ཨེ་མ་ཧོ།
ན་མོ་མ་ཧཱ་གུ་རུ་དྷེ་ཝ་ཡེ།
སྣོད་བཅུད་ཀུན་བྱེད་ཀྱི་རྒྱལ་པོ།།
སྙིང་བརྩེ་གཞན་ཕན་སྒྲུབ་པ་པོ།།
སྲུང་སྡོམ་བྱེད་པའི་དགེ་སློང་ཡང་།།
སོར་བྱང་སྔགས་དང་ཁྱད་པར་ཆེ།།
རང་བྱུང་མཚོ་སྐྱེས་རྡོ་རྗེ་དང་།།
ཡབ་མེད་དགའ་རབ་རྡོ་རྗེ་དང་།།
ཕ་མེད་རྗེ་གཟིགས་ལྷ་སྲས་རྣམས།།
རྒྱུ་མཚན་ཤེས་པ་ཁྱད་པར་ཆེ།།
བྱིས་པའི་རྩེད་མོ་སན་དྷའི་སྒྲུང་།།
རྒན་པའི་ངག་རྒྱུན་གེ་སར་སྒྲུང་།།
དཀོན་མཆོག་སྐྱབས་འགྲོའི་རིམ་པ་ཡང་།།
དྲང་ངེས་ཐེག་དང་ཁྱད་པར་ཆེ།།
དཔལ་འབྱོར་བདག་པོ་སྐྱབས་མགོན་དང་།།
འདས་ལོག་བྱུང་བའི་སྐྱེས་རབས་དང་།།
ཕ་ཚ་བུ་རྒྱུད་ཚོང་ལས་རིགས།།
སྤྲུལ་བཟོ་རིགས་ལ་ཁྱད་པར་ཆེ།།
ལྷ་ཁང་རྡོ་བརྩིགས་བ་གམ་དང་།།
མཆོད་མེ་མེ་ཏོག་ལྷ་གསོལ་དང་།།
དགའ་མགུ་སྤྱོད་པའི་གཉེན་སྟོན་རིགས།།
ཆོས་མཐུན་སྤྱོད་ལ་ཁྱད་པར་ཆེ།།
བླ་མ་མཆོད་པའི་འཁྲུངས་སྐར་དང་།།
ཡི་དམ་སྒྲུབ་པའི་དམ་ཚིག་དང་།།
མཁའ་འགྲོ་ཆོས་སྐྱོང་བསྟེན་པ་རྣམས།།
བསམ་ཚེ་ཁྱད་པར་གནམ་ས་ཡོད།།
བླ་མས་དཀར་ཟས་འབོད་སྐུལ་དང་།།
དགེ་ཕྲུག་དམར་ཟས་བསྔགས་པ་ལ།།
དགའ་སྡུག་བྲལ་བའི་སྨྱོན་པ་ངས།།
གང་དྲན་སྨྱུ་གུ་རྩེ་ནས་ཐལ།།
ཡེ་ཞྭ་གྱོན་པའི་རིས་མེད་དང་།།
ཁེ་ཚོང་ཆེད་དུ་ངོ་བསྟོད་ལས།།
ཁྱད་པར་འཕགས་པའི་སྙན་རྩོམ་འདི།།
རིན་ཐང་འཛམ་གླིང་ཁྱོན་ན་དཀོན།།
ཞེས་པའི་ཡང་རབ་གནས་མེ་སྤྲེལ་ཟླ་ཚེས་དགེ་བར་ཡེ་ཤུ་པ་ཁྲོཾ་གྱིས་ངོར་གང་ཤར་བདག་གི་སྐད་ཆ་བཤད་པ་དག་ཤྲྰིས་ཚིགས་སུ་བཅད་པར་དགེའོ།། །།
དྷེ་ཝ་དག་པ་རེད་དམ། དེ་བ་དག་པ་རེད། ལགས།
http://tibettimes.net/%E0%BD%91%E0%BD%B4%E0%BD%A6%E0%BC%8B%E0%BD%A0%E0%BD%81%E0%BD%BC%E0%BD%A2%E0%BC%8B%E0%BD%91%E0%BD%96%E0%BD%84%E0%BC%8B%E0%BD%86%E0%BD%BA%E0%BD%93%E0%BC%8B%E0%BD%A3%E0%BC%8B%E0%BD%95%E0%BD%BA%E0%BD%96/
་
དུས་འཁོར་དབང་ཆེན་ལ་ཕེབས་མ་ཐུབ་མཁན་ཚོས་སྨོན་ལམ་རྒྱོབ་དང་ངས་ཀྱང་ཁྱེད་ཅག་ལ་སྨོན་ལམ་རྒྱག
་
་་་་་་་་་ དེའི་ཁུངས་ནི། བཅོམ་ལྡན་འདས་ཀྱིས་སྔོན་ཆོག་ནང་འཕྲིན་གྱི་སྒོ་ནས་བསྙེན་པར་རྫོགས་པ་ཟེར་རྒྱུ་ཞིག་ཡོད། བསྙེན་པར་རྫོགས་མཁན་གྱི་དགེ་འདུན་པ་དེར་བཞུགས། བསྒྲུབ་བྱ་དེ་དགག་བྱ་བྱས་ནས་ཚུར་ཡོང་མ་ཐུབ་པར་ས་ཆ་གཞན་ཞིག་ཏུ་བསྡད། དེའི་བར་དུ་འཕྲིན་བསྐུར་ནས་བསྙན་པར་རྫོགས་རྒྱུ་བྱུང་འདུག དེང་སྐབས་ང་ཚོ་ས་ཐག་རིང་ནའང་འཕྲིན་སོགས་ཀྱི་ཐོག་ནས་ཁྱེད་རང་ཚོས་སྨོན་ལམ་བརྒྱབ་ན་དབང་ཐོབ་ཀྱི་རེད། ་་་་་་་་་
་་་་་་་་་་་་ དེང་སྐབས་ང་ཚོ་ས་ཐག་རིང་ནའང་འཕྲིན་སོགས་ཀྱི་ཐོག་ནས་ཁྱེད་རང་ཚོས་སྨོན་ལམ་བརྒྱབ་ན་དབང་ཐོབ་ཀྱི་རེད། ་་་་་་་་་
དབང་སྐུར་མཁན་དང་། དབང་ཞུ་མཁན་གཉིས་ཀ་ལ། སྐུར་འདོད་དང་། ཞུ་འདོད་གཉིས་ཀ་ཡོད་ན། གློག་འཕྲིན་བརྒྱུད་ནས་དབང་མི་ཐོབ་པ་མི་སྲིད་པ་མིན་པ་འདྲ།