ཁྲོ་གཏུམ།
ནད་དུག་ཅིག་གིས་འཛམ་གླིང་ལ་ཉེན་བརྡ་སྤྲད་ཅིང
འཛམ་གླིང་གིས་ནད་དུག་དེ་བརྡ་འཕྲིན་གྱི་ངོ་བོར་བསྒྱུར
ནད་དུག་གི་མཇུག་འབྲས་སུ་བབས་པའི་རི་མོ་དེ་རིགས
འཕྲོད་བསྟེན་གྱི་འཇིག་སྐུལ་བ་ཞིག་ཏུ་གྱུར
རང་འདེམས་ཚོང་ཁང་གི་རི་བོ་ལས་དཔང་མཐོ་བའི་ཅ་དངོས་དག་སྟོང་པར་གྱུར
གཙང་ཤོག་སྡེ་ཚན་གྱི་ཐེམ་པ་དག་སྟོང་བར་ལྷག་སྟེ
གཙང་ཤོག་ཉོ་ན་ཚད་ཡོད་ཅིང
རིམ་བཞིན་འབྲས་དང་བྲོ་ཕྱེ་ཡང་དེ་ལྟར་སྒྲིག་གཞི་ལ་ཚུད
ཏོག་དབྱིབས་ནད་དུག་གི་འཇིག་སྐུལ་ལས
མིའི་རིགས་ཀྱི་བྲེལ་ཚུབ་མཐའ་དག་འགག་ཅིང་དལ
འགྲོ་འོང་གི་རྒྱུ་བ་ཆད་པའི་རྣམ་པ་འདི་ནི
མི་མ་བྱུང་བའི་སྔོན་གྱི་འཇིག་རྟེན་ནི་འདི་འདྲ་ཡིན་པའི་སྣང་བ་བྱུང
ནད་དུག་གི་ཁ་གཏད་དུ་ལངས་པའི་མི་ཚོགས
འཐབ་རྩོད་གང་ཞིག་ནི་ཁྱོད་ཀྱི་བདེ་འཇག་དང་འཕྲོད་བསྟེན་ཡིན་ོ་ཚོར་རམ
རྡུལ་ཕྲན་གྱི་མཚོན་ཆས་ནད་དུག་ལ་ཕས་རྒོལ་བྱེད་ཐུབ་བམ
ནད་དུག་གིས་རྡུལ་ཕྲན་མཚོན་ཆ་བེད་མེད་དུ་གཏོང་ནུས་སམ
ནད་དུག་ལ་ནད་དུག་གི་ཁ་གཏད་མ་རྙེད་པ་འདྲ
རྡུལ་ཕྲན་ལ་རྡུལ་ཕྲན་གྱི་ཁ་གཏད་ལ་འབད་བཞིན་ཡོད
ངོམས་བཞིན
གནམ་སྔོན་པོའི་འོག་ན
ས་དོག་མོའི་སྟེང་ན
བར་གྱི་མིའི་གྲས་ན
ཏོག་དབྱིབས་ནད་དུག་གཅིག་པུའི་རྒུལ་ཤུགས་ཡོད
༢༠༢༠ ཟླ་ ༠༣ ཚེས་ ༢༠ ཉིན།
ཕེ་ཕེ། ཏོག་དབྱིབས་ནད་དུག་ཡིན་ན་གཅིག་ལབ་ཀི་འདུག
རྒྱ་གུང་ཁྲན་ཏང་གི་ནད་དུག་རེད་ཡ། རྒྱ་གུང་ཁྲན་ཏང་གིས་བཟོས་པའི་རྫས་འགྱུར་མཚོན་ཆ་རེད། རྗེས་མ་ནས་རང་ཚོད་ཚོད་གུང་ཁྲན་ཏང་གིས་ཉོས་ཟིན་པའི་ཚན་རིག་པ་རྫུན་མ་འགའི་ངག་ལ་ཉན་ནས་ཏོག་དབྱིབས་ནད་དུག་ལབ་ཀི་མ་འདུག ཨེ་གོ་ཏ། གུང་ཁྲན་ནད་དུག་ལོབས།
རྒྱ་ནག་ཝུ་ཧན་གྱི་འགོས་ནད་ 病毒武汉(Wuhan virus)དགྱ་དམར་ཝུ་ཧན་གྱི་འགོས་ནད།