ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ།
དེ་ཡང་ཐའེ་ཝན་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་གོ་སྒྲིག་གནང་ནས་ལོ་རེ་བཞིན་འཚོགས་བཞིན་པའི་ནང་བསྟན་དར་སྤེལ་བགྲོ་གླེང་ཐེངས་དྲུག་པ་དེ་སྤྱི་ལོ་༢༠༡༦ ཟླ་༣ ཚེས་༣༠ ཉིན་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེར་འཚོགས། ཐེངས་འདིའི་བགྲོ་གླེང་བརྗོད་གཞི་ནི་ནང་ཆོས་ཀྱི་སྤྱིར་བཏང་གི་ལྟ་གྲུབ་དང་། སྤྱི་ཚོགས་ཀྱི་བརྗོད་གཞི་གཞན་དག་མ་བདམས་པར། ཐའེ་ཝན་གནས་བཞུགས་དགེ་འདུན་པ་དག་གི་ངོས་ནས་ད་ལྟའི་ཐའེ་ཝན་གྱི་རང་རེ་བོད་བརྒྱུད་ནང་བསྟན་གྱི་གནས་བབ་དང་། དེའི་ཤུགས་རྐྱེན། གདོང་གཏད་དགོས་པའི་དཀའ་ངལ་སོགས་གང་ཡོད་ལ་བགྲོ་གླེང་བྱེད་པ་གལ་ཆེན་དུ་གཟིགས་ནས། ༼ཕྱོགས་ཡོངས་ཀྱི་དགོངས་འཆར་བསྡུ་ལེན་༽ཞེས་པའི་མགོ་བརྗོད་འོག ནང་གསེས་བརྗོད་གཞི་དོན་ཚན་ལྔར་ཕྱེས་པ་ལས།
དང་པོ། སྐུ་ཉིད་ཀྱིས་མཐོང་ཐོས་བྱུང་བའི་ཐའེ་ཝན་མི་མང་གིས་བོད་བརྒྱུད་ནང་བསྟན་དང་བླ་གྲྭ་དག་ལ་འཛིན་པའི་ལྟ་ཚུལ།
གཉིས། སྐུ་ཉིད་ཐའེ་ཝན་ལ་ཕེབས་ནས་ས་ཆ་འདིའི་སྤྱི་ཚོགས་དང་ཁོར་ཡུག་ལ་རྒྱུས་ལོན་མཛད་པའི་གྲུབ་དོན་གང་ཡོད།
གསུམ། སྐུ་ཉིད་ཀྱི་དགོངས་ཚུལ་ལྟར་ན། ང་ཚོ་བོད་པའི་བླ་གྲྭ་ཚོས་རྒྱུན་དུ་ཐུགས་སྣང་མཛད་དེ་ལེགས་བཅོས་བྱེད་དགོས་ངེས་དང་བྱེད་ཐུབ་པ་ཅི་ཞིག་འདུག
བཞི། ང་ཚོ་བོད་བརྒྱུད་ནང་བསྟན་པའི་བླ་གྲྭ་ཚོས་རྒྱ་བརྒྱུད་ནང་བསྟན་གྱི་དགོན་པ་དང་དགེ་འདུན་པ་ཚོར་འབྲེལ་ལམ་ཇི་ལྟར་གནང་དགོས།
ལྔ། སྐུ་ཉིད་ཀྱི་དགོངས་པ་ལྟར་ན། ང་ཚོ་ཞིབ་འཇུག་ཚོགས་པའི་ངོས་ནས་དེ་སྔོན་འཐུས་ཤོར་སོང་བ་དང་། མ་འོངས་ཡར་རྒྱས་གཏོང་དགོས་རིགས་གལ་ཆེ་བ་གང་འདུག
ཅེས་ཏེ། གོང་གསལ་དོན་ཚན་ལྔའི་ཐོག་ལ་བགྲོ་གླེང་དང་བསམ་ཚུལ་སྤེལ་རེས་གནང་།
ཐོག་མར་མདོ་འཛིན་པ་སློབ་དཔོན་བསོད་ནམས་ཕུན་ཚོགས་ཀྱིས་བགྲོ་བགྲོ་གླེང་དབུ་འཛུགས་ཀྱི་གཏམ་བཤད་གནང་ཟིན་པ་དང་། ཀཿཐོག་རིག་འཛིན་ཆེན་པོས་འཚམས་འདྲིའི་གསུང་བཤད་གནང་རྗེས་བགྲོ་གླེང་དངོས་གཞི་དབུ་འཛུགས་དང་། ཚོགས་ཞུགས་པ་ཚང་མས་ལས་རིམ་ཆ་ཤས་བླངས་ཐོག གཙོ་སྐྱོང་བ་མཁན་པོ་ཆོས་ཉིད་དོན་རྟོགས་ཀྱིས་བགྲོ་གླེང་ལ་སྤྱི་སྡོམ་གྱི་གཏམ་བཤད་དང་། ཚོགས་གཞོན་ལྷ་རམས་པ་ཧ་ཤེན་སྤྲུལ་སྐུས་ཞིབ་ཚོགས་ཀྱི་ལངས་ཕྱོགས་དང་རྩ་དོན་ལས་འཆར་བཅས་ཀྱི་ཐད་ལ་གསུང་བཤད་གནང་།
ཉིན་རྒྱབ་སྤྲུལ་སྐུ་ཐུབ་བསྟན་ནོར་བུས་བགྲོ་གླེང་ཚོགས་འདུའི་གལ་གནད་དང་། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་བགྲོ་གླེང་གི་གལ་གནད་ཀྱི་ཐད་ལ་གཟིགས་ཚུལ་གང་ཡོད་སོགས་ཀྱི་ཐད་ལ་གསུང་བཤད་གནང་། དེ་ནས་མུ་མཐུད་དེ་བགྲོ་གླེང་གི་མཇུག་སྐྱོང་གནང་།
སྔ་དྲོ་གཙོ་བོ་དེར་བཞུགས་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་དག་གིས་རང་ངོས་ནས་ཐུགས་བསམ་བཞེས་ཕྱོགས། སྤྱོད་པ་ཁུར་སྟངས། སྤྱི་ཚོགས་དང་འབྲེལ་བ་བྱེད་སྟངས་སོགས་ཀྱི་ཐད་ལ་བཀའ་བསྡུར་ལྷུག་པོར་གནང་།
ཕྱི་དྲོའི་དུས་ཚོད་མང་ཤོས་རིང་། ལོ་དུ་མ་ནས་བོད་བརྒྱུད་ནང་བསྟན་དང་༧གོང་ས་མཆོག་དབུས་པའི་བོད་ཀྱི་བླ་ཆེན་སྐྱེས་བུ་དམ་པ་ཡོངས་ལ་སྐུར་འདེབས་དང་ངན་སྨྲས་ཁོ་ན་བྱེད་མཁན་གྱི་ཞོ་ཕེན་ཧྲི་ཟེར་བས་བཙུགས་པའི་ཚོགས་པ་དེ་དང་འབྲེལ་བའི་ཐོག་ནས་ཚོགས་པ་དེའི་ད་ལྟའི་གནས་སྟངས་དང་འགུལ་སྐྱོད། ཁོང་ཚོར་ནུས་པ་ལྡན་པའི་དོན་དམ་པའི་ཡ་ལན་སྤྲོད་སྟངས་སོགས་ཀྱི་སྐོར་ལ་བཀའ་བསྡུར་བྱུང་ཡོད།
དེ་ཡང་ཚོགས་པ་དེ་ནི་བོད་བརྒྱུད་ནང་བསྟན་ལ་བླ་མའི་ཆོས་ལུགས་ཞེས་ཟེར་དགོས་པ་ལས་ནང་པ་སངས་རྒྱས་པའི་གྲལ་ནས་བཏོན་དགོས་ཞེས་ལས་འགུལ་ཤུགས་ཆེར་སྤེལ་མཁན་ཞིག་ཡིན་པ་དང་། དེར་གཞུང་ལུགས་ཀྱི་ངོས་ནས་མཁན་ཆེན་བསོད་དར་རྒྱས་དང་། ཨ་ལགས་དོར་ཞི་ཚང་སོགས་ཀྱིས་དགག་ལན་བྲིས་མྱོང་ཡོད་ན་ཡང་། ཁོང་ཚོས་ད་ཆ་མང་ཤོས་ནང་ཆོས་ཀྱི་གོ་རྟོགས་མེད་པའི་མི་དཀྱུས་མ་དང་གཞོན་སྐྱེས་དག་གི་ཁྲོད་དུ་ལས་འགུལ་སྣ་ཚོགས་བརྒྱུད་བོད་བརྒྱུད་ནང་བསྟན་ལ་ལྟ་སྟངས་ངན་པ་ཡོང་ཐབས་བྱེད་ཀྱི་ཡོད་པ་རེད་འདུག
མཇུག་ཏུ། རྒན་ཡེ་ཤེས་རབ་རྒྱས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་བཅས་གནང་མཐར་། ཚང་སར་ཀུན་དགའ་རིན་པོ་ཆེས་ཐེངས་འདིའི་གོ་སྒྲིག་ཚོགས་ཆུང་གི་བྱུང་སོང་སྙན་སྒྲོན་སོགས་དང་འབྲེལ་བའི་གསུང་བཤད་བཅས་གྲུབ་པ་དང་། ཉིན་འདིའི་བགྲོ་གླེང་རྒྱལ་ཁའི་ངང་མཇུག་དྲིལ།
