ཐོས་པ་དགའ།
སང་ཉིན་གྱི་ནིའུ་ཡོག་དང་ནིའུ་ཇར་སིའི་ས་གཞོན་གསར་པའི་འོས་འདེམས་དང། མདང་ནུབ་ནི་བཀའ་ཁྲི་ཟུར་པ་ཟམ་གདོང་རིན་པོ་ཆེས་ནིའུ་ཡོག་དང་ནིའུ་ཇར་སི་མི་མང་ལ་དབུ་མའི་ལམ་དང་དོལ་རྒྱལ་སྐོར་བཀའ་སློབ་བསྩལ་བར་ཕེབས་པ་གཉིས་ལ་ངས་རང་བཞིན་གྱིས་དོགས་པ་ཞིག་སྐྱེས་བྱུང་། གཅིག་བྱས་ན་ས་གནས་འདིར་རྟེན་འབྲེལ་བཟང་པོ་ཞིག་ཡིན་སྲིད་ཀྱང་། ཡང་ཕྱོགས་གཅིག་ནས་ས་གཞོན་འདིའི་རྙོག་གླེང་དེ་ཇེ་སྡུག་ཏུ་འགྲོ་བའི་སྔ་ལྟས་ཤིག་ཀྱང་ཡིན་མི་སྲིད་པ་མིན།
ངས་མདང་ནུབ་ཀྱི་གནད་དོན་གསུམ་དང་འབྲེལ་ནས་བྲིས་པ་ཞིག་ཡིན། རིན་པོ་ཆེ་ནས་དབུ་མའི་ལམ་གྱི་བཀའ་སློབ་ནི་མི་ལོ་བཅོ་ལྔའི་རིང་གྲོས་ཚོགས་དང་། རླུང་འཕྲིན། དཔེ་དེབ། མི་མང་འདུ་འཛོམས་སོགས་བརྒྱུད་ལམ་སྣ་མང་ཞིག་གི་སྟེང་གསུངས་གྲུབ་ལུགས་ནི་རིན་པོ་ཆེ་རང་ངོས་ནས་བཀའ་སློབ་སྐབས་ངོས་ལེན་ཞུས་སོང་། ད་ཆ་ས་གནས་འདིར་ཆེད་མངགས་བཅར་ཏེ་མི་མང་ལ་དབུ་མའི་ལམ་གྱི་བཀའ་སློབ་ཡང་བསྐྱར་གནང་བར་ཕེབས་དོན་དེ་གོ་སྒྲིག་ཞུ་མཁན་ཚོའི་ངོས་ནས་དགོས་མཁོ་དང་ཛ་དྲག་སོགས་གནས་སྟངས་གང་འདྲ་ཞིག་ལ་གཟིགས་མིན་ངས་གསལ་པོ་ཤེས་མ་སོང་བས། རང་བཞིན་གྱིས་བློ་ངོར་དོགས་པ་དང་ཐེ་ཚོམ་ཞིག་སྐྱེས་བྱུང་།
གཉིས་པ་ནི་རིན་པོ་ཆེ་ནས་དབུ་རང་བར་གྱི་རྩོད་གླེང་དེ་ནི་ང་ཚོ་ནང་ཁུལ་ཁ་གཏད་གཅོག་རེས་མ་ཡིན་པར་དགྲ་བོར་ཁ་གཏད་ནས་གདོང་ལེན་བྱེད་དགོས་ལུགས་གསུངས་ནན་མོ་གནང་བ་བདེན་མོད་ཀྱང་། སྤྱི་ཡོངས་ནས་རིན་པོ་ཆེའི་བཀའ་སློབ་ལ་གཞིགས་ན་ཁོང་རང་ཉིད་སྨྲ་བརྗོད་མཁས་པས་ཤུགས་ཤུགས་ལ་རང་བཙན་རྩོད་ལེན་པ་ཚོར་ཁ་བརྡུང་ནན་མོ་བཏང་བ་ནི་ཧ་ཅང་མངོན་གསལ་ཆེ་བས་མི་མང་ཡང་ཟློག་སྒྲ་གཅིག་རྗེས་གཉིས་མཐུད་རེད་འདུག དེ་ནི་སྐུ་ཉིད་ཀྱི་སྨྲ་བརྗོད་རང་དབང་ཡིན་ཀྱང་དེ་བཞིན་ཁ་གཏད་ཚོ་ལ་ལོས་ཡོད་དགོས།
གནས་ཚུལ་གསུམ་པ་དེ་ནི་དྲི་བ་དྲིས་ལན་ཞིག་གི་སྐབས། མི་ཞིག་གིས་དབུ་མའི་ལམ་ལ་མོས་པ་ཅན་ཞིག་ས་གནས་གཞོན་ནུའི་ནང་འཛུལ་ན་འོས་འཚམས་ཡིན་མིན་གྱི་དྲི་བ་ཐད་ཀར་གཅིག་བཀོད་པ་རེད། དེ་ལ་རིན་པོ་ཆེ་ནས་ཐད་ཀར་ལེན་འདེབས་མ་གནང་བར་གཞོན་ནུའི་རྩ་ཁྲིམས་ཀྱི་སྦྲུ་དོན་ནང་དོན་ཚན་དང་པོ་དང་བཞི་པ་གཉིས་ལ་འགལ་བ་ཡོད་ལུགས་དང་། དེ་དག་གཞོན་ནུ་ནང་ཁུལ་ཁ་གསལ་བཟོ་དགོས་པ་དང་། དེ་མ་བཟོས་ན་རྙོག་གླེང་ཡོང་ངེས་ཡིན་པ་དང་། ད་དུང་གསུམ་ཆ་བཞི་ཡིས་རྒྱབ་སྐྱོར་བྱུང་ན་གཞོན་ནུའི་རྩ་ཁྲིམས་ལ་བཅོས་བསྒྱུར་གཏང་ཆོག་པ་གསུངས་སོང་ནས། གང་ལྟར་དབུ་མར་མོས་པ་ཅན་ཞིག་གཞོན་ནུར་འཛུལ་ན་འགལ་བ་ཡོད་པ་ཁ་གསལ་བཟོ་རྒྱུའི་ཚབ་ཏུ་ཤུགས་ལ་གཞོན་ནུའི་རྩ་ཁྲིམས་ཀྱི་འགལ་འདུ་ལ་བསྙད་ནས་སྐྱོན་ཆ་དེ་ལས་བྱུང་བ་ལྟ་བུ་གསུངས་ནས་འདམ་མ་འདེམ་མའི་ངང་ཚོགས་འདུ་གྲོལ་བ་རེད།
