ཁྲོ་གཏུམ།
ཉི་མས་ང་ཡི་བློ་ཁ་མེ་ལ་སྒྲོན་པར་འབད་པ་འདྲ་ལེ་བར
ལུས་ཀྱི་དངུལ་ཆུས་དེ་བཞིན་མེ་འགོག་གྲ་སྒྲིག་བྱེད་པ་འདྲ་ལེ་རུང
དངངས་འཚབ་མ་ཡིན་སྐྲག་སྣང་མ་ཡིན
གང་ལྟར་ང་རང་བདེ་འཇགས་གནས་སུ་བློ་ཐག་རིང
ཐ་མག་གི་དོད་དུ་སྙུ་གུ་ཁ་རུ་བཙུགས་པའི་གཏམ
སྔས་འབོལ་ཚུལ་དུ་དེབ་ཀྱི་ཞལ་ཁ་མལ་ཁྲིའི་གཡས་གཡོན་ཀུན་ཏུ་དགོད་ཀྱང་རུང
གཏི་མུག་མ་ཡིན་འཆར་ཡན་མ་ཡིན
གང་ལྟར
ང་རང་ཤེས་ཡོན་པ་ཡི་སེམས་སྣེར་འཇུ་བའི་ལག་པ་ཐུང
2013/4/15འཛིན་གྲྭ་ཡོངས་གྲོལ་ཤུད་དུ།