ནང་བསྟན་དམག་དོན་རིག་པ། Posted on 2013-12-102013-12-10 By ཡེ་ཤེས་ 19 Comments on ནང་བསྟན་དམག་དོན་རིག་པ། ཀླུ་སྨྱོན། དེ་རིང་ནས་བཟུང་ནང་བསྟན་དམག་དོན་རིག་པ་ཞེས་པའི་རྩོམ་ཡིག་ཅིག་འབྲི་མགོ་རྩོམ་རྒྱུ་ཡིན། ཁུངས་གཏུགས་ས་ནི་རྒྱ་གར་གྱི་དུས་འཁོར་རྩ་རྒྱུད་དང་བོད་ཀྱི་འབོད་རྦད་བསད་གསུམ་གྱིས་གྲུབ་པའི་གཏོར་ཟློག་གི་རིགས་དེ་ཚོ་ཡིན། གསར་འགྱུར།
རྩོམ་པ་པོ་ཀླུ་སྨྱོན་གྱི་ནང་བསྟན་དམག་འཁྲུག་གི་སྐོར་ལ་རྩོམ་འབྲི་གི་ཡིན་གསུངས་སོང། དེ་ག་དུས་བྲིས་ཀྱང་ངེས་པར་དུ་ཀློག་གི་ཡིན། རེད། དེ་མགོ་ཚུགས་དུས་ནི་བོད་བཙན་པོ་སྲོང་བཙན་ནས་བཟུང་སྟེ་བྱུང་བ་རེད། དེ་ནས་བཟུང་སྟེ་བན་བོན་གཉིས་ཀྱི་དམག་འཁྲུག དེ་ནས་ཆོས་རྒྱུད་ནང་ཁུལ་གྱི་དམག་འཁྲུག དེ་ནས་ནང་བསྟན་གྱི་བླ་ཆེན་ནང་ཁུལ་གྱི་དམག་འཁྲུག དེ་ནས་ནང་བསྟན་གྱི་སྤྲུལ་སྐུ་ནང་ཁུལ་གྱི་དམག་འཁྲུག དེ་ནས་ནང་བསྟན་གྱི་གྲྭ་བ་ནང་ཁུལ་གྱི་དམག་འཁྲུག དེ་ནས་ནང་བསྟན་གྱི་རྗེས་འཛིན་ནང་ཁུལ་གྱི་དམག་འཁྲུག འདི་ཚོ་ནི་བོད་ལ་བྱུང་བའི་ནང་བསྟན་གྱི་དམག་འཁྲུག་བྱུང་བའི་སྐོར་རེད། དེ་ཚོ་ལའང་ནང་བསྟན་གྱི་དམག་འཁྲུག་རིག་པའི་འགྲོས་ཤིག་གཏན་གཏན་ཡོད་རྒྱུ་རེད་བསམ།
མི་འདིས་མིང་གྲགས་གཅིག་པོ་དོན་དུ་གཉེར་བཞིན་ཡོད། ཁ་སང་སྙན་ངག་པའི་ཆོ་ལོ་དོན་དུ་གཉེར་ཀི དེ་རིང་ནང་བསྟན་དམག་འཁྲུག་ཡིན་ན་ཅིག དུས་འཁོར་ལ་ལོག་འགྲེལ་བྱེད་རྩིས་འདུག འདས་པའི་དོལ་རྗེས་འབྲིང་བ་ཁག་ཅིག་གིས་ཀྱང་དུས་འཁོར་དབང་ཆེན་ནི་ནང་བསྟན་དམག་འཁྲུག་ཅིག་ཡིན་ཚུལ་ཞིབ་རྗེས་བྲིས་ནས་ཕྱི་གླིང་བའི་སྐད་ཡིག་ཐོག་བཀྲམས་ཤིང་། དེར་བརྟེན་ནས་༸གོང་ས་མཆོག་ལ་ངོ་རྒོལ་གྱི་ལས་འགུལ་ཆུང་ཆུང་རིགས་བྱུང་བ་རེད། ད་ཁྱེད་ཀྱིས་འབྲི་མི་དགོས་ཁོང་ཚོས་བྲིས་པ་དེ་བཤུས་ཆོག ངོ་མ་མི་ཁྱེད་ལ་སྙིང་ནས་སྐྱུགས་བྲོ་ཀི