གནས་ཚུལ་མཁོ་གཏོང་བ་རྫ་ཚེ་རིང་བཀྲ་ཤིས།
ཟླ་འདིའི་བོད་ཚེས་༢༢དང་སྤྱི་ཚེས་༢༤ཉིན། ཐའེ་པེ་གྲོང་ཁྱེར་མེ་ཏོག་ལྡུམ་རའི་ཨར་ཁང་ཆེན་མོར་ཐའེ་ཝན་དུ་རྟེན་གཞི་བྱས་ཡོད་པའི་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་གོ་སྒྲིག་འོག་བོད་བརྒྱུད་ནང་བསྟན་ཇི་ལྟར་དར་སྤེལ་བྱེད་པའི་སྐོར་གྱི་བགྲོ་གླེང་ཐེངས་དང་པོ་དེ་དངོས་སུ་འཚོགས་ཡོད། དེ་ནི་ད་བར་ཅོག་ཙེ་སྒོར་མོའི་ཚོགས་འདུའི་རྣམ་པས་བོད་ཀྱི་སྐད་ཡིག་རང་གི་ཐོག་ནས་མཁན་སྤྲུལ་དགེ་བཤེས་ལྷན་ཚོགས་ཀྱི་རིས་མེད་བགྲོ་གླེང་འདི་ལྟ་བུ་ཞིག་གནང་བ་ཐའེ་ཝན་ལ་ཕལ་ཆེར་ཐོག་མ་ལྟ་བུ་ཆགས་ཡོད་འདུག གཙོས་གསེར་ཁྲི་རིན་པོ་ཆེ། གཞུང་དོན་གཅོད་ཁང་གི་ཆོས་དགེ་དགེ་བཤེས་འཇམ་དཔལ་ཆོས་འཛིན། དགེ་བཤེས་ཆོས་ཀྱི་དབང་པོ་སོགས་དགེ་ལུགས་ཀྱི་དགེ་བཤེས་དང་སྤྲུལ་སྐུ།
འབྲི་གུང་འགར་རྣམ་གྲོལ་རིན་པོ་ཆེ། སྤྲུལ་བསོད་ནམས་ཆོས་འཕེལ་སོགས་བཀའ་བརྒྱུད་ཀྱི་མཁན་སྤྲུལ་སློབ་དཔོན། དཔལ་ཡུལ་སྨུག་སངས་སྐུ་ཆེན་རིན་པོ་ཆེ། ཞེ་ཆེན་མཁན་པོ་ཨོ་རྒྱན་དྲི་མེད། ཉག་རོང་མཁན་སྤྲུལ་རིན་པོ་ཆེ་སོགས་རྙིང་ཕྱོགས་ཀྱི་མཁན་སྤྲུལ། སློབ་དཔོན་བསོད་ནམས་ཕུན་ཚོགས་སོགས་ས་སྐྱའི་སློབ་དཔོན་ཁག་ཅིག་བཅས་ཀྱི་ཐོག་ཞིབ་འཇུག་ཚོགས་པ་རང་གི་རྐང་འཛིན་མཁན་སྤྲུལ་རྣམ་པ་བཅས་ཚུད་པའི་ཆོས་བརྒྱུད་ཆེན་པོ་བཞིའི་མཁན་སྤྲུལ་སློབ་དཔོན་ཉི་ཤུ་རྩ་ལྔ་ཙམ་མཉམ་ཞུགས་གནང་བའི་ཐོག་ནས་བོད་བརྒྱུད་ནང་བསྟན་གྱིས་སྤྱི་ཚོགས་ཀྱི་དགོས་མཁོ་ཇི་ལྟར་བསྐང་རྒྱུ་དང་། ཆོས་ཚོགས་མང་པོ་ཞིག་ཉམས་རྒུད་དུ་འགྲོ་བཞིན་པའི་རྒྱུ་རྐྱེན་ལ་དཔྱད་ནས་མ་འོངས་ཚོགས་ཚོགས་སྲ་བརྟན་ཡོང་བའི་ཐབས་ལམ་ལ་ཇི་ལྟར་འབད་བརྩོན་བྱ་རྒྱུ། བསྟན་པའི་གོ་རིམ་དང་མཐུན་པའི་ནང་ཆོས་ཇི་ལྟར་སྤེལ་ཚུལ་སོགས་་བརྗོད་གཞི་དོན་ཚན་དགུའི་ཐོག་བགྲོ་གླེང་གནང་མཐར་གཙོ་བོ་ཆོས་བརྒྱུད་བར་གྱི་མཐུན་ལམ། ཁྱད་པར་ཡུལ་དུས་དང་མཐུན་པའི་ཀུན་སྤྱོད་གཟབ་ནན་གྱི་ཕྱོགས་ལ་སྔར་ལས་ལྷག་པའི་ཤུགས་སྣོན་ཇི་ལྟར་བྱ་ཕྱོགས་བཅས་ཀྱི་སྐོར་ལ་བགྲོ་གླེང་ཤུགས་ཆེན་བྱས། དེ་བཞིན་ནང་ཆོས་ངོ་སྤྲོད་ཀྱི་དུས་དེབ་དང་སློབ་དེབ་རྩོམ་སྒྲིག་གི་སྐོར་ལ་ཡང་གྲོས་སྡུར་དང་། ཁྱད་པར་ལོ་འགའི་སྔོན་ནས་ཤུགས་ཆེ་རུ་གཏོང་བཞིན་པའི་ཐའེ་ཝན་གྱི་ཚོགས་པ་དང་མི་སྒེར་རེ་ཟུང་གིས་བོད་བརྒྱུད་གསང་སྔགས་དང་བོད་ཀྱི་བླ་གྲྭ་ལ་གཞི་མེད་སྐུར་འདེབས་བྱེད་པའི་བྱེད་སྟངས་ཁག་ལ་གདོང་ལེན་བྱེད་ཕྱོགས་ཐད་དུ་ཡང་བགྲོ་གླེང་བྱུང་ཡོད་ཅིང་། རང་ངོས་ནས་ནང་ཁུལ་སྔར་ལས་ལྷག་པའི་མཉམ་འབྲེལ་བྱ་རྒྱུ་དང་། སྒེར་གྱི་ཡང་དག་པའི་འཚོ་བ་དང་ཡང་དག་པའི་ཆོས་ཀྱི་ངོ་སྤྲོད་སོགས་ཀྱི་བྱ་ཐབས་ལ་སྔར་ལས་ལྷག་པའི་ཤུགས་བསྣན་ཏེ། བརྒྱུད་ཐའེ་ཝན་རྒྱ་ཆེའི་མི་མང་གིས་བོད་ཀྱི་ནང་ཆོས་ཐད་སྔར་ལས་ལྷག་པའི་གོ་རྟོགས་མཐོ་རུ་ཡོང་བ་དང་། མིག་ལྟོས་ལེགས་པོ་ཞིག་བསྐྲུན་རྒྱུ་གལ་འགངས་ཀྱི་དུས་སུ་བསླེབས་ཡོད་པར་དགོངས་ཚུལ་གཅིག་མཐུན་བྱུང་འདུག བགྲོ་གླེང་འདི་ཆོ་ག་ཕྱག་ལེན་ཙམ་མིན་པར་ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་ཐུན་མོང་གི་དམིགས་ཡུལ་ཡོད་པའི་བརྗོད་གཞི་ཞིག་གི་ཐོག་ཏུ་འབབ་ཐུབ་པ་བྱུང་ཡོད།