ཡིན་ནས་སང་ཉིན་ནི་ས་གཞོན་གྱི་འོས་བསྡུ་རེད། ཡ་མཚན་པ་ཞིག་ལ་འོས་བསྡུ་དེ་ནི་གཞོན་ལྷན་གྱི་ཚོགས་མི་ཡིན་མིན་ལ་མ་ལྟོས་པར་མི་མང་སུ་འོང་གིས་འོས་འཕེན་ཆོག་པའི་སྔ་སྲོལ་ཞིག་ཡོད་ས་རེད། བྱས་དུས་མི་མང་ཕལ་མོ་ཆེ་ནི་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་པ་ནི་ཤེས་གསལ་ཡིན་ལ། ལྷག་པར་དུ་བཀའ་ཁྲི་མཆོག་གི་བཀའ་སློབ་གསལ་ལྷམ་མེར་ཡོད་པས། ལམ་དབུ་མར་མོས་པ་ཅན་རྐྱང་གཅིག་མི་སླེབས་པས་ངེས་པ་མེད།
དྲ་ལམ་ཁག་ལ་གཞིགས་ན་ས་གཞོན་འོས་མི་ཚོགས་ཁག་གཉིས་ཡོད་ས་རེད། ངས་རེ་བ་ནི་མཐར་སང་ཉིན་གྱི་འོས་བསྡུ་དེ་སླར་ཡང་བདེ་སྲུང་མི་སྣ་འབོད་ནས་གསུམ་དུས་ཀྱི་དོན་རྐྱེན་བསྐྱར་ཟློས་ཤིག་མི་ཡོང་རེ་བ་ཞུ་རྒྱུ་ཡིན།
ངས་བསམ་པར་ཁོང་བླ་མའི་མཚན་གནས་རང་བཞིན་ངེས་ཤེས་བརྙེས་ཏེས་ཆབ་སྲིད་འཁྲབ་བསྟོན་འཁྲབ་འཚམས་བཞག་ནས་ཆོས་བཤད་ཀྱི་མཛད་འཕྲིན་བསྐྱོང་བཞིན་པ་རེད་དྲན་ཡོད། འོན་ཀྱང་ད་བྱེད་དུས་བླར་རྒན་གྱི་ཆབ་སྲིད་འཁྲབ་བསྟོན་འཁྲབ་འཚམས་བཞག་མེད་པ་རེད། ཡ་མཚན་རེད། ལམ་དབུ་མའི་སྲིད་དོན་འཚོང་པའི་འཚོང་རྒྱུགས་འགྲོ་ལམ་པེ་ཅིང་ནས་བཀག་དང་འགོག་བཞིན་ཡོད་ཀྱང་ད་དུང་བླར་རྒན་གྱིས་འཚོང་རྭ་གསར་པ་ཞིག་ཇི་ལྟར་འབྱེད་རྒྱུ་ཡིན་ནམ། ད་ནི་ནམ་རིང་ན་རྨི་ལམ་ལམ་མང་ཟེར་བ་དེ་བདེན་ཁ་བྱིན།
ངེས་ཤེས་བརྙེད་ལ་བཅོས།
དབུ་མའི་ལམ་ལ་བསྙད་ནས་བོད་ཀྱི་སྤྱི་ཚོགས་ནང་མགོ་རྙོག་བཟོ་མཁན་གཙོ་བོ་གཅིག་ནི་བཀའ་བློན་ཁྲི་ཟུར་ཁོང་རེད། ད་རེབ་ཁོང་དུས་ཚོད་ངེས་ཅན་ཞིག་གི་སྐབས་ལ་ནེའུ་ཡོག་ལ་ཆེད་ཕེབས་གནང་ནས་དབུ་ལམ་སྐོར་གཙོར་བྱས་ཏེ་བཀའ་སློབ་གནང་བ་འདི་རང་བཞིན་གྱིས་བློ་དོགས་སྐྱེ་གཞི་ཞིག་ཆགས་འདུག
དེ་དང་དུས་མཚུངས་ཙམ་ལ་བཀའ་ཟུར་ཁོང་གི་ཕྱག་རོགས་ཨ་རིའི་དོན་གཅོད་ཟུར་བ་བློ་བཟང་སྙན་གྲགས་ལགས་ཀྱིས་གཙོ་སྒྲུབ་བྱས་ཏེ་༼དབུ་མའི་ལམ་གྱི་གཞོན་ནུའི་མཐུན་ཚོགས་༽ཞེས་པའི་ཚོགས་པ་ཞིག་གསར་བཙུགས་བྱས་འདུག་པ་སོགས་ལ་བསམ་ཞིབ་བྱ་གཞི་ཞིག་ངེས་པར་དུ་ཡོད་སྣང་དྲན།
་་་་་་་་་་་་ དྲ་ལམ་ཁག་ལ་གཞིགས་ན་ས་གཞོན་འོས་མི་ཚོགས་ཁག་གཉིས་ཡོད་ས་རེད། ངས་རེ་བ་ནི་མཐར་སང་ཉིན་གྱི་འོས་བསྡུ་དེ་སླར་ཡང་བདེ་སྲུང་མི་སྣ་འབོད་ནས་གསུམ་དུས་ཀྱི་དོན་རྐྱེན་བསྐྱར་ཟློས་ཤིག་མི་ཡོང་རེ་བ་ཞུ་རྒྱུ་ཡིན། ་་་་་་་་་་་་་་
ད་་་དཀྲུགས་མཁས་དབང་ཟམ་གདོང་བླ་མ་དེ་ན་བསླེབས་ཚུར་དུས་ཡག་བ་ཞིག་ཅང་ཡོང་གྱི་མེད་ཐག་ཆད་ཚར་བ་རེད། བོད་རང་བཙན་ལ་ཁ་ཞེ་གཉིས་མེད་ཡིན་མཁན་དང་ཤི་སྲོག་ལ་ཐུག་ཀྱང་བློས་གཏོང་བྱེད་ཀྱི་མིན་ཟེར་མཁན་ཚོ་མཐའ་རུ་ཕུད་འོང་གི་རེད།
ལངས་ཕྱོགས་བརྟན་པོ་མེད་མཁན་ཚོ་འགྱུར་འགྲོ་གི་རེད། ཡིན་ཀྱང་སྐྱིད་སྡུག་ཡག་ཉེས་ཅི་བྱུང་ཡང་བོད་རང་བཙན་བློས་གཏོང་གི་མིན་ཟེར་མཁན་བོད་མི་དེ་དག་དོལ་ཚོགས་བཞིན་མཐའ་རུ་ཕུད་འོང་གི་རེད། གནས་ཚུལ་དཀའ་ངལ་ཅན་འདི་འདྲའི་འོག་ཏུ་བོད་རང་བཙན་གྱི་ཆེད་དུ་དམ་ཚིག་རྡོག་རྩ་ཆིག་སྒྲིལ་བྱེད་མཁན་ཁྱུ་གཅིག་སླེབས་འོང་གི་རེད། བོད་མི་དེ་དག་ནི་རྒྱལ་བཙོང་བ་ཚོའི་ཁ་གཏོད་ཀྱི་དགྲ་བོ་ཞིག་ལ་འགྱུར་ངེས་རེད།