འཇིག་རྟེན་ན་མདོ་སྨད་ཤེས་ཡོན་ཅན་ཚོའི་ཞབས་འདྲེན་མཁན་ཁྱེད་དང་དོར་ཤུལ་རྒྱ་མཚོ་ཟེར་བ་གཉིས་རང་རེད་ཤག ད་དུང་ཁྱེད་ཀྱིས་འཕུར་སྡེར་ཞིབ་འཇུག་ཀྱང་ཡོད་པ། གྲྭ་བའི་མཛེས་མའི་འགྲན་བསྡུར་ཡང་ཡོད་པ། སྟོན་པའི་སྐྱེས་སྐར་སྲུང་རྩིས་ཀྱང་ཡོད་པ། ཀླུ་སྨྱོན་རྩོམ་རིག་བྱ་དགའ་ཡང་ཡོད་པ། ད་དུང་སྤྲུལ་སྐུ་ཞིག་གི་མིང་ཡང་མེད་དམ།
ངས་བསམ་ན་མདའ་མོ་མི་འཕེན་འདོད་རག་རེད་འདུག སྒོ་ཤེར་ལགས་ཀྱིས་རྩོམ་རིག་བྱ་དགའ་མ་བཞེས་པའི་སྡུག་ཡུས་ཁོག་ལ་ཤོང་གི་མེད་པ་འདྲ། དེ་སྔོན་རྒྱ་གྲོལ་གྱིས་ནང་བསྟན་དཔལ་འབྱོར་རིག་པ་བཤད་དུས། སྒོ་ཤེར་གྱིས་དེ་ལ་དགག་ཕྱོགས་ནས་བསམ་ཚུལ་བཤད་པ་རེད། ཀླུ་སྨྱོན་གྱིས་སེམས་ལ་དེ་རང་དྲན་ནས་དམག་དོན་རིག་པ་འབྲི་རྒྱུ་ཡིན་མདོག་བཤད་འདུག དོན་ངོ་མ་ད་རུང་ནད་དེ་སངས་དྲག་ཡིན་ས་མ་རེད།
ཅི་ཞིག་བྲིས་ཀྱང་རང་དབང་རེད་ལ། གང་ཞིག་བསམས་ཀྱང་འདོད་པ་རེད། འོན་ཀྱང་གཞུང་ལུགས་ཀྱི་ཐད་ནས་བསམས་ན། དེ་ལ་ཟུར་རེའི་གཏན་ཚིགས་ཡོད་པ་རྩ་འཛིན་བྱས་ཏེ་གཞུང་ལུགས་གཞན་ཞིག་བཞེངས་འདོད་པ་ནི། གླང་ཆེན་ཟེར་བ་ལེབ་ལེབ་རེད་ཅེས་པའི་གཏམ་སྨྲས་པ་དང་ཀུན་ནས་མཚུངས་པས། དེ་ཕྱོགས་ནས་རིག་པ་སྨྲ་བའི་གྲོགས་དག་གིས་ཅིས་ཀྱང་དགོངས་བཞེས་ཟབ་མོ་ཡོང་རེ་ཡོད། མ་གཞི་ནས་སྐུ་ཞབས་ཀླུ་སྨྱོན་ལགས། རང་མཐོང་ཆུང་ཞིང་། བརྩི་འཇོག་ཆེ་བ། གཤིས་རྒྱུད་འཇམ་ཞིང་། འགྲོག་འདྲེས་བདེ་བ་སོགས་མི་ཞིག་ལ་དགོས་པའི་ཡོན་གྱིས་ཡོངས་སུ་འཕགས་པ་ཞིག་ཡིན་སྐད་ལན་མང་ཐོས་པས། མི་གཞི་ལ་མཚངས་འབྱིན་རྐྱང་བྱེད་པ་དག་གིས་ཀྱང་དེ་ཕྱོགས་ནས་གཟབ་པར་འཚལ། ལར་ནས་ནང་བསྟན་ལ་དམག་དོན་རིག་པ་ཞིག་ཡོད་མེད་ནང་བསྟན་གྱི་རྩ་བའི་དམིགས་ཡུལ་ཐད་ནས་བཤད་དགོས་པ་ཡང་གལ་ཆེན་ཡིན་པར་འདོད་པས་མཁྱེན་ལྡན་ཀླུ་སྨྱོན་ཚང་གིས་ཀྱང་དེ་ཕྱོགས་ནས་འུར་གྱི་དབང་དུ་མ་སོང་བར་སྤྱི་ལ་སྨན་ཞིང་གཏན་ཚིགས་ཀྱི་རྒྱབ་དཔུང་བཙན་པ་ཞིག་འབྲི་ཐུབ་ན་ཅིས་ཀྱང་དགའ་བསུ་ཞུ་ངེས་ཡིན་མོད། དེ་མིན་གསར་གཏོད་ལ་དམིགས་ཏེ་མིང་སྣ་འདྲ་མིན་གྱི་འོག་ནས་ཕྱོགས་ཡོངས་ནས་འགན་འཁུར་མི་ཐུབ་པའི་རྩོམ་ཡིག་མང་པོ་སྤེལ་ན་དེས་སྤྱི་ཚོགས་ལ་ཕན་གནོད་ཅི་ཞིག་འབྱིན་གྱི་ཡོད་མེད་ང་ཚོའི་མིག་མཐོང་ལག་ཟིན་པའི་དྲན་སྐུལ་ཀྱང་ཞུ་འདོད་བྱུང་།
ཡག་པོ་རེད་། ནང་བསྟན་དམག་དོན་རིག་པ་ཞེས་པ་གོ་བ་དང་པོ་ཡིན། བྲིས་ཤོག་དང་ཀློག་ངེས་ཡིན། དམག་དོན་རིག་པ་དེའི་ཐོག་ནས་རྒྱ་རོ་བོད་ནས་མཐའ་དཀྲོལ་གཏང་དགོས།
ཀླུ་སྨྱོན་ལགས། བཀྲ་ཤིས་བདེ་ལེགས་ཡོད། དེ་ངེས་པར་འབྲི་རོགས། བླ་མ་དཀར་པོའི་རྣམ་ཐར་ཡོད་ན། དེ་ཡིན་གཅིག་ཀློག་གནང་། དེའི་ནང་དམག་འཁྲུག་དང་འབྲེལ་བའི་ལོ་རྒྱུས་གང་འཚམ་ཞིག་ཡོད། དཔྱད་གཞིར་གལ་ཆེ།
མཆོད་བརྗོད་ཀྱི་ཞལ་འདེབས་སུ། ཁྲོ་རྒྱལ་རྟ་མཆོག་རོལ་བ་དང། ཕྱག་ན་རྡོ་རྗེ་མཐུ་སྟོབས་རྒྱལ། །དཔལ་ལྡན་རྒྱལ་མོ་དམག་ཟོར་མ། །ཨ་མྱེས་རྨ་ཆེན་ཡུལ་ལྷ་ཀུན། དཀར་ཕྱོགས་དྲག་པོའི་ལྷ་ཚོགས་གསོལ། གུ་རུ་དྲག་པོ་ཐོད་ཕྲེང་རྩལ། ཆོས་རྒྱལ་རྣམ་གསུམ་གེ་སར་རྒྱལ། བླ་མ་དཀར་པོ་ཙི་ཙི་སོགས། དྲག་པོ་དབང་སྡུད་ཚོགས་ལ་འདུད། ནང་བསྟན་དམག་གི་བསྟན་བཅོས་རྩོམ།
ཤར་པ་ལགས། ནང་བསྟན་དམག་དོན་རིག་པའི་གཞུང་ལུགས་ཐོག་ནས་པག་མེ་ལ་བཏབ་སྟེ། རྒྱ་རོ་མཐར་སྐྲོད་ཨེ་ཐུབ་མང་པོ་བལྟས་ཚར་བ་རེད་ འོན་ཀྱང་རྩམ་ཁུག་ལ་གནོད་པ་ལས་རྒྱ་རོ་ལ་གནོད་ཡོད་མ་རེད་ཧཧཧ
བན་དེ་ལ་ལགས། ངས་བསམ་ན་བན་བོན་གྱི་དམག་འཁྲུག་དེ་བྱུང་ནས་མཇུག་རྫོགས་ཡོད་པ་རེད་བསམ་སོང་། གལ་ཏེ་གནས་མུས་ཡིན་པའི་དབང་དུ་བཏང་ཡང་ང་ཚོས་དེ་ལ་བརྒྱབ་སྐྱོར་དང་བརྟིང་བསྐུལ་བྱས་ན་ཏག་ཏག་འགྲིག་ཨེ་ཡོད་མི་ཤེས། བན་དེ་བ་ཟེར་བ་འདིས་སླར་ཡང་བན་བོན་གྱི་དམག་འཁྲུང་ལངས་པ་ལ་རེ་བསྐུལ་བྱེད་ཀྱིན་འདུག