—རྭ་འཕྲིན
ད་སྐབས་ང་ཚོ་བོད་ཀྱི་སྤྱི་ཚོགས་ནང་ལ་ནད་འདི་འདྲ་ཞིག་ཕོག་འདུག གཞན་གྱི་སྐྱོན་དེ་མཐོང་མ་ཐག་རང་ཚུགས་བོར་འགྲོ་བ་དང་། སྐྱོན་ཏིལ་འབྲུ་ཙམ་ལ་བརྟེན་ནས་ཡོན་ཏན་རི་རབ་འདྲ་ཞིག་ཡོད་ན་ཡང་མཐོང་ཐུབ་ཀྱི་མི་འདུག སྤྱིར་བཏང་ཡིན་ན་སྐྱོན་ཐེར་འདོན་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་པ་བདེན་མོད། འོན་ཀྱང་སྐྱོན་ཀུན་བྲལ། ཡོན་ཏན་ཀུན་རྫོགས་ཀྱི་མི་ཞིག་མེད་པས་ན། ཁ་དཔེར་ཡང་། མྱི་སྐྱོན་མེད་འཛམ་བུ་གླིང་ན་མེད། ཤིང་འཛེར་མེད་རྒྱ་རྫོང་ནགས་ན་མེད་ཅེས་བཤད་པ་རེད།
དེའི་ཕྱིར་ང་ཚོའི་མི་ཞིག་གི་སྐྱོན་དེ་མཐོང་ཡོང་དུས་དང་པོ་ནས་འུར་ཟིང་ངེར་མ་བཏང་བར། དང་པོ་རང་ཉིད་ནས་སྔ་ཕྱི་བར་གསུམ་ལ་དཔྱད་ཞིབ་ནན་མོ་ཞིག་བཏང་། སྐྱོན་དེར་གནད་དགག་ཅི་ཙམ་ཞིག་འདུག་མིན། རྩ་དོན་དང་ཕྱག་ལས་ལ་འཐུས་ཤོར་ག་ཚོད་འགྲོ་མིན། སྐྱོན་དེ་བརྗོད་པ་ཡིན་ན་དགོས་པ་གང་དག་ཡོད་པ་དང་དགག་བྱ་གང་དག་ཡོད་པ་སོགས་ལ་བརྟག་དཔྱད་ཡང་ཡང་བཏང་བའི་རྗེས་ལ་ད་གཟོད་དཔྱད་ཐག་བཅད་ནས། དེ་ཙམ་གནད་འགག་ཆེན་པོ་མེད་ན་གླེང་རྒྱུ་ཡོད་མ་རེད།
གལ་སྲིད་དངོས་གནས་གནད་དོན་ཆེན་པོར་མཐོང་བ་ཡིན་ན་ཐབས་ལམ་ཡག་ཤོས་ཤིག་ལ་བརྟེན་ནས་ཕ་རོལ་བོ་ལ་གོ་བརྡ་གཏོང་རྒྱུ་དང་མུ་མཐུད་ནས་ཕན་ཚུན་བར་ལ་རྒྱུས་ལོན་བྱེད་ཨེ་ཐུབ་བལྟ་རྒྱུ་དེ་ཧ་ཅང་གལ་ཆེན་པོར་མཐོང་། ལྷག་པར་དུ་མི་ཆེན་དང་བླ་མ་དཔོན་པོ་སོགས་ལ་སྐྱོན་བརྗོད་བྱེད་རྒྱུ་དེ་ལས་སླ་བོ་ཞིག་གཏན་ནས་མ་རེད། དབུ་ཁྲིད་ཅིག་ལ་མཚོན་ན་བརྩི་མཐོང་འཇོག་དགོས་པ་དེ་ཤིན་ཏུ་གལ་ཆེ་ཤོས་རེད་བསམ། མཐོང་འཇོག་ཙམ་ཡང་མེད་ན་སྤྱི་ཚོགས་ཤིག་གི་དབུ་ཅི་ལྟར་ཁྲིད་དགོས་སམ། སྐྱོན་ཆུང་ཆུང་ཞིག་གླེང་ནས་འུར་འུང་ཟིང་ཟིང་དུ་བཏང་བ་ནི་མཐར་གཏུགས་ན་རང་གི་དབུ་ཁྲིད་ཀྱི་མཐོང་དེ་རང་གིས་མར་བཅག་པ་ལས་གཞན་མ་མཆིས་སོ། །
སྤྱི་ལོ་༢༠༡༦-༣-༦ ཉིན་ལས་ཞོར་དུ།
གནས་ལུགས་འདུག ལྷག་པར་དུ་ད་ལྟའི་དུས་འདི་ལ་གལ་ཆེན་པོ་རེད་བསམ་སོང་།