དགོང་མོ་དེར་ཚོགས་པའི་གཙོ་འགན་བཞེས་མཁན་མཁན་སྤྲུལ་རྣམ་པ་ད་ཐེངས་ཐའེ་ཝན་དུ་མཛད་ཕྲིན་སྐྱོང་བཞིན་པའི༸སྐྱབས་རྗེ་རྫོང་སར་རིན་པོ་ཆེའི་མདུན་ཆེད་གཅར་གྱིས་ཚོགས་པའི་སྐོར་དང་ཁྱད་པར་ཚོགས་འདུའི་སྐོར་གྱི་གྲུབ་དོན་སྙན་གསེང་དང་འབྱུང་འགྱུར་ལམ་སྟོན་ཞུས་པར་དགྱེས་བརྩེའི་དབུགས་དབྱུང་དང་ཚད་མཐོའི་བསྔགས་བརྗོད་གལ་ཆེའི་ལམ་སྟོན་བཅས་ཐོབ་ཡོད།< /DIV>
དེ་ཡང་ཐའེ་ཝན་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་འདི་ནི་སྤྱི་ལོ་༢༠༠༩ལོར་ཐའེ་ཝན་དུ་ས་སྐྱ་བདག་ཆེན་རིན་པོ་ཆེ་དང་རང་གཞུང་ཐའེ་ཝན་དོན་གཅོད་སོགས་ཀྱི་མཐུན་གྱུར་དབུ་བཞུགས་ཀྱི་མཛད་སྒོ་ཟབ་རྒྱས་གནང་བའི་ཐོག་ནས་དབུ་བརྙེས་ཤིང་གཞུང་འབྲེལ་ཚད་ལྡན་དེབ་སྐྱེལ་བྱས་པའི་ཁྲིམས་མཐུན་ཚོགས་པ་ཞིག་དང་། ཆབ་སྲིད་དང་སྒེར་དོན་བཅས་ལ་མ་འདྲེས་པའི་ཐོག་ནས་བོད་བརྒྱུད་བསྟན་ལ་ཞབས་འདེགས་ཞུ་བའི་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་ཚོགས་པ་ཞིག་ཡིན། མིག་སྔར་མཁན་པོ་ཚུལ་རྣམ་དང་། ཀཿ་ཐོག་རིག་འཛིན་ཆེན་མོ། སྤྲུལ་ཐུབ་བསྟན་ནོར་བུ། མཁན་པོ་ཆོས་ཉིད་དོན་རྟོགས། མཁན་པོ་ཚེ་བཀྲ་བཅས་ཀྱིས་གཙོ་འགན་འགན་ཁུར་བཞིན་པ་དང་། ཚོགས་གཙོ་དང་དྲུང་ཆེ་རྩིས་གཉེར་སོགས་ཐའེ་ཝན་གྱི་དད་སློབ་ཚོགས་མི་དག་གི་ནང་ནས་འདེམས་བཞིན་ཡོད། ཚོགས་པ་འདིར་ད་ལྟའི་ཆར་ཚོགས་བརྒྱ་དང་སུམ་ཅུ་ལྷག་ཡོད་པས་ཁྲིམས་ཐོག་ནས་རྒྱལ་ཡོངས་རང་བཞིན་གྱི་ཚོགས་པའི་ངོས་འཛིན་ཐོབ་ཡོད།
ད་བར་སྐད་སྒྱུར་དང་ཚིག་མཛོད་སྐོར་གྱི་ཉམས་ཞིབ་ཚོགས་འདུ་ཐེངས་གཉིས་དང་དེ་མིན་ཞིབ་འཇུག་ཚོགས་འདུ་དང་། དེབ་དང་བརྙན་འཁོར་པར་སྐྲུན་སོགས་ཀྱི་ལས་དོན་གང་ལེགས་སྒྲུབ་བཞིན་ཡོད་པ་དང་མ་འོངས་པར་གོམ་གང་མདུན་སྤོས་ཀྱིས་སྔར་ལས་ལྷག་པའི་ནུས་པ་ཐོན་པའི་ལས་དོན་གང་མང་སྒྲུབ་རྒྱུའི་འཆར་གཞི་ཡོད། དེ་དག་གི་ཁོངས་ནས་གཙོ་བོ་འདི་ལོའི་སྤྱི་ཟླ་དྲུག་པར་རྒྱ་བོད་ནང་བསྟན་རིག་གཞུང་ཉམས་མྱོང་བརྗེ་རེས་ཀྱི་མཁས་པའི་བགྲོ་གླེང་ཞིག་དང་། སྤྱི་ཟླ་དགུ་པར་རྒྱལ་སྤྱིའི་ནང་བསྟན་ཉམས་མྱོང་བརྗེ་རེས་ཀྱི་མཁས་པའི་བགྲོ་གླེང་ཞིག དེ་བཞིན་དུས་ཚོད་ངེས་མེད་ནང་རིས་མེད་སྨོན་ལམ་ཞིག་ཀྱང་འཚོགས་འཆར་ཡོད་པའི་གསལ་བསྒྲགས་བཅས་ཚོགས་ཐོག་རང་དུ་གནང་ཡོད།
ཚོགས་པ་འདིར་སྐད་ཡིག་སུམ་ལྡན་གྱི་དྲ་རྒྱ་ http://www.buddhajnana.orgཡོད་པ་དང་ལོ་རེ་བཞིན་གྱི་ལོ་མཇུག་ཚོགས་མིའི་གྲོས་ཚོགས་དང་ལྟ་ཞིབ་པའི་ཚོགས་འདུ། དངོས་འབྲེལ་དགོས་བབ་ཀྱི་གནས་སྐབས་ཚོགས་འདུ་སོགས་ཀྱང་རིམ་བཞིན་ལག་ལེན་དུ་བསྟར་དང་བསྟར་བཞིན་ཡོད། ཞིབ་ཆ་དྲ་ཚིགས་སོགས་སུ་གཟིགས་རོགས། འོན་ཀྱང་མགོ་ཚུགས་ནས་དུས་ཡུན་རིང་པོ་མ་ལོན་པའི་ཚོགས་པ་ཞིག་གི་ངོས་ནས་ལས་དོན་མང་པོ་ཞིག་བསྒྲུབས་ཟིན་པ་ལས་བསྒྲུབ་རྒྱུ་མང་བ་ལྷག་ཡོད་པ་ང་ཚོས་གསལ་བོར་ཤེས་བཞིན་ཡོད་པས་ཚོགས་པ་འདིར་དོན་ཕན་ལྡན་པའི་རྒྱབ་སྐྱོར་དང་དགོངས་འཆར་སོགས་འཛེམས་ཟོན་མེད་པར་གནང་རོགས་ཞེས་ང་ཚོས་ཡང་ཡང་ཞུ་བཞིན་ཡོད།