བན་བོན་གྱི་དམག་འཁྲུག་ལངས་ན་བདག་གཞན་གཉིས་ཀ་ལ་ཁེ་ཕན་ཅང་ཨེ་ཡོད་དམ། བརྒྱ་ཆ་བརྒྱ་ལངས་པའི་དབང་དུ་བཏང་ན་ཡང་གཅིག་ལ་ཕམ་ཉེས་འབྱུང་རྒྱུ་ནི་གཏན་འཁེལ་ཡིན་པས་སྔོན་མའི་དམག་འཁྲུག་དང་བསྟུར་ཐབས་མེད། བན་དེ་བའི་བསམ་ངོ་ལ་ཤར་བ་དང་གཏན་ནས་འདྲ་རྒྱུ་མ་རེད་བསམ་སོང་། དགོངས་པ་བཞེས་རོགས། བན་དེ་བ་ཁྱོད་མ་འོངས་བའི་ཆོས་ལུགས་མི་སྣའི་ནང་གི་ཉེས་ཅན་པ་དྲག་ཤོས་དེ་ཆགས་སྲིང་ན་ཡང་ཐང།
དགེ་འདུན་པ་ཞིག་གིས་སྐད་ཆ་ཤོད་སྟངས་འདི་ལ་ཞེ་མེར་ལོག་བྱུང། ཆོས་ལུགས་ཀྱི་དམག་འཁྲུག་སློང་མཁན་བོན་པོ་མ་རེད། གོང་དུ་མང་ཙམ་སྨྲས་ཡོད་གཟིགས་པར་མཛོད། དེང་དུས་ཀྱི་དགེ་འདུན་པ་ཞིག་གིས་འདི་འདྲ་བཤད་དུས་་་་་ཏ་ལི་བྷན་གྱི་དྲག་གཅོད་པ་སེམས་ལ་ལྷང་ངེར་ཤར་ཡོང་གི་འདུག མ་འོངས་པར་ཆོས་ལུགས་མི་སྣའི་ནང་ནས་ང་ཉེས་ཅན་པ་དྲག་ཤོས་ཞིག་ཏུ་གྱུར་ཚེ། མ་འོངས་པར་ཁྱོད་དགེ་འདུན་པའི་ནང་ནས་ཉེས་ཅན་པ་དྲག་ཤོས་ཞིག་ཏུ་འགྱུར་ངེས་ཡིན། ངས་ཐོག་མར་དགེ་འདུན་རྒྱ་མཚོ་ཟེར་བ་ཞིག་ནས་གཞུང་ལུགས་ཀྱི་བགྲོས་གླེང་གནང་དུས་བཀའ་མོལ་ཡག་པོ་ཞིག་གནང་སོང་ཟེར་ནས་གུས་འདུད་ཀྱང་ཞུས་མྱོང། ཁ་བརྡའི་དྲ་བ་འདིར། ད་ལྟ་བྱེད་དུས་དགེ་འདུན་གྱི་རྐང་འདྲེན་ཞིག་ལས་ཡོད་བཟོ་མི་འདུག དམག་འཁྲུག་སུས་བསླང་འདུག་གམ། གཞན་དུ་་་་bonpo་ལགས་ནས་གསུངས་འདུག་པས་གཟིགས་མཛོད། ཁྱོད་ཀྱང་ཨོ་ཉི་དང་ཨ་ཕྱིའི་འོད་ཟེར་འཕོག་པ་ཞིག་རེད་འདུག
ངས་སྔོན་ཕྱི་རྒྱལ་བུད་མེད་ཅིག་གིས་བྲིས་པའི་རིག་ལྡན་དྲག་པོའི་ཆོས་འཁོར་སྐོར་བ་དང་། གོང་ས་མཆོག་གིས་དུས་འཁོར་དབང་ཆེན་བསྐུར་བ་སོགས་ནི་ནང་པའི་ཁ་ཆེ་ལ་དམིགས་པའི་དྲག་འཐབ་བྱེད་ཚུལ་གྱི་བསམ་སྦྱོར་ངན་ཞིག་ཡིན་སྐོར་གྱི་དེབ་ཅིག་མཐོང་མྱོང་།དེ་འདྲ་ཞིག་མིན་པར་སྨོན
ཀླུ་སྨྱོན་ནི་སྔོན་མ་གྲ་པ་དེ་ནས་སྙན་ངག་པ་དེ་ནས་བླ་མ་ད་འགོ་སེར་མ་འགའ་ཞིགག་མཉམས་དུ་མོང་གསར་པ་རེ་འཚོལ་བཟང་་་་་རྒྱས་ནས་ཡག་པོ་མ་བྱས་ན་ང་གླུའི་རྒྱལ་པོའི་ཆད་པ་གཅོད་སྲིད་་་་་
མིང་རེ་རྙེན་ན་ཡོག་རེ་གཏོང་གི། དྲི་མ་ཚུབ་ཚུབ་གང་སར་བདུག་གི། ཧ་ཧ་ཧ། ངའི་བླ་ཁོ།
