ཆུ་སྐྱེས་སྒྲོལ་མ།
ཟིན་བྲིས་པ་དག་དང་མཆན་འགོད་པ་ཚོས་ཉེ་ཆར་ཚ་ཚ་འུར་འུར་གྱིས་སྤེལ་བཞིན་པའི་གནས་ཚུལ་དང་དོ་སྣང་སྤྲོད་གཞི་ནི། གྲོས་ཚོགས་ཀྱི་རྙོག་ཟིང་དེ་རེད། ངས་ཀྱང་ཁོམ་ལ་མི་ཁོམ་གྱིས་བོད་ཀྱི་དུས་བབ་དང་བོད་ཀྱི་བང་ཆེན་གཉིས་ཀྱི་ཟིན་བྲིས་དང་མཆན་དེ་ཚོ་བཀླགས་པ་ཡིན།
ཡིད་ཕངས་པ་ཞིག་ལ་ང་ཚོས་གོང་དུ་བཀུར་ས་དང་གུས་བཀུར་ཞུ་སའི་སྤྱི་འཐུས་རྣམ་པའི་གནང་སྟངས་དེ་ཕྱོགས་རིས་དང་ཞེན་ཁོག་གི་དྲི་མས་འབགས་པ་ཞིག་ཡིན་འདུག་པ་འདི་འདྲ་ག་རེས་མ་འགྲིག་པ་ཡིན་ནམ།
༢༽
དེ་ལས་ཆེས་ཡིད་སྐྱོ་བ་ཞིག་ལ། སྤྱི་འཐུས་ནང་སྨྱུག་ཐོགས་པ་ང་ཡིན་ཟེར་མཁན་དང༌། ང་འཇོན་ང་ཡག་ཟེར་མཁན་དག་ལས་གྲོས་ཚོགས་ཀྱི་རྙོག་ཟིང་དེའི་སྐོར་ལ་གསལ་བཤད་གནང་མཁན་ནི། གཡུང་དྲུང་བོན་གྱི་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་དང་རྩོམ་ཡིག་སྤེལ་མཁན་གཅིག་བྱུང་ཡོད་པ་ནི། སྤྱི་འཐུས་བསྟན་འཛིན་མགོན་པོ་ལགས་གཉིས་རེད་འདུག ཁོང་གཉིས་ཀྱིས་གསལ་བཤད་གནང་ནས་རང་ཉིད་དག་འབུད་ལ་འབད་ཁུལ་གནང་འདུག་ཀྱང་དེ་ཡང་ལམ་ལྷོང་འགྲོ་རྒྱུའི་ཚབ་ལ་སྡུག་རུ་ཕྱིན་འདུག
༣༽
དཔུང་པ་བསྒྲིག་ནས་ཡོང་གི་ཡོད་ནའང་འདྲ། ཆོས་ལུགས་ཀྱི་འཐེན་འཁྱེར་དང་ལུང་ཚན་གྱི་ཕྱོགས་ཞེན་བྱེད་ཀྱི་ཡོད་ནའང་འདྲ། ཡང་བར་གནས་ཀྱིས་གསུང་མ་བྱོན་པར་བཞུགས་ཀྱི་ཡོད་ནའང་འདྲ། མ་འདོད་པའི་རྣམ་འགྱུར་གྲང་ཤུར་ཤུར་ཞིག་གིས་གྲོས་བཅར་མ་ཞུ་མཁན་དག་ཡིན་ནའང་འདྲ། གནང་སྟངས་དེ་རིགས་དངོས་ནས་ཡག་པོ་མ་རེད།
དེ་ནི་མི་དམངས་དང་སྤྱི་དོན་ལ་འགན་མ་འཁྱེར་བ་ཞིག་རེད་སྙམ། གང་ལྟར། དེ་ནི། ཁང་གསར་ལགས་ཀྱིས་༼སྐབས་བཅུ་བཞི་པའི་སྤྱི་འཐུས་ལྷན་ཚོགས་ལ་ཆ་མཚོན་ན། གཞན་དག་ཕར་བཞག་གྲོས་ཚོགས་ཀྱི་ཚོགས་གཙོ་ཙམ་ཡང་ཁྲིམས་མཐུན་དང་ལུགས་མཐུན་ཞིག་འདེམས་བསྐོ་བྱེད་ཐུབ་ཀྱི་མེད།༽ཞེས་གསུངས་པ་དེ་དོན་ལ་གནས་འདུག