དངོས་ནས་བསྟན་པ་སྤྱི་ལ་ཐུགས་བསམ་བཞེས་ནས་ཕྱག་ལས་དཔེ་ཡག་པོ་གནང་འདུག ཡི་རང་དང་ཡིད་ཆེས་ཡོད།
ཧ་ཅང་ཡག་པོ་བྱུང་འདུག་ དེ་འདྲ་ཞིག་ཡོ་རོབ་དང་ཨ་རིའི་ནང་ལ་ཡང་གནང་ཐུབ་ན་ཡག་པོའདུག་ རྗེས་སུ་ཡིད་རང་ཡོད།
ནང་ཆོས་དར་སྤེལ་ཡིན་དང་མེས་བརྒྱུད་རིག་གནས་གཞན་ལ་བཙོང་གི་ཡོད་པ་གང་ཡིན་གསལ་བོ་ངེས་མ་སོང་ལགས
འདིས་ནང་དུ་རྫ་ཚེ་བཀྲ་མ་གཏོགས་ཐེ་ཝན་དུ་ཐོན་ནས་ལོ་འཁོར་བཅུ་དང་ཉི་ཤུ་སོན་པ་ཤར་ཏག་རེད་འདུག ད་སྔོན་ཡན་ཆོད་དུ་འཇིག་རྟེན་འཁོར་བ་སྒྲུབ་སྒྲུབ་ནས་ད་བཟོད་ཆབ་སྲིད་མི་མཁོ་བཤད་པའི་བགྲོ་གླེང་འདི་དག་ཡག་ཉེས་གཉིས་ཀ་རེད། དང་པོ་ཚོགས་དཔོན་དེ་དག་ཚོ་ལ་རྒྱུ་འབྲས་བག་ཡོད་ལྡན་པ་གཞིར་བཞག་ནས་ནང་ཆོས་འཛིན་སྐྱོང་སྤེལ་གསུམ་དགོས་པ་ལས། བྱི་ལས་ཆོས་བཤད་བཞིན་དུ་ཆགས་ན་བསྟན་པ་དར་སྤེལ་གཏོང་བ་ལས་བསྟན་བཤིག་གོང་འཕེལ་བྱེད་འགྱུར་ཉན་ཆེ་བས་གཟབ་དགོས་པར་སྣང་ངོ་། བན་དང་བོན་སུ་ཡིན་ཡང་བཀའ་བསྟན་གཞུང་ལུགས་དང་མཐུན་པར་གྱིས་དང་དར་སྤེལ་དེས་ལྷག་ཡོད་མ་རེད། དེ་མིན་གསར་འགྱུར་ཚོགས་འདུ་འདྲ་བོ་ཉིན་མ་གཅིག་ལ་བྱས་ནས་ལག་ལེན་དུ་མ་བཏབ་ན་ཕན་པ་ལས་གནོད་པ་ཆེ་བ་རེད། ཚོགས་པ་མེད་ནས་བསྟན་པ་ཉམས་པ་མ་རེད།ཚོགས་པ་མང་ནས་བསྟན་པ་འདི་ཉམས་པ་རེད། སྨོན་ལམ་དང་ཚོགས་པ་མང་དྲག་ནས་དཔལ་འབྱོར་གྱི་འཚོལ་བསྡུད་དང་རང་ཚུགས་མ་ཐུབ་པར་བླ་གྲྭ་ཚོ་གྲང་དུ་འཁྱམས་པ་རེད། ཁྱབ་སྲིད་མི་དགོས་བཤད་པ་ཕལ་ཆེ་བ་བལ་ཡུལ་དང་རྒྱ་ནག ཐེ་ཝན་སོགས་ལ་ཚོགས་འདུ་མང་པོ་འདུག གཙོ་བོ་ཁྱེད་ཚོས་ལམ་སྟོན་དང་བགྲོ་གླེང་གི་སྙིང་པོ། ད་སྔོན་ཡན་གྱི་ལོ་རྒྱུས་དང་འབྱུང་འགྱུར་གྱི་དམ་བཅའ་ག་འདྲ་ཡོད་དམ།
if u not his holinese, please dont use name of karmapa.
-for that urgyan thanley dorjee.
ཚོགས་པ་འདི་་འཛུག་གནང་མཁན་རྣམས་སུ་ཡིན་ནངའང་ཤེས་ཡོན་དང་ལྷག་བསམ་གྱིས་ཕྱུག་པ། རེ་རེའི་ངོས་ནས་བོད་ཀྱི་ཆོས་དང་རིགས་གཞུང་དར་སྤེལ་ཕྱོགས་ལ་ཕྱག་ལས་རྒྱ་ཆེ་བ་གནང་ཡོད་མཁན་ཤ་སྟག་རེད། རེ་རེའི་ངོས་ནས་བོད་ཡུལ་ཏུ་དགོན་པ། སློབ་གྲྭ། སྒྲུབ་སྡེ་སོགས་འཛུག་བསྐྲུན་བྱས་ཡོད་པ་ཐོས། བླ་རུང་ཆོས་ཚོགས་ཀྱི་སྤྲུལ་ཐུབ་ནོར་ཀྱིས་བླ་རུང་ནས་བསྒྱུར་བ་དག་བརྩམས་པའི་བོད་བརྒྱུད་ནང་བསྟན་གྱི་དེབ་རིགས་ལྔ་བཅུ་ལྷག་པར་དེ་རིན་མེད་དང་ཆོས་བཞིན་གནང་བ་བོད་ཕྱི་ནང་ལ་འགྲན་ཟླ་མེད་པ་ལྟ་བུ་དང་། མཁན་པོ་ཚེ་རྣམ་གྱིས་རྒྱ་གར་ཤེས་རབ་གླིང་སོགས་བོད་ཕྱི་ནང་ཀུན་ཏུ་བཀའ་ཆོས་ཆད་མེད་ཏུ་གནང་པས་སློབ་མ་མི་ཉུང་བ་བསྐྱེད་སྲིང་བྱུང་ཡོད་པ་དང་། མཁན་པོ་ཆོས་ཉིད་དོན་རྟོགས་ཀྱིས་དལ་བ་མེད་པར་ནང་ཆོས་འཆད་སྤེལ་དང་ཀུན་སྤྱོད་གཙང་མས་ཕྱི་རོལ་རྒྱ་རིགས་ཀྱིས་ཀྱང་བོད་བརྒྱུད་ནང་བསྟན་ལ་ལྟ་སྟང་ཡག་པོ་བྱུང