རྭ་འཕྲིན་ལགས་ཀྱིས་འོས་འཚམས་ཤིག་གསུངས་འདུག་པས་དགའ་བསུ་མི་ཉུང་བ་ཞིག་ཞུ། ང་ཚོས་མྱི་སྐྱོན་མེད་འཛམ་གླིང་འདིར་མེད་ཅེས་པའི་ཚིག་གི་གོ་དོན་བསམ་ཞིབ་ནན་པོ་གཏོང་དགོས་སམ་སྙམ། མྱི་སྐྱོན་མེད་འཛམ་བུ་གླིང་ལ་མེད།། ཅེས་པའི་གོ་དོན་ནི། སྐྱོན་ཆ་ཆུང་ཚགས་ཙམ་ཡང་མེད་པའི་མི་ཞིག་འཛམ་གླིང་འདིར་དཀོན་ཅེས་པའམ། བརྟག་པ་མཐའ་གཟུང་གིས་དབང་དུ་བྱས་ནས་དེ་འདྲའི་མི་ཞིག་མེད་ཅེས་པའི་དོན་དུ་འགྲེལ་ནའང་འགྲིག་གམ་སྙམ། ང་ཚོའི་དབུ་འཁྲིད་རེད་ཁོ་ལ་སྐྱོན་བརྗོད་ན་ང་ཚོའི་མཐོང་བརླག་པར་དོགས་པ་དེ་ཐད་བརྗོད་བྱས་ན་དོན་དངོས་ལ་དཔྱད་ཞིབ་དེ་ཙམ་སོང་མེད་སྣང་། མི་སུ་ཞིག་ལ་སྐྱོན་ཆ་ཡོད་ན་དངོས་པོའི་གནས་ཚོད་དང་མཐུན་མིན་ལ་གཞིགས་ནས་སྐྱོན་བརྗོད་བྱེད་དགོས། འདི་ནི་དམངས་གཙོའི་གྲུབ་ཆ་ཞིག་རེད། འོན་ཀྱང་། གཞི་མེད་སྐྱོན་བརྗོད་ནི་སྨྱུག་ཐོགས་པ་ཞིག་གི་ལས་བྱ་མ་རེད།
དཔལ་ལྡན་ལགས་བཀའ་དྲིན་ཆེ། རྩ་བའི་ཆ་ནས་ཚང་མའི་རྣམ་དཔྱོད་དང་ལྡན་པ། བསམ་བློ་གུ་ཡངས་པོ་ཞིག་གི་ཐོག་ནས་སྐྱོན་བརྗེད་བྱེད་ཐུབ་ན་”གཞི་མེད་སྐྱོན་བརྗོད” ཅེས་བའི་ཐ་སྙད་འདི་བེད་སྤྱོད་གཏོང་མི་དགོས་བ་ཞིག་ཡོང་གི་རེད་བསམ། དེ་དང་། སྐྱོན་ཆུང་ཆུང་ཅིག་མི་སུ་ཞིག་མཚོན་ན་ཡོད་རེད། ཨ་ཅང་ཅང་ཡོད་ཤག་བྱས་ན་ཐལ་དྲགས་ཡོད་མ་རེད། བྱས་ཙང་དེ་མཐོང་ཡོང་དུས་སྐབས་ལ་བསམ་བློ་གུ་ཡངས་ཤིག་ངེས་བར་དུ་གཏོང་ཐུབ་དགོས་ཀྱི་འདུག་སྙམ།
དངོས་པོ་ཐམས་བཅས་རྐྱོན་གྱི་ཕུང་པོ་རེད་།
ཤེས་བྱ་ཐམས་བཅས་ཡོན་ཏན་གྱི་ཕུང་པོ་རེད་།
རྐྱོན་ཡོན་གསལ་པོར་མཐོང་ན་མཁས་པ་ཡིན་།
གཞན་ཟེར་རྗེས་རྒྱུགས་བླུན་པོ་ཆུ་སྣ་འདྲེན་།
ཟེར་ཡང་ཟེར་ལ་བདེན་ཡང་བདེན་།
ཟེར་བའི་གཏམ་ལ་རྒྱུ་ཚན་འདུག་།
སྤེན་པ་ཚེ་རིང་མི་དངོས་ནས་གོང་སས་དུས་འཁོར་དབང་ཆེན་དང་འབྲེལ་ནས་ཞལ་རྫུན་བསྐྱོན་གྱི་འདུག་ལབ་སོང་། གོང་སས་ཞལ་རྫུན་བསྐྱོན་ཡོད་ན་ཁོང་ཉིད་བླ་མར་བཀུར་མཁན་ཚོ་ས་ལ་བརྡབ་ཡོད། གལ་སྲིད་ཞལ་རྫུན་གསུང་མེད་ན། སྤེན་པ་ཚེ་རིང་འདི་ལྟར་རྒྱ་ཡན་དུ་གཏོང་མི་རུང་། གོང་སར་བློ་ཕམ་བྱུང་ནས་སྐུ་ཚེ་བཞུགས་ཡིན་ཇེ་ཐུང་དུ་འགྲོ་ངེས་ཡིན། འདི་ལ་སྤེན་ཚེ་ལ་རྒྱབ་བསྐྱོར་བྱེད་མཁན་ཚོས་ཀྱང་བསམ་བློ་གཏིང་ཟབ་གཏོང་རན་ཡོད།
ཀརྨ་ལགས་ངའི་སྲིད་སྐྱོང་འོས་མི་དང་དུས་དབང་ཕྱིར་འགྱངས་སོགས་ལ་སྐད་ཆ་བཤད་ཀྱི་མེད་ལ་བཤད་འདོད་ཀྱང་མེད། རྒྱུ་མཚན་ནི་འདི་གོ་སྐབས་དམ་འཛིན་པ་དང་སྒེར་དོན་ཁོ་ན་གཉེར་མཁན་ཚོའི་དོན་དག་ཅིག་རེད་བསམ།