༤༽
འོས་བསྡུ་བྱེད་པའི་གནས་སྐབས་སུ། སྤྱི་འཐུས་སུ་ལངས་འདོད་མཁན་རྣམ་པ་དང༌། ཚོགས་པ་སྐྱིད་སྡུག་ཚོས། མང་ཚོགས་མགོ་རྨོངས་སུ་བཅུག་གི་ཡོད།
འོས་གཞི་དངོས་གཞིའི་སྐབས་མང་ཚོགས་ནང་ཤོག་ཚགས་འདྲ་མིན་ཞིག་འཁྱེར་ཡོང༌། མང་ཚོགས་ནས་ཀྱང་དེ་ནང་འཁོད་པའི་མིང་ཐོ་ལས་ངེས་པར་དུ་གྲངས་ཚང་འདེམ་དགོས་པར་བསམ་ནས་གོ་མེད་ཚོད་མེད་ཀྱི་འོས་མི་འདེམ་གྱི་ཡོད།
བྱེད་སྟངས་དེས་ཚད་མཐོ་དང་དྲང་བདེན་གྱི་སྤྱི་འཐུས་ཤིག་གྲོས་ཚོགས་ནང་ཕེབས་པར་འགོག་རྐྱེན་བཟོ་ཡི་ཡོད། ད་རེས་ཀྱི་རྙོག་དྲ་འདི་ནི། གནང་སྟངས་དང་བྱེད་སྟངས་འདིའི་མཇུག་འབྲས་རེད།
༥ ༽
ང་ཚོས་བཀུར་འོས་སྤྱི་འཐུས་ཚང་མར་སྟངས་འཛིན་བྱེད་མི་ཐུབ་པ་བདེན་ཡང༌། རང་ཉིད་ཀྱིས་འདེམས་པའི་སྤྱི་འཐུས་དེ་ལ་སྟངས་འཛིན་གྱི་ཉེན་རྟོག་པ་རང་གིས་བྱེད་ཐུབ་དགོས། དུམ་ནམ་ཞིག་རང་ཉིད་ཀྱི་འོས་མི་དེས་མ་དྲང་མ་བདེན་པར་སྤྱི་དོན་ཁ་འཁྱེར་གྱིས་རང་དོན་རྐྱང་གཉེར་ན། དེར་དགག་པ་རྒྱག་པ་དང༌། ལས་གནས་ནས་དགོངས་ཞུ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ནི་མང་ཚོགས་རང་གི་ལག་པར་ཡོད་པ་རེད།
༦༽
ད་ལྟའི་ང་ཚོའི་གནས་སྟངས་ནི། རྒྱལ་ཁབ་ཀྱི་དབུ་ཁྲིད་དགུང་ལོ་མཐོ་བ་དང༌། བོད་མིའི་བདེན་དོན་འཐབ་རྩོད་ཛ་དྲག་གི་སྐབས་སུ་ཡོད་པ། ཕྱི་དགྲ་བོ་སྟོབས་ཆེ་བ་བཅས་ཀྱི་དུས་འདི་འདྲ་ལ། ནང་ཁུལ་ཕྱོགས་ཞེན་དང༌། འཁྲུག་རྩོད་རྒྱག་རེས་བྱས་ནས་འདུག་པའི་དུས་ཤིག་ག་ལ་ཡིན། དེ་ནི་༼ནང་བཀྲ་མ་ཤིས་ན། ཕྱི་དོན་མི་འགྲུབ༽ཅེས་པ་དང་ཡོངས་སུ་མཐུན་པས་ན། ནང་བཀྲིས་པ་ཡོང་བའི་ཐབས་ལ་ངེས་པར་དུ་འབད་རོགས་ཞེས་སྤྱི་འཐུས་རྣམས་ལ་ལག་གཉིས་སྙིང་སྦྱར། མི་གཉིས་ནས་མཆི་མ་འདོན་བཞིན་དུ་ཞུ་འདོད་བྱུང༌།