ཐེངས་འདིའི་བགྲོ་གླེང་ལ་ཐའེ་ཝན་དུ་གནས་བཞུགས་ས་དགེ་བཀའ་རྙིང་གི་མཁན་སྤྲུལ། དགེ་བཤེས། སློབ་དཔོན་བཅས་ཀྱི་དབུས་པའི་དགེ་འདུན་པ་བཞི་བཅུར་ཉེ་བ་ཞིག་མཉམ་ཞུགས་གནང་འདུག
ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་ནི་ཉིས་སྟོང་དགུའི་ལོར་ཐའེ་ཝན་དུ་དབུ་ཚུགས། ཐོག་མར་གཞི་རྩའི་རྐང་འཛིན་མཁན་སྤྲུལ་བཞི་ཡོད་པ་ནས་ད་ལྟ་ཆོས་བརྒྱུད་ཁག་ལྔའི་མཁན་སྤྲུལ་དགེ་བཤེས་བཅུ་ལས་གྲུབ་པའི་ཆོས་ཚོགས་ཁག་མཉམ་འདུས་ཀྱིས་གཉེར་སྐྱོང་བྱེད་བཞིན་པའི་ཚོགས་པ་ཞིག་ཡིན་པ་དང་། ཉིས་སྟོང་བཅུ་གཉིས་ཀྱི་ལོ་ནས་ཚོགས་པ་འདིའི་ཡན་ལག་གི་ངོ་བོས་ཐོག་ནས་ཐའེ་ཝན་བོད་བརྒྱུད་ནང་བསྟན་དྲ་བརྙན་ཟེར་བ་ཞིག་ཀྱང་དབུ་འཛུགས་གནང་ནས་ད་ལྟ་ལས་ཀ་བྱེད་བཞིན་ཡོད། ཐེངས་འདིའི་བགྲོ་གླེང། ཚོགས་པའི་ལས་དོན་ཆ་བགོས་ཀྱི་འགྲོ་སྟངས་ལྟར། ཞིབ་འཇུག་ཚོགས་པའི་དྲ་རྒྱའི་བརྙན་འཕྲིན་གྱི་འགན་འཛིན་གཞོན་པ་སློབ་དཔོན་བསོད་ནམས་ཕུན་ཚོགས་དང་། ཚང་སར་ཀུན་དགའ་རིན་པོ་ཆེ་གཉིས་ཀྱིས་གཙོ་འགན་གོ་སྒྲིག་ཞུས།
འབྲེལ་བ་གནང་ཡུལ། 00886 905500732 /00886 978557261
ཞིབ་འཇུག་ཚོགས་པའི་དྲ་རྒྱ།
http://www.buddhajnana.org
ངོ་དེབ།
https://www.facebook.com/itbsi
ཞིབ་ཚོགས་དྲྭ་རྒྱའི་བརྙན་འཕྲིན་གྱི་ངོ་དེབ།
https://www.facebook.com/TTBtv心動新媒體-537255982960645/
ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ། ཞེས་པ་ཐའེ་ཝན་རྒྱལ་ཁབ་ཏུ་ཡོད་པར་གུས་བཀུར་ཞུ།
ལོ་ངོ་བཅུ་ཕྲག་སྔོན་དུ།། ཐའེ་ཝན་གྱི་བཙུན་མ་གཉིས་ཀྱིས་ཨ་རིའི་གཙུག་ལག་སློབ་གྲྭ་ཆེན་མོར་བོད་ཀྱི་སྐད་ཡིག་ལེགས་པར་སྦྱངས། བཙུན་མ་གཅིག་གང་དུ་ཡོད་མ་ཤེས། གཅིག་ཤོས་ནི་ལན་འགའ་རེར་ཐེ་ཝན་དུ་ཕེབས་པ་དང་། དིང་སྐབས་རྒྱུན་བཞུགས་ཨ་རིའི་ལྷོ་ཕྱོགས་གྲོང་ཁྱེར། ཨེ་ཊ་ལནྚ་རུ་རྒྱ་རིགས་སོགས་ནང་ཆོས་་དོན་གཉེར་ཅན་རྣམས་ལ་སློབ་སྟོན་མཛད་བཞིན་བཞུགས་སོ།
ཐེ་ཝན་དུ་འགྲོ་འོང་བྱེད་པའི་བོད་ཀྱི་བླ་གྲྭ་རྣམས་ལ་ཁྱེད་ཚོའི་ཀུན་སྤྱོད་ལ་གཟབས་དགོས་པ་འདུག་ཤོག་ཆག་དམར་པོ་ཐོབ་པ་དང་ཆང་ཁང་ཤ་ཁང་བྲོ་ཁང་སོགས་ལ་ཕྱིན་བསྡད་པ་ཡིན་ན་ཁྱེད་ཚོས་ཉིན་ལྟར་བགྲོ་གླེང་བྱས་ཀྱང་ཕན་པ་ཡོང་མི་སྲིད། ཀུན་སྤྱོད་ལེགས་ན་ནང་བསྟན་དར་སྤེལ་གྱི་བགྲོ་གླེང་བྱེད་དགོས་པ་ཡོད་པ་མ་རེད། རང་བཞིན་གྱིས་མི་ཚོས་དོ་སྣང་དང་དགའ་བོ་བྱེད་ཀྱི་རེད། དེང་སང་རང་གི་ཀུན་སྤྱོད་ལ་དོ་སྣང་དང་བཅོས་བསྒྱུར་མི་བྱེད་པར། བགྲོ་གླེང་ཚོགས་འདུ་དར་སྤེལ་ལས་སོགས་ཀྱིས་འདུ་ཚོགས་རྐྱང་རྐྱང་བྱེད་པ་ནི་ཆབ་སྲིད་པའི་འགྲོ་སྟངས་རེད། སྔར་བཅོམ་ལྡན་འདས་མཆོག་བཞུགས་པའི་སྐབས་སུ་བགྲོ་གླེང་དང་དར་སྤེལ་གྱི་ཚོགས་འདུ་ཚོགས་རབས་མི་འདུག ནུབ་ཕྱོགས་སུ་ནང་བསྟན་དར་སྤེལ་གྱི་སྐད་ཆ་ཤོད་པ་དང་ཚོགས་འདུ་ཚོགས་པ། ཚོགས་པ་བཙུགས་པ་སོགས་བྱས་པ་ཡིན་ན་ཁྲིམས་འགལ་དུ་བརྩི་བཞིན་འདུག ཐེ་ཝན་རྨོངས་ཞེན་ཅན་དེ་ཚོར་མི་ཤེས། སྐུ་འདྲ་ཐང་ཀ་སོགས་དང་པོར་ཉོས་ནས་བྱ་བ་ལམ་འགྲོ་ཡོང་བའི་གསོལ་བ་བཏབ་པར། རྗེས་སུ་གྲུབ་འབྲས་བཟང་པོ་གང་ཡང་མ་ཐོབ་ན་མཆོད་ཆས་དེ་དག་ཕྱིར་ཆོས་ཚོགས་ཁག་གི་སྒོ་ཁར་བསྐྱལ་ནས་ཕྱིར་ལེན་རོགས་འདི་ཚོས་ཕན་གང་ཡང་ཐོགས་མ་སོང་ཟེར་ནས་མུག་ཤི་བགྲང་རབས་གོ་བཞིན་འདུག་པས་དེ་ཚོ་བདེན་པ་ཡིན་ནམ།
ཁྱུང་སེ་ལགས། ནུབ་ཕྱོགས་སུ་བོན་པོ་ཚོས་ཁོང་ཚོའི་མཚོན་རྟགས་ཡིན་ཟེར་བའི་གཡུང་དྲུང་གི་རྟགས་འགྲེམ་སྤེལ་བཤམ་སྟོན་སོགས་བྱས་ན་ཁྲིམས་འགལ་རེད་ཟེར་བ་ཞིག་གོ་སོང་། དེ་མིན་ནང་བསྟན་དར་སྤེལ་གྱི་ཚོགས་འདུ་འཚོགས་ན་ཁྲིམས་འགལ་རེད་ཟེར་བ་གོ་མ་མྱོང་།
ཧཧཧཧ་སྤོབས་པ་ཡང་ང་རྒྱལ་རི་ཙམ་ཞིག་འཁྱེར་ནས་སླེབས་བྱུང་ཁག་མེད་ཁ། རེད་རེད་གོང་ས་མཆོག་གིས་ནམ་ཡང་ནུབ་ཕྱོགས་སུ་ནང་བསྟན་དར་སྤེལ་གྱི་ཆེད་དུ་བཀའ་སློབ་གསུང་གི་མེད། ནུབ་ཕྱོགས
ནི་ཡེ་ཤུའི་ལུང་པ་ཞིག་ཡིན་པས་སྐད་ཆ་དེ་འདྲ་བཤད་ན་ཁྲིམས་ལ་སྦྱོར་ངེས་རེད། རེད་རེད་ནུབ་ཕྱོགས་སུ་གཡུང་དྲུང་བོན་གྱི་མཚོན་རྟགས་གཡུང་དྲུང་དེ་དང་གང་ཤེས། ཧིན་དྷུ་དང་བོད་རྒྱུད་ནང་བསྟན་པས་བེད་སྤྱོད་མཚོན་རྟགས་ཅན་གཡུང་དྲུང་ཕྱི་སྐོར་དེ་འདྲ་ཡོད་ན་ཁྲིམས་ལ་སྦྱོར་ངེས་རེད་གང་ཡིན་ཟེར་ན། ཧིཌ་ལར་གྱི་དམག་དར་གྱི་ངོས་སུ་དེ་ཡོད་པས་རེད། ཡིད་མི་ཆེས་ན་གློག་བརྙན་དུ་གཟིགས་དང། སུ་མཚོན་བྱེད་ཀྱི་གཡུང་དྲུང་འགྲོ་ལུགས་དེ་ཡིན་མིན་ཤེས་ཀྱི་རེད། ངས་དེ་ག་རང་བསམ་བྱུང། ཡང་མི་ང་རྒྱལ་རང་ཕྱོགས་ཅན་དེའི་རིགས་ཐོག་བརྒྱབ་བརྒྱབ་བྱས་ནས་ཐོན་ཡོང་གི་རེད་བསམ་ནས་བྲིས་པ་ཡིན། ཐུགས་ལྷོད་ལྷོད་གནང་རོགས་ནང་པའི་མཚན་ཉིད་སྟོང་ཡོང།