་་་་་་་་་་་་་ གནས་ཚུལ་དཀའ་ངལ་ཅན་འདི་འདྲའི་འོག་ཏུ་བོད་རང་བཙན་གྱི་ཆེད་དུ་དམ་ཚིག་རྡོག་རྩ་ཆིག་སྒྲིལ་བྱེད་མཁན་ཁྱུ་གཅིག་སླེབས་འོང་གི་རེད། ་་་་་་་་་་་་་་་
ད་མི་ཤེས། ཨ་རི་ལ་ཕེབས་ནས་མང་གཙོ་ཡང་དག་ཅིག་བོད་པ་ལ་སྤྲོད་ཀྱི་འདུག གཞོན་ནུའི་ལངས་ཕྱོགས་རང་བཙན་ཡིན་པ་སྙོན་དུ་མེད་པ་རེད། དེ་ལ་བསྒྱུར་བཅོས་དགོས་ཡ་མེད་རེད།
སྤྲོད་ཀྱི་མིའདུག བཅོས།
བཀའ་ཁྲི་ཟུར་བ་ཁོང་ལྟ་བུའི་ཤེས་འཇོན་མངའ་བ་བཙན་བྱོལ་སྤྱི་ཚོགས་ན་དཀོན་པོ་ཡིན། གུང་ཁྲན་གྱིས་ཁོང་གཙོས་བཙན་བྱོལ་གྱི་མི་སྣ་ཁག་ཅིག་དབྱིན་སྐད་ནང་༼most wanted༽ ཐོ་ཁོངས་སུ་ཡོད་པ་དག་ནི། བཀའ་ཟུར་རྒྱ་རི་རིན་པོ་ཆེ། གཞོན་ལྷན་གྱི་ཚོགས་གཙོ་ཟུར་བ་ཚེ་དབང་རིག་འཛིན་བཅས་ཡིན་པས། དཔྱོད་ལྡན་རྣམས་ཀྱི་དགོངས་བཞེས་ཡོད་པ་ཞུ།
བོད་གཞུང་གི་ལངས་ཕྱོགས་ལ་དོན་ངོ་མ་གཞོན་ལྷན་ཚང་གནོད་གི་ཡོད་པ་འེ་རེད།
ཨོ་ཡ་རེད
གང་ལྟར་མྱི་བདག་གཉིས་ལ་གང་བྱེད་འདི་བྱ་མེད་པར་ཆགས་སོང་། རྗེས་སུ་མི་ཡོང་པའི་སྨོན་ལམ་འདེབས།
སྤྱིར་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྲིད་དོན་ཕྱག་ལས་གནང་འཚམས་བཞག་ཡོད་པས། ཁོང་གི་ཡེ་ཤེས་དབྱིངས་དཔྱད་ལ་ཡིད་ཆེས་ཡོད་མཁན་དང་། སྒོས་སུ་དགེ་འདུན་པ་ཞིག་ལ་མིག་དཔེ་ཡིན་ངེས་རེད། འོན་ཀྱང་། ཟམ་གདོང་རིན་པོ་ཆེ་མཆོག་གིས་དཔལ་ལྡན་རྒྱུད་སྟོད་དུ་དགེ་ལུགས་པའི་རུ་འདྲེན་པ་ལྟ་བུའི་དགེ་བཤེས་ཡོངས་ལ་བཀའ་དབང་ཐེངས་ཁ་ཤས་གནང་རྗེས། ད་རེའི་ནེའུ་ཡོག་ནང་སྲིད་ཀྱི་བཀའ་དབང་གནང་འགོ་ཚུགས་པའི་ཁར། ཁོང་གི་སྲིད་དོན་ཐུགས་སྲས་བློ་བཟང་སྙན་གྲགས་ལགས་ཀྱིས་ནེའུ་ཡོག་ནང་དུ༼དབུ་མའི་ལམ་གྱི་གཞོན་ནུ་ཚོགས་པ༽ཟེར་བ་ཞིག་བཙུགས་པའི་ཁྱབ་བསྒྲགས་བརྒྱུད་ལམ་ཁག་ཏུ་ཐོན་པ་ནི་གནད་དོན་ཆུང་ཆུང་ཞིག་རྩ་བ་ཉིད་ནས་མ་རེད་ལ། རིན་པོ་ཆེ་ཡི་ཞབས་སོར་དེ་གར་འཁོད་པ་དང་དུས་མཉམ་ཡིན་དོན་ཡང་ལྟོས་དབང་ཞིག་དེ་བས་ཀྱང་མིན། ན་ནིང་དབུས་གཞོན་ནུ་ཁག་གཉིས་རུ་གྱུར་སྐབས་ལྟར་ད་རེའི་ས་གནས་གཞོན་ནུས་འོས་འདེམས་བྱེད་སྐབས་ཟམ་གདོང་རིན་པོ་ཆེ་ཕེབས་ཡོད། འདི་ནི་ཁ་དབུ་མའི་ལམ་ལ་གཡར་ནས་དགེ་ལུགས་པའི་ཁྱད་དབང་ངམ་སྲིད་དོན་དབང་ཆ་སྲ་བརྟན་དུ་གཏོང་བར་དམིགས་པའི་རྣམ་པ་འགྱུར་བའི་ལྡོག་རྒོལ་ཞིག་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ནུས་པ་མེད་བརླག་བཟོ་བའི་བྱ་སྤྱོད་ཡ་མ་བརླ་ཞིག་ཀྱང་རེད་ལ། མ་འོངས་པར་ཚོགས་པ་འདི་ནི་རྒྱ་ནག་གཞུང་གིས་བོད་མི་རིགས་རང་གིས་རང་ཉིད་ཀྱི་ལས་དབང་ཐག་གཅོད་བྱེད་པའི་འཐབ་རྩོད་ལ་གཏོར་བཅོམ་གཏོང་བའི་ལག་ཆར་འགྱུར་ཉེན་ཤིན་ཏུ་ཆེ། འགྱུར་སྲིད་པའང་བློ་བཟང་སྙན་གྲགས་ལགས་ཀྱི་བཀའ་བློན་ལས་གནས་ཀྱང་སྤྱི་རྒྱུ་སྒེར་སྤྱོད་བྱས་པར་བརྟེན་ནས་ཤོར་ཡོད་པས། དངུལ་དད་ཆེ་བ་དེ་རྒྱ་གཞུང་ལ་སྤྲོ་བ་ཡོད་པའི་ཆའང་ཡིན། ད་ཚང་མས་ཇི་དགའ་གང་དྲག་གསུང་རོགས།
