ཁྲོ་གཏུམ།
ཉི་མས་ང་ཡི་བློ་ཁ་མེ་ལ་སྒྲོན་
ལུས་ཀྱི་དངུལ་ཆུས་དེ་བཞིན་མེ་
དངངས་འཚབ་མ་ཡིན་སྐྲག་སྣང་མ་ཡིན
གང་ལྟར་ང་རང་བདེ་འཇགས་གནས་སུ་བློ་ཐག་རིང
ཐ་མག་གི་དོད་དུ་སྙུ་གུ་ཁ་རུ་བཙུ
སྔས་འབོལ་ཚུལ་དུ་དེབ་ཀྱི་ཞལ་ཁ་
གཏི་མུག་མ་ཡིན་འཆར་ཡན་མ་ཡིན
གང་ལྟར
ང་རང་ཤེས་ཡོན་པ་ཡི་སེམས་སྣེར་
2013/4/15འཛིན་གྲྭ་ཡོངས་གྲོལ་ཤུ
༼གཏི་མིག་མ་ཡིན་འཆར་ཡུན་མ་ཡིན༽འདི་རྩོམ་པོ་སུ་ཡིན་ནམ།
ཁྱེད་ཀྱི་སེམས་ཀྱི་བར་སྟོང་དེ་གང་ནས་སླེབས་པ་རེད་དམ། ཁྱེད་ཀྱི་སྟོང་སྣང་དེ་རང་ཉིད་ལ་ཡིད་ཆེས་ཆུང་རུ་སོང་བའི་རྟགས་རེད་དམ། མཚམས་ལན་རེར་ཐག་རིང་དུ་སྣང་བ་དེ་ཐག་ཉེའི་བྱ་དངོས་ལས་འབྱུང་སྲིད། ཧཧཧ གྲོགས་པོ་ཁྲོ་གཏུམ་ལགས།
གྲོགས་པོ་གཉིས་ཕེབས་བསུ་དང་བཅས་དྲ་གྲོགས་རས་པ་ལ།
འཕར་མཆོངས་དང་དབྱངས་འགྲོས་འཆོལ་དུ་བཅུག་ནས་བྲིས་པ་ཡིན།
གང་ལྟར་སེམས་ཁམས་ནི་ལན་རེར་ཆེ་ལ་ལན་རེར་ཆུང་བའི་སྣང་ཚུལ་ལ་ཡང་འགྲེལ་ཕོགས་ཡོད་པར་བསམ་ཆོག