་བསྟན་འཛིན་ལགས་ཀྱིས་ཡག་པོ་བྲིས་འདུག མུ་མཐུད་དུ་ཕྲིས། དམངས་ཁྲོད་བཤད་སྲོལ་དེ་ཚོ་ཡང་གལ་ཆེན་པོ་རེད། འོན་ཀྱང་ཡིག་ནོར་གྱིས་ཁ་ཤས་གོ་ཐོབ་ཡང་རེག་ཐུབ་ཀྱི་མི་འདུག་ན། ཞུ་དག་ཡག་པོ་གནང་ནས་བཀོད་རོགས།
བོད་པ་ཚང་མས་དེང་སང་རྩོམ་ཡིག་གི་ཁ་ཕྱོགས་གཞན་ཞིག་ལ་ཤོར་ནས། འདི་འདྲའི་རྩོམ་ཡིག་རིགས་མཐོང་རྒྱུ་མི་འདུག་པས་ཁ་སྐོང་རེད་བསམ། བོད་ནང་དུ་མང་ཆེ་བས་ལྟ་བའི་སྐོར་རྐྱང་རྐྱང་རེད། བཙན་བྱོལ་དུ་མང་ཆེ་བས་ཆབ་སྲིད་སྐོར་ཤུགས་ཆེ་ཤོས་རེད། དེ་བས་ནས་སྐུ་ཉིད་ཀྱི་རྩོམ་ཡིག་འདི་འདྲ་ཡང་ངེས་པར་དུ་དགོས་ངེས་རེད་བསམ།
འབྲོང་ངུར་བསྟན་འཛིན་ལགས་ཀྱི་རྩོམ་དེ་ཞུ་དག་ཡག་པོ་བྱས་རྗེས་ཕ་ཡུལ་འབྲི་རུ་རྫོང་གི་བཀོད་
པ་ཇི་ལྟར་ཡོད་མེད་ལ་ཞིབ་ཏུ་བལྟ་ངེས་ཡིན། རྗེས་སུ་བརྡ་རྙིང་ལྟ་བུའི་ཚིག་སྦྱོར་གོ་མི་བདེ་བ་
དག་བཟོ་བཅོས་གང་གཟབ་ཡོང་བའི་རེ་བ་ཆེན་པོ་ཡོད།
མཚུངས་མེད་སྐུ་ཞབས་འབྲོང་ངུར་བསྟན་འཛིན་ལམ་བཟང་གིས་ཁམས་སྟོད་འབྲི་རུའི་ལོ་རྒྱུས་ཞིག་འདི་གར་བྲིས་པ་དེ་རྗེས་སུ་ཡིད་རང་ཞུ་རྒྱུ་ཡིན། ཡིན་ནའང་སྐུ་ཉིད་ནས་ཕྱོགས་ལྷུང་གི་ལྟ་བ་དང་མི་སྒེར་དགའ་ཕྱོགས་ཀྱི་ལྟ་གྲུབ་སྤང་ནས་མི་རིགས་ཀྱི་ལོ་རྒྱུས་ཚད་ལྡན་ཞིག་ཕྱི་རབ་པ་རྣམས་ལ་ཉི་འོད་ཚེར་ཐུབ་པའི་གཟི་མདངས་སྤྲོ་བའི་ལོ་རྒྱུས་ཞིག་གསལ་ཐུབ་པའི་རེ་བ་ཞུ་རྒྱུ་ཡིན།
རེད་ལོ་རྒྱུས་ལ་ཡིག་ནོར་དང་དོན་ནོར་མང་ཙམ་ཡོད་ན་ལྟད་མོ་ཆེ་གི་རེད།
ནགས་ཤོད་འབྲི་རུ་ཝ་ཐང་དགོན་གྱི་གྲྭ་བསྟན་འཛིན་ལམ་བཟང་ཟེར་བ་དེས་རུ་གསར་འབྲོང་ངུར་དགོན་པའི་མིང་རྐུ་མ་བརྒྱབ་འདུག་ག སྔ་རབས་ལོ་རྒྱུས་ནང་དུ་བྱུང་མྱོང་མེད་པའི་སྐད་ཆ་གསར་པ་འདི་ཁོ་རང་མཚོན་ན་དོན་དངོས་ཧ་མ་བའམ་ཡིག་ནོར་ཤོར་བ་མིན་ནམ་སྙམ། དངོས་འདོད་འབྲི་རུ་འབྲི་རྒྱུ་ཡིན་པ་ལ་འབྲོང་ངུར་ཡིག་ནོར་ཤོར་ཡིན་ན་མ་བཏོགས། ཤེས་བཞིན་དུ་བྱས་པ་ཡིན་ན་ཁོ་རང་གི་རྣམ་ཤེས་གཏན་འབེབས་དགོས་པར་སེམས།