ཐོས་པ་འགའ། དཀྲུག་ཤིང་མ་རྒྱབ། རིན་པོ་ཆེ་ནས་”དགྲ་བོར་ཁ་གཏད་དགོས་” གསུངས་པ་ཁྱེད་འདྲ་པོ་ལ་རེད། ཁྱེད་ཀྱི་ལངས་ཕྱོགས་གཞན་ཡིན་ན། སོ་སོའི་ལངས་ཕྱོགས་གང་ཡིན་པ་དེ་ཐོག ཐབས་ལམ་དམིགས་ཡུལ་སོགས་གསལ་བཤད་དང་། གནད་ཡོད་རྣམས་བརྗོད་དོན་དེ་དག་གི་ཐོག་བཀའ་སློབ་གནང་བར་གདན་འདྲེན་ཞུས་ན་འགྲིག་པ་རེད། གཞན་གྱི་ལངས་ཕྱོགས་གང་ཡིན་ཐོག་གསལ་བཤད་གནང་བར་མིག་ཚ་བ་ལྐུག་རྟགས་དང་། སྲིད་དོན་མི་ཤེས་པའི་རྟགས་རེད། དེ་ཁ་གཏད་ས་ནོར་བ་རེད།
ཨ་རི་གནས་བསྡོད་བོད་པ་འདི་དག་གིས་ཨ་སྒོར་མ་གཏོགས་གཞན་བསམ་གི་ཡོད་ས་མ་རེད། ཁྱེད་ཚོས་རང་དོན་སྒྲུབ་ཞོར་དུ་བོད་གི་འཐབ་རྩོད་ལ་ཕན་མི་ཐོག་ནའང་གནོད་མ་སྐྱལ་རོགས།།
ཟམ་གདོང་བླ་མ་དང་དེའི་ཕྱོགས་གཏོགས་ཚོས་རང་བཙན་རྩོད་མཁན་ཚོར་དངོས་ཤུགས་བརྒྱུད་གསུམ་ནས་རྒོལ་སྟངས་འདི་འདྲ་ཞིག་རྒྱ་དམར་པོར་རྒོལ་མི་ཐུབ་པ་འདི་ལས་ལྷག་པའི་གསལ་བཤད་ཅིག་མེད་ལ་དགོས་ཀྱང་མི་དགོས་སོ།
འཛམ་གླིང་འདི་ཡི་ནང་སུ་གང་གི་ཀྱང་མགྲན་ཟླ་མེད་པའི་མཁས་དབང་ཁྲི་ཟུར་ཟམ་གདོང་མཆོག་ལ་མ་ཉེས་ཁ་གཡོག་མ་བྱེད་ཨང་དྲ་འབུ་ཀླད་མེད་འཚོ།
ཨ་ཁ་ཆབ་སྲིད་པ་འདི་ཚོས་ད་ངོ་མ་འཁྲབ་ཡོང་གི་འདུག མ་གཞི་ནས་ཆབ་སྲིད་པ་དེ་ཚོའི་དབུ་ཁྲིད་པ་དེ་ཚོས་རང་གིས་སྔར་ཁས་བླངས་པའི་དམ་བཅའ་དེའི་རིགས་བསྒྲུབ་མ་ཐུབ་དུས་ཁག་སྣ་ཚོགས་ལ་དཀྲིས་ནས་གཡོལ་ཐབས་བྱེད་ཀྱི་ཡོད། དཔེར་ན། རྒྱ་གར་གྱི་སྲིད་བློན་པ་ཞིག་གིས་རང་གིས་དམ་བཅས་པ་དེ་ཉིད་མ་ཐུབ་དུས་་་པ་ཀིས་ཏན་ལ་རྙོག་ཁྲ་ཤོད་ཀྱི་རེད། ཨ་རིའི་སྲིད་འཛིན་པས་རང་གི་དེ་ཉིད་བསྒྲུབ་མ་ཐུབ་དུས་ཡུལ་ལུང་གཞན་ལ་དམག་བརྒྱབ་ཀྱི་རེད། རྒྱ་ནག་གིས་རང་གི་དེ་ཉིད་བསྒྲུབ་མ་ཐུབ་དུས་་་་འཇིགས་བསྐུལ་རིང་ལུགས་པར་བརྡུང་བརྡེག་གཏོང་གི་ཡིན་ཟེར་གྱི་རེད། དེ་ནང་བཞིན་བོད་ཀྱི་ཆབ་སྲིད་པ་ཚོས་རང་གིས་དེ་ཉིད་བསྒྲུབ་མ་ཐུབ་དུས། གཞོན་ནུ་ལ་ལེ་ཁག་དཀྲིས་ནས་ནང་ཁུལ་ལ་རྙོག་ཟིང་སློང་གི་རེད་ཡང་ན་ཚོགས་སྡེ་གཞན་པ་སོགས་ལ་བྱེད་ཀྱི་རེད་་་་དེ་ལས་མ་བྱུང་ན་ལྷ་རྩོད་འདྲེ་རྩོད་བྱེད་ཀྱི་རེད། ད་བཙན་བྱོལ་ནང་ནས་ཚོགས་པ་ཡག་ཤོས་གཞོན་ནུ་དེ་རེད་། ཡིན་ནའང་ལོ་ཤས་ནས་བཟུང་ཚོགས་པ་འདི་ཉམས་འགོ་བཙུགས་སོང།།རང་མགོར་ཆུ་བླུག་བླུན་པོ་ཆུ་སྣ་གར་འཁྲིད་ཀྱི་གཞོན་ནུའི་མིང་ཁུར་མཁན་འགའ་ཞིག་གིས་རང་གི་མགོ་ལ་རང་གིས་སྐྱག་ཆུ་བླུག་སོང། ཧུ་ཤུ།
ད་ཡང་ནང་རྒོལ་ཤོགས་ཁག་གིས་སྐད་རྒྱག་སྟངས་ལ་ལྟས་ན་ཁོ་ཚོ་ལ་ཁེ་ཕན་ཅུང་ཟད་ཅིག་ཐོབ་ཀྱི་ཡོད་པ་གོར་མ་ཆགས།
དབུ་མའི་གཞོན་ནུ་ཚོགས་པ་ཨེ། བོད་གཏོར་གཞོན་ནུ་ཚོགས་པ་ཡིན་ངེས། གངས་ཅན་པ་ཚོ། དགུ་གཏོར་ཞིག་བརྒྱབ་ནས་གཟུགས་ཅན་གཟུགས་མེད་འདི་དག་ཐལ་བར་ཐོངས་ཤིག བོད་ལ་སྐྱེ་མ་ཐག་ནས་རང་ཐག་རང་གཅོད་ཡོད། སུས་ཀྱང་འཕྲོག་མི་ཐུབ།