དེ་ལས་ཁྱོད་ཀྱིས་མཐོང་སྣང་དང་ལྟ་སྣང་ལ་མི་འོས་ཤིང་མི་མཐུན་པའི་སྤྱི་འཐུས་འགའི་མཚན་ནས་སྨྲས་ཏེ་དགོངས་པ་ཞུ་རོགས་ཤེས་ལབ་ན་ལས། རྩོམ་ཡིག་འདི་འདྲ་ཞིག་བྲིས་ན་ང་ཚོས་མཆན་བུ་འདེབས་ཤེས་ཀྱི་མི་འདུག་ལོ།
ཆུ་སྐྱེས་སྒྲོལ་ལགས།
ངོ་མ་བློ་གཟུར་གནས་པའི་ཐོག་ཁྱེད་ཀྱིས་བོད་མི་རིགས་ལ་ཕན་ན་སྙམ་ནས་བདེན་གཏམ་ཞིག་བྲིས་འདུག་པས་྆རྒྱབ་སྐྱོར་ཡོད། རང་ནས་ཀྱང་ཨི་ཐུབ་མི་ཐུབ་ལྟོས་ནས་དར་བར་རྙོང་གླེང་དེ་དང་འབྲེལ་བའི་ཐད་མཆན་ཀྱག་ཀྱོག་རེ་བྲིས་ཁུལ་བྱེད་མོད། སྐབས་རེ་ད་རིང་གི་དོན་རྐྱིན་འདིའི་ཐོག་རང་ཡང་བརྒྱུད་ནས་འབྲེལ་བ་ཆགས་ཡོད་པ་དྲན། གྲོས་ཚོགས་ཀྱི་འཐུས་མི་དག་ནི་ང་ཚོས་འདེམས་ཡོད་ཙམ་རང་རྐྱོན་དེ་ལ་ཡང་བཟོ་བཅོས་རྒྱག་ནས་ཕྱི་ཆད་དམ་བཟག་དགོས་པ་ནི་ད་རིང་ཤེས་ཟིན། ད་རིང་གི་གྲོས་འཆར་གྱི་མཛྷཇུག་འབྲས་ངན་པ་འདི་ལྟར་བུ་ཞིག་འོང་རྒྱུ་རེད་སུས་ཀྱང་བསམ་མེད་ལས་ཆེ་ཡང། ཡོང་ཚར་བ་ནི་ཚར་རེད། རྙོང་ལངས་རྒྱག་ནས་ཕན་ཐོག་ཨི་ཡོད་དྲན། སྤྱིར་འཐུས་རྣམས་ནི་ང་ཚོས་འོས་འདེམས་བྱས་བ་རྐྱང་ཡིན་ཙམ། ང་རང་ཚོར་ཡང་ནོར་འཁྱུག་མཆིས་པ་དེ་དྲན་ནས་ཐེངས་༡༥པའི་གྲོས་ཚོགས་འོས་འདེམས་ཤར་བསྒུག་བྱ་ནས་བསྡད་དེ་སྐབས་དེ་མི་མཇོན་པོ་དང་སྤྱིར་སེམས་འདང་བ་དེ་འདྲ་དགོས་རྒྱུ་གལ་ཆེ་སྙམ།
ནོར་བཅོས འཁྲུག་འཁྲུལ་ཡིན།
ད་ལྟ་བར་དུ་གནད་དོན་འདིའི་ཐད་ལ། བུད་མེད་སྤྱི་འཐུས་ཚོས་རང་རང་གི་ལྟ་སྟངས་བཤད་པ་ལས། གཞན་ཚོས་གང་ཡང་མ་བཤད་པར་ཡོད་པ་རེད། ད་རེས་ཆུ་སྐྱེས་སྒྲོལ་མ་ལགས་ནས་བསམ་ཚུལ་སྤེལ་བ་ལ་དགའ་བསུ་ཡོད། བུད་མེད་ཚོས་ཀྱང་རང་རང་གི་བསམ་ཚུལ་འདོན་དགོས་པ་རེད་འདོད།
