ཨེ་མ་ཧོ།
ན་མོ་གུ་རུ་ཤཱཀྱ་མུ་ན་ཡེ།
བྱམས་དང་སྙིང་རྗེ་ཆེན་པོས་རྩོད་ལྡན་ཞིང་།།
སངས་རྒྱས་བསྟན་པ་སྤེལ་བའི་སྤྲུལ་བའི་སྐུ།
ཕན་དང་བདེ་བའི་འབྱུང་ནས་རྒྱལ་བ་མཆོག།།
ཀུན་མཁྱེན་ཐུབ་པའི་དབང་པོས་དུས་ཀུན་སྐྱོངས།།
འཛམ་གླིང་གོ་ལ་ཟླུམ་པོའི་ཡངས་སྟེང་ན།།
སངས་རྒྱས་བསྟན་པ་ཡུན་རིང་གནས་པའི་ཐབས།།
ཆོས་བརྒྱད་རྐུན་ཇག་དབང་དུ་མ་ཤོར་བར།།
སྦྱོར་དངོས་རྗེས་གསུམ་གོ་རིམ་མི་ནོར་གལ།།
ཕ་མ་བྱམས་དང་སྙིང་རྗེས་དྲིན་བཟོ་དང་།།
བླ་མ་དད་དང་དག་སྣང་མངོན་ལྐོག་མཚུངས།།
རིག་མ་དྲང་དང་བདེན་པ་མཛའ་བརྩེ་ཅན།།
ཀུན་ལ་ཕན་དང་བདེ་མཛད་ཤིན་ཏུ་གཅེས།།
སྐྱབས་འགྲོ་མེད་པར་ཐེག་ཆེན་ཆོས་བཤད་གཅིག།།
དམ་ཚིག་མེད་པར་དབང་བསྐུར་གནང་བ་གཉིས།།
སྔོན་འགྲོ་མེད་པར་ཕྱག་རྫོགས་ཁྲིད་འདེབས་གསུམ།།
སངས་རྒྱས་བསྟན་པ་བཤིག་པའི་ལས་ངན་སྤོངས།།
རིས་མེད་སྐྱེ་འགྲོ་བྱམས་པ་བདེན་སྲིད་ན།།
རྩ་བ་མེད་ནས་འབྲས་བུ་མི་འབྱུང་ཕྱིར།།
གྲུབ་མཐའི་ཆགས་སྡང་རྨོངས་པ་རབ་བསལ་ནས།།
སྔོན་འགྲོ་དངོས་གཞི་རྗེས་གསུམ་མ་ནོར་མཛོད།།
ཞི་བདེ་ཟེར་ནས་གསོན་བསྲེག་གཏོང་བ་གཅིག།
ཕན་བདེ་ཟེར་ནས་མཐུན་ལམ་གཏོར་བ་གཉིས།།
ཆོས་པ་ཟེར་ནས་ཚོང་ལས་སྤེལ་བ་གསུམ།།
འགོས་པའི་ནད་བཞིན་རིང་དུ་སྤོང་བར་མཛོད།།
སྒེར་སྤྱོད་ཆེད་དུ་སྤྲུལ་རྫུན་བཟོ་དང་གཅིག།
རང་དོན་ཆེད་དུ་ཆོས་འཆད་ཚོང་ལས་གཉིས།།
ཕྱགས་རིས་ཆེད་དུ་ཚོགས་འདུ་བགྲོ་གླེང་གསུམ།།
བསྟན་པའི་ནང་འགལ་བྱ་བ་སྤོང་ཞིག་ཨང་།།
ཞི་བདེའི་རྩ་བ་སྙིང་བརྩེ་དྲང་བདེན་གཅིག།
ཆོས་ལམ་ཞུགས་པ་སྔོན་འགྲོའི་རྨོང་གཞི་གཉིས།།
དབང་བསྐུར་སྙིང་པོ་སྡོམ་དང་དམ་ཚིག་གསུམ།།
བསྟན་པའི་གཞི་རྩ་ཡིན་པས་མེད་ཐབས་མེད།།