བར་ཤུགས་རྐྱེན་ཐེབས་པ་དང་། ཀཿཐོག་རིག་འཛིན་ཆེན་པོས་བོད་ཡུལ་ཏུ་སྨན་ཁང་དག་ཐེ་ཝན་ཏུ་སྒྲུབ་གྲྭ་དང་སྒོམ་གྲྭ་སོགས་བཙུག་ཏེ་ལོ་གསུམ་ཕྱོགས་གསུམ་གྱི་སྒྲུབ་པ་ཉམས་ལེན་བྱེད་མཁན་མང་པོ་ཐོན་ནས་ནས་བོད་བརྒྱུད་ནང་བསྟན་ཐེ་ཝན་ཏུ་རྐང་རྩ་ཚུགས་པའི་ཐབས་ལ་འབད་པ་སོགས་ཁོང་ཚོསབགྲང་རྒྱུ་ཡོད་པའི་མཛད་པ་རླབས་ཆེན་མང་པོ་གནང་ཡོད། མཁན་པོ་ཚེ་བཀྲ་ནི་ཡོངས་སུ་གྲགས་པའི་མཛད་རྗེས་ཅན་དང་རྩོམ་པ་པོ། རྒྱལ་གཅེས་དཔའ་བོ་ཡིན་པས་ཚོགས་པ་འདིས་བྱ་བ་རླབས་པོ་ཆེ་ཡོང་པའི་རེ་བ་ཤིན་ཏུ་ཆེ།
བཟང་གི ཡིན་ནའང་ཐོག་མར་ཁོ་རང་ཚོ་བོད་ནང་དུ་ཕྱིར་འོང་སྐབས་སུ་བོད་གཞུང་དང་སྐྱབས་མགོན་རིན་པོ་ཆེ་སོགས་ཀྱི་བླ་བཙག་བྱེད་པ་ལྟ་བུ། དཔེར་ན་ཀཿཐོག་སྤྲུལ་སྐུའི་རྩོམ་ཡིག་ཅིག་ཏུ། ལྷ་དབང་བརྒྱ་བྱིན་ཕེབས་ནས་(རྒྱལ་དབང་ལ་ཟེར་བ་རེད)སྡིགས་མཛུབ་ཅིག་བསྟན་སོང་། །རྒྱལ་ཆེན་སྡེ་བཞིས་(བོད་གཞུང་གི་བཀའ་ཤག་ལ་ཟེར)ཅིག་ཅིག་མིག་མིག་ཟེར་ནས་རིག་ན་སྙིང་ན་ས་ཞིག་ཡོད། དེ་བཞིན་དུ་ཁོ་རང་ཚོ་ནང་ཁུལ་ལ་གཅིག་གིས་གཅིག་ལ་ཕྲག་དོག་གིས་སྐྱོན་བརྗོད་དང་བླ་བཙག་བྱེད་རྒྱུ་དེ་སྐྱུར་ལ། དེ་ནས་རྒྱལ་སྤྱིའི་བོད་བརྒྱུད་དར་སྤེལ་བྱེད་ཚུལ་ལ་སེམས་ཁུར་བྱས་ན་ལེགས་པོ་རེད། ཐེ་ཝན་གྱིས་བོད་བརྒྱུད་ནང་བསྟན་ལ་སྐྱོན་བརྗོད་བྱེད་དོན་ནི། ཀཿཐོག་དང་རྫོགས་ཆེན་སོགས་ཡིན་ཟེར་བའི་སྤྲུལ་རྫུན་དེ་ཚོས་སྤྱོད་ངན་དང་ཁྱིམ་པ་སུན་འབྱིན་གྱི་ལས་ཀས་ཤུགས་རྐྱེན་ངན་པ་ལས་བྱུང་བ་རེད། དེ་དག་བཀག་དགོས་པ་རེད། གོང་གི་མི་ལ་ལ་ངས་ཀྱང་ཤེས། བོད་དོན་ལ་ལྷག་བསམ་ཡོད་མཁན་དཀོན་མོ་རེད། འདིར་ལྷག་བསམ་དག་པས་བཤད་པ་ཡིན་མ་གཏོགས། དཀྲོག་གཏམ་སྤེལ་བའི་ཆེད་དུ་སྤེལ་བ་མིན།
དེ་དག་གི་ནང་ན་བོད་དོན་ལ་ལྷག་བསམ་ཡོད་མཁན་དཀོན་པོ་རེད་གསུངས་འདུག དེ་ཕལ་ཆེར་མངོན་ཤེས་ཡོད་མདོག་གི་སྐད་ཆ་མིན་ནམ་སྙམས། ཀཿཐོག་སྤྲུལ་སྐུའི་སྐྱབས་མགོན་རིན་པོ་ཆེ་ལ་བསྟོད་པའི་ཀུན་བཟང་འཁོར་ལོ་དང་བསྟོད་པ། སྙན་ཞུ་སོགས་ལ་གཟིགས་དང་རེ་བ་ཅི་ཙམ་ཞུས་ཡོད་ཕལ་ཆེར་གོ་མདོག་ཁ་བོ་རེད། མ་ཟད་ཁོང ལོ་༡༦་སྟེང་ལ་བོད་ཀྱི་སློབ་གསོའི་ཆེད་དུ་བྲིས་པའི་་མཐོ་རྒང་གི་རེ་འབོད་དང་། རྒྱང་རིང་གི་རེ་བ་ཟེར་བ་སོགས་༡༩༨༩་དང་༩༠་ལོའི་མཚོ་སྔོན་དང་ཀན་ལྷོའི་ཚགས་པར་ཏུ་འཁོད་ཡོད་པར་གཟིགས་འཚལ། ལྷ་དབང་རྒྱ་བྱིན་ཟེར་བ་སྐབས་དེའི་བཀའ་བློན་ཁྲི་བ་མིན་ནམ་སྙམས། བཀའ་ཁྲི་དང་ཁ་རྩོད་ཤོར་བའི་ལོ་རྒྱུས་ཁོའི་ཕ་ཡུལ་གཅིག་པ་འགུ་ལོག་ཚེ་རིང་ལ་བཤད་རྒྱུ་འདུག
རེད་རེད། རྗེས་སུ་རང་ཉིད་དཀར་འདོན་གྱི་ཆེད་དུ་ཀུན་འཁོར་འདྲ་ཞིག་བྲིས་ཡོད་གི
པར་འདི་ལ་ལྟས་ན་ནང་ཆོས་དར་སྤེལ་བྱེད་ས་རེད།
གྲྭ་བ་རེ་ལ་བུ་མོ་རེ།
རྒྱ་མིན་བོད་མིན་གྱི་སྤྲུལ་སྐུ་འཁྲུངས་ཏེ་ནང་བསྟན་དར་སྤེལ་བྱེད་པའི་རེ་བ་ཡོད།
if u not his holinese, please dont use name of karmapa.