སྤྱི་འཐུས་ཁ་ཤས་ཀྱིས་སྤྱི་མིའི་འགན་ཞིག་བཞེས་ཀྱི་མེད་པ་ཡིན་ནའང༌། མང་ཚོགས་ནང་འཇམ་ཅག་གེར་འདུག་པ་འདི་ཅི་ཡིན་ནམ། ཤོད་སྟངས་ལ། བཀའ་ཤག་སྤྱི་འཐུས་ཀྱི་ལག་པར་ཡོད། སྤྱི་འཐུས་མང་ཚོགས་ཀྱི་ལག་པར་ཡོད། མང་ཚོགས་ནི་དོན་དམ་པའི་དབང་ཚད་ཆེ་ཤོས་དེ་ཡིན་ཟེར་བ་མིན་ནམ། གང་ལྟར། ད་རེས་ཀྱི་ཚོགས་ཐེངས་མཇུག་མ་འཁྱོལ་བ་རེད། རྗེས་མའི་ཚོགས་ཐེངས་དེ་མཇུག་མ་འཁྱོལ་བའི་འཕྲོ་མཐུད་ཀྱིས་འཚོག་དགོས་པ་རེད། ངའི་སེམས་ཀྲེལ་ཆེ་ཤོས་ནི། རྗེས་མའི་ཚོགས་ཐེངས་དེ་རྒྱལ་ཁའི་ངང་མགོ་འཛུགས་ཐུབ་ཀྱི་ཡོད་མེད་ཀྱི་ཐེ་ཚོམ་ཇེ་ཆེ་རེད། ད་ལྟའི་གནས་སྟངས་ལ་བལྟས་ན། ཕྱོགས་གཉིས་ཀས་སོར་གང་གློད་ཀྱི་མིན་མདོག་མདོག་བྱས་ནས་བསྡད་འདུག འདི་ཚོ་ལ་ཅིས་ཉེས་པ་ཡིན་ནམ།
ཆང་འཐུང་གི་ཡི་གེ་བྲིས་པ་འདྲ་ཞིག་གིས་ཆུ་སྐྱེས་སྒྲོལ་མར་རྒྱབ་སྐྱོར་བྱེད་ཀྱིན་འདུག ཆུ་སྐྱེས་སྒྲོལ་མ་ལགས། ཁོང་གིས་ཅི་ཞིག་བྲིས་འདུག ཡི་གེར་དག་ཆ་མེད་པ། དུས་གསུམ་གྱི་དབྱེ་བ་མི་ཤེས་པ། དོན་དག་སྙིང་པོ་མེད་པ་འདི་འདྲ་ཁྱོད་ཀྱིས་གོའམ།
གོང་གི་མཆན་བུ་འདེབས་མཁན་རྣམས་ནས་རང་རང་གི་སེམས་གཏམ་རེ་གསུང་པར་དགའ་ནས་ཡོད། ཐུགས་རྗེ་ཆེ།
སྤྱི་འཐུས་དེ་ཚོ་བོད་མི་རིགས་ནང་གི་ཨ་ཡོད་ནང་གི་ད་ཡོད། སྒོ་ང་ནང་གི་སེར་རིལ་ཡིན་ཟེར་གི་ཡོད་པ་རེད། ད་དེ་ཚོ་རྡུང་རེ་བརྒྱབ་ན་རྡུང་རེ་བརྒྱབ། ག་རེ་བྱས་ན་བྱས་བཅུགས། ང་ལ་སེམས་ཁྲལ་ཅིག་ཡོད་པ་ནི་རང་གི་མོ་མོ་འདི་ནམ་ཞིག་ལ་ཚོ་རྒྱུ་ན་དེར་སྒུག་ཡོད།
གོང་གི་སྐོར་ལ། བོད་ཀྱི་དུས་བབ་ནང་། མེ་སྒྱོག་རྒྱ་མཚོས་ཞིབ་ཅིང་ཕྲ་བ་བྲིས་པ་དེས། གནས་ཚུལ་གསལ་དུ་གཏོང་ཐུབ་འདུག མདོར་བསྡུས་ན། གོང་གི་ནོར་འཁྲུལ་དེ་ལམ་ལུགས་གསལ་པོ་མེད་པར་བརྟེན་བྱུང་བའི་དཀའ་ངལ་གཙོ་བོ་ལས། ཆོལ་ཁའི་དཀའ་ངལ་གཙོ་བོ་རེད་མིན་འདུག
