ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས།
ཀུན་ཕན་བྱ་བ་ནང་ཆོས་བཅུད།།
ཁ་ཉུང་བསམ་བཟང་ནང་ཆོས་བཅུད།།
གུས་བཀུར་ཡིད་ཆེས་ནང་ཆོས་བཅུད།།
ང་རྒྱལ་ཉོན་སྤོངས་ནང་ཆོས་བཅུད།།
ཅ་ཅོ་མ་མང་ནང་ཆོས་བཅུད།།
ཆ་ལུགས་མ་འཆོལ་ནང་ཆོས་བཅུད།།
ཇ་ནག་འཚོ་བ་ནང་ཆོས་བཅུད།།
ཉོན་མོངས་གཏམ་ཉུང་ནང་ཆོས་བཅུད།།
ཏ་ཐ་གཱ་ཏའི་བསྟན་པ་འདི།།
མཐའ་དབུས་རྒྱལ་ཁབ་ཡོངས་ལ་ཁྱབ།།
དམ་ཆོས་བདུད་རྩི་ནང་བསྟན་ལ།།
ནག་ནོག་མེད་པར་ཐོས་བསམ་སྒོམས།།
དཔེ་ཀློག་འཆད་ཉན་སྡེ་སྣོད་གསུམ།།
འཕགས་ནོར་རིན་ཆེན་བསླབ་གསུམ་རྒྱན།།
བ་དན་ཕྱོགས་བཅུར་སྒྲེང་པ་ནས།།
མ་གྱུར་སེམས་ཅན་མགྲོན་དུ་གཉེར།།
རྩ་བའི་བླ་མའི་བྱིན་རླབས་ལ།།
ཚ་གདུང་སེལ་བའི་བདུད་རྩི་སྨན།།
རྫོགས་སངས་བསྟན་པ་འཛིན་མཁན་ལ།།
ཝེར་མའི་ཚོགས་ཀྱིས་མགོན་སྐྱབས་མཛོད།།
གཞན་ཕན་བསམ་པ་བྱང་ཆུབ་སེམས།།
ཟང་ཟིང་ནོར་དང་མ་ནོར་ཅིག །
འར་འུར་གཏམ་གྱིས་དུས་ཚོད་བསླུས།།
ཡིད་བརྟན་མི་རུང་འཁོར་བའི་ནོར།།
རང་ཚོད་ཐུབ་པའི་ཕོ་རྒོད་ཚོ།།
ལས་བཟང་བྱ་བ་སྤེལ་ན་དགའ།།
ཤེས་རབ་ཐབས་དང་ཟུང་སྦྲེལ་ན།།
ས་དང་ལམ་གྱི་གོ་འཕང་སྦྱིན།།
ཧྲི་ཡིག་དཀར་པོ་བྱང་སེམས་བཅུད།།
ཧྲི་ལས་འཕགས་མཆོག་སྤྱན་རས་གཟིགས།།
ཨ་ཡིག་དམར་པོས་ཉེས་ཚོགས་སེལ།
ཨ་ས་བདུད་རྩིས་སྨིན་པར་ཤོག །
ཨོམ་ཨ་ཧུང་།ཨོམ་ཨ་ཧུང་།ཨོམ་ཨ་ཧུང་།
༼རང་ཚོད་ཐུབ་པའི་ཕོ་རྒོད་!!
འར་འུར་གཏམ་གྱིས་དུས་ཚོད་བསླུས།།༽
བདུད་རྩི་བཅུད་ལེན་དེ་དང་པོ་སོ་སོས་གནང་ན་ཡག་པོ་མེད་དམ།
དེང་སང་་གསར་ཁང་འགའ་ཞིག་ཆོལ་ཁ་དང་ལུགས་ཀྱི་ཕྱོགས་
འཐེན་འོག་དུས་ཚོད་རྫོགས་འགྲོ་ཡིག འཛམ་གླིང་དང་རྒྱལ་གཅེས་
ཀྱི་གསར་འགྱུར་གང་ཡང་མེད་པ། དེའི་མ་ཚད་གསར་འགོད་པ་
འགའ་རེས་ཆོས་ལུགས་ཕྱོགས་འཐེན་གྱི་ནད་དུག་ཡོངས་སུ་རྒྱས་
ནས་སྐད་འཕྲིན་ཐོག་སྒྲ་སྒམ་ཡང་བཟོས་ནས་གཏོང་འདུག མི་འདི་
ཚོའི་གྲས་ཤི་ནས་རུས་པ་ནག་པོ་ནག་རྐྱང་ཆག་བསྡད་ཡོད་ཀྱི་རེད་ཡ།
དེང་སང་བོད་ཀྱི་དེ་ཕོ་ཟེར་བ་དེ་ཡག་པོ་འདུག་ཡ། བོད་སྤྱི་ལ་སྤྱི་
སེམས་ཡོད་མཁན་ཟེར་ན་དེ་འདྲ་དགོས།
༅༅། ཚེ་དབང་བསོད་ནམས་ལགས་ནས་དཔེ་ཡག་པོ་རྩོམ་བྲིས་གནང་འདུག་པ་ཐུགས་རྗེ་ཆེ།