-for that urgyan thanley dorjee.
ཤ་ཚ། འདི་འདྲའི་དབྱིན་སྐད་ཐ་རེ་ཐོ་རེ་ཞིག་བྲིས་ནས་ཁུངས་འཁྱོལ་པོ་ཡོང་གི་མ་རེད་གྲོགས་པོ། བོད་ལ་ཤ་ཞེན་ཡོད་ན་བོད་སྐད་ཁམས་གཙང་རེ་འབྲི་རྒྱུ་སྦྱོངས། དེ་མིན་དབྱིན་སྐད་ཡིད་རྟོན་རུང་བ་ཞིག་སློབས། དེ་མ་གཏོགས་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་ཞེས་པའི་མིང་དེ་གལ་ཆེན་པོ་རང་མ་རེད། རབ་བྱུང་ན་སོ་སོའི་མིང་དེ་བོད་ཡིག་ཐོག་བྲིས། ཕ་སྐད་དྭངས་མ་ཞིག་རྒྱོབས། གོ་ཨེ་ཐལ།
བོན་ལགས།
ཁྱེད་གསུང་པ་བདེན་ཆེ་ཡང་ཆབ་སྲིད་མ་འདྲེས་པ་ཞེས་བརྗོད་པ་དེ་ཡུལ་དུས་གནས་བབ་ལ་བསྟུན་པ་ཞིག་ཡིན་པ་མཁྱེན་དགོས་སྙམ།
གང་ལྟར་ཁོང་རྣམས་མཛཌྷད་བཟང་འདི་ལ་གཞིག་ན་སྙིང་སྟོབས་དང་བློ་རྒྱ་ཆེན་པོ་ཡོད་པ་ཞིག་
མཚོན་ཌྷའདུག
ཆབ་སྲིད་མི་འདུག་དགོངས་ན་ཆབ་སྲིད་དགེ་བཤེས་པར་ནང་ལ་དངོན་སུམ་བཞུགས་ཌྷའདུག་པ་ལ་དགའ་གི་ཌྷའདུག་གམ།
ཆོས་དང་ཆབ་སྲིད་ཁ་ཁ་ཕྱེ་ཐུབ་ན་དགོས་རྒྱུ་དེ་རེད། དེ་མིན་ལས་ངན་ག་འདྲ་བསག་གི་འདུག་མཐོང་མ་བྱུང་ངམ།
༄༅།།རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་རྩ་འཛུག་གི་རྟེན་འབྱུང་ཇི་ལྟར་བྱུང་ཚུལ་མདོ་ཙམ་བརྗོད་པ།
སྔོན་གྱི་སྨོན་ལམ་མམ་འཕྲལ་རྐྱེན་བཟང་པོས་མཚམས་སྦྱར་བ་གང་ཡང་རུང་བ་ཞིག་གིས་བོད་རབ་བྱུང་བཅུ་བདུན་པ་ས་
གླང་ལོ་གསར་གྱི་པདྨོ་རྣམ་པར་བཞད་པ་ན། དབང་སྟོད་སྤྲུལ་བའི་སྐུ་ཐུབ་བསྟན་ནོར་བུ་མཆོག་གིས་ལོ་གསར་ཚེས་གཅིག་
ལ་ཁོང་གི་མཆེད་གྲོགས་རྣམས་གསོལ་ཚིགས་སུ་གདན་འདྲེན་བྱས་པ་ལྟར་ཉི་ཧོང་ལུགས་ཀྱི་དཀར་ཟས་ཁང་ཞིག་ཏུ་ཞབས་
སོར་བསྒྱུར། ཉེ་བའི་ལོ་ཤས་རིང་ས་གཡོ་དུས་འཁྲུགས་སོགས་ཀྱི་ཆག་སྒོ་སྣ་ཚོགས་བྱུང་བས། བོད་དུ་ལོ་ནག་ཅེས་དགའ་
སྟོན་སོགས་ཀྱི་སྤྲོས་པ་ཆེན་པོ་གནང་གི་མེད་ནའང༌། སྡིག་ཟས་སྤང་ཞིང་བློ་མཐུན་པའི་གྲོགས་པོ་རྣམས་འདུས་ཏེ་ཆོས་ཀྱི་
བྱ་བ་སྒྲུབ་པ་མ་བཀག་པས། ཐམས་ཅད་ཀྱིས་བསྟན་པའི་དར་རྒུད་དང་འགྲོ་བའི་བདེ་སྡུག་གི་སྐོར་ལ་གླེང་མོ་ཅི་རིགས་པ་
བྱུང་ངོ༌། དེར་འདུས་པའི་བླ་གྲྭ་རྣམས་༧ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱི་ཞབས་ཀྱི་པདྨ་ལ་རེག་པའི་མཐུས་བསྟན་
འགྲོར་སྨན་པའི་ལྷག་བསམ་གྱི་བསུང་ཞིམ་རང་བཞིན་གྱིས་འཐུལ་བའི་དམ་ཚིག་གཅིག་པ་ཤ་སྟག་གོ
གླེང་མོལ་སྐབས་དུས་མཐར་རྒྱལ་བའི་བསྟན་པ་རིན་པོ་ཆེ་དང༌།
དེ་འཛིན་འདུས་པའི་སྡེ་དང་བཅས་པར་ཕྱི་ནང་བར་གསུམ་ནས་ཉེ་བར་འཚེ་བའི་བར་ཏུ་གཅོད་པ་རྒྱ་མཚོའི་རླབས་
བཞིན་དལ་བ་མེད་པར་རྒྱུ་བ་དང༌། འགའ་ཞིག་སྒོ་གསུམ་དགེ་ལ་བསྐུལ་ནས་ཐོས་བསམ་བྱེད་པའི་ཀུན་སློང་བཟང་པོ་
ཡོད་ཀྱང༌། དགེ་བའི་བཤེས་གཉེན་བཟང་པོ་དང་འཕྲད་པར་དཀའ་སྟེ། ཆོས་སྨྲ་བ་འགའ་ཞིག་ནི་སྲིད་པའི་འབྱོར་བས་
དྲེགས་ཤིང་རང་གི་འདོད་པ་དང་མ་མཐུན་ཚེ་རྫོགས་པའི་སངས་རྒྱས་ལའང་དག་མི་སྟེར་ཞིང༌། གསུང་རབ་གྱི་དགོངས་པ་