ལྷ་སྡེ་གནམ་ལོ་ཡག་ཟེར་བ་དང་ལུང་རྟོགས་ཟེར་བ་འདི་དག་ཧཧཧཧཧ། བོད་མིའི་ཞབས་འདྲེན་པ་འདི་དག་དུས་རྟག་ཏུ་ནང་ཁུལ་དཀྲུགས་ནས་བསྡད་ཡོད། དགེ་ལུགས་པའི་ཆབ་སྲིད་སྲ་བརྟན་གཏོང་ཆེད་རེད་ཅེས་བཤད་ནས་ཆོས་ལུགས་བར་དཀྲུགས་བཤིག་རྒྱག་སྟངསའདི་ལ་ལྟོས་དཱ། ཆོས་བརྒྱུད་བཞིའི་བར་དུ་དཀྲུགས་བཤིག་རྒྱག་དགོས་བསམ་པ་རེད། བོད་ཀྱི་ཆོས་བརྒྱུད་པ་ཡོངས་མི་ངན་འདི་ཚོའི་སྐད་ཆ་ལ་དབུ་འཁོར་ག་ལ་རུང་། ཁོ་ཚོས་དཀྲུགས་བཤིག་ག་འདྲས་སེ་རྒྱག་དགོས་བསམས་ནས་བསྡད་ཡོད།
བོད་གངས་ཅན་པ་རྒྱལ་གྱུར་ཅིག
ནིའུ་ཡོག་གི་གཞོན་ནུ་ཚོགས་པ་ཚོ། དབུ་མའི་ལམ་དུ་བསྒྱུར་སོང་། ཟམ་གདོང་བླ་མའི་བཀའ་སློབ་ཀྱི་འབྲས་བུ་ཐོན་སོང་། xxxxx
གནམ་ལོ་ཟེར་བ་xxxxxདེས་ཀྱང་དཀྲུག་ཤིང་འདྲ་རྒྱབ་ཁུལ་བྱེད།གནམ་ལོ་ལྟ་བུ་དེ་ཚོ་ཟམ་གདོང་གཞུང་གི་བཀའ་དྲིན་གྱིས་ཨོ་སི་ཁྲི་ལི་ཡར་བཏང་བ་མ་གཏོགས།རྡ་སར་རང་ཁ་ཙམ་ཡང་མི་སོས་པའི་རིགས་རེད་ད།གཞན་གྱི་བཀའ་དྲིན་གྱིས་སྤུ་ཅུང་ཟད་ཐོག་ཡོང་དུས་ཁ་ཕོ་གནམ་ལ་མོ་གཤོངས་པ་འདྲ་བྱེད།ཡ་མཚན།དེང་སང་གི་མི་འདི་ཚོར་དངོས་གནས་ངོ་ཚ་མི་འདུག།བར་སྐབས་འདིས་༧གོང་ས་མཆོག་ལའང་མཚན་སྨད་བློ་ཡུལ་དུ་མ་གཤོངས་པ་མང་པོ་བྱས་སོང་།དཔེར་ན།༧གོང་ས་བཅུ་གསུམ་པ་བོད་རང་བཙན་བྱས་ཡོད་ནའང་།༧གོང་ས་བཅུ་བཞི་པས་བོད་བཙོང་པ་རེད་ཚུན་བཤད་སོང་།མི་འདི་ཡང་དཔལ་འབྱོར་ཚེ་རིང་གི་ཨབ་ཕྲུག་ཅིག་ཡིན་ས་རེད་ད།ངེས་པར་གཟབ་དགོས་ས་ཅིག་ཡིན་ས་རེད།ཡག་རྟགས་མི་འདུག
ཟམ་གདོང་རིན་པོ་ཆེ་མཁས་པ་ཡིན་མིན་ལ་རྩོད་པ་རྒྱབ་ཀྱི་མེད། གཞུང་ལུགས་ལ་མཁས་ཀྱང་རྒྱ་བོད་དཀའ་རྙོག་སེལ་བའི་ཐབས་ལ་མཁས་དགོས་པས་ཁྱབ་པ་མེད། ཆབ་སྲིད་རྩག་རྩིག་ས་གཞོན་འོས་བསྡུ་རྒྱལ་ཁ་ཐོབ་ཐུབ་པ་དང་བོད་མི་སྒྲིག་འཛུགས་འགོ་ཁྲིད་པ་ཙམ་གྱི་བོད་ཀྱི་ཆབ་སྲིད་ཀྱི་དཀའ་གནད་དེ་སེལ་ཐུབ་པ་མེད། ལོ་ངོ་བཞི་བཅུའི་རིང་དབུ་མ་རྩོད་ནས་མི་རྒྱུ་གཉིས་ཀའི་འགྲོ་སོང་དེ་འདྲ་ཞིག་བཏང་ནས། མཐར་བོད་མི་བརྒྱ་ལྷག་ཚེ་སྲོག་ཤོར་དགོས་དོན་དེ་དབུ་མས་བོད་ནང་གི་གནས་སྟངས་ལ་འགྱུར་བཅོས་མ་ཐུབ་པའི་གདན་རྟགས་ཤིག་རེད།
ངས་མང་པོ་མི་སླེང་། སྤྱིར་མི་ཡི་རང་བཞིན་ནི་བསམ་བློ་ཉམས་ཞིབ་ལྟར་ན། བསམ་བློ་གཏོང་འགྱུར་གཏོང་ཕོད་ཧ་ཅང་ཆེ་བ་ཞིག་རེད། གང་བྱུང་བྱུང་བླུན་པོ་ཆུ་སྣ་གར་ཁྲིད་ལྟར་འགོ་ཁྲིད་མཁན་ཞིག་དང་ལྟ་རྒྱབ་འགྲིག་ཙམ་ཡོད་ན་དེ་གས་ཆོག་ནས་བསམ་བློ་མང་པོ་གཏོང་འགྱུར་འདུན་པ་ཡོད་མ་རེད། མི་མང་ནས་མང་མོས་ཐོག་དབུ་མར་རྒྱབ་སྐྱོར་བྱེད་པ་དེ་ཡང་རྒྱུ་མཚན་དེ་རང་ཡིན་རྒཡུ་རེད་བསམ་གྱི་ཡོད། དེ་མིན་ལ་ལོ་བཞི་བཅུ་ལྷག་བཤད་ཟིན་པའི་དབུ་མའི་ལམ་ལ་ཡང་ཡང་མི་མང་ནང་ཡོང་ནས་ཟབ་སྦྱོང་སྤྲོད་དགོས་དོན་རྒྱུ་མཚན་ངས་བཅང་མཐོང་མ་སོང་། སོང་ཙང་ད་བར་གྱི་དབུ་མའི་ལམ་གྱི་ཁེ་ཕན་ཆེ་ཤོས་དེ་བྱེས་ཀྱི་བོད་མི་ལ་ཐོབ་ཡོད། ཕྱི་རྒྱལ་གྱི་རོགས་སྐྱོར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