བཤད་པ་ལག་ཏུ་ལེན་པའི་ཉམས་ལེན་དང་།།
སྒྲུབ་པ་གནད་ལ་ཁེལ་བའི་ལས་ཉོན་བྲལ།།
བསྟན་འགྲོའི་དོན་ཀུན་འགྲུབ་པའི་ཕྲིན་ལས་ཉིད།།
ཀུན་གྱིས་ཐུགས་དམ་གནང་བར་ཤིན་ཏུ་གལ།།
ཞེས་པ་འདི་ཡང་རབ་རྒྱན་ཤིང་ལུག་མཆུ་ཟླའི་དབང་ཚེས་དགེ་བར་བདག་གི་སློབ་བུ་བློ་གྲོས་འཇིགས་མེད་ནས་བསྐུལ་བ་བཞིན་དུ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་ནས། ཕྱི་ལོ་༢༠༡༥ ཟླ་༢ ཚེས་༡༥ཉིན་བརྡ་སྤྲོད་རིག་བྱེད་སྙན་པའི་བཏགས་མིང་དུ་ཚངས་སྲས་ལྷ་མོ་དགྱེས་པའི་འཇམ་དཔལ་རྡོ་རྗེ་རྣོན་པོ་རུ་འབོད་པའམ་སྨྱུག་མིང་དུ་ཨེ་མ་ཧོ་ཞེས་བྱ་བ་དེས་བགྱིས་པར་དགེའོ།། །།
ཐུགས་རྗེ་ཆེ་བཀྲིན་ཆེ་ཤིན་ཏུ་ལེགས་སོ་།
སངས་རྒྱས་བསྟན་པ་ངོ་མཚར་སྨད་དུ་འཕགས་།
འཕགས་པའི་དགེ་འདུན་འདུལ་ཁྲིམས་གཙང་བ་ཤོག་།
ཆོས་བྱེད་ཆོས་པ་ཆོས་མགོ་འཐོན་པ་ཤོག་།
ཆོས་དད་མི་མང་དམ་ཚིག་མཐུན་པ་ཤོག་།
བླ་སློབ་བར་ལ་དམ་ཚིག་་གཙང་བ་ཤོག་།
འཇིག་རྟེན་འདི་རུ་བདེ་སྐྱི་འབྱུང་བ་ཤོག་།
མི་ནད་ཕྱུག་ནད་ཞིབ་བ་ཤོག་།
བྱང་ཆུ་སེམས་པ་གང་ན་སུ་བཞུགས་པ་།
དེ་དག་ཀུན་གྱི་སྨོན་ལམ་འགྲབ་པ་ཤོག་།
སངས་རྒྱས་བསྟན་་པ་རྟག་ཏུ་རྒྱས་རྒྱུར་གཅིག་།
ཐུགས་རྗེ་ཆེ་བཀྲིན་ཆེ་ཤིན་ཏུ་ལེགས་སོ་།
སངས་རྒྱས་བསྟན་པ་ངོ་མཚར་སྨད་དུ་འཕགས་།
འཕགས་པའི་དགེ་འདུན་འདུལ་ཁྲིམས་གཙང་བ་ཤོག་།
ཆོས་བྱེད་ཆོས་པ་ཆོས་མགོ་འཐོན་པ་ཤོག་།
ཆོས་དད་མི་མང་དམ་ཚིག་མཐུན་པ་ཤོག་།
བླ་སློབ་བར་ལ་དམ་ཚིག་་གཙང་བ་ཤོག་།
འཇིག་རྟེན་འདི་རུ་བདེ་སྐྱི་འབྱུང་བ་ཤོག་།
མི་ནད་ཕྱུག་ནད་ཞིབ་བ་ཤོག་།
བྱང་ཆུ་སེམས་པ་གང་ན་སུ་བཞུགས་པ་།
དེ་དག་ཀུན་གྱི་སྨོན་ལམ་འགྲབ་པ་ཤོག་།
སངས་རྒྱས་བསྟན་་པ་རྟག་ཏུ་རྒྱས་རྒྱུར་གཅིག་།
བོད་