ཀླུ་སྨྱོན།
ནད་པའི་ཉལ་ཁྲིའི་འོག་ཏུ། །
གསེར་སྒོར་ཁྲི་འབུམ་བརྩིགས་འདུག །
ནད་པའི་སྟེང་གི་བར་སྣང་། །
མཁའ་དབུགས་ནག་པོས་ཁྱབ་འདུག །
ནད་པའི་སེམས་ཀྱི་ཟུར་དུ། །
གསོན་འདོད་རེ་བས་ཁེངས་འདུག །
ནད་པའི་རྩ་ལམ་ཐམས་ཅད། །
སྲོག་གཅོད་དུག་ཁུས་ཁྱབ་འདུག །
ནད་པ་གསོན་དང་མི་གསོན། །
འཆི་བདག་གཤིན་རྗེས་ཤེས་ཟེར། །
གཤིན་རྗེའི་རྒྱལ་པོར་འདྲི་བར། །
བར་དོའི་ཁམས་ལ་འགྲོ་དགོས། །
འཇིགས་རུང་བར་དོའི་ཁམས་སུ། །
མུན་པ་ནག་པོ་འཐིབས་ཤིང་། །
རྒྱུས་མེད་སྒྲ་འོད་ཟེར་གསུམ། །
གནམ་ལྕགས་ཐོག་ལས་ཞེད་པ། །
གལ་སྲིད་ནད་པ་དྲགས་ཚེ། །
གསེར་དངུལ་གསོག་ཉར་བྱ་དགོས། །
གསེར་དངུལ་ཡོད་པའི་མི་ལ། །
སྲོག་གི་བར་ཆད་མང་ངོ་། །
གསེར་དངུལ་ཡོད་པས་དགའ་བ། །
འཇིག་རྟེན་འདི་ཡི་རྒྱལ་པོ། །
གསེར་དངུལ་ཡོད་པས་སྡུག་པ། །
གསེར་དང་ཚེ་ཚད་མི་མཉམ། །
དེ་ལྟའི་ཡ་ངའི་གནས་སྟངས། །
ནད་པའི་མདུན་དུ་སྤུངས་པས། །
ནད་པ་གསོན་ཡང་མི་འདོད། །
ནད་པ་འཆི་ཡང་མི་འདོད། །
ཤི་གསོན་གང་ཡང་མི་འདོད་པའི།།
ནད་པ་བར་དོའི་ཁམས་སུ་ཐོངས།།
བར་དོའི་ཕྲེང་རིང་འགྲིམ་པའི་དུས།།
གསེར་དངུལ་གཤིན་རྗེར་སྔོན་དུ་རྫོངས།།
ཚེ་གང་གསེར་དངུལ་བསགས་ནས་ལུས་སེམས་ངལ།།
ལུས་སེམས་ངལ་བས་ན་སྟེ་ཤི་ལ་ཐུག།
ན་སྟེ་ཤི་ན་གསེར་དངུལ་བེད་མེད་ལུས།།
བེད་མེད་གསེར་དངུལ་ཆེད་དུ་ཤི་བ་ཕངས།།
ད་དུང་གསེར་དངུལ་སྐོར་ནས་གླེང་མ་སློང་།།
རྒ་རྡང་ཤི་རྗེས་གསེར་རྣམས་ང་ལ་སྐུར།།
ང་ཡིས་བོད་མི་སྐྱོ་བོའི་ཕྱོགས་སུ་གཏོང་།།
ལྷག་ན་ཨ་ཧྥི་རི་ཀིའི་ཕྱོགས་སུའང་གཏོང་།།
ངའི་གྲོགས་པོ་ཞིག་དང་ངེད་གཉིས་མཉམ་འབྲེལ་གྱིས་གོང་གི་རྩོམ་ཐུང་དེ་དབྱིན་ཡིག་ཏུ་བསྒྱུར་པ་ཡིན། འགྱུར་སྐྱོན་རེ་ཡོད་ན་གསུང་རོགས།
The Patient
There lies below the patient’s bed,
A heap of coins of gold.
While the very space above his bed,
Polluted air, it holds.
The corners of the patient’s mind
Are filled with life’s desires.
But filled within the patient’s veins
Is a deadly poisoned mire.
Is this patient to live or die?
Yama, Lord of Death, knows all.
But to ask this of King Yama,
Into the Bardo, one must fall.
Dread befits this Bardo Realm,
Its gloom, its fog, its fear:
An alien land – strange sounds, strange lights –
The terror of lightning’s sear.
If the patient should recover,
He’ll have need of his golden debt.
But a person of wealth must also count
On life’s uncounted threats.
Those with gold may full rejoice
In such, these ruler’s fare.
But those with gold are afflicted yet,
When wealth and life, compared.
This terror he is forced to face,
The patient, in anguish lies:
While he surely does not wish his death,
Neither does he wish his life.
ད་ཉལ་གི་ཡིན། འགྱུར་འདི་ལ་སང་ཉིན་ལྷོད་ལྷོད་བྱས་བལྟ་དགོས། གཟིམས་འཇགས་གནང་།