ཡིན་ནའི་ཆོལ་ཁའི་ལ་རྒྱ་དང་འབྲེལ་བ་འདུག་རུང་དེ་ཡོང་ཡོང་པ་རེད། ཆོལ་ཁའི་ལ་རྒྱ་ཉུང་དུ་གཏོང་བར་ཐབས་ལེགས་ཤོས་དེ་ཆབ་སྲིད་ཀྱི་ཚོགས་པ་འཛུགས་རྒྱུ་དེ་རེད།
བཟོད་རྒྱམ་ལགས།
ངའི་མ་གཞི་ནས་ཁྱོད་ངོ་མི་ཤེས།ཁྱོད་ཀྱིས་ཀྱང་ང་ངོ་མི་ཤེས་པའི།
སྐད་ཆ་བཤད་སྟངས་དེ་སྣང་བ་འགྲོ་མ་སོང་ལོ།ད་ལྟའི་གྲོས་ཚོགས་ཀྱི་གནས་སྟངས་དང་བོད་ཕྱི་ནང་གི་གནས་སྟངས་ལ་བལྟས་ནས་སྐད་ཆ་བཤད་ན་ཡག་པོ་མེད་བསམ།ཆུ་སྐྱེས་སྒྲོལ་མ་ལགས་ལ་མཐག་གཅིག་ཏུ་རྒྱབ་སྐྱོར་ཡོད།་ཨ་མའི་བུ་མོ་།དངོས་ནས་ཡག་པོ་བྲིས་འདུག།མུ་མཐུད་དུ་བྲི་རོགས་གནང།
བཟོད་རྒྱམ་ལགས།
དེ་ལ་དུས་གསུམ་གི་དབྱེ་བ་དང་།དག་ཆ་ཡོད་མེད་ཁྱོད་ཀྱིས་བཤད་དགོས་པ་ཞིག་མ་རེད་།
དྲྭ་གྲོགས་མང་པོ་ཞིག་གིས་སོ་སོ་བོད་མི་རིགས་ཀྱི་ཆབ་འབངས་ཤིག་ཡིན་པའི་འགན་ཁུར་ནས་བོད་མི་དམངས་ཀྱི་སྤྱི་འཐུས་སྐབས་བཅུ་བཞི་པའི་གྲོས་ཚོགས་འཚོགས་འདུས་བརྒྱད་པ་འདི་རྒྱལ་ཁའི་ངང་གྲོལ་མ་ཐོབ་པ་འདི་ཡིས་སྐོར་ལ་ལབ་གླེང་མང་པོ་ཞིག་བྲིས་འདུག་་ བཀུར་འོས་སྤྱི་འཐུས་གཉིས་ཀྱི་བང་ཆེན་དང་དུས་བབ་གཉིས་ཀྱི་ཟིན་བྲིས་ནང་དུ་དོན་དག་འདི་ཡི་བྱུང་རྐྱེན་ཁག་གསལ་བཤད་བྱས་པ་མ་ཟད་ མི་མང་གི་བསམ་ཚུལ་དག་ལ་དོ་སྣང་སོགས་གནང་གི་ཡིན་ཞེས་གསལ་པོ་བཤད་འཐུག་པར་དེ་ཡག་པོ་རེད་སྙམ། སྤྱི་འཐུས་གཅིག་པོའི་ནོར་འཁྲུལ་ཞིག་མིན་ ང་ཚོའི་མི་མང་ལ་ནོར་འཁྲུལ་ཆེན་པོ་ཞིག་ཡོད་ང་ཚོས་མི་མང་གི་འོས་འདེམས་པའི་སྤྱི་འཐུས་རེད། ད་ལྟ་ནས་དེ་རིང་འབྱུང་བའི་གནས་སྟངས་འདི་ཡི་འོག་ང་ཚོའི་མི་མང་གི་བསླབ་བྱ་ཡག་པོ་ཞིག་ཐོབ་པ་རེད། སྐབས་བཅོ་ལྔ་པའི་སྤྱི་འཐུས་ཇི་འདྲ་ཞིག་འདེམས་དགོས་མིན་གྱི་བསམ་བློ་ད་ལྟ་ནས་གཏོང་དགོས། གནས་ཚུལ་ཚར་བ་རྣམས་ཚར་བ་རེད་ འབྱུང་འགྱུར་གྱི་སྤྱི་འཐུས་དང་སྐབས་གསུམ་པའི་བཀའ་ཁྲི་གཉིས་ཀྱི་སྐོར་ལ་བསམ་ཚུལ་སྤེལ་རེ་བྱེད་ན་དགོས་པ་ཆེ་བར་མཐོང་། ཆོལ་ཁའི་ལ་ཞེན་ཁུར་མཁན་གྱི་སྤྱི་འཐུས་ཤིག་འདེམས་དགོས་ཀྱི་ཡོད་དམ་ཡང་ན་བོད་སྤྱི་བའི་སྤྱི་འཐུས་ཤིག་འདེམས་དགོས་མིན་གཉིས་ལྟ་རྒྱུ་རེད། ང་ཚོའི་བོད་ཀྱི་རྩ་དོན་དེ་དབུ་མིའི་ལམ་དུ་འགྲོ་ཐོབ་ས་ལ་གང་ཟག་གཅིག་གི་གནམ་གྲུའི་གླ་ཆ་སྒོར་མོ་ཁྲི་བཞི་ལྷག་དེ་བློས་གཏོང་མི་ཐོན་པ་གང་ཡིན་ནམ།
རྩོམ་འདྲ་འགོ་རྔ་ཚང་ལ་མ་ཚང་བྲིས་ཤེས་མཁན་དེ་རྣམས་སྤྱི་མཐུས་རྣམས་ཀྱི་ནང་དུ་སླེབས་ཀྱི་ཡོད་པའི་ཟོལ་འདྲ་འདུག་པས། ཆུ་སྐྱེས་སྒྲོལ་མ་རང་ཡང་ཕལ་ཆེར་སྤྱི་མཐུན་རྗེས་མའི་ནང་དུ་སླེབས་སྲིད་རེད། ངས་བསམ་ན། ཆབ་སྲིད་པ་ཡག་པོ་ཞིག་ཆགས་ཐུབ་པ་ལ་རྩོམ་པ་པོ་ཞིག་ཡིན་དགོས་པའི་ངེས་པ་ལར་ནས་མེད། དེང་དུས་ཀྱི་རྩོམ་པ་པོ་མང་ཆེ་བ་ནི། སྤྱི་ཚོགས་ཀྱི་དཀྲུགས་ཤིང་བླ་ན་མེད་པ་དེ་ཆགས་འདུག དཔེ་ན་ཧོར་འཇིགས་གིས་བྲིས་པའི་མདོ་སྨད་ཆོས་འབྱུང་ལ་གཟིགས་དང་།
དྲྭ་གྲོགས་མང་པོ་ཞིག་གིས་སོ་སོས་བོད་མི་རིགས་ཀྱི་ཆབ་འབངས་ཤིག་ཡིན་པའི་འགན་ཁུར་ནས་བོད་མི་དམངས་ཀྱི་སྤྱི་འཐུས་སྐབས་བཅུ་བཞི་པའི་གྲོས་ཚོགས་འཚོགས་འདུས་བརྒྱད་པ་འདི་རྒྱལ་ཁའི་ངང་གྲོལ་མ་ཐོབ་པ་འདི་ཡིས་སྐོར་ལ་ལབ་གླེང་མང་པོ་ཞིག་བྲིས་འདུག་་ བཀུར་འོས་སྤྱི་འཐུས་གཉིས་ཀྱི་བང་ཆེན་དང་དུས་བབ་གཉིས་ཀྱི་ཟིན་བྲིས་ནང་དུ་དོན་དག་འདི་ཡི་བྱུང་རྐྱེན་ཁག་གསལ་བཤད་བྱས་པ་མ་ཟད་ མི་མང་གི་བསམ་ཚུལ་དག་ལ་དོ་སྣང་སོགས་གནང་གི་ཡིན་ཞེས་གསལ་པོ་བཤད་འཐུག་པར་དེ་ཡག་པོ་རེད་སྙམ། སྤྱི་འཐུས་གཅིག་པོའི་ནོར་འཁྲུལ་ཞིག་མིན་ ང་ཚོའི་མི་མང་ལ་ནོར་འཁྲུལ་ཆེན་པོ་ཞིག་ཡོད་ང་ཚོས་མི་མང་གི་འོས་འདེམས་པའི་སྤྱི་འཐུས་རེད། ད་ལྟ་ནས་དེ་རིང་འབྱུང་བའི་གནས་སྟངས་འདི་ཡི་འོག་ང་ཚོའི་མི་མང་གི་བསླབ་བྱ་ཡག་པོ་ཞིག་ཐོབ་པ་རེད། སྐབས་བཅོ་ལྔ་པའི་སྤྱི་འཐུས་ཇི་འདྲ་ཞིག་འདེམས་དགོས་མིན་གྱི་བསམ་བློ་ད་ལྟ་ནས་གཏོང་དགོས། གནས་ཚུལ་ཚར་བ་རྣམས་ཚར་བ་རེད་ འབྱུང་འགྱུར་གྱི་སྤྱི་འཐུས་དང་སྐབས་གསུམ་པའི་བཀའ་ཁྲི་གཉིས་ཀྱི་སྐོར་ལ་བསམ་ཚུལ་སྤེལ་རེ་བྱེད་ན་དགོས་པ་ཆེ་བར་མཐོང་། ཆོལ་ཁའི་ལ་ཞེན་ཁུར་མཁན་གྱི་སྤྱི་འཐུས་ཤིག་འདེམས་དགོས་ཀྱི་ཡོད་དམ་ཡང་ན་བོད་སྤྱི་བའི་སྤྱི་འཐུས་ཤིག་འདེམས་དགོས་མིན་གཉིས་ལྟ་རྒྱུ་རེད། ང་ཚོའི་བོད་ཀྱི་རྩ་དོན་དེ་དབུ་མིའི་ལམ་དུ་འགྲོ་ཐོབ་ས་ལ་གང་ཟག་གཅིག་གི་གནམ་གྲུའི་གླ་ཆ་སྒོར་མོ་ཁྲི་བཞི་ལྷག་དེ་བློས་གཏོང་མི་ཐོན་པ་གང་ཡིན་ནམ།
དྲ་གྲོགས་ཆོས་འཕེལ་ལགས།
ངས་ང་རང་བོད་འབངས་ཤིག་ཡིན་པའི་ཆ་ནས་དང་མང་གཙོའི་ལུང་པར་གནས་པའི་ཆ་ནས་སྨྲ་བརྗོད་རང་དབང་བེད་སྤྱོད་བཏང་བ་ལས་ང་རང་ལ་སྤྱི་འཐུས་ཀྱི་རྐུབ་སྟེགས་ཤིག་ཐོབ་ན་བསམ་ནས་རྩོམ་འབྲི་མ་མྱོང་།རྩོམ་བྲིས་ནས་སྲིད་དོན་པ་ཞིག་བྱེད་པའི་རྨི་ལམ་ཡང་བཏང་མ་མྱོང་།
རྩོམ་ཡིག་འབྲི་མཁན་ཚང་མ་སྤྱི་འཐུས་ཆགས་དགོས་དོན་ཨེ་ཡོད་སྙམ་པ་བཅས་དགོངས་འཇགས་འཚལ།
ཁྱོད་ཚོ་ཚང་མས་ག་རེ་བྲིས་ཡོད་ན་ངས་ཀློག་གི་མེད། བྲེལ་ཟིང་བར་ནས་ཡོད་དེ་ཆུ་སྐྱེས་སྒྲོལ་མའི་མིང་དེ་ཚར་གཉིས་གསུམ་ལ་ཀློག་ནས་འགྲོ་གི་ཡོད། ངས་འདི་ལྟར་ལབ་ན་ཁྱོད་ཚོ་ཚང་མས་ང་ཁ་རུབ་རྒྱབ་ནས་དམོད་མོ་མ་རྒྱགས་འ། ཆུ་སྐྱེས་སྒྲོལ་མ་མོ་རང་ལ་དམོད་མོ་རྒྱབ་ཆུགས། ལྷག་པར་དུ་ད་ཐེངས་ད་བཟོད་རྒྱམ་ཁྱོས་ལ་མ་ཤེས་ཁ་བྱོས་ནས་སྡོད་འ།