བླ་མས་དད་པ་ཅན་ཚོགས་འདུལ།
དད་པ་ཅན་གྱིས་རྒྱུ་ནོར་འབུལ།།
མཆོད་འབུལ་ཆེན་པོས་བླ་མ་འདུལ།།
འདུལ་འབུལ་མང་བའི་ནང་བསྟན་ནི།
བསྟན་པ་རྨང་ནས་ཞིག་པའི་ལས།།
ལས་འདིའི་འཁོར་བར་མ་ཕྲད་ཤོག།
བླ་མ་དམ་པས་རང་རྒྱུད་འདུལ།།
དབེན་པའི་གནས་ནས་ཆོས་སྦྱིན་འབུལ།།
ཞི་ལྷག་སྒོམ་གྱི་ཕ་རོལ་རྟོལ།།
ཐོས་བསམ་རྒྱུ་བའི་དབེན་གནས་ནས།།
བསྟན་པ་ཕྱོགས་སུ་རང་དར་ཕྱིན།
གཤེས་གཉེན་དེ་འདྲར་མ་འབྲལ་ཤོག།
བོད་བསྟན་ཕྱོགས་བཅུར་དར་རྒྱས་ཡུན་གནས་ཤོག །
གནམ་གྱིས་བཤད་པར་བདེན། རྗེ་ཙོང་ཁ་པས་ང་ཡི་བསྟན་པ་འདི་རྒྱུ་ཡིས་འཇིག་ཅེས་གསུངས་པ་ཞིག་དགེ་རྒན་དམ་པའི་ཞལ་ནས་གོ་མྱོང་འོན་ཀྱང་གསུང་གང་གི་ནང་དུ་ཡོད་མེད་མཇལ་མ་མྱོངས་བས་ཁྱེད་ལ་རྒྱུས་ཡོད་ན་གསུངས་རོགས་གནང།
བོད་བསྟན་ཛམ་གླིང་ཞི་བདེར་ཕན་ཐོགས་ཤོག །
ཡག་པོ་འདུག ད་དུང་ཡང་ཤུགས་རྒྱོབས། ནང་བསྟན་སྤེལ་ཞིང་། རྩ་དོན་ལའང་ཕན་པ་ཡིན། ཐུགས་རྗེ་ཆེ།
བོན་པོའི་གཡུང་དྲུང་གི་མཚོན་རྟགས་ནི་སྔ་རབས་་་ནང་པ་སངས་རྒྱས་པའི་མཚོན་རྟགས་་་དངོས་གནས་དེ་རེད། བོན་གྱི་ནང་བསྟན་མཚོན་རྟགས་གཡུང་དྲུང་དེ་ནི། རྒྱ་ནག་དང་། ཉོ་ཧོང་། ཀོ་རི་ཡ། ཐཱཡི་ལེཊ་སོགས་སྔོན་གྱི་ནང་པའི་ཡུལ་གྲུ་ཕལ་མོ་ཆེ་ཚོ་དང་གཅིག་མཚུངས་ཡིན། འདི་འདྲ་གཅིག་གྱུར་ཡིན་དགོས་པ་གང་ཡིན་ནམ་ལགས། སྟོན་པ་གཅིག་ཡིན་དང་མིན་གྱི་སྐད་ཆ་དེ་ཚོ་གླེང་གི་མེད། སྤྱིར་སྟངས་ནང་བསྟན་མཚོན་རྟགས་གཅིག་གྱུར་ཡིན་དགོས་པ་གང་ཡིན་ནམ་ཟེར་ནས་དྲི་བ་གཏོང་གི་ཡོད། །
http://www.bbc.com/news/world-asia-35349619
གཡུང་དྲུང་གཡས་སྐོར་དང་། གཡོན་སྐོར་གཉིས་འདུག གཉིས་ཀ་མི་འགྱུར་བའམ། འགྱུར་བ་མེད་པའི་མཚོན་རྟགས་ཙམ་རེད། ནང་པ། བོན་པོ། མུ་སྟེག་ཧིན་དུ་དང་། ཧིཊ་ལར་སུས་བེད་སྤྱད་བྱས་ཀྱང་ཆོག་པ་ཅིག་ལས། མི་ཆོག་པའི་རྒྱུ་མཚན་དང་། དབང་ཆ་སུ་ལ་ཡང་མེད་དགོས།།
རྗེ་རིན་པོ་ཆེས་བསྟན་པ་རྒྱུ་ཡིས་འཇིག་ཚུལ་གསུངས་ཡོད་མེད་མི་ཤེས། བོན་ལ་སྐྱབས་སུ་སོང་ན་རྒྱུད་ཀྱི་སྐྱབས་འགྲོའི་བསླབ་བྱ་དང་འགལ་ཚུལ་ཞིག་གསུངས་འདུག སྐྱབས་འགྲོ་འཇིག་པ་ལས་ལྷག་པའི་བསྟན་པ་འཇིག་སྟངས་ཤིག་ཡོད་རྒྱུ་མ་རེད།
བོན་ལ་སྐྱབས་སུ་སོང་ན་རྒྱུད་ཀྱི་སྐྱབས་འགྲོ་འཇིག་འགྲོ་བ་ཞིག་ག་ན་གསུངས་འདུག་གམ། རྗེ་རིན་པོ་ཆེན་གྱི་གསུངས་ཡོད་ན་སྟོན་འོང་རོགས་བྱོས། བོན་གྱི་བསྟན་པ་ལ་བརྟེན་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་ཀྱི་མེད་པའི་སྒྲུབ་བྱེད་འདྲ་ཡོད་དམ། ཧཧ
སྐྱབས་འགྲོ་ཟེར་ན་མ་ཟེར་ན་དབང་སྒྱུར་གྲལ་རིམ་གྱི་ལག་ཆ་རེད། སྐྱབས་གནས་ཡིན་མདོག་ཤ་སྟག་བྱས་ནས་བོད་མི་དམངས་ལ་དབང་སྒྱུར་བྱེད་བཞིན་པ་རེད། བོད་མི་དམངས་འགྲོ་བ་མིའི་རིགས་ཀྱི་གྲལ་མཐའ་རུ་རྒྱལ་ཁབ་མེད་པའི་སྐྱབས་བཅོལ་བའི་གནས་བབ་ཐོག་ཏུ་གཡུགས་བཞག་ཡོད་བཞིན་དུ་སྐྱབས་གནས་ཚོས་སྐྱོབ་འོང་མདོག་མདོག་གིས་མགོ་སྐོར་འདི་ནི་སྐྱུག་མེར་ལངས་ཡ་རང་རེད།
ཅོ་རི་ཉི་མ་ལགས། ལམ་རིམ་ཆེན་མོའི་སྐྱབས་འགྲོའི་བསླབ་བྱ་གསུངས་སྐབས་སུ་བོན་ལ་སྐྱབས་སུ་འགྲོ་མི་རུང་ཚུལ་འདུག ཚིག་ཅི་མ་ཅི་བཞིན་ལུང་འདྲེན་དགོས་ན་ངས་ཁྱེད་ལ་བསྟན་ཆོག འདི་ན་རྗེ་ཙོང་ཁ་པས་བསྟན་པ་འཇིག་སྤྱད་ཅི་ཡིན་བཤད་ཡོད་མེད་བཤད་གི་ཡོད་མ་གཏོགས་དབང་བསྒྱུར་མ་བསྒྱུར་ཅང་བཤད་གི་མེད་ལགས།
བོན་ཆོས་དང་བོན་པོ། ནང་ཆོས་དང་ནང་པ། ཕྱི་ཆོས་དང་ཕྱི་པ། ཡི་ཤུའི་ཆོས་དང་། ཡི་ཤུའི་ཆོས་པ། ཁ་ཆེའི་ཆོས་དང་། ཁ་ཆེའི་ཆོས་པ་སོགས། སོ་སོར་དགོས་སམ་མི་དགོས། ལགས། ཅོ་རི་ལགས།། །།
སྤོབས་པ་མཐའ་ཡས་ལགས།
ལམ་རིམ་ཆེན་མོའི་ནང་དུ་ཡོད་ན་ཚིག་ཇི་བཞིན་འདིར་བཀོད་འོང་རོགས་བྱོས། དེ་ནས་བརྩད་ཆོག་གི་རེད། ངས་ངོས་ནས་ལམ་རིམ་ཆེན་མོའི་ནང་གི་བཤེས་གཉེན་བརྟེན་ཚུལ་ཟེར་བ་དེ་ནི་དབང་སྒྱུར་སྲིད་ཇུས་དང་། ཆོས་ལུགས་པའི་ལྷ་དབང་སྒེར་གཅོད་ལམ་ལུགས་ཀྱི་རྨང་གཞི་ལྟ་བུ་ལ་ངོས་འཛིན་གྱི་ཡོད། རིག་གནས་འདིའི་འོག་ནས་བོད་མི་དམངས་ཆོས་ལུགས་པའི་ལྷ་དབང་ལམ་ལུགས་ཀྱི་བྲན་གཡོག་གྱུར་སོང་བ་འདི་ནི་བོད་རྒྱལ་ཁབ་རྒུད་པའི་རྩ་བ་རེད། དུག་རྩ་འདི་རྨོངས་དད་ཅན་ཚོའི་ཀླད་རྒྱའི་ནང་དུ་ཕྱིན་ཚར་དུས་་་་བྲན་གོག་གཤིས་ཀ་ཆགས་ཚར་འདུག