མེ་སྟག་ལགས་ཀྱིས་གོང་གི་རྩོམ་ཡིག་འདི་བཀླགས་འདུག་པར་དམིགས་བསལ་དགའ་བསུ་ཞུ། མ་གཞི་ཁྱོད་རང་སུ་ཡིན་པ་དང་གང་དུ་ཡོད་མི་ངས་ཤེས་ཀྱིན་མེད་ཀྱང་ང་ནི་རང་གི་གསལ་པོར་ཤེས་པ་དེ་ག་རང་ཡིན།ངོ་གདོང་འགེབ་ཅིང་གཏམ་འཆལ་སྤེལ་བ་འདི་རིགས་ལ་ལན་འདེབས་བྱེད་རྒྱུ་མི་དགའ་མོད། སེམས་ངལ་ཅན་རང་ལ་གསལ་བཤད་ཙམ་སྟེ་ངས་རུ་གསར་འབྲོང་ངུར་དགོན་གྱི་མིང་རྐུས་མེད་ལ་འབྲི་རུ་དང་ནོར་བ་ག་ལ་ཡིན་ཁོ་བོ་ལ་འབྲོང་ངུར་སྦྱར་དགོས་དོན་ནི་འབྲོང་ངུར་ཆོས་རྗེ་རིན་པོ་ཆེའི་སློབ་བརྒྱུད་ཡིན་པས་དེ་ལྟར་བཏགས་པ་ལགས། གང་གི་གདན་ས་ཡིན་པས་ཝ་ཐང་འབྲོང་ངུར་དགོན་ཞེས་ཡོངས་སུ་གྲགས། སྔོན་ཆད་ལོ་རྒྱུས་གང་ན་མ་གྲགས་ཟེར་བ་ཁོ་བོ་ལ་ཡིན་ན་ལོ་རྒྱུས་ལ་གྲགས་པའི་མི་སྣ་ཞིག་མིན་པས་རང་བདེན་ཝ་ཐང་ལ་འབྲོང་ངུར་ཞེས་མི་གྲགས་ཟེར་རྒྱུ་ཡིན་ཁྱེད་ཐོས་རྒྱ་ཆུང་བའི་རྐྱོན་དུ་ཟད། དེའི་སྐོར་ལ་མཁྱེན་འདོད་ན་ལྷ་རོང་ཆཆོངངངངངཆོས་འབྱུང་དང་ལྔ་ཆེན་པོའི་རང་རྣམ་འབྲོང་ཆོས་རྗེ་དགུ་པའི་མེ་མོའི་གནས་ཡིག ནག་ཆུ་རུ་གསར་འབྲོང་ངུར་དགོན་གྱི་ལོ་རྒྱུས་ནགས་ཤོད་འབྲི་རུའི་ལོ་རྒྱུས་གྱ་བ་འབྲོང་ངུར་པའི་གདན་ས་ཝ་ཐང་འབྲོང་ངུར་དགོན་གྱི་ལོ་རྒྱུས་སོགས་ལ་གཟིགས་ཤིག ལྷག་པར་འབྲོང་ངུར་གདན་ས་ཡས་མས་དམ་ཚིག་གསེར་སྐུད་གཅིག་གིས་སྒྲིལ་ཡོད་པས་དབྱེན་དཀྲུགས་ཀྱི་ལས་ངན་འབྲས་བུ་ག་ལ་འབྱུང་།
ངས་བལྟས་ན། བར་ཐང་དགོན་པ་གཅིག་པུའི་ཆོས་རྗེ་རེད་མ་གཏོགས་འབྲོང་ངུར་ཆོས་རྗེ་ལབ་ན་ཁྱབ་ཀྱིན་མ་རེད།