མིང་རེ་བརྙེད་ན་ཟེར་དགོས་སོ
རྩོམ་པ་པོ་ཀླུ་སྨྱོན་གྱི་ནང་བསྟན་དམག་འཁྲུག་གི་སྐོར་ལ་རྩོམ་འབྲི་གི་ཡིན་གསུངས་སོང། དེ་ག་དུས་བྲིས་ཀྱང་ངེས་པར་དུ་ཀློག་གི་ཡིན། རེད། དེ་མགོ་ཚུགས་དུས་ནི་བོད་བཙན་པོ་སྲོང་བཙན་ནས་བཟུང་སྟེ་བྱུང་བ་རེད། དེ་ནས་བཟུང་སྟེ་བན་བོན་གཉིས་ཀྱི་དམག་འཁྲུག དེ་ནས་ཆོས་རྒྱུད་ནང་ཁུལ་གྱི་དམག་འཁྲུག དེ་ནས་ནང་བསྟན་གྱི་བླ་ཆེན་ནང་ཁུལ་གྱི་དམག་འཁྲུག དེ་ནས་ནང་བསྟན་གྱི་སྤྲུལ་སྐུ་ནང་ཁུལ་གྱི་དམག་འཁྲུག དེ་ནས་ནང་བསྟན་གྱི་གྲྭ་བ་ནང་ཁུལ་གྱི་དམག་འཁྲུག དེ་ནས་ནང་བསྟན་གྱི་རྗེས་འཛིན་ནང་ཁུལ་གྱི་དམག་འཁྲུག འདི་ཚོ་ནི་བོད་ལ་བྱུང་བའི་ནང་བསྟན་གྱི་དམག་འཁྲུག་བྱུང་བའི་སྐོར་རེད། དེ་ཚོ་ལའང་ནང་བསྟན་གྱི་དམག་འཁྲུག་རིག་པའི་འགྲོས་ཤིག་གཏན་གཏན་ཡོད་རྒྱུ་རེད་བསམ།
དུས་མ་རྫོགས་ན་དེ་འདྲ་འབྲི་ན་དགའ།
མི་འདིས་མིང་གྲགས་གཅིག་པོ་དོན་དུ་གཉེར་བཞིན་ཡོད། ཁ་སང་སྙན་ངག་པའི་ཆོ་ལོ་དོན་དུ་གཉེར་ཀི དེ་རིང་ནང་བསྟན་དམག་འཁྲུག་ཡིན་ན་ཅིག དུས་འཁོར་ལ་ལོག་འགྲེལ་བྱེད་རྩིས་འདུག འདས་པའི་དོལ་རྗེས་འབྲིང་བ་ཁག་ཅིག་གིས་ཀྱང་དུས་འཁོར་དབང་ཆེན་ནི་ནང་བསྟན་དམག་འཁྲུག་ཅིག་ཡིན་ཚུལ་ཞིབ་རྗེས་བྲིས་ནས་ཕྱི་གླིང་བའི་སྐད་ཡིག་ཐོག་བཀྲམས་ཤིང་། དེར་བརྟེན་ནས་༸གོང་ས་མཆོག་ལ་ངོ་རྒོལ་གྱི་ལས་འགུལ་ཆུང་ཆུང་རིགས་བྱུང་བ་རེད། ད་ཁྱེད་ཀྱིས་འབྲི་མི་དགོས་ཁོང་ཚོས་བྲིས་པ་དེ་བཤུས་ཆོག ངོ་མ་མི་ཁྱེད་ལ་སྙིང་ནས་སྐྱུགས་བྲོ་ཀི
འཇིག་རྟེན་ན་མདོ་སྨད་ཤེས་ཡོན་ཅན་ཚོའི་ཞབས་འདྲེན་མཁན་ཁྱེད་དང་དོར་ཤུལ་རྒྱ་མཚོ་ཟེར་བ་གཉིས་རང་རེད་ཤག ད་དུང་ཁྱེད་ཀྱིས་འཕུར་སྡེར་ཞིབ་འཇུག་ཀྱང་ཡོད་པ། གྲྭ་བའི་མཛེས་མའི་འགྲན་བསྡུར་ཡང་ཡོད་པ། སྟོན་པའི་སྐྱེས་སྐར་སྲུང་རྩིས་ཀྱང་ཡོད་པ། ཀླུ་སྨྱོན་རྩོམ་རིག་བྱ་དགའ་ཡང་ཡོད་པ། ད་དུང་སྤྲུལ་སྐུ་ཞིག་གི་མིང་ཡང་མེད་དམ།