སྐྱབས་བྱོལ་སོགས་ཁེ་ཕན་ཧ་ཅང་མང་པོ་ཐོབས་ཡོད། དེ་དག་ནི་བོད་ནང་གི་གནས་སྟངས་ཇེ་སྡུག་ཏུ་སོང་བ་ལ་བརྟེན་ཐོབ་པ་ཞིག་ཡིན། དེ་འདྲ་སོང་ཙང་ལྟོ་རྒྱབ་འགྲིག་ཙམ་དང་ཁ་ནས་འཆད་རྒྱུའི་ལྟབ་བདེའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཞིག་ཡོད་ན་དེ་ལ་བཟུང་བ་ནི་མི་ཡི་རང་བཞིན་རེད་ལ་དང་དངོས་སུ་བཙན་བྱོལ་གྱི་གནས་སྟངས་ཀྱང་ད་ལྟ་དེ་རང་ཆགས་ཡོད།
མ་གཞི་ཟམ་གདོང་བླར་རྒན་འདི་དགོས་སར་ཆད་མི་དགོས་སར་ལྷག་པ་རྐྱང་རྐྱང་ཞིག་ལས་རྒྱུ་མང་གི། བཏང་ན་འགྲོ་རྒྱུ་མེད་བཞག་ན་འདུག་ཚོད་མ་ཟིན་པའི་བླར་རྒན་གྱི་ཆབ་སྲིད་འཁྲབ་སྟོན་ལ་དོན་སྙིང་མེད་ཁོ་ཐག། མ་གཞི་བླར་རྒན་ལ་ཐུགས་ཁག་མེད་ནུས་ཤུགས་ཡོད་དགུ་བཏོན་ནས་པེ་ཅིང་སྲིད་གཞུང་ལ་བསྐྱང་ཕྱག་ལན་གསུམ་འཚལ་ན་ཚེ་མཇུག་ལ་ཀྲུང་གོས་དཀོར་འཚོ་རིང་ལུགས་པར་ལྟོ་ཕོར་སྦྱིན་མི་ཡོང་ངམ་སྙམ་པ་མིན་དྲོ།
འདན་མ་སྐྱབས་ལགས། སྟོང་ལབ་མ་རྒྱག ང་རང་ངག་ལྐུགས་པ་ནི་ཡོངས་གྲགས་ཡིན་མོད། ཁྱོད་རང་ཚོ་ལྟར་ཀླད་པ་ལྐུགས་པ་མ་རེད། གལ་སྲིད་ཁྱོད་རང་ཚོར་རུས་པ་ཡོད་ན། རྒྱ་གཞུང་གིས་དབུ་མའི་ལམ་གཞུང་འབྲེལ་ངོས་ནས་བསྙོན་འབྱིན་བྱས་ཟིན་པས། ཁ་རོག་གེར་འདུག་སྲོལ་ཞིག་ཡོད་དམ། ཁ་རྒྱ་གཞུང་ལ་མི་གཏད་པར་བོད་མི་ནང་ཁུལ་ལ་གཏད་པ་འདི་དཔའ་རྟགས་ཤིག་རེད་དམ།
རྒྱ་ནག་ཚང་གིས་དབུ་ལམ་རྐང་པའི་འོག་ཏུ་རྫིས་ནས་ལོང་རྒྱུ་མེད་པ་བཟོ་བཞིན་ཡོད། དབུ་ལམ་ཚང་གིས་རྒྱ་གཞུང་དང་ལྷན་དུ་བོད་ལ་ཕན་པའི་ནུས་མེད་དུ་གྱུར་ནས་བོད་མི་རང་བཙན་པ་རྣམས་མེད་རླག་ཏུ་བཟོ་བཞིན་ཡོད། དབུ་ལམ་གྱིས་བོད་ལ་ཕན་རྒྱུ་སྐྲ་རྩེ་ཙམ་ཡང་བྱུང་མེད་པའི་ཁར། དེས་བོད་མི་རྣམས་ཀྱི་ཆིལ་སྒྲིལ་གྱི་ནུས་ཤུགས་གཏོར་རྒྱུ་ནི་རྒྱ་ནག་ཚང་ལས་ཆེ་བ་ཐོན་ཡོང་གི་འདུག། དེང་སྐབས་རང་བཙན་བཤད་ན་རྒྱ་དམར་གཞུང་དང་བཙན་བྱོལ་གཞུང་གཉིས་ཆའི་སྙིང་ལ་ཕོགས་འགྲོ་བ་ནི་ངོ་མ་སྙིང་ན་ཡ་རང་རེད། ཟམ་གདོང་བླ་སློབ་ཚང་གིས་བོད་འདི་སྟོང་པ་ཉིད་དུ་གཏང་རྒྱུ་ཡིན་པ་ནི་གཞི་གྲུབ་འདུག་གོ།
འདིརགཟིགས།http://www.vtibet.com/tb/sp/zyws/zywsjmdb/xwlb/201504/t20150416_293360.html
བཀའ་ཟུར་ཟམ་གདོང་ཡུན་བརྟན་ཤོག །
ཚོགས་གཙོ་སྤེན་ཚེ་དར་འགྱུར་ཅིག །
སྲིད་སྐྱོང་བློ་སེང་རྒྱལ་འགྱུར་ཅིག །
ལྐོག་རུལ་ལས་བྱེད་ཕམ་འགྱུར་ཅིག །
ཀརྡོ་འདིས་བལ་ཡུལ་རྒྱ་འོག་ཏུ་ཤོར་བཞིན་པ་ཤེས་ཡོད་ས་རེད། ཟམ་གདོང་གི་བཙན་བྱོལ་བོད་མིའི་ནང་ཁུལ་གཏོར་བའི་འཆར་གཞིའི་ནང་ཞུགས་འདུག་ག
་་་་་་་་་་་་་་་་ # 30 ཀརྨ་བློ་གསལ་་ལགས་ཀྱིས་མཆན་བཏབ་པ།:
April 21st, 2015 at 8:13 AM
ཀརྡོ་འདིས་བལ་ཡུལ་རྒྱ་འོག་ཏུ་ཤོར་བཞིན་པ་ཤེས་ཡོད་ས་རེད། ཟམ་གདོང་གི་བཙན་བྱོལ་བོད་མིའི་ནང་ཁུལ་གཏོར་བའི་འཆར་གཞིའི་ནང་ཞུགས་འདུག་ག ་་་་་་་་་་་་་་་་་
