རེབ་ཐོག་མདའ།
ས་གཞིས་ལྗང་མདོག་གྱོན་པའི་དུས་ཚིགས་ཤིག་ལ།།
རྒྱུ་སྐར་གྲངས་ཀ་བརྕི་བཞིན་སྦྲ་གར་སྦུག་ནས།།
ཁེར་འགྲོའི་ཟླ་བ་ཞིག་གི་རྨི་ལམ་རུམ་པས།།
བུ་མོའི་ཞལ་རས་མ་བོར་སྒོམ་ནས་བསྡད་ཡིན།།
མེ་ཏོག་ནམ་ཟླ་དྲོ་བའི་དབྱར་དུས་ཤིག་ལ།།
གཡང་དཀར་ལུག་ཁྱུ་རྕེ་བའི་སྤང་ཐང་དེ་ནས།།
གཞས་ཆུང་ཁུགས་སོར་བཟི་བའི་བདག་གི་སེམས་པ།།
ཁྱོད་ཀྱི་འཛུམ་ཆུང་དམར་པོས་བརྐུས་པ་འདྲ་སོང་།།
ལོ་མ་སེོར་པོའི་རྣམ་ཤེས་རླུང་གིས་འཁུར་ནས།།
འགྲམ་གྱི་གཙང་པོ་བརྒལ་ནས་རྒྱང་ལ་བགྲོད་དུས།།
ལམ་འགྲམ་སྡོམ་སྐམ་འགྲམ་ནས་སྙིང་གཏམ་གླེང་སྐབས།།
ཁྱོད་ཀྱིས་བདག་ལ་འཆད་པའི་ཚིག་དེ་དྲན་ཡོད།།
ནམ་ཟླ་འཁྱག་ལ་འབྱར་བའི་ཁ་སང་ཞིག་ལ།།
ལས་ཀྱི་ཁ་ཡིག་མི་གཅིག་སོ་སོར་བྲིས་ནས།།
ང་དང་ཁྱོད་ཀྱིས་གཉོར་བའི་བརྕེ་བའི་མེ་ཏོག།
ཙག་དང་བསེར་བུའི་ཀློང་ན་གྲང་འདར་ལྷུང་འདུག།
ཕྱི་ལོ ༢༠༡༣ ལོའི ༣ཚེས ༡༤ དགོང་མོར་རང་ཤག་ནས་བྲིས།
དུས་ཚིགས་བཞིར་ལ་སྦྱར་བའི་སྙན་ངག་སྙན་མོ།།
དོན་བཟང་བརྩེ་བར་འཁྱུད་པའི་འཇིག་རྟེན་སྣང་བ།།
མེ་ཏོག་འཕྲེང་བར་བཀོད་པའི་མཛེས་སྡུག་ཅིག་གིས།།
ཁྲ་ཆུང་མིག་གི་མཆི་མ་གཙང་མར་ཕྱིས་སོང་།།
ས་ཆུ་དྲོད་ལ་འཐུམ་དུས།།
རྒྱུ་འབྲས་ལམ་དེ་མ་རྙེད།
ཆུ་རྙོག་ས་གཙང་དུས་ལ།།
མཚན་སྨད་རྨི་ལམ་ཙམ་རེད།
ཁ་ཆར་འདྲེས་མ་མོད་དུས།།
སྐྱིད་སྡུག་འདྲ་མིན་མྱངས་བཞག།
ནམ་ཟླ་འཁྱག་ལ་འབྱར་དུས།།
བརྩེ་སེམས་བྲང་ལ་ཁེངས་འདུག།
ཅི་འདྲ་འདྲའི་འཇིག་རྟེན་ཆོས་ཉིད་ཞིག། ཨ་བོ་རེབ་མདས་མྱང་བ་ལ་ཚོད་ཅིག་མི་འདུག།