སྲིད་པར་འཆིང་བའི་ཕྱོགས་སུ་འགྲེལ་བ་དང༌། དམ་ཆོས་སྤེལ་བའི་སློབ་དཔོན་མཚན་ཉིད་དང་ལྡན་པ་འགའ་ཞིག་ཡོད་
མོད་ཀྱང༌། གྲངས་ཉུང་བས་ལོག་པའི་བཤེས་གཉེན་རྣམས་ཁྲིམས་མེད་པར་རྒྱ་ཡན་དུ་རྒྱུ་ཞིང༌། མ་རྟོགས་པ་དང༌།
ལོག་པར་རྟོགས་པ། ཕྱོགས་ཙམ་རྟོགས་པ་ལ་ཡང་དག་པའི་ཆོས་ཀྱི་མཚན་དང་བཅས་ཕྱོགས་ཀུན་ཏུ་དྲིལ་ཆུང་བཞིན་དུ་
སྒྲོག་པ་དང༌། དེར་བརྟེན་སྐྱེ་བོ་མང་པོའི་ཤེས་རབ་འཆལ་ཞིང་ལོག་པའི་ལམ་འདུ་འགྲོ་བ་མང་པས།
དེ་དག་ལ་བོད་བརྒྱུད་ནང་བསྟན་གཙང་མ་ཞིག་སྤེལ་ཐུབ་ན་བསྟན་དོན་རླབས་པོ་ཆེ་ཡིན་པ་དང༌།
རིས་སུ་མ་ཆད་པའི་དགེ་བའི་བཤེས་གཉེན་རྣམས་ཀྱི་གསུང་བཟང་དྲི་མ་མེད་པ་དེ་དག་དེང་རབས་ཀྱི་ཚན་རིག་འཕྲུལ་
ལམ་བརྒྱུད་ནས་སྐལ་བ་དང་ལྡན་པའི་སྐྱེ་བོ་རྣམས་ཀྱི་ལག་ཏུ་སྐྱེལ་བའི་ཐབས་ལ་འབད་དགོས་པ་དང༌།
དེ་ལྟར་སྤེལ་བ་ལ་སེམས་བསྐྱེད་ཀྱི་གོང་བུ་གཅིག་ཏུ་དྲིལ་བའི་ཚོགས་པ་བརྟན་པོ་ཞིག་ངེས་པར་དགོས་འདུག་ཟེར།
མདོར་ན་མ་བགྲོས་གཅིག་མཐུན་གྱིས་རྒྱལ་སྤྱིའི་ནང་བསྟན་མཐུན་ཚོགས་ཞིག་དགོས་པའི་བསམ་འཆར་ལྷུག་པོར་བྱུང༌།
སྐབས་དེར་མཁན་རིན་པོ་ཆེ་ཆོས་ཉིད་དོན་རྟོགས་ཀྱིས། རང་རེས་ད་བར་ཕ་ཡུལ་གྱི་དགོན་སྡེ་སློབ་གྲྭ་སོགས་ལ་ཞབས་
འདེགས་ཅི་རིགས་པ་སྒྲུབ་ཟིན། དེ་དག་ཀྱང་བསྟན་དང་འགྲོ་བའི་དོན་ལས་གཞན་དུ་མེད་ཀྱང་གནས་རིས་ཁོལ་བུ་ཙམ་
ལས་རྒྱ་ཆེ་སྤྱི་སྨན་གྱི་བྱ་བ་རླབས་ཆེན་ཞིག་བྱེད་ཐུབ་མེད། བསྟན་པ་སྲུང་ཞིང་སྤེལ་བའི་རེ་བ་གཞན་ལ་བཅོལ་ནས།
མ་འོངས་པར་སྐྱེས་བུ་སྟོབས་དང་ལྡན་པ་ཞིག་གིས་བྱེད་པར་སྨོན་ཙམ་པས་མི་འོངས།
འདིར་འདུས་བླ་གྲྭ་ལྔ་བོ་སུ་ཡིན་ཡང་སེམས་བསྐྱེད་གཅིག་པས་ངེད་ཚོས་སྣ་ཁྲིད་ན་མཇུག་སྐྱོང་མཁན་ཡོང་བར་ངེས་ཟེར།
མཁན་རིན་པོ་ཆེ་ཚུལ་ཁྲིམས་རྣམ་དག་གིས། བྱ་བ་དེ་འཕྲལ་དུ་རྩ་འཛུག་ཐུབ་པ་བྱུང་ན་ཤིན་ཏུ་ལེགས། དེང་གི་དུས་སུ་
བསམ་ཕོད་པ་དང༌། བཤད་ཕོད་པ། བྱེད་ཕོད་པ་སྟེ་ཕོད་པ་གསུམ་དང་རན་པ་གསུམ་ལྡན་ཞིག་གི་སྒོ་ནས་ལས་དོན་དུས་
ལས་མི་ཡོལ་བ་སྒྲུབ་དགོས་འདུག་གསུངས།
རིག་འཛིན་པད་མ་དབང་ཆེན་རིན་པོ་ཆེས། ཚོགས་པ་འཛུགས་པར་བྱེད་པ་ལ། འཆར་གཞི་གོ་རིམ་ལྡན་པ། གཞི་འཛིན་
སའི་བཅའ་ཁྲིམས་ཡོད་པ། ཚང་མ་རྩ་དོན་ལས་མི་འདའ་བར་སེམས་ཤུགས་གཅིག་ཏུ་སྒྲིལ་ཐུབ་པ།
སེམས་བསྐྱེད་དང་སྦྱོར་བ་གཉིས་མཚུངས་ཞིག་ཡོད་ན་བྱ་བ་ཆུང་ངུ་ཞིག་གིས་ལས་དོན་ཆེན་པོ་ཞིག་འགྲུབ་ཐུབ་ངེས་ཟེར།
གྲྭ་གར་དབང་ཉི་མས། ཁྱོད་རྣམས་ལ་ཐུགས་བསྐྱེད་དེ་ལྟ་བུ་ཡོད་པ་ཤིན་ཏུ་ལེགས། དེ་ལ་གྲོས་བསྡུར་ཞིབ་ཏུ་བྱས་ཏེ་ཐག་
ཆོད་པར་ཞིག་བྱེད་དགོས་པར་འདུག་ཟེར།
མཁན་ཚུལ་རྣམ་རིན་པོ་ཆེས། ཚོགས་པ་རྩ་འཛུག་དེ་དོན་ཆེན་པོ་ཞིག་རེད། ཁྱོད་རྣམས་ལ་དུས་ཚོད་ཡོད་ཚེ་དེ་རིང་ཉེ་
འགྲམ་གྱི་མགྲོན་ཁང་ཞིག་ཏུ་བསྡད་དེ་བྱ་བ་ཐམས་ཅད་ཞིབ་ཕྲ་གྲོས་མོལ་བགྱིས་ན་བཟང་བར་འདུག་ཟེར།
ཐམས་ཅད་ཀྱིས་དེ་ལྟར་བགྱི་བ་ཐག་བཅད། དེ་ནུབ་བླ་གྲྭ་སོ་སོར་ཚོགས་པ་དང་འདོན་བྱ་སོགས་སྒེར་གྱི་བྱ་བ་ཅི་རིགས་པ་
