ཨ་འཇམ།
སྙན་ངག་གཞུང་ལུགས་ཀྱི་སྟེང་དུ
སྔོ་ཚལ་རིལ་བུ་ཞིག་བཞག་སྟེ་འཁྱེར
རྒན་མོ་དེ་འཛུམ་བཞིན ཅི་ཡང་མི་ཟེར
ཁྱི་ཞིག་ཀྱང་གློ་བུར་དུ་ཉེ་འགྲམ་ནས་བྲོས་སོང
ཕྱུ་བ་གྱོན་པའི་བུ་མོ་ཚོ འཚང་ཁ་ཤིག་ཤིག
ད་ལྟ་ཆུ་ཚོད་གཅིག་པ་ཟིན་པས ཉིན་གུང་ཏག་ཏག་ཏུ
ལས་ཁུངས་ཀྱི་སྒོ་མོ་རེ་རེ་ཡང ལྕགས་ཟྭ་ཡིས་མནན་འདུག
བྱེ་མ་བཀལ་པའི་རྒྱ་གར་གྱི་རྟ་ཆུང་ཆུང་དག
གཞུང་ལམ་དུ་གཤར ཐག་ཐག་ཐག
ངའི་ལས་གྲོགས་ཤིག་ཀྱང འདིའི་བར་གསེང་ནས་མཐོང
ཁོས་ཀྱང་སྔོ་ཚལ་ཆུང་ཆུང་ཞིག
ཧིན་རྡུའི་ཚགས་པར་གྱིས་བཏུམ་སྟེ་འཁྱེར་འདུག
གྲོང་གསེབ་ཀྱི་བུ་མོ་ཆུང་ཆུང་དེས
གུ་རུ་རྗེ་ཟེར ང་ལ་ཐང་ཆུ་མེད་པས
རྒྱ་གར་མ་འདིའི་ད་དུང་ངོ་ཤེས་པའི་ཚུལ་གྱིས་ཅེར་ཡང་
སང་ཉིན་རྔན་པ་ཉོ་དགོས་ཞེས་བཤད་པས
བ་མོ་དེའི་ཉེ་འགྲམ་བརྒྱུད་ནས་ནང་དུ་བུད་སོང
སྐབས་འདིར གནམ་གཤིས་ཅུང་གྲང་བས
ཐབ་ཀ་མེད་པའི་རྒྱ་གར་བ་ཚོའི་འགྲམ་ནས
ཁོང་འདར་ཞིག་ཡང་ཡང་ཤོར
༢༠༠༧ ༡༢ ༢༠ ཉིན་བྲིས