བལ་ཡུལ་རྒྱ་འོག་ཏུ་ཤོར་མིན་མི་ཤེས་ཀྱང་། བལ་འབྲུག་གཉིས་བར་མེ་འཁོར་ལྕགས་ལམ་བཟོས་པར་ཐུགས་རྗེ་ཆེ་ཞེས་ཞུས་ཚར་པ་རེད། ད་དུང་ལུམ་བི་ནིར། རྒྱ་ནག་ནག་གི་འགྲོ་སོང་མང་པོ་ོ་གཏོང་འཆར་ལ་ཡང་ཁས་ལེན་བླངས་ཟིནད་པ་རེད། གཞན་ངས་གསར་པ་གང་ཡང་མི་ཤེས་སོ།།
དབུ་ལམ་དང་རང་བཙན་དབར་ལ་རྩོད་བརྒྱབ་པ་ནི་། གཞོང་པ་སྟོང་པ་ལ་ཁྱི་རྩོད་ནང་བཞིན་ཡིན་པར་ཉི་ཆར་རྒྱ་རོས་བརྒྱབ་ཤ་དཀར་པོ་ཞེས་པའི་དེབ་བལྟོས་དང། དེ་བས་ང་ཚོ་ཆིག་བསྒྲིལ་དང། རྒྱ་འདྲ་དམར་པོ་དགའ་བའི་གྲོགས་སུ་མ་འགྲོ་བ་རང་བཙན་དང་དབུ་ལམ་སོ་སོའི་དགོས་པ་དང་རྒྱུ་མཚན་ཤེས་པར་བྱེད་ནས་ཅིག་གྲོགས་ཅིག་ཕན་ལ་འབད་གལ་ཆེ། ཆབ་སྲིད་པའི་ཟློས་གར་བ་དང། རང་ཉིད་ཀྱི་མིང་སྐམ་པོའི་གོ་ས་ལ་ཆགས་སྲིད་པ་འདི་ཚོས། བོད་གཞུང་མིང་ཁུལདང། གཞུང་འབྲེལ་ཡིན་ཁུལ་དང། རང་ཉིད་རྒྱལ་བའི་ཕྱག་གཡས་་གཡོན་ཡིན་མདོག་སོགས་ཀྱིས་རྒྱ་རོས་ཞབས་ཞུ་བླ་ན་མེད་པ་འགྲོ་བ་བལྟ་བའི་མིག་དང་ཉན་པའི་རྣ་བ་ཡོད་དོ་ཅོག་གིས་ལོས་ཤེས་། བོད་པ་ཚོ་ཆིག་བསྒྲིལ་ལ་འབད་གལ་ཆེ།
་་་་་་་་་་་ཉི་༼ཉེ་༽ཆར་རྒྱ་རོས་བརྒྱབ་ཤ་དཀར་པོ་ཞེས་པའི་དེབ་བལྟོས་དང། དེ་བས་ང་ཚོ་ཆིག་བསྒྲིལ་དང། རྒྱ་འདྲ་༼འདྲེ་༽དམར་པོ་དགའ་བའི་གྲོགས་སུ་མ་འགྲོ་བ་རང་བཙན་དང་དབུ་ལམ་སོ་སོའི་དགོས་པ་དང་རྒྱུ་མཚན་ཤེས་པར་བྱེད་ནས་ཅིག་གྲོགས་ཅིག་ཕན་ལ་འབད་གལ་ཆེ། ་་་་་་་་་་་་་
ཕྱག་གཉིས་པ། ནོར་བཅོས་བཀའ་དྲིན་ཆེ།
འདན་མ་སྐྱབས་ལགས། ཁྱེད་བདེན། བོད་གངས་ཅན་པར་ཁྱེད་ལྟ་བུ་མི་རང་ཚུགས་ཐུབ་མཁན་ཉུང་དྲགས་ནས་ད་ལྟ་གནམ་ལོ་ཡག་ཟེར་བའི་མིང་ཁྱད་འཚར་ཅན་འདི་ཚོས་ནང་ཁུལ་དཀྲུགས་ནས་བསྡདཡོད། ང་ཚོས་ངེས་པར་དུ་མི་འདི་ཚོའི་གདོང་པགས་རལ་དགོས། དབུ་མའི་ལམ་ལ་རྒྱ་་གཞུང་གིས་དགག་པ་རྒྱག་པ་ལན་མ་རྒྱག་པར་ཁ་རོག་བསྡད་འདུག་ཟེར་བ་འདི་ལ་ལྟོས་ད། བོད་གཞུང་ནས་ཁ་སྔོན་དེ་མ་ཏག་ལན་རྒྱག་བྱས་ཟིན་པ་རེད། མཐོང་ནའང་མི་འདུག་ཅེས་རྫུན་བཤད་པ་ནི་གནམ་ལོ་ཟེར་བ་དང་ཀླུ་མཁན་ཟེར་བ་འདི་དག་གིས་སྐྱག་ལབ་རེད། རྒྱ་གཞུང་གིས་དེབ་ཤ་དཀར་པོ་ཅན་ལོ་གཉིས་ཙམ་གྲྭ་སྒྲིག་བྱས་ནས་བྲིས་པ་ཡིན་པས་ང་ཚོས་ཞིབ་ཕྲའི་ལན་རྒྱག་རྒྱུར་བྲེལ་བ་བྱེད་དགོས་མི་འདུག། ལྷོད་ལྷོད་གནད་ལ་འཁེལ་པོ་དགོས། ཀླུ་མཁར་བྱམས་ཟེར་བ་མི་ངན་དེ་ཡང་འདིར་རྣ་བ་གཏོད་ཅིག། ཁྱེད་ནས་བོད་ནང་རང་སྲེག་བྱེད་པ་ལ་༸གོང་ས་མཆོག་ནས་པུས་མོ་ས་ལ་བཙུགསནས་མ་བྱེད་རོགས་ཞེས་ཞལ་གསང་དགོས་ཞེས་ཟེར་འདུག། ཁྱེད་ཀླད་མེད་ལྐུགསཔ་ཁྱེད། རྒྱལ་སྤྱི་དང་ཨེ་ཤེ་ཡ་དང་བོད་རྒྱ་ནག་བཅས་ཀྱི་ཆབ་སྲིད་ཀྱི་སྤྱིའི་གནས་བབ་དང་བོད་མིའི་ཞི་ལངས་ཀྱི་གནས་བབ་ག་འདྲས་སེ་གནས་དགོས་མིན་མི་ལྐུགས་ཁྱེད་ནས་གང་ཡང་མི་ཤེས། གཟའ་རོ་ཀླུ་མཁར་བྱསམ་ནས་ཤེས་དགོས་པ་ལ། ཆབ་སྲིད་ཀྱི་མངོན་གསལ་མེད་པའི་སྟོབས་ཤུགས་དེ་ཤིན་ཏུ་ནུས་ལྡན་ཞིག་ཡིན་པ་ཤེས་དགོས།