ཡོད་པ་ཁ་པར་བཏང་སྟེ་འཕྲལ་དུ་བྱོལ། བླ་རུང་ཆོས་ཚོགས་ཀྱི་དྲུང་ཆེ་དང་ལས་རོགས་གཉིས་ཀྱི་མགྲོན་ཁང་བཙལ།
ཐཱེ་པེ་གྲོང་ཁྱེར་གྱི་ཐེན་ཅིན་ལམ་ཕྲན་གྱི་སྒོ་རྟགས་༧༠་པར་ཊནྡྲི་ཧོ་ཀྲེལ་ཟེར་བའི་མགྲོན་ཁང་ཞིག་ཐོབ་པའི་ནང་དུ་སྤོས་
ཏེ་ཉི་མ་ནུབ་རིར་བརྒལ་བའི་བར་ཏུ་གྲོས་བསྡུར་བྱས་ཏེ་གྲོས་ཆོད་ཅི་རིགས་པ་བྱུང༌།
དེ་ནས་མཁན་ཚུལ་རྣམ་མཆོག་གིས་ཆོས་ཚོགས་ཀྱིས་མཐུན་རྐྱེན་སྦྱར་ཏེ་དགུང་མོའི་གསོལ་ཚིགས་སོགས་ཕུལ།
སླར་མགྲོན་ཁང་དུ་ཕྱིན་ཞིང་མཚན་གྱི་ཆ་ལ་ཚོགས་པ་རྩ་འཛུག་གི་གླེང་མོ་སྣ་ཚོགས་རྒྱུན་བསྲིངས་ཏེ་ཕྱི་ཉིན་སྐྱ་རེངས་
འཆར་ལ་ཉེ་བའི་བར་གྲོས་བསྡུར་ནན་ཞིབ་བྱས། ཚོགས་པའི་ལམ་ཕྱོགས། མ་དངུལ། ཚོགས་མི། དམ་བཅའ་བཅས་དོན་ཚན་
ཆེན་པོ་ལྔ་ལེགས་པར་གཏན་ལ་ཕབ།
དང་པོ་ལམ་ཕྱོགས་ནི།
༡ མི་རིགས་དང་ཕོ་མོ། ཆོས་རྒྱུན་གྱི་ཕྱོགས་རིས་མེད་པའི་སྤྱི་སྙོམས་དང༌།
༢ བོད་བརྒྱུད་ནང་བསྟན་རིག་གནས་དང་བཅས་པ་དར་སྤེལ་སྲུང་སྐྱོབས།
༣ འཛམ་གླིང་ལ་ཞི་བདེ་བསྐྲུན་པ།
༤ འཁོར་ཡུག་སྲུང་སྐྱོབས་ལ་དངོས་ཤུགས་ཅི་རིགས་ནས་ཕན་ནུས་འདོན་པ།
༥ ལས་དོན་ལག་བསྟར་བྱ་བར་དྲྭ་ཚིགས་དང༌། རླུང་འཕྲིན། བརྙན་འཕྲིན།
ཁྱབ་བསྒྲགས་སོགས་ཅི་རིགས་པ་བྱེད་རྒྱུ་བཅས་སོ།
གཉིས་པ་མ་དངུལ་ནི།
འདིར་འདུས་པའི་བླ་སྤྲུལ་སོ་སོར་རང་ངོས་ན་དགོན་པ་དང་སློབ་གྲྭ་རྟེན་བཞེངས་སོགས་ཅི་རིགས་པ་མངའ་ཕྱིར་འགྲོ་
གྲོན་གཏོང་ཡུལ་ཞབས་རྡོལ་གྱི་སྣོད་ལྟ་བུར་གང་བའི་དུས་མེད་པས་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་
པ་འདི་ཉིད་ཀྱི་ཆེད་དུ་གནས་སྐབས་སུ་ཡོ་བྱད་གྱ་ནོམ་པ་འབུལ་རྒྱུ་བྲལ་ཡང༌། རང་གི་འབྱོར་བ་དང་གཞིག་པའི་ཞལ་
འདེབས་བསྡུ་བར་སྩོལ་ཚེ། ཚང་མ་གཅིག་མཐུན་གྱིས་མཁན་སྤྲུལ་བཞིས་ཐཱེ་སྒོར་འབུམ་རེ་དང་གྲྭ་གར་དབང་གིས་ཁྲི་ལྔ་སྤྲོ་
བཞིན་འབུལ་བ་ཞལ་གྱིས་བཞེས།
གསུམ་པ་ཚོགས་མི་ནི།
ཐོག་མར་མཁན་སྤྲུལ་བཞི་སོ་སོའི་ཕྱོགས་ནས་རྒྱུས་ཡོད་ཀྱི་སློབ་མ། བསྟན་འགྲོར་ཕན་བདེ་སྒྲུབ་ལ་སྤྲོ་བ་གཉིས་རེ་བསྡུ་རྒྱུ་
དང༌། རིམ་བཞིན་ལྷག་བསམ་ལྡན་པའི་ཚོགས་མི་ཅི་མང་བསྡུ་བ་དང༌། ལས་བྱེད་པ་རྣམས་མཆོག་གསུམ་གྱི་སྤྱན་སྔར་
རྟགས་བསྒྲིལ་ཏེ་ལས་འཛིན་མགོ་གཙོ་དང༌། བལྟ་ཞིབ་པ། དྲུང་ཆེ། རྩིས་གཉེར་བ། དངུལ་གཉེར་བ་བཅས་ཀྱི་བསྐོ་བཞག་
བྱེད་རྒྱུར་ཐུགས་ཐག་ཆོད་དོ།།
བཞི་བ་དམ་བཅའ་ནི། མཁན་སྤྲུལ་བཞི་དང༌། ཚོགས་གཙོ་བཅས་ཀྱིས།
བླ་མ་མཆོག་གསུམ་སྲུང་མ་བཅས་པའི་སྤྱན་སྔར་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཚོགས་པའི་ལས་དོན་སྒྲུབ་པའི་སྐབས་སུ་
ཚོགས་པའི་རྩ་དོན་གཞིར་བཟུང་གིས་ཕྱོགས་རིས་དང་སྒེར་དོན་མ་འདྲེས་པར། ནུས་ཤུགས་ཡོད་དགུ་རྩལ་འདོན་བྱེད་པའི་
དམ་བཅའ་འབུལ་རྒྱུར་གཏན་ཁེལ།
ཞག་མ་དེར་གྲོས་ཆོད་རྣམས་གྲྭ་གར་དབང་གིས་གློག་རྩིས་འཁོར་ལོར་བཅུག་ཅིང་ཚང་མ་སྤྲོ་བཞིན་གཙང་ཞིང་ཡངས་པའི་
