མི་ཉག་སྐལ་བཟང་།
སྤྲིན་ལང་ལོང་ཁ་དོག་དམར་ནག་རེད།།
དུས་ངེས་མེད་གློག་ཞག་འཁྱུག་འཁྱུག་རེད།།
དགུང་ཉི་མའི་དྲོད་ཤུགས་ཇེ་ཆུང་རེད།།
སྡུག་ཁུར་པོ་ཡོད་ཚད་ལས་དབང་རེད།།
གནམ་སྐྱ་བོ་ཡོངས་རྫོགས་ཐལ་རྡུལ་རེད།།
དུས་ངེས་མེད་བུ་ཡུག་འཚུབ་འཚུབ་རེད།།
དུང་ཟླ་བར་ནག་ཐིག་ཇེ་མང་རེད།།
སྡུག་ཁུར་པོ་ཡོད་ཚད་མྱ་ངན་རེད།།
ལྷོ་འཛམ་གླིང་ལྕགས་ཁང་སྒོ་མེད་རེད།།
དུས་ངེས་མེད་མུན་པ་མུན་ནག་རེད།།
མགོན་སྐར་ཆེན་གདུང་བ་ཇེ་ཆེ་རེད།།
སྡུག་ཁུར་པོ་ཡོད་ཚད་མིག་ཆུ་རེད།།
བྲག་གཟར་པོ་ས་རོ་རྡོ་རོ་རེད།།
དུས་ངེས་མེད་སྨུག་པ་ཐིབ་ཐིབ་རེད།།
དགུང་སྐར་ཚོགས་དམུས་ལོང་ཇེ་མང་རེད།།
སྡུག་ཁུར་པོ་ཡོད་ཚད་ངུ་འབོད་རེད།།
ཡུམ་ སྙན་ཐག་ཆོད་བྲིས་འདུག ད་དུང་ཡར་རྒྱས་ཡོང་བར་སྨོན།
བོད།
བོད་བཙན་པོའི་རྒྱལ་ཁབ། །
ོབོད་གཞིས་བྱེས་ཕ་གཞི། །
བོད་ཆོལ་གསུམ་བོད་རིགས།
བོད་མཐུན་ལམ་གཅིག་སྒྲིལ། །
བོད་མིས།
ཆོས་བན་བོན་དམ་ཆོས། །
ལུས་དལ་འབྱོར་མི་ལུས། །
སེམས་དད་པས་བདེ་ཉམས། །
ངག་བོད་ཕན་སྐད་འབོད། །
བོད་རིགས་ཀྱིས།
བོད་གཞིས་བྱེས་གྱེས་ནས། །
སྡུག་འཁུར་བ་བཟོད་པ། །
ས་ཛམ་གླིང་ཀུན་ལ། །
མིག་དཔེ་བཟང་ཁྱབ་པ། །