ཆོས་དང་ཆོས་པ་ཁ་ཁར་ཡིན་དང་ཡིན། ཐ་དད་ཡིན་པའི་ཕྱིར། དེར་ཐལ།་་སོ་སོར་ཡིན་པའི་ཕྱིར། བཀོར་གཉེར་ལགས།
ཁྱི་རྒན་སོ་ལ་དད་པ་དང་སྐྱབས་སུ་སོང་ཀྱང་བྱིན་རླབས་དང་དངོས་གྲུབ་ཐོབ་པ་མ་གཏོགས་རྒྱུད་ཀྱི་སྐྱབས་འགྲོ་འཇིག་སོང་བའི་ལོ་རྒྱུས་ཤིག་གོ་ཐོས་མེད་དུས། བོན་ག་ཚོད་ཐབས་སྐྱོ་ནའང་ཁྱིའི་སོ་ལས་ལྷག་པ་ཡོད་དུས་བོན་ལ་སྐྱབས་སུ་སོང་ན་བྱིན་རླབས་དང་དངོས་གྲུབ་མ་བྱུང་ནའང་རྒྱུད་ཀྱི་སྐྱབས་འགྲོ་འཇིག་དགོས་དོན་གྱི་རྒྱུ་མཚན་ཡང་དག་ཞིག་སུ་ལ་ཡོད། ཡོད་ན་ཤོད་ཤོག་་་་བརྩད་ཆོག་གི་རེད།
ཧི་ཐུ་ལ་ལགས་ཀྱང་ནོ་སྦད་ཞི་བདེའི་དེད་དཔོན་པོ་ཆེན་པོ་རེད། ༡༩༣༩ལོར་ནོ་སྦད་ཞི་བདེའི་གཟེང་རྟགས་ཧི་ཐུ་ལ་ལགས་སུ་ཕུལ། ཧི་ཐུ་ལ་མཆོག་ཀྱང་བོད་པའི་བླ་མ་ཚོ་ནང་བཞིན་ཤ་མི་བཟའ། དཀར་ཟས་ཁོ་ནར་སྤྱད། འདི་ཚོ་བདེན་པའི་ལོ་རྒྱུས་ཡིན།
ཆོས་ཀྱིས་ཕོངས་པར་འདོད་མཁན་ཅོ་རི་ལགས། བོན་པོའི་མཚན་ཉིད། ནང་པའི་མཚན་ཉིད་སོ་སོར་མེད་དམ། ལགས། ཅོ་རི་ལགས།
ཆོས་ཀྱིས་བོད་ཕོངས་པ་རེད་དམ་ཆོས་པགས་གྱོན་མཁན་ཚོས་བོད་ཕོངས་པ་རེད། དབྱེ་བ་ཕྱེས་ཤེས་ན་ཡག་པོ་འདུག་ག བོད་པའི་བླ་སྤྲུལ་ཚོས་བྱས་ཚོད་ཐམས་ཅད་པོ་ཆོས་ཡིན་སྣང་ཤར་བསྡད་མཁན་གྱི་རྨོངས་དད་མགོ་ཚོ་ལ་གོ་བརྡ་འགྲོ་ཁག་པོ་རེད།
ཤཀྱའི་བསྟན་པ་འོ་མའི་རྒྱ་མཚོ་ལྟ་བུ་ཡིན་ན་དེའི་ནང་དུ་ཁྲག་གི་ཐིག་པ་ཟག་བཅུག་མཁན་བོད་རྒྱུད་ནང་བསྟན་ཟེར་བ་དེ་རེད། བོད་རྒྱུད་ནང་བསྟན་ཟེར་བ་དེ་ཤཀྱའི་རྒྱལ་པོའི་བསྟན་པ་དང་མཐུན་གྱི་མེད་ལ་་་་སྤྱི་ཤཀྱའི་བསྟན་པའི་རྗེས་འཇུག་ཚོའི་ནང་གི་གད་རྙིགས་ལྟ་བུ་དང་། དགེ་སློང་རྫུན་སྐྱ་བས་ཁེངས་ནས་བསྡད་ཡོད་ལ་མི་ཆོས་བླ་མའི་རྫུན་བཤད་ཀྱི་ཡོད། ལྷ་འདྲེ་བེད་སྤྱད་ནས་རྫུན་གྱི་འཁོར་ལོ་སྐོར་མཁན་ཚོ་ལ་དགེ་སློང་གི་སྡོམ་པ་གནས་ཐབས་མེད་ལ་་་ཡ་རབས་བཟང་སྤྱོད་ཀྱི་མདུན་ལམ་ཡང་ལྷག་མེད།
དིང་སང་གི་བོན་དགོན།
https://www.facebook.com/Preservation.of.yungdrung.bon/videos/1060843390635335/
འཇིགས་བྱེད་ཟེར་བ་དེ་ལ་སྐྱབས་སུ་འགྲོ་ཐུབ་མཁན་གྱི་མི་ཞིག་གིས་བོན་ལ་ཅིག་ཅིག་མག་མག་ལབ་ཡོང་དུས་དངོས་གནད་གད་མོ་ཤོར་བྱེད་མིན་ན་ཅི་ཡིན། རྒྱ་གར་ནས་ཁྲིད་འོངས་བའི་རོང་ལྷ་དེ་ཚོ་ནང་ལ་ཡར་བཞག བོད་རང་གི་སྲིད་པའི་ལྷ་རྒན་དེ་ཚོ་མར་ཕྱི་ལ་བཏོན། ད་དུང་ཞེ་བོ་འཇོན་ཡོད་མདོག་མདོག །
རྗེ་ཙོང་ཁ་པས་བོན་ལ་སྐྱབས་སུ་སོང་ན་སྐྱབས་འགྲོའི་བསླབ་པ་དང་འགལ་ཚུལ་བྲིས་འདུག ངས་དེ་མ་གཏོགས་འདི་ན་ཅི་ཡང་བཤད་གི་མེད། སྔ་རྒོལ་གྱི་ནམ་མ་ལངས་ས་ལ་ཕྱི་རྒོལ་གྱི་ཉི་མ་ཤར་འདུག་ན་ཁྱེད་རང་ཚོའི་འདོད་པ་རེད། ཆོས་ཤིག་བཤད་དགོས་དུས་ཙོང་ཁ་པ་ལས་ལྷག་ཅིག་དཀའ་མོ་དཀོན་མོ་ཡིན་རྒྱུ་རེད་བསམ་གི།
འོ་རེད་ཡ། བོད་རང་གི་སྲིད་པའི་རྒན་དང་། ཉི་ཟླ་གཟའ་སྐར་སོགས་ཀྱི་མདུན་དུ་གཡག་ལུག་རྟ་སོགས་བསད་ནས་དམར་མཆོད་ཁྲག་དྲི་ཁོལ་ལེ་བྱེད་པའི་ཕ་མེས་ཀྱི་ཆོས་ལུགས་རིན་པོ་ཆེ་དེ་དག་གཏིང་བརྗེད་དུ་སོང་ཟིན་པའི་དུས་རབས་བཅུ་པ་ཚུན་ཆད་ལ་ར་མགོ་ལུག་སྦྱར་བྱས་ནས་བཟོས་ཡོང་བའི་ཁུངས་མེད་ལུང་མེད་ཀྱི་ཆོས་ལུགས་དད་མོས་ཉི་ཚེ་བ་དེ་ངོ་མ་ཐབས་སྐྱོ་བོ་རེད་ཡ།
རྒྱལ་བ་ཀློང་ཆེན་པའི་གདམས་ངག་ཉམས་སུ་ལོངས། །
ཀ་ལིང་ཡུལ་དུ་སྲིན་པོ་རྒྱུ་བ་བཞིན།།
ཁ་བ་ཅན་དུ་ཆོམ་རྐུན་ཁམས་པའི་རིགས།།
ག་རུ་གནས་ཀྱང་གྲོང་རྡལ་འཇོམས་བྱེད་པའི།།
ང་རྒྱལ་ཆགས་སྡང་རྒྱུ་བ་གཟིགས་ལགས་སམ།།
ཅ་ཅོའི་རང་བཞིན་ཉོན་མོངས་ཁམས་པའི་ཚོགས།།
ཆ་འོ་བཞིན་དུ་ཕྱོགས་བཅུར་རྒྱུ་བྱེད་ཅིང་།།
ཇ་ཆང་འཐུང་ཞིང་སྲོག་ཆགས་གསོད་བྱེད་པ།།
ཉ་པ་བཞིན་དུ་གནས་པ་གཟིགས་ལགས་སམ།།
ཏ་ལའི་ཚལ་དུ་སྟག་གཟིག་རྒྱུ་བ་བཞིན།།
ཐ་ཆད་ཆང་འཚོང་རྐུན་པོའི་གནས་རྣམས་སུ།།
ད་བྱིད་ཟོས་བཞིན་འདོད་ཆགས་མེས་གདུངས་པས།།
ན་ཆུང་འཚོལ་ཕྱིར་རྒྱུག་པ་གཟིགས་ལགས་སམ།།
པ་ནས་གང་བའི་ལྡུམ་ར་ངན་པའམ།།
ཕ་རོལ་ཆང་དང་སྒོག་བཙོང་དྲིས་སུན་འབྱིན།།
བ་ལང་བཞིན་དུ་གཙང་བཙོག་མི་ཤེས་པས།།
མ་རབས་དུད་འགྲོའི་ཁམས་པ་གཟིགས་ལགས་སམ།།
ཙ་ནས་རང་ལ་རྒོལ་བ་བྱུང་བའི་ཚེ།།
ཚ་ཟེར་བྱེད་ལ་མུན་པའི་སྐྱེས་བུའམ།།
ཛ་ར་སྡང་རའི་རྒྱལ་ཕྲན་ཇི་བཞིན་དུ་།།
ལྦ་སྐྱེས་བཞིན་དུ་འབྲོས་བ་གཟིགས་ལགས་སམ།།
ཞྭ་རྨོག་གྱོན་ཅིང་ཉེས་མེད་ཡུལ་རྣམས་སུ།།