ངས་བསམ་ན་མདའ་མོ་མི་འཕེན་འདོད་རག་རེད་འདུག སྒོ་ཤེར་ལགས་ཀྱིས་རྩོམ་རིག་བྱ་དགའ་མ་བཞེས་པའི་སྡུག་ཡུས་ཁོག་ལ་ཤོང་གི་མེད་པ་འདྲ། དེ་སྔོན་རྒྱ་གྲོལ་གྱིས་ནང་བསྟན་དཔལ་འབྱོར་རིག་པ་བཤད་དུས། སྒོ་ཤེར་གྱིས་དེ་ལ་དགག་ཕྱོགས་ནས་བསམ་ཚུལ་བཤད་པ་རེད། ཀླུ་སྨྱོན་གྱིས་སེམས་ལ་དེ་རང་དྲན་ནས་དམག་དོན་རིག་པ་འབྲི་རྒྱུ་ཡིན་མདོག་བཤད་འདུག དོན་ངོ་མ་ད་རུང་ནད་དེ་སངས་དྲག་ཡིན་ས་མ་རེད།
ད་ནི་ནང་བསྟན་འདིའི་ནང་ལ་མེད་ོཔ་སྣ་གཅིག་མེད་པ་འདྲ། ཨ་ལགས་ཀླུ་སྨྱོན་ཚང་མུ་མཐུད་ནས་ཤུགས་རྒྱོབས་ཨ།
ཅི་ཞིག་བྲིས་ཀྱང་རང་དབང་རེད་ལ། གང་ཞིག་བསམས་ཀྱང་འདོད་པ་རེད། འོན་ཀྱང་གཞུང་ལུགས་ཀྱི་ཐད་ནས་བསམས་ན། དེ་ལ་ཟུར་རེའི་གཏན་ཚིགས་ཡོད་པ་རྩ་འཛིན་བྱས་ཏེ་གཞུང་ལུགས་གཞན་ཞིག་བཞེངས་འདོད་པ་ནི། གླང་ཆེན་ཟེར་བ་ལེབ་ལེབ་རེད་ཅེས་པའི་གཏམ་སྨྲས་པ་དང་ཀུན་ནས་མཚུངས་པས། དེ་ཕྱོགས་ནས་རིག་པ་སྨྲ་བའི་གྲོགས་དག་གིས་ཅིས་ཀྱང་དགོངས་བཞེས་ཟབ་མོ་ཡོང་རེ་ཡོད། མ་གཞི་ནས་སྐུ་ཞབས་ཀླུ་སྨྱོན་ལགས། རང་མཐོང་ཆུང་ཞིང་། བརྩི་འཇོག་ཆེ་བ། གཤིས་རྒྱུད་འཇམ་ཞིང་། འགྲོག་འདྲེས་བདེ་བ་སོགས་མི་ཞིག་ལ་དགོས་པའི་ཡོན་གྱིས་ཡོངས་སུ་འཕགས་པ་ཞིག་ཡིན་སྐད་ལན་མང་ཐོས་པས། མི་གཞི་ལ་མཚངས་འབྱིན་རྐྱང་བྱེད་པ་དག་གིས་ཀྱང་དེ་ཕྱོགས་ནས་གཟབ་པར་འཚལ། ལར་ནས་ནང་བསྟན་ལ་དམག་དོན་རིག་པ་ཞིག་ཡོད་མེད་ནང་བསྟན་གྱི་རྩ་བའི་དམིགས་ཡུལ་ཐད་ནས་བཤད་དགོས་པ་ཡང་གལ་ཆེན་ཡིན་པར་འདོད་པས་མཁྱེན་ལྡན་ཀླུ་སྨྱོན་ཚང་གིས་ཀྱང་དེ་ཕྱོགས་ནས་འུར་གྱི་དབང་དུ་མ་སོང་བར་སྤྱི་ལ་སྨན་ཞིང་གཏན་ཚིགས་ཀྱི་རྒྱབ་དཔུང་བཙན་པ་ཞིག་འབྲི་ཐུབ་ན་ཅིས་ཀྱང་དགའ་བསུ་ཞུ་ངེས་ཡིན་མོད། དེ་མིན་གསར་གཏོད་ལ་དམིགས་ཏེ་མིང་སྣ་འདྲ་མིན་གྱི་འོག་ནས་ཕྱོགས་ཡོངས་ནས་འགན་འཁུར་མི་ཐུབ་པའི་རྩོམ་ཡིག་མང་པོ་སྤེལ་ན་དེས་སྤྱི་ཚོགས་ལ་ཕན་གནོད་ཅི་ཞིག་འབྱིན་གྱི་ཡོད་མེད་ང་ཚོའི་མིག་མཐོང་ལག་ཟིན་པའི་དྲན་སྐུལ་ཀྱང་ཞུ་འདོད་བྱུང་།
