གཞུང་པ་ཚེ་དབང་བསོད་ནམས།
ང་ཚོ་མི་གི་ལུས་པོ་དེ་ཤ་དང་ཁྲག་རུས་པ་ལས་སྒྲུབ་པའི་འབྱུང་བ་བཞིའི་འོག་ཏུ་འཚོ་བའི་ཟག་བཅས་ཀྱི་ཕུང་པོ་ཞིག་ཡིན་པ་དང་། འབྱུང་བཞི་ཆ་མ་སྙོམས་ནས་ཡམས་ནད་དང་ཆམ་ནད་རིམས་ནད་སོགས་ནད་རིགས་འདྲ་མིན་ན་སྲིད་པ་ནི་འཇིག་རྟེན་མི་གི་ལས་དབང་དུ་སྐོས་པ་ནི་མི་ལ་སྐྱེ་རྒ་ན་འཆིའི་སྡུག་སྔལ་ཟེར་བ་ནས་དང་པོ་སྐྱེས་པའི་ཉིན་མོ་དེ་ནས་ཧ་གོ་དགོས་པ་དང་ངོ་འཕྲོད་དགོས་པ་དང་ཤེས་དགོས་པ་ནི་སྐྱེ་རྒ་ན་འཆི་ནི་འཇིག་རྟེན་འཁོར་བའི་ཆོས་ཉིད་ལ་སོང་འཇིགས་དགོས་པ་དང་ཞེད་དགོས་པ་གང་ཡང་མ་མཐོང་ཡང་ནད་རིགས་བཞི་བརྒྱ་རྩ་་བཞི་རླུང་མཁྲིས་བད་ཀན་ནང་མ་འདུས་པའི་འགྲོ་བ་མིའི་ཚེ་སྲོག་འཕྲོག་མཁན་གྱི་ནད་གསར་ཀོ་ཝིད་ ༡༩ འམ་ཏོག་དབྱིབས་ནད་ཡམས་ཟེར་བ་འདི་ནི་དེང་གི་ཚན་རྩལ་རིག་པ་དང་སྨན་པ་ཚོའི་ཤེས་བྱ་མཐའ་མེད་ནམ་མཁའ་སྟོང་པ་ལ་ལག་མྱུལ་རྒྱབ་ནས་ནད་རིགས་བཞི་བརྒྱ་རྩ་བཞི་རླུང་མཁྲིས་བད་ཀན་ནང་མ་འདུས་པའི་ནད་གསར་ལ་ངོས་འཛིན་གནང་གི་ཡོད་ན་ང་ཚོ་མི་གི་དུད་འགྲོ་སེམས་ཅན་ལ་ཁལ་འགེལ་གཡོག་སྐུལ། ཤ་བཟོས། འོ་ཞོ་ཐུང། པགས་པ་བེད་སྤྱད་པའི་རྣམ་སྨིན་ལས་འབྲས་ཟེར་བ་དེ་ང
་ཚོའི་མིག་གི་མདུན་དུ་སླེབས་པ་རེད་ལ་ལན་ཆགས་བུན་ལོན་ལེན་དུ་ཡོང་བའི་ནད་གསར་ལ་ངོས་འཛིན་དགོས་པ་ནས་ནད་འདིའི་མིང་ལའང་ལན་ཆགས་བུན་ལོན་ནད་འབུ་རྟགས་ན་དོན་དངོས་དང་མཐུན་ཆེ་བ་མི་འདུག་གམ། ནད་ཡམས་འདི་ནི་དེ་སྔའི་ཆམ་ཚད། ( Flu ) ཟེར་བ་དེ་དང་འདྲ་བ་ལ་རྣམ་པ་འགྱུར་བ་ནི་དུས་རབས་ལ་འགན་འཁུར་ནས་ཞིབ་འཇུག་གནང་ན་གསལ་པོ་ངོ་འཕྲོད་ཐུབ་པ་ནི་དུས་སྔ་མོའི་མི་གི་སྤྱོད་པ་དང་དེང་སང་མི་གི་སྤྱོད་པ་གཉིས་མི་འདྲ་བ་ནས་ཆམ་ནད་ཡང་དུས་རབས་ཀྱི་ནད་ལ་སོང་སྨན་བཅོས་དེ་ཡང་དེང་དུས་དང་མཐུན་པ་ཞིག་དགོས་པ་ལས་སྔ་མོའི་སྨན་གྱི་བཅོས་ཁ་དེ་དུས་རབས་ཉི་ཤུ་རྩ་གཅིག་ནང་ནམ་ཡང་ཁུངས་མི་ཁྱོལ་བ་ནི་ལོང་བས་བལྟས་ཀྱང་ཁམས་གསུམ་གྱི་དཔེ་དང་། འོན་པས་ཉན་ཡང་རྒྱལ་ཁམས་ཀྱི་སྒྲ་ལྟར་དང་། དེང་སྐབས་སྨན་ཁང་གི་ནད་པ་ཚོལ་དུ་འགྲོ་བའི་ལམ་ལུགས་ངན་པ་འདིའི་ནད་པའི་ཚེ་སྲོག་སྐྱོབས་པ་ལ་ཕན་གྱི་ཡོད་དམ་གནོད་ཀྱི་ཡོད་དེ་ཡང་འཐེ་འཚོམས་ཆེན་པིའི་ནང་ལྷག་པ་ནས་ནད་པའི་ཁ་དང་རྣ་ལ་རྟགས་དཔྱད་བྱས་པའི་བརྒྱུད་རིམ་ནས་ཚ་བ་ཡོད་ན་ཀོ་ཝིད། མགོ་ན་ན་ཀོ་ཝིད། གློ་རྒྱབ་ན་ཀོ་ཝིད། རུས་ཟུག་རྒྱབ་ན་ཀོ་ཝིད། མིད་པ་ན་བ་སོགས་ཀོ་ཝིད་ལ་ངོས་འཛིན་གནང་ནས་ནད་པ་སྐྱེ་འཕེལ་གྱིས་ད་ཆ་འཛམ་གླིང་གི་ས་གནས་ག་ས་ག་ལ་ཀོ་ཝིད་ ༡༩ འམ་ཏོག་དབྱིབས་ནད་པ་མང་བས་འབ་འུབ་མི་འདུས་པའི་དུས་ངན་ཤར་འདུག་ན་སྨན་ཁང་ནས་ནད་པ་ཚོལ་དུ་འགྲོ་རྒྱུའི་ལམ་ལུགས་འདི་མཚམས་བཞག་ནས་ནད་པས་སྨན་ཁང་ཚོལ་དུ་ཡོང་དགོས་་པའི་ལམ་ལུགས་ལ་འགན་འཁུར་ནས་སྨན་ཁང་ནས་ནད་པ་ལ་དུས་ཐོག་སྨན་བཅོས་དང་ལམ་སྟོན་གནང་ནས་ནད་པའི་ཚེ་སྲོག་སྐྱོབས་དགོས་པ་ནི་སྨན་ཁང་གི་ལས་འགན་ཆེ་ཤོས་དེ་ཡིན་པའི་ངོས་འཛིན་ཡང་ཞུ་གི་ཡོད་ལ་གལ་ཆེ་ཤོས་དེ་འགོས་ནད་ག་འདྲ་ཞིག་ཡིན་ཀྱང་དེ་དག་ཁྱབ་འཕེལ་མི་འགྲོ་བའི་སྔོན་འགོག་ཆེད་ཁ་རས་དཀྲི་རྒྱུ་དང་གཅིག། ལག་པ་ཡང་སེ་འཁྲུ་རྒྱུ་དང་གཉིས། མི་དང་ཐུག་སྐབས་བར་ཐག་རིང་ཙམ་འཇོག་རྒྱུ་དང་གསུམ། མི་ཚོགས་མང་པོ་འདུ་འཛོམས་སར་མི་འགྲོ་བ་དང་བཞི། དོན་མེད་ཕྱི་འགྲོ་ཉུང་དུ་གཏོང་དགོས་པ་དང་ལྔ། ཆུ་སྐོལ་གྱི་རླངས་པ་ཁ་དང་རྣ་ལ་དུག་རྒྱུ་དང་དྲུག། དུས་ཐོག་སྨ་ཟ་རྒྱུ་དང་བདུན། རྒྱུན་དུ་སྒྲོལ་མའི་གཟུངས་དང་ལོ་མ་རྒྱུན་མའི་གཟུངས་སོགས་བསོགས་རྒྱུ་དང་བརྒྱད། ཆམ་ནད་ཕོག་ཚེ་རང་ཁྱིམ་དུ་ཟུར་བཀག་སྡོད་དགོས་པ་དང་དགུ། ཟས་བཅུད་ཚད་ལྡན་ལ་བསྟེན་དགོས་པ་དང་བཅུ། ཆུ་སྐོལ་ནང་ཚ་བཏབ་ནས་མིད་པ་ཡང་ཡང་ཤལ་དགོས་པ་དང་བཅུ་གཅིག། རྒྱུན་དུ་སྦྱིན་རྟེན་མ་ཎི་རིལ་བུ་སོགས་ཆུ་ནང་སྦངས་ནས་སྔ་དགོང་ཐུང་དགོས་པ་དང་བཅུ་གཉིས་བཅས་ནད་རིགས་བཞི་བརྒྱ་རྩ་བཞི་རླུང་མཁྲིས་བད་ཀན་ནང་མ་འདུས་པའི་ནད་གསར་ཚན་རྩལ་རིག་པ་དང་སྨན་པས་བསྟན་པའི་ཀོ་ཝིད་ ༡༩ འམ་ཏོག་དབྱིབས་ནད་ཡམས་འདི་སླེབས་པ་ནས་དེ་སྔའི་ཆམ་ནད་དང་རིམས་ནད་འགོས་ནད་རིགས་( ཆམ་ཚད། ་Flu ) ( གློ་ནད། TB ) ( འདར་ཚད། Malaria ) ( རུས་ཚད། Dengu ) ( རྒྱུ་ཚད། Typhoid ) སོགས་གོ་རྒྱུ་ཚོར་རྒྱུ་མེད་པ་ཆགས་པ་འདི་ཡང་གཏམ་བཟང་ཞིག་ཡིན་པ་བཅས་ཀོ་ཝིད་ ༡༩ འམ་ཏོག་དབྱིབས་ནད་ཡམས་ལ་དཔྱད་པའི་གཏམ་འདི་བཞིན་ཆམ་ནད་ཕོག་ཟིན་པའི་ནད་པ་དང་མ་ཕོག་པ་རྣམས་ལ་དམིགས་ནས་གང་ཟག་སྒེར་གྱི་ལྷག་བསམ་བཟང་པོའི་བསྐུལ་བའི་བསམ་ཚུལ་གླེང་པ་འདིའི་ཀྱང་འགྲོ་བ་མི་གི་ཚེ་སྲོག་སྐྱོབས་ཐུབ་པ་ལ་ཉི་མ་མེ་གྲོགས་དང་ཆར་པ་ཆུ་གྲོགས་སུ་རྒྱུུར་པའི་སྨོན་པ་བཟང་པོའི་རྒྱན་སྟེ་རེ་ཞིག་འདིར་འཇུག་བསྡུས་སོ།
གཞུང་པས། ༢༠༢༢ / ༠༡ / ༢༠