ཟ་མའི་ཆེད་དུ་མི་རྣམས་རྡུང་བྱེད་ཅིང་།།
འ་ཅག་ཁྲེལ་མེད་ཡིན་ཞེས་སྨྲ་བ་ཡི།།
ཡ་རབས་ཚུལ་ཆད་ཁམས་པ་གཟིགས་ལགས་སམ།།
ར་ལུག་བ་ལང་ལ་སོགས་གསོད་པའི་ཕྱིར་།།
ལ་ཆུ་འཕྲང་གསུམ་བརྒལ་ནས་གྲོང་རྡལ་འཛོམས།།
ཤ་ཟ་ཆང་འཐུང་བུད་མེད་བསྟེན་པ་ཡི།།
ས་སྟེང་བསྟན་པའི་ཆོམ་རྐུན་གཟིགས་ལགས་སམ།།
ཧ་ཅང་ཐལ་བའི་བྱེད་ཚུལ་ངན་པ་འདི་།།
ཨ་ཁུ་ཁམས་པའི་ཐོས་བསམ་སྒོམ་གསུམ་ཡིན།།
ཡི་གེ་སུམ་བཅུའི་ཚིགས་སུ་བཅད་པ་འདི་།།
གནས་ནས་ཕུད་ཚེ་ལམ་ཀའི་བཞི་མདོར་སྦྱར།།
ཅེས་པ་འདི་བསམ་ཡས་པ་ངག་གི་དབང་པོས་གསང་ཕུ་ནེའུ་ཐོག་ཏུ་སྦྱར་བ་འདིས་དགེ་ལེགས་འཕེལ་བའི་རྒྱུར་གྱུར་ཅིག།།།
དམར་མཆོད་ཁྲག་གི་རྒྱ་མཚོ་དཀྱིལ། ཤ་ཡི་རོ་པོ་སྤུངས། རུས་པའི་བྲག་རི་བརྩིགས་ནས་གསོལ་མཆོད་བྱེད་དགོས་སའི་རྒྱ་ལྷ་མཧཱ་ཀཱ་ལི་དང་མཧཱ་ཀཱ་ལ་སྐྱབས་སུ་འགྲོ་མཁན་ཚོས་སྐྱིད་སྡུག་དང་ལས་འབྲས་ཡོད་པའི་སྐད་ཆ་ན་དགའ་ལེ་རེད་ད།
༡$རླངས་ཀྱི་པོ་ཏི་བསེ་རུ་ལས། བོད་འདིར་ཆོས་ཁྲིམས་མ་དར་བོན་ལུགས་བཤད། དེའི་ཕྱིར་ཆོས་བོན་འདྲེས་པའི་རྒྱུ་མཚན་ཡིན། འདི་ལ་བོན་དང་ནང་དབྱེ་མ་དགོས།
༢༽བན་དེའི་འཇའ་ལུས་པ་གྲུབ་ཆེན་པདྨ་བདུད་འདུལ་གྱིས།
ནང་པ་སངས་རྒྱས་བོན་ལ་སོགས། མཆོད་འོས་གྱུར་པ་ཐམས་ཅད་བསང།
༣༽བཀའ་ཆེམས་བཀའ་ཁོལ་མ་ལས། བོན་སྟོན་པ་གཤེན་རབ་མི་བོ་དེ་ཡང་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན།
༤༽འབྲུག་པ་ཀུན་ལེགས་ཀྱིས། གཤེན་ལྷ་འོད་དཀར་སྤྱན་རས་གཟིགས་དབང་ཡིན། གཙང་མའི་བོན་དང་ཆོས་ལ་ཁྱད་པར་མེད།
༥༽ བཀའ་གདམས་གླེགས་བམ་ལས། ང་ནི་མགོན་པོ་སྤྱན་རས་གཟིགས། བོན་གྱི་གཤེན་ལྷ་འོད་དཀར་བརྗོད།
༦༽ གོང་ས་ལྔ་པས།
སངས་རྒྱས་གཞན་ནས་རེ་བའི་མཁས་རློམ་གྱིས།
སྟོང་བཤད་འདྲེ་ཤར་ནུབ་སྒོར་གླུད་གཏོང་ཚུལ།
མཐོང་ཚེ་ཟག་བཅས་ཕུང་པོ་འོད་ཀྱི་སྐུར།
གྲོལ་བ་གསང་ཆེན་བོན་གྱི་ཁྱད་པར་ཆོས།
ཨ་མའི་ཕོར་ཁོག་བདག་པོ་བརྒྱབ་ན་འདི་ཚོར་ལྟོས། ལུང་འདི་ཚོ་ནི་ར་སྤུས་བཟོས་པའི་འུར་རྡོ་ཆུ་མིག་དགུ་བསྒྲིལ་རེད།
འུར་རྡོ་དེ་ར་ཕོ་རང་ཉིད་ཀྱི་མགོ་བོ་བཅོམ་ན་དེ་བཞིན་གྱིས།
ལམ་རིམ་ཆེན་མོའི་ནང་དུ་་་་་་བོན་ལ་སྐྱབས་སུ་སོང་ན་རང་རྒྱུད་ཀྱི་སྐྱབས་འགྲོ་འཇིག་འགྲོ་གི་རེད་ཟེར་ནས་བྲིས་འདུག་པའི་ཁུངས་སྟོན་རོགས་བྱོས་དང་། ངོ་རྒོལ་གྱི་ནམ་མ་ལང་གོང་ནས་ཕྱི་རྒོལ་གྱིས་དགག་ཚིག་འཕེན་པ་ནི་དོན་མེད་རེད་་་་ཁྱོད་བདེན།
དགག་ཚིག་འཕེན་ས་ཁྱོད་ཡིན་ཀྱང་མིན། དེང་སང་དད་པ་ལོག་སྤྱོད་པ་ཚོས་ལྷ་འདྲེ་བེད་སྤྱད་ནས་སྲིད་སྐྱོང་ལ་དཀའ་ངལ་བཟོ་བཞིན་ཡོད་དུས་་་་སེམས་སྐྱིད་པོ་མི་འདུག་པས་་་དགག་ཚིག་རེ་གཉིས་ཤོར་འགྲོ་གི་འདུག ཆོས་ལུགས་པའི་རྫུན་སྐྱ་བ་ཚོས་སྲིད་སྐྱོང་ལ་ཉེས་མེད་ཉེས་ཞྭ་ཀོན་དགོས་ན་ཁས་ལེན་ཐབས་མེད། སྔ་ཕྱི་མ་གཏོགས་འཐབ་རྩོད་བྱེད་དགོས་ངེས་རེད་ད།
ར་མགོ་ལུག་སྦྱར་ད་གང་ཤེས།
མ་ཧེའི་མགོ་མི་ལ་སྦྱར་བ་ནི་ཡོད་བདེན་རེད།
འཆི་དུས་ཀྱང་མཇེར་གོག་ཀེར་ནས་ཤི་སྟངས་དེ་ཚོ་ལ་ལྟས་ན་ཧ་གོ་ཚོད་རེད།
ཉི་ཟླ་སྐར་ལ་སྐྱབས་སུ་སོང་ན་ནང་པ་མིན་མདོག་མདོག འཇིག་རྟེན་པའི་ལྷ་འདྲེ་དག་ལ་སྐྱབས་སུ་སོང་ན་སྐྱབས་འགྲོ་སྟོང་འགྲོ་མདོག་མདོག་བཤད་བསྡད་ལེ་རེད།
ཁྱོད་རང་ཚོས་བསམ་བློ་ཡག་པོ་ཞིག་ཐོངས་དང་། བོད་མི་མང་པོས་འཇིག་རྟེན་ཁྱིམ་པ་ལས་ཀྱང་མ་རམས་ཚ་བའི་བླ་སྤྲུལ་རྫུན་སྐྱ་བ་དག་ལ་སྐྱབས་སུ་བཅོལ་བཞིན་ཡོད། བླ་སྤྲུལ་དེ་དག་འཇིག་རྟེན་པ་རེད། འཇིག་རྟེན་པ་དེ་དག་སྐྱབས་གནས་བརྩི་མཁན་གྱི་བོད་མི་རྣམས་ལ་སྐྱབས་འགྲོ་མེད་པར་ཨེ་རེད། དེར་ཐལ། འཇིག་རྟེན་པ་ལ་སྐྱབས་སུ་སོང་པའི་ཕྱིར་ཞེས་རྟགས་བཀོད་ན་ལན་ཅང་ཡོད་ཟོལ་མེད་པ།་་་ཧཧ
སྐྱབས་འགྲོ་ཡོད་མེད་བཤད།
དད་པ་ཡོད་མེད་བཤད།
དམ་ཚིག་གཙང་མིན་བཤད། བཤད་བཤད་ཀྱི་མཐར་གཏུགས་ན་མི་དམངས་ལ་དབང་སྒྱུར་གྱི་ལག་ཆ་བེད་སྤྱད་ནས་ལྷ་དབང་ལམ་ལུགས་ཀྱི་སྒེར་གཅོད་སྲིད་དབང་སྲ་བརྟན་དང་། རང་ཉིད་ཀྱི་འདི་ཕྱི་གཉིས་ཀྱི་ཁེ་ཕན་ཁོ་ནའི་ཆེད་དུ་བཤད་བཞིན་འདུག འདི་ཕྱི་གཉིས་ལ་སྐྱོབ་འོང་མདོག་མདོག་དང་འདི་ཕྱི་གཉིས་ཀྱིས་སྐྱབས་གནས་ཡིན་མདོག་མདོག་གིས་ཐོག་ནས་བོད་མི་དམངས་མགོ་སྐོར་བཞིན་འདུག
ནང་ཆོས་ལ་ཟུར་ཟ་དང་དགག་པ་རྐྱང་རྐྱང་རྒྱབ་མཁན་ཚོ་དང་པོ་སྤོབས་པ་མཐའ་ཡས་ལ་ལན་ཨི་ཕོག་ལྟོས་ཤོག་ཨ།
ཅོ་རི་ཉི་མ་ལགས། ངས་རྫུན་བཤད་ཀྱིན་མེད། རྗེ་ཙོང་ཁ་པས་འདི་འདྲ་གསུངས་འདུག