འབོད་རྦད་བསད་གསུམ་ཟེར་ན་ག་རེ་རེད། སུ་འབོད་དགོས་རེད། གང་ལ་རྦད་དགོས་རེད། སུ་བསད་དགོས་རེད་དམ།
ཡག་པོ་རེད་། ནང་བསྟན་དམག་དོན་རིག་པ་ཞེས་པ་གོ་བ་དང་པོ་ཡིན། བྲིས་ཤོག་དང་ཀློག་ངེས་ཡིན། དམག་དོན་རིག་པ་དེའི་ཐོག་ནས་རྒྱ་རོ་བོད་ནས་མཐའ་དཀྲོལ་གཏང་དགོས།
ཀླུ་སྨྱོན་ལགས། བཀྲ་ཤིས་བདེ་ལེགས་ཡོད། དེ་ངེས་པར་འབྲི་རོགས། བླ་མ་དཀར་པོའི་རྣམ་ཐར་ཡོད་ན། དེ་ཡིན་གཅིག་ཀློག་གནང་། དེའི་ནང་དམག་འཁྲུག་དང་འབྲེལ་བའི་ལོ་རྒྱུས་གང་འཚམ་ཞིག་ཡོད། དཔྱད་གཞིར་གལ་ཆེ།
མཆོད་བརྗོད་ཀྱི་ཞལ་འདེབས་སུ།
ཁྲོ་རྒྱལ་རྟ་མཆོག་རོལ་བ་དང། ཕྱག་ན་རྡོ་རྗེ་མཐུ་སྟོབས་རྒྱལ། །དཔལ་ལྡན་རྒྱལ་མོ་དམག་ཟོར་མ། །ཨ་མྱེས་རྨ་ཆེན་ཡུལ་ལྷ་ཀུན། དཀར་ཕྱོགས་དྲག་པོའི་ལྷ་ཚོགས་གསོལ།
གུ་རུ་དྲག་པོ་ཐོད་ཕྲེང་རྩལ། ཆོས་རྒྱལ་རྣམ་གསུམ་གེ་སར་རྒྱལ། བླ་མ་དཀར་པོ་ཙི་ཙི་སོགས། དྲག་པོ་དབང་སྡུད་ཚོགས་ལ་འདུད། ནང་བསྟན་དམག་གི་བསྟན་བཅོས་རྩོམ།
ཤར་པ་ལགས། ནང་བསྟན་དམག་དོན་རིག་པའི་གཞུང་ལུགས་ཐོག་ནས་པག་མེ་ལ་བཏབ་སྟེ། རྒྱ་རོ་མཐར་སྐྲོད་ཨེ་ཐུབ་མང་པོ་བལྟས་ཚར་བ་རེད་
འོན་ཀྱང་རྩམ་ཁུག་ལ་གནོད་པ་ལས་རྒྱ་རོ་ལ་གནོད་ཡོད་མ་རེད་ཧཧཧ
བན་དེ་ལ་ལགས།
ངས་བསམ་ན་བན་བོན་གྱི་དམག་འཁྲུག་དེ་བྱུང་ནས་མཇུག་རྫོགས་ཡོད་པ་རེད་བསམ་སོང་། གལ་ཏེ་གནས་མུས་ཡིན་པའི་དབང་དུ་བཏང་ཡང་ང་ཚོས་དེ་ལ་བརྒྱབ་སྐྱོར་དང་བརྟིང་བསྐུལ་བྱས་ན་ཏག་ཏག་འགྲིག་ཨེ་ཡོད་མི་ཤེས།
བན་དེ་བ་ཟེར་བ་འདིས་སླར་ཡང་བན་བོན་གྱི་དམག་འཁྲུང་ལངས་པ་ལ་རེ་བསྐུལ་བྱེད་ཀྱིན་འདུག བན་བོན་གྱི་དམག་འཁྲུག་ལངས་ན་བདག་གཞན་གཉིས་ཀ་ལ་ཁེ་ཕན་ཅང་ཨེ་ཡོད་དམ། བརྒྱ་ཆ་བརྒྱ་ལངས་པའི་དབང་དུ་བཏང་ན་ཡང་གཅིག་ལ་ཕམ་ཉེས་འབྱུང་རྒྱུ་ནི་གཏན་འཁེལ་ཡིན་པས་སྔོན་མའི་དམག་འཁྲུག་དང་བསྟུར་ཐབས་མེད། བན་དེ་བའི་བསམ་ངོ་ལ་ཤར་བ་དང་གཏན་ནས་འདྲ་རྒྱུ་མ་རེད་བསམ་སོང་།