མལ་སར་རྨི་ལམ་གྱི་སྐྱེད་ཚལ་དུ་རེ་ཞིག་གཟིགས་མོར་ཕྱིན་ཏོ།། ཕྱི་ཉིན་སྔ་དྲོའི་གསོལ་ཇ་བཞེས་གྲུབ་པ་དང༌། ལྷག་མའི་
གྲོས་གཞི་རྣམས་མི་མཐུད་དེ། ཚོགས་འདུ་གཉིས་པ་སྤྱི་ཟླ་༣་ཚེས་༢༧གྱི་ཕྱི་དྲོ་བླ་རུང་ཐེག་གསུམ་ཆོས་གླིང་དུ་འཚོགས་པ་
དང༌། སྐབས་དེར་ཞལ་འདེབས་ཀྱི་དངུལ་དང༌། སོ་སོའི་ཁོངས་ཀྱི་མི་རྣམས་ཀྱང་ལྷན་ཅིག་ཚོགས་འདུར་ཞུགས་རྒྱུ་བྱས།
ནུབ་དེའི་མགྲོན་ཁང་གི་གླ་ཆ་ཡོངས་རྫོགས་བླ་རུང་ཐེག་གསུམ་ཆོས་གླིང་ནས་གཏོང་བའི་མཛད་སྒོ་ཡངས་པོར་ཕྱེས་ཤིང་
གནང༌། བླ་གྲྭ་ཚོགས་མི་ཐམས་ཅད་སྤྲོ་སེམས་ཁོལ་བའི་ངང་རང་གནས་སུ་གཤེགས།
གྱེས་ཁར་བླ་རུང་ཆོས་སྡེ་ཆེན་མོའི་གར་དབང་ལྷ་དགུའི་སྒྲུབ་པར་ཚོགས་འདུ་ལམ་སློང་ཡོང་བར་སྐྱབས་རྟེན་དུ་ཐཱེ་སྒོར་ལྔ་
སྟོང་རེས་སྙན་སྒྲོན་ཞུས་ནས་སྣོད་བཅུད་ཀྱི་དགེ་མཚན་དཔལ་དུ་འབར་བའི་རྟེན་འབྲེལ་ལེགས་ཕྱོགས་སུ་བསྒྲིགས་སོ།། །།
གང་གི་དྲ་བ་དེའི་ནང་རྒྱ་ཡིག་ལས་བོད་ཡིག་ལ་ལོ་ཚོད་དང་བཅས་པ་ནོར་འདུག ལྟ་གྱིན་ལྟ་གྱིན་རྒྱལ་ཡོང་ལ་ཕན་ས་རེད།
༡༽ཨོ་རྒྱན་ཕྲིན་ལས་རྡོ་རྗེ་ཞེས་པའི་མིང་དེ་ཀརྨ་པ་གཅིག་པོ་ལས་བེད་སྤྱོད་མི་ཆོག་པའི་ཁྲིམས་ལུགས་ད་བར་མ་བྱུང་ལ་བསྟན་འཛིན་རྒྱ་མཚོ་ཟེར་བ་ཡང་བོད་ལ་གང་མང་ཡོད་པར་༧གོང་ས་མཆོག་གིས་རྒོལ་བ་བྱས་རབས་མ་གོ། ༢ ༽བོན་གྱིས་ཀཿརྫོགས་ཀྱི་སྤྱོད་ངན་ལས་བྱུང་བ་འགོག་དགོས་ཟེར་བ། ཀཿཐོག་བདུད་འདུལ་དང་ལྷ་བྲིས་པ་ཚུལ་ཁྲིམས། རྫོགས་ཆེན་གླིང་བླ་སོགས་ལ་ཟེར་བ་འདྲ་སྟེ་དེ་དག་ཕལ་ཆེར་ཁྲིམས་ཀྱི་སྒོ་ནས་ནག་པོ་བྱུང་ཡོད་པ་མ་གོ་བས་རྡར་མའི་དཔུང་བ་ནང་ལ་མི་ངོམ་པར་ཞུ་རྒྱུ་དང་། དེ་དག་ལ་རྒྱ་བ་རིན་པོ་ཆེ་དང་ཀརྨ་པའི་ངོ་སྤྲོད་ཀྱང་ཡོད་པས་བཤད་རྒྱུ་མང་ན་ཇེ་ནག་ཏུ་འགྲོ་སྲིད། གྲགས་པ་ངན་པ་དེ་ས་སྐྱ་མ་གཏོགས་ཆོས་རྒྱུན་ཕལ་ཆེ་བར་བྱུང་འདུག་ལ་འགའ་ཞིག་གླེང་ལོག་རྫུན་འདེབས་མིན་པའི་ངེས་པའང་མི་འདུག བུད་མེད་ལ་བརྟེན་པའི་གྲགས་པ་ངན་པ་དེ་གྲངས་བསྡུར་ན་ཕལ་ཆེར་་རྙིང་མ་དང་དགེ་ལུགས་ལ་བྱུང་བ་མང་། དེ་སོ་སོའི་ཀུན་སྤྱོད་ལས་ཆོས་རྒྱུན་དང་མི་མང་མཉམ་དུ་རུབ་བྱས་ནས་བྱུང་བ་ཞིག་མིན་པ་ཤེས་གསལ་ལྟར་ལགས། དྲྭ་རྒྱའི་་འོག་གི་མིང་རྫུན་དང་། དངུལ་གྱིས་ཉོས་པའི་དགེ་བཤེས་རྫུན་མ་འདི་ཚོ་ཉེ་བའི་དུས་རབས་ཀྱི་སྤྲུལ་རྫུན་ཚོ་ལ་འགྲན་བདོ་བར་འདུག་པས་རྐུབ་ཕུད་ཅིང་སྤྱོད་ངན་སྔོན་འགོག་བྱེད་པར་འོས་ཀྱང་། ས་དགེ་བཀའ་རྙིང་གི་བླ་ཆེན་རྣམས་དང་། དགའ་ལྡན་གསེར་ཁྲི་དང་འབྲས་སྤུང་ཚོགས་ཆེན་ཁྲི་བའི་ངོ་སྤྲོད་སོགས་ཡོད་ཚེ་རྒོལ་བ་ཡང་དེ་ལ་ཕོག་འགྲོ་བས་ཅི་ཞིག་བྱ། བསམ་བློ་རེ་བཏང་ཚེ་རེ་གཉིས་ཀྱི་མིག་ལམ་གྱི་རྫུན་མ་གཞན་གྱི་མཐོང་སྣང་ལ་བདེན་པར་འདུག་པས། དམངས་གཙོ་ལྟར་འོས་ཤོག་བླུགས་ན་དུས་སྙིགས་མའི་དབང་གིས་ཕལ་ཆེར་དྲང་པོ་རློམ་པ་དག་གིས་ངོརྒོལ་བྱེད་སའི་རྫུན་མ་ལ་ཐོབ་ངེས་རེད། དེས་ན་མིང་རྐྱང་བཏགས་ཡོད་ཙམ་དུ་ངེས་པས་སུ་ཡིས་སུ་ལ་རྩོད། བག་ཡངས་ལྷོད་པར་བསྡད་ན་རང་སེམས་བདེ།