ལམ་རིམ་ཆེན་མོར་སྐྱབས་འགྲོའི་བསླབ་བྱ་བཤད་སྐབས་སུ། “བྱ་བ་ཅི་འདྲ་ཞིག་བྱེད་པ་དང་དགོས་པ་ཅི་འདྲ་བ་ཞིག་མཐོང་ཡང་དཀོན་མཆོག་གསུམ་ལ་བརྟེན་པ་དང་། དེ་དག་དང་རྗེས་སུ་མཐུན་པའི་དཀོན་མཆོག་མཆོད་པ་སོགས་བྱ་ཡི། དེ་དག་དང་མི་མཐུན་པའི་བོན་ལ་སོགས་པ་ལ་རྣམ་པ་ཐམས་ཅད་དུ་བརྟེན་དུ་མི་རུང་བས་དུས་ཐམས་ཅད་དུ་དཀོན་མཆོག་ལ་བློ་ཁེལ་བར་བྱའོ།།”
ཁུངས་ནི། བྱང་ཆུབ་ལམ་རིམ་ཆེ་བ་བཞུགས་སོ།།
Printed and donated for free distribution by
The Corporate Body of the Buddha Educational Foundation
11F., 55 Hang Chow South Road Sec 1, Taipei, Taiwan, R.O.C
December 2000
མདོ་སྨད་ལོ་རྒྱུས་ཆེན་མི་ཞེས་པའི་དཔེ་དེབ་ནང་འདི་ལྟར་གསལ་བ།
༼སྐབས་དེའི་དབུས་གཙང་ཡོངས་རྫོགས་ཧྲིལ་གྱིས་བཟུང་བའི་ས་སྐྱ་བ་དང་བཀའ་བརྒྱུད་པ། རྙིང་མ་བ། ཇོ་ནང་བ། བོ་དོང་བ་སོགས་བསམ་གྱིས་མི་ཁྱབ་པའི་མཁས་གྲུབ་ཀྱི་སྐྱེས་ཆེན་དེ་དག་ཕལ་ཆེར་གྱིས་རྗེ་འདིའི་ཞབས་ལ་གཏུགས་ནས་གཞུང་ལུགས་གསན་པ་སྟེ། རང་རང་ཐར་བའི་གོ་འཕང་བགྲོད་བྱེད་ལ་ཡིད་ཆེས་བྱེད་པའི་སྔར་ཡོད་ཀྱི་གྲུབ་མཐའི་ལམ་པོ་ཆེ་དེ་དག་གཏན་དུ་བསྐྱུར་བའམ། དེས་མ་ཚིམ་པར་གསར་དུ་བྱུང་མ་ཐག་པའི་དགེ་ལུགས་པའི་གྲུབ་མཐའ་ངོས་ལེན་ཉམས་བཞེས་གནང་བ་དེས་ཅི་ཞིག་མཚོན་གྱི་ཡོད་དམ་ཞེ་ན།༽
ཁྱེད་ཚོ་ད་ལྟར་བཞུགས་པ་ཚོ་གཏན་དུ་བསྐྱུར་མཁན་དང་དེས་མ་ཚིམ་པ་གཉིས་ཀྱི་ནང་ནས་གང་ཡིན་ནམ་ལགས། གཅིག་ནི་ཡིན་ཐག་ཆོད་རེད། དེ་ལྟར་མིན་ན་མཁས་པས་འདི་འདྲ་ག་ལ་གསུངས། །
འོ་ཡ། མདོ་སྨད་ལོ་རྒྱུས་ཆེན་མོའི་ནང་ན་གང་བཤད་ནི་མདོ་སྨད་ལོ་རྒྱུས་རྩོམ་པ་པོའི་དགོངས་པ་རེད། དེ་སྐབས་སུ་མ་བབ་པ་རེད། རྗེ་ཙོང་ཁ་པ་རང་གིས་བརྩམས་པའི་ལམ་རིམ་ཆེན་མོའི་ནང་ན་ནི་རྙིང་མ་བ་ལ་སྐྱབས་སུ་འགྲོ་མི་རུང་ཟེར་བ་མི་འདུག བཀའ་བརྒྱུད་པ་ལ་སྐྱབས་སུ་འགྲོ་མི་རུང་ཟེར་བ་མི་འདུག ས་སྐྱ་པ་ལ་སྐྱབས་སུ་འགྲོ་མི་རུང་ཟེར་བ་ཡང་མི་འདུག འོན་ཀྱང་བོན་ལ་སྐྱབས་སུ་འགྲོ་མི་རུང་ཟེར་ནས་དངོས་སུ་བྲིས་འདུག
དཀོན་མཆོག་གསུམ་ཞེས་པ་དེ་ཡང་སྤྱི་འགྲོའི་མིང་ཞིག་རེད། ཕྱི་རྒྱུད་ནས་བཤད་པའི་དཀོན་མཆོག་གསུམ། ནང་རྒྱུད་ནས་བཤད་པའི་དཀོན་མཆོག་གསུམ། གསང་རྒྱུད་ནས་དཀོན་མཆོག་གསུམ་སོགས་ཁག་ཁག་ཡོད་རེད། དཀོན་མཆོག་གསུམ་ཚང་མ་གཅིག་པ་མ་རེད། དེ་བཞིན་དུ་ཧིན་རྡུ་ལ་ཡང་དཀོན་མཆོག་གསུམ་ཡོད་དེ། ཚངས་པ་དང་རྒྱ་བྱིན་དང་དབང་ཕྱུག་གསུམ་པོ་རེད། དེ་བཞིན་ཡེ་ཤུ་ལའང་གསུམ་དུ་བརྩི་སྲོལ་འདུག ཁ་ཆེ་ལའང་ཡོད་འགྲོ དཀོན་མཆོག་གསུམ་ཟེར་བ་དེ་བོན་ལ་དམའ་འབེབ་བྱེད་ཀྱི་ཙོང་ཁ་པའི་སྒེར་རྒྱུ་ཞིག་ག་ལ་ཡིན། བོན་ལའང་དཀོན་མཆོག་གསུམ་གྱི་གཞུང་ལུགས་སུ་དང་གང་ལའང་ལྟོས་མི་དགོས་པར་རྒྱ་ཆེ་ལ་རྒྱུན་རིང་བ་ཙོང་པ་མ་འཁྲུངས་པའི་སྔོན་ནས་ཡོད། ཙོང་ཁ་པ་ནི་དུས་རབས་བཅུ་བཞི་པའི་བླ་མ་ཞིག་རེད། བོན་ལ་དེའི་སྔོན་ནས་རྫོགས་པ་ཆེན་ཉམས་སུ་བླངས་ནས་འཇའ་ལུས་སུ་གཤེགས་མཁན་དང་གསུངས་རབ་རྒྱ་མཚོའི་བཅུད་ལ་མངའ་བརྙེས་པའི་བླ་མ་སྐྱེས་ཆེན་དམ་པ་ནམ་མཁའི་སྐར་ཚོགས་ལྟར་ཕེབས་ཚར་བ་རེད། དེས་མ་ཚད་བོན་གྱི་བླ་མ་གང་ཞིག་དུས་རབས་བཅུ་གཉིས་བཅུ་གསུམ་སྐོར་ལ་དཔལ་ལྡན་ས་སྐྱའི་གདན་ས་ནས་ཀྱང་སློབ་གཉེར་གནང་མཁན་བྱུང་མྱངས་ཡོད་པས་དེ་ཚོས་ཀྱང་དཀོན་མཆོག་གསུམ་གྱི་རྣམ་བཞག་མི་ཤེས་ལབ་རྒྱུ་ཡིན་ནམ། གཅིག་བྱས་ན་ཁོང་གཟིགས་རྒྱ་ཆུང་སོང་བ་མིན་ནམ་ཧ་ཅང་རྒྱ་ཆེ་བའི་གནད་དོན་ཞིག་མ་གཟིགས་པ་ཅིས་ནོངས་་སོང་བ་ལགས། ཚན་རིག་དང་འགལ་བ་ཆེན་པོ་རེད། ཅིས་ཕྱིར་ན་དངོས་པོའི་གནས་ལུགས་དང་མཐུན་པའི་སྐད་ཆ་མ་ཡིན་པས་སོ། །
༼ཕྱག་རྫོགས་གསེར་དངུལ་དེ་བསྒོམ་ཡང།
རྟག་ཆད་གཡང་ས་རུ་ལྷུང་འདུག༽
འདི་བན་དེ་བའི་མཁས་པ་ཞིག་གིས་མཛད་ཅིང་དགག་ཡུལ་ངོས་འཛིན་གནང་རོགས་བཀའ་རྙིང་གཉིས་གཡང་སར་ལྷུང་འདུག་གམ། བོན་པོ་གཡང་སར་ལྷུང་འདུག་མིན་དེས་ཤེས།
གཞན་ཡང་རྗེ་བློ་བཟང་གྲགས་པ་བདུད་ཀྱི་སྤྲུལ་པ་ཡིན་རབས་རྙིང་མའི་ཆོས་འབྱུང་ལོ་རྒྱུས་ནས་གསལ་བས་ཆོས་ལུགས་ཕན་ཚུན་དབར་ལ་དཀྲུག་འདོད་མེད་པས་ལུང་འདྲེན་བྱེད་མ་དགོས་ན་བསམ་ཡོད།