དགོངས་པ་བཞེས་རོགས།
བན་དེ་བ་ཁྱོད་མ་འོངས་བའི་ཆོས་ལུགས་མི་སྣའི་ནང་གི་ཉེས་ཅན་པ་དྲག་ཤོས་དེ་ཆགས་སྲིང་ན་ཡང་ཐང།
དགེ་འདུན་པ་ཞིག་གིས་སྐད་ཆ་ཤོད་སྟངས་འདི་ལ་ཞེ་མེར་ལོག་བྱུང།
ཆོས་ལུགས་ཀྱི་དམག་འཁྲུག་སློང་མཁན་བོན་པོ་མ་རེད། གོང་དུ་མང་ཙམ་སྨྲས་ཡོད་གཟིགས་པར་མཛོད། དེང་དུས་ཀྱི་དགེ་འདུན་པ་ཞིག་གིས་འདི་འདྲ་བཤད་དུས་་་་་ཏ་ལི་བྷན་གྱི་དྲག་གཅོད་པ་སེམས་ལ་ལྷང་ངེར་ཤར་ཡོང་གི་འདུག མ་འོངས་པར་ཆོས་ལུགས་མི་སྣའི་ནང་ནས་ང་ཉེས་ཅན་པ་དྲག་ཤོས་ཞིག་ཏུ་གྱུར་ཚེ། མ་འོངས་པར་ཁྱོད་དགེ་འདུན་པའི་ནང་ནས་ཉེས་ཅན་པ་དྲག་ཤོས་ཞིག་ཏུ་འགྱུར་ངེས་ཡིན། ངས་ཐོག་མར་དགེ་འདུན་རྒྱ་མཚོ་ཟེར་བ་ཞིག་ནས་གཞུང་ལུགས་ཀྱི་བགྲོས་གླེང་གནང་དུས་བཀའ་མོལ་ཡག་པོ་ཞིག་གནང་སོང་ཟེར་ནས་གུས་འདུད་ཀྱང་ཞུས་མྱོང། ཁ་བརྡའི་དྲ་བ་འདིར། ད་ལྟ་བྱེད་དུས་དགེ་འདུན་གྱི་རྐང་འདྲེན་ཞིག་ལས་ཡོད་བཟོ་མི་འདུག དམག་འཁྲུག་སུས་བསླང་འདུག་གམ། གཞན་དུ་་་་bonpo་ལགས་ནས་གསུངས་འདུག་པས་གཟིགས་མཛོད། ཁྱོད་ཀྱང་ཨོ་ཉི་དང་ཨ་ཕྱིའི་འོད་ཟེར་འཕོག་པ་ཞིག་རེད་འདུག
ངས་སྔོན་ཕྱི་རྒྱལ་བུད་མེད་ཅིག་གིས་བྲིས་པའི་རིག་ལྡན་དྲག་པོའི་ཆོས་འཁོར་སྐོར་བ་དང་། གོང་ས་མཆོག་གིས་དུས་འཁོར་དབང་ཆེན་བསྐུར་བ་སོགས་ནི་ནང་པའི་ཁ་ཆེ་ལ་དམིགས་པའི་དྲག་འཐབ་བྱེད་ཚུལ་གྱི་བསམ་སྦྱོར་ངན་ཞིག་ཡིན་སྐོར་གྱི་དེབ་ཅིག་མཐོང་མྱོང་།དེ་འདྲ་ཞིག་མིན་པར་སྨོན
འགྱོག་པོར་ལྟ་ཐུབ་པའི་རེ་བ་ཡོད།
ནང་མེད་པའི་ཁ་བྱང་ཞིག་བཏགས་ནས་གླུ་སྨྱོན་གི་མི་ཚེ་འགྲོ་དགོས་པ་རེད་དམ?
ཀླུ་སྨྱོན་ནི་སྔོན་མ་གྲ་པ་དེ་ནས་སྙན་ངག་པ་དེ་ནས་བླ་མ་ད་འགོ་སེར་མ་འགའ་ཞིགག་མཉམས་དུ་མོང་གསར་པ་རེ་འཚོལ་བཟང་་་་་རྒྱས་ནས་ཡག་པོ་མ་བྱས་ན་ང་གླུའི་རྒྱལ་པོའི་ཆད་པ་གཅོད་སྲིད་་་་་