འོ་ཡིན་རྒྱུ་རེད་ལགས། ཆོས་འབྱུང་དང་བསྟན་བཅོས་རྩོམ་མཁན་དེ་ཚོས་གང་བྲིས་པ་དེས་རྩོམ་པ་པོ་ཁོ་རང་ཚོའི་ལྟ་བ་རེ་མཚོན་གྱིན་པའི་ཆ་ནས་རྗེ་ཙོང་ཁ་པས་བོན་ལ་སྐྱབས་སུ་སོང་ན་སྐྱབས་འགྲོའི་བསླབ་བྱ་འགལ་བར་གསུངས་འདུག ཁར་སང་ཅོ་རི་ཉི་མ་ལགས་ཀྱིས་དེའི་སྐོར་གསལ་པོ་ཞིག་ཁོང་ལ་གཟིགས་འབུལ་ཞུ་བའི་ཐུགས་རེ་གནང་བྱུང་སྟབས་གོང་དུ་ངས་ཚིག་ཅི་མ་ཅི་བཞིན་དྲངས་ཡོད། རྗེ་ཙོང་ཁ་པ་ཟེར་བ་དེ་མདོ་ཁམས་ནས་དབུས་གཙང་གི་བར་དུ་རྒྱ་ལམ་གོམ་པས་འཇལ་ནས་བསྐྱོད་ཅིང་འཕགས་བོད་གཉིས་ཀའི་གཞུང་ལུགས་ལ་གསན་བསམ་གྱིས་སྐུ་ཚེ་འཁྱོལ་སོང་མཁན་ཞིག་རེད། ནང་ཆོས་ཟེར་བ་དེ་ག་འདྲ་ཞིག་ཡིན་མིན་ཐད་ནས་གླེང་དགོས་ན་ཁོང་ལས་ལྷག་པའི་ཁུངས་ལུང་བཅོལ་ས་དཀོན་པོ་ཡིན་རྒྱུ་རེད་བསམ་གི།
སྤོབས་པ་མཐའ་ཡས་ལགས་་་ལམ་རིམ་ཆེན་མོ་ལུང་འདྲེན་བྱས་པར་ཡག་བྱུང་ཞུ་རྒྱུ་དང་། གསལ་བཤད་ཚིག་ཁ་ཤས་ཤིག་ཡོད།
#12 སྤོབས་པ་མཐའ་ཡས། ་ལགས་ཀྱིས་སྤེལ་དོན།:
April 4th, 2016 at 1:50 am
རྗེ་རིན་པོ་ཆེས་བསྟན་པ་རྒྱུ་ཡིས་འཇིག་ཚུལ་གསུངས་ཡོད་མེད་མི་ཤེས། བོན་ལ་སྐྱབས་སུ་སོང་ན་རྒྱུད་ཀྱི་སྐྱབས་འགྲོའི་བསླབ་བྱ་དང་འགལ་ཚུལ་ཞིག་གསུངས་འདུག སྐྱབས་འགྲོ་འཇིག་པ་ལས་ལྷག་པའི་བསྟན་པ་འཇིག་སྟངས་ཤིག་ཡོད་རྒྱུ་མ་རེད།》》》》》
སྤོབས་པ་་་་བོན་ལ་སྐྱབས་སོང་ན་སྐྱབས་འགྲོ་འཇིག་འགྲོ་གི་རེད་ཟེར་ནས་རྗེ་ཡི་ལམ་རིམ་ཆེན་མོའི་ནང་དུ་འདུག་ཟེར་མཁན་ཁྱོད་རེད། རྗེས་སུ་ཁྱོད་ཀྱིས་ལུང་འདྲེན་བྱས་པ་དེའི་ནང་དུ་་་་དེ་དག་དང་མི་མཐུན་པའི་བོན་ལ་སོགས་པ་ལ་རྣམ་པ་ཐམས་ཅད་དུ་བརྟེན་དུ་མི་རུང་བས་དུས་ཐམས་ཅད་དུ་དཀོན་མཆོག་ལ་བློ་ཁེལ་བར་བྱའོ།།་་་་་ཞེས་པའི་སྐབས་སུ་བོན་བརྟེན་ན་སྐྱབས་འགྲོ་འཇིག་འགྲོ་ཅེས་པའི་དོན་མ་རེད། བོན་ལ་སོགས་ཆོས་ལུགས་གཞན་དག་བརྟེན་མི་རུང་ཞེས་པའི་དོན་རེད།
དཔེར་ན། ཤཀྱའི་དགེ་སློང་ཚོས་བརྟེན་མི་རུང་བའི་ཁྲིམས་ཧ་ཅང་མང་པོ་རེད། དགོང་མོའི་ཟས་ཡང་བརྟེན་མི་རུང་བ་རེད། ཡིན་ཀྱང་དགོང་ཟས་ཟོས་ན་དགེ་སློང་སྡོམ་པ་སྟོང་སོང་བ་མ་རེད། བོན་ལ་སོགས་བརྟེན་མི་རུང་བ་ཡིན་ནའང་བོན་ལ་སོགས་བརྟེན་ན་རང་རྒྱུད་ཀྱི་སྐྱབས་འགྲོ་འཇིག་དགོས་དོན་མེད།
བྱས་ཙང་་ཁྱོད་ཀྱི་ལུང་འདྲེན་བྱས་པ་དེས་གནད་ཐོག་ཏུ་བབ་མ་སོང་ཟེར་གྱི་ཡིན། དེ་ནས་་་་ལམ་རིམ་ཆེན་མོའི་ནང་དུ་ཁྱོད་ཀྱི་ལུང་ཚིག་དག་ཡོད་མེད་ཞིབ་འཇུག་བྱེད་ཐབས་མ་བྱུང་བས་་རྗེའི་གསུངས་དངོས་ཡིན་མིན་ཡང་ཐག་བཅད་ཐུབ་ཐབས་མི་འདུག
ཅོ་རི་ཉི་མ་ལགས་ཀྱིས། རྗེའི་གསུངས་དངོས་ཡིན་མིན་ཡང་ཐག་བཅད་ཐུབ་ཐབས་མི་འདུག་ཅེས་གསུངས་པ་དེ་བདེན། དུས་ཕྱིས་ཡར་བཅུག་མར་འདོན་བྱེད་མཁན་དེ་འདྲ་གང་མཚམས་བྱུང་ཡོད་པའི་བཟོ་རེད། ཡིན་ནའང་ཐ་གཅིག་ཏུ་ནི་ལབ་མི་ཤེས། དཔེ་ཆ་ལ་རྒྱུས་ཡོད་མཁན་ཞིག་གིས་བལྟས་པ་ཡིན་ན་ཚིག་དེ་ཚོ་དེ་འདྲ་ཧ་ལས་དགོས་པ་གང་ཡང་མ་རེད། རྒྱུས་དེ་ཙམ་མེད་མཁན་ཚོར་འུར་རྒྱག་བསླང་ཡ་ཡག་པོ་ཡོད་རེད། ཡིན་ནའང་གསུངས་པ་པོའི་ཀུན་སློང་ཤེས་དགོས་རྒྱུ་དེ་ཡང་ཤིན་ཏུ་གལ་ཆེན་པོ་ཡིན། དེ་ལྟར་མིན་ན་གཤེན་རབ་མི་བོས་ཀྱང་བོན་གང་ཞིག་ཁོང་གིས་ཤེས་ལ་བོན་གང་ཞིག་ཁོང་གིས་མི་ཤེས་གསུངས་ཡོད་པ་རེད། དེ་བཞིན་དུ་ཤཀྱཱའི་གྲུབ་མཐའ་ནང་ཁུལ་ལའང་བཞི་ཡོད་པས་ལྟ་བ་མཐར་ཐུག་ནི་དབུ་མ་ཐལ་གྱུར་བའི་ལྟ་བ་དེ་ཡིན་པར་གསུངས་ཀྱི་ཡོད་ཅིང་། དེ་ལས་གཞན་པའི་གྲུབ་མཐའ་ཚོ་ནི་ཤཀྱཱའི་ཉམས་ལེན་གྱི་མཐར་བཏུག་ས་དེ་ནི་མིན། ད་དུང་ཐེག་ཆེན་གསང་སྔགས་ཀྱི་དམ་ཚིག་ཚུལ་བཞིན་དུ་སྲུང་མཁན་ཞིག་ཡིན་ན། ཐེག་དམན་གྱི་གྲུབ་མཐར་ཞགས་བདུན་ཡང་བཞུགས་ཆོག་གི་ཡོད་མ་རེད། དེ་བསྡད་པ་ཡིན་ན་གྲོགས་ཀྱི་ཡན་ལག་ཉམས་འགྲོ་ཚུལ་གསུངས་ཡོད། ཤཀྱའི་ལུགས་ཀྱི་མདོ་སྔགས་ཟུང་འབྲེལ་དེ་ཚོ་ཡོང་ས་རེད་བས་བསམ་བློ་ཡག་པོ་ཐོངས་ཤོག་ཨ། འདི་ནས་མང་པོ་མང་པོ་ཞིག་གླེང་རྒྱུ་འདུག་ཀྱང་ཕྲ་ཞིང་ཕྲ་བ་ནས་གླེང་མི་འདོད། གྲོགས་མཆེད་ཚོའི་ཐུགས་ལ་ཕོག་སོང་ན་བདེ་པོ་མི་འདུག ཁྱེད་ཅག་གིས་བོན་ལ་ག་རེ་ལབ་རྒྱུ་ཡོད་ནའང་ལོབ་ཅིག བོན་གྱིས་ཁྱེད་ཅག་ལ་གང་ཡང་མི་ལབ། དེ་ནི་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་ང་དང་རྩོད་ཀྱི་ང་འཇིག་རྟེན་དང་མི་རྩོད་དོ་གསུངས་པ་ནང་བཞིན་རེད། །
ལར་ནས་མཁྱེན་དགོས་པ་ཞིག་ནི། དམ་ཆོས་ལ་བོད་ལ་སྤེལ་དུས་བོན་ལ་མ་བརྟེན་པ་ཞིག་གང་ན་ཡོད། དང་པོ་བོན་པོའི་རྒྱལ་ཁབ་ལ་བརྟེན་པ་རེད། དེ་ནས་བོན་པོའི་རྒྱལ་རབས་ལ་བརྟེན་པ་རེད། དེ་ནས་བོན་པོའི་ཆབ་འབངས་ལ་བརྟེན་པ་རེད། དེ་ནས་བོན་པོའི་ཡི་གེ་དང་རིག་གཞུང་ལ་བརྟེན་པ་རེད། དེ་ནས་བོན་པོའི་བླ་མ་དང་གདུང་བརྒྱུད་སོགས་ལ་བརྟེན་པ་རེད། བོན་གྱི་དཔེ་ཆ་ལ་བརྟེན་མེད་རབས་ཁ་ཕོ་བཤད་ཀྱང་ངས་ནི་བརྟེན་འདུག་བསམ་གྱི་ཡོད། དུས་ཕྱིས་བོན་པོའི་དགོན་པ་དང་གནས་ས་གནས་རི་དེ་ཚོ་ཡང་བརྟེན་གཞི་ལ་ཧམ་ཁྱེར་སོང་འདུག ད་བསམ་བློ་ཡག་པོ་བཏང་ན་བོན་ལ་མ་བརྟེན་པའི་བོད་ཀྱི་དམ་ཆོས་ཅེས་པ་ཞིག་གང་ན་འཇོག་རྒྱུ་ཡོད། དཔེར་ན་དུས་རྒྱུན་ནང་པ་ཚོས་བུད་མེད་ལ་སྐྱེ་བ་དམན་རབས་ཀྱི་བཤད་པ་སྣ་ཚོགས་པ་ཞིག་བརྒྱབ་ཀྱང་། ཨ་མ་དྲིན་ཅན་མ་ལ་མ་བརྟེན་པའི་བུ་ཞིག་གང་ནས་བརྙེད་རྒྱུ་ཡོད། ། བོན་རྒྱལ་ལོ། །
ཧམ་བཤད་དང་འཁྱོག་བཤད་བྱེད་མཁན་ནི་རེ་ཟུང་ཞིག་འདུག་ཀྱང། ཆོས་འཇིག་རྟེན་དང། ཚན་རིག་དང་ལས་རྒྱུ་འབྲས་གང་གི་ཐད་ལ་ཡང་སྤོབས་པ་མཐའ་ཡས་ཀྱི་མཆན་རྣམས་མཐུན་ཕྱོགས་སུ་སོང་བས་རྒྱབ་སྐྱོར་གཙང་མ་ཡོད། མཐུན་ལུགས་མཐུན་སྟངས་བརྩོད་དགོས་ན་ཁོམས་པ་བྱུང་ཚེ་བཤད་ཆོག་གིས་རེད་དོ།
དྲྭ་གྲོགས་ཚོས། མྱང་སྟོད་སྟག་པ་ཁ་ཆེ་ཞུ་བའི་བླ་མ་དེ་སུ་ཡིན་གསུངས་རྒྱུ་ཡོད་དམ་ལགས། བླ་མ་འདི་ཚད་མ་ལ་མཁས་པ་ཞིག་ཡིན་ས་རེད། །
འོ་ལགས་སོ། ཅོ་རིའི་མཁས་པ་ཉི་མ་མ་ཚང་ལགས། རྗེ་ཡི་ལམ་རིམ་ཆེན་མོའི་ནང་ལ་ཡོད་པའི་ཚིག་དེ་པར་ཞིག་བརྒྱབ་ནས་ཁ་བརྡའི་མདུན་ངོས་སུ་བཀོད་ན་ཆོག་གི། ལམ་རིམ་ཆེན་མོ་ནི་ངའི་སྔས་མགོ་དང་འབྲལ་མེད་ཡིན། པར་ཆས་ཐམས་ཆག་ཅིག་ཀྱང་ལག་ཏུ་ཡོད། ཡིན་ན་ཡང་། ཁྱེད་དང་ང་གཉིས་ཁོ་ནི་ཆེད་དུ་ཁ་བརྡའི་མདུན་ངོས་ཀྱི་ས་མིག་ཅིག་བེད་སྤྱོད་ན་རྒྱ་ཆེའི་རྩོམ་པ་པོ་དང་ཀློག་པ་པོའི་མང་ཚོགས་ཀྱི་སྤྱན་ལ་འཇུག་མིན་མ་ངེས་པས་ད་རེས་བཀོད་ཀྱི་མིན།
རྗེ་ཡིས་གསུངས་དེས་ཅི་ཞིག་མཚོན་གྱིན་ཡོད་ཅེས་ན། སྐབས་དེའི་བོན་ཟེར་བ་དེ་ག་འདྲ་ཞིག་ཡིན་མིན་ཤེས་ཐུབ་ཀྱིན་ཡོད། གང་གིས་ཕྱིར་ཞེ་ན། རྗེ་རིན་པོ་ཆེ་ནི་སྐབས་དེའི་བོདཀྱི་མཁས་པའི་དཔེ་མཚོན་ཞིག་རེད། ལམ་རིམ་ཆེན་མོ་ནི་རྗེ་ཡི་བརྩམ་ཆོས་ཀྱི་ནང་གི་ཆེས་སྐད་གྲགས་ཅན་དེ་རེད་མ་གཏོགས་འདི་ཁར་སང་དེ་རིང་ཞིག་ལ་གསར་དུ་རྙེད་སོང་ཟེར་ནས་བསྒྲགས་ཡོང་བ་ཞིག་ནི་མ་རེད།
སྤྱིར་ན་ཡིག་ཐོག་གི་སྐད་ཆ་ཟེར་བ་འདི་བརྟན་པོ་རེད། ཁ་ཡང་གསལ་པོ་རེད། དེ་ཡིན་དུས་ཁྱེད་ལྟ་བུའི་མཁས་པ་ཞིག་གིས་གོ་བ་མི་ལོན་ཟེར་རྒྱུ་ཡང་མི་འདུག དེ་ཡིན་དུས་ཚིག་ཅི་མ་ཅི་བཞིན་བཤུས་ནས་ཁྱེད་ལ་སྤྱན་འབུལ་ཞུས་བཞག་ཡོད།
ཅི་མ་ཅི་བཞིན་་་་་་་
འདི།
ཇི་མ་ཇི་བཞིན་མིན་ནམ།
རྩ་བས་བོན་ལ་བརྟེན་ཚར་དུས། ཡན་ལག་དེ་ཚོས་བོན་ལ་བརྟེན་ནའང་འདྲ་མ་བརྟེན་ནའང་འདྲ་ཁྱད་པར་ཆེན་པོ་ཡོད་ལེ་མ་རེད།
བོན་གཡུང་དྲུང་གི་བསྟན་པ་ནི་སྔ་རབས་ཤར་ཕྱོགས་པའི་ནང་པ་སངས་རྒྱས་པ་ཚོ་དང་སྤྱི་འདྲ་སྤྱི་མཚུངས་ལྟར་ནང་བསྟན་མཚོན་རྟགས་མི་འགྱུར་གཡུང་དྲུང་དང་བཅས་པ་གཅིག་གྱུར་ཡིན། ། བོན་གྱི་གཡུང་དྲུང་རྒྱལ་ལོ། །
ལར་ནས་ཙོང་ཁ་པས་ལྷ་སར་ཆོ་འཕྲུལ་སྨོན་ལམ་ཐོག་མར་འཛུགས་སྐབས་སྤྱིན་པའི་བདག་པོ་ཆེ་གྲས་སུ་་་བོན་གྱི་ཡོག་ཐང་དགོན་པའི་དཔོན་སློབ་་་ཚོས་འབུལ་རྒྱ་ཆེར་ཕུལ་བའི་ལོ་རྒྱུས་བྲིས་འདུག ལོ་རྒྱུས་དེ་ནི་དགེ་བའི་བཤེས་གཉེན་རྗེ་ཤེས་རབ་རྒྱ་ཚོས་མཛད་པའི་ཙོང་ཁ་པའི་རྣམ་ཐར་ནང་དུ་ཀུན་མཁྱེན་ཟང་ཟང་མའི་ཞལ་ལུང་ནས་ལུང་དུ་དྲངས་བ་ཞིག་བདག་གིས་ལོ་མང་སྔོན་མཇལ། ། དཔེ་ཆ་རགས་སོང་ན་ངས་འདིར་འགོད་ཆོག །
ཙོང་ཁ་པའི་དུས་སྐབས་སུ་བོན་གྱི་བསྟན་པ་ནི་དར་ཞིང་རྒྱས་པའི་དུས་རེད།
ལྷག་དོན་དུ་རྗེ་ཙོང་ཁ་པ་དང་བོན་གྱི་མཉམ་མེད་ཆེན་པོ་གཉིས་ཀྱི་མདོ་སྔགས་ཟུང་འབྲེལ་གྱི་འཕྲིན་ལས་སྐྱོང་སྟངས་ཆ་འདྲ་བ་མངས་བར་མཐོང།
རྒྱལ་བ་མཉམ་མེད་ཆེན་པོས་གཙང་ཐོབ་རྒྱལ་དུ་སྔོན་གྱི་དབེན་ས་ཁའི་བཤད་སྒྲུབ་བསྟན་པའི་རྒྱུན་འཛིན་དུ་དགོངས་ནས་་་དཔལ་ལྡན་བཀྲ་ཤིས་སྨན་རི་གླིང་་་ཕྱི་ལོ་༡༤༠༥་ལོར་ཕྱག་བཏབས་ནས་བོན་གྱི་བསྟན་པའི་རྒྱལ་མཚན་སླར་ཡང་བཙུགས།
རྗེ་ཙོང་ཁ་པས་ཕྱི་ལོ་༡༤༠༩་ལོ་དགའ་ལྡན་དགོན་པ་ཐོག་མར་ཕྱག་བཏབས་ནས་དགེ་ལུགས་བསྟན་པའི་རྒྱལ་མཚན་གསར་དུ་བཙུགས།
ཡེ་ཤུའི་གཙུག་རྒྱན་བསྟན་བདག་བླ་ཆེན་སྤོབ་མཆོག་གིས། འཛམ་གླིང་གི་ཆོས་ལུགས་ཕན་ཚུན་མཐུན་འབྲེལ་བཟང་བའི་ཆེད་དུའམ། ཡང་ན་ཁོང་རང་གི་ཁེངས་དྲེགས་དཀྱུང་བའི་ཆེད་དུ། ཁ་ཆེ་དང་ཧིན་རྡུ་སོགས་ཆོས་ལུགས་མི་གཅིག་པའི་མི་བུ་དཀྱུས་མའི་རྐང་པ་ལ། ཁོང་གི་ཞལ་མཆུ་སྦྱར་ནས་འོ་བྱེད་ཐུབ་པའི་ཐུགས་སྟོབས་དེ་འདྲ་གང་ནས་བྱུང་བ་ཡིན་ནམ་ལགས། །
༼ཡང་ན་ཁོང་རང་གི་ཁེངས་དྲེགས་བསྐྱུང་བའི་ཆེད་དུ།༽ཞེས་བཅོ་དགོས་པར་སྣང་དགོངས་འགལ་མེད་པ་ཞུ། །