མཁས་དབང་ཟམ་གདོང་རིན་པོ་ཆེ་ཁྱེད་ཡོད་ན་ང་ཚོ་བོད་པའི་གཟི་བརྗིད་རེད། ད་ནང་ཁུལ་གྱི་དམ་སྲི་བ་ཚོ་དང་། ཀླུ་གནམ་ཅན་། ཀམ་ཚང་པའི་མི་ངན་ཁ་ཤས་ཀྱིས་བོད་འདི་མིང་མེད་དབྱིངས་སུ་གཏོང་འདོད་ཀྱང་ང་ཚོས་ནམ་ཡང་ཁོ་ཚོའི་འདོད་པ་འགྲུབ་ཏུ་མི་བཅུག།།
ཟམ་གདོང་འདི་རྙོག་དྲ་ཚང་མའི་མགོ་ལ་སླེབས་འདུག ད་མགྱོགས་པོ་བོད་མི་རིགས་ཀྲུང་ཧྭ་ཚང་ལ་བསྐྱལ་རྒྱུ་རེད།
འདིའི་ཕྱི་ཚེས་༡༥ ཉིན་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་གསར་འགྱུར་གཞུང་ལས་ཁང་གིས་<> ་ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ཅིག་བཏོན་ཡོད་པའི་ནང་། “བོད་ཆེན་པོ”ཞེས་པ་དེ་རྒྱ་ནག་གི་སྲིད་འཛིན་ས་ཁུལ་དབྱེ་བའི་ལོ་རྒྱུས་ཐོག་གཞི་འཛིན་ས་མེད་པར་རྦད་དེ་རྟོག་བཟོ་བྱས་པ་ཞིག་ཡིན་པས། རྒྱ་ནག་གི་ལོ་རྒྱུས་དང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་གྱི་མེད་ཅེས་བྲིས་འདུག
134159315_1429240469031_title0hཡིག་འབྲུ་ཁྲི་༢་༧ ཙམ་ལས་གྲུབ་པའི་རྒྱབ་ཤ་དཀར་པོའི་དེབ་དེའི་ནང་། ༡ ལམ་ལུགས་རྙིང་པ་བོད་ཀྱི་ལོ་རྒྱུས་གར་སྟེགས་ནས་ཕྱིར་འཐེན་བྱ་རྒྱུ་ལྡོག་ཏུ་མེད་པ་དང་། ༢ བོད་གསར་པ་ཡང་དག་པའི་འཕེལ་རྒྱས་ཀྱི་འགྲོད་ལམ་སྟེང་བསྐྱོད་པ། ༣ དབུ་མའི་ལམ་གྱི་རང་བཞིན་དངོས་ནི་རྒྱ་ནག་ཁ་བྲལ་གཏོང་རྒྱུ་ཡིན་པ། ༤ ཞི་བདེ་དང་འཚེ་བ་མེད་པའི་རྣམ་པ་རྫུན་མ། ༥ དབུས་གཞུང་གིས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པའི་ཐོག་ཏུ་འཛིན་པའི་སྲིད་ཇུས་བཅས་ཁྱོན་དོན་ཚན་ལྔར་དབྱེ་སྟེ། བོད་ཀྱི་འདས་པའི་ལོ་རྒྱུས་དང་ད་ལྟའི་གནས་སྟངས། མ་འོངས་པའི་མདུན་ལམ་བཅས་ཕྱོགས་ཐམས་ཅད་ནས་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ནི་ཡང་དག་པའི་གདམ་ག་ཉག་གཅིག་ཡིན་པའི་འགྲེལ་བརྗོད་བྱས།
རྒྱབ་ཤ་དཀར་པོའི་དེབ་དེའི་ནང་འཁོད་དོན། བོད་ནི་གནའ་སྔ་མོ་ནས་བཟུང་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་དང་། བོད་རིགས་ནི་ཀྲུང་ཧྭ་མི་རིགས་དང་ལས་དབང་གཅིག་པའི་ཁོངས་མི་ཞིག་རེད། བོད་ཀྱི་ལས་དབང་དེ་སྔ་ཕྱི་བར་གསུམ་དུ་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་དང་དམ་པོར་སྦྲེལ་ཡོད། བོད་འདི་ཉིད་དེང་རབས་ཤེས་དཔལ་ཕྱོགས་དངོས་སུ་བསྐྱོད་པ་དེ་ནི་༡༩༥༩ ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་རྗེས་ནས་འགོ་ཚུགས། ་ཞི་བས་བཅིངས་འགྲོལ་དང་། མང་གཙོ་བཅོས་སྒྱུར། རང་སྐྱོང་ལྗོངས་དབུ་བརྙེས་པ། སྒྱུར་བཅོས་སྒོ་འབྱེད་སོགས་འཕེལ་རྒྱས་ཀྱི་དུས་མཚམས་གལ་ཆེན་བརྒྱུད་བོད་དུ་སྤྱི་ཚོགས་ཀྱི་ལམ་ལུགས་གསར་པ་བཙུགས་པ་མ་ཟད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་འོག རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་ཡོད། བོད་འདི་ཉིད་ད་ལྟའི་འཕེལ་རྒྱས་ཀྱི་འགྲོད་ལམ་ཐོག་བསྐྱོད་པ་ནི་དེང་རབས་ཤེས་དཔལ་དང་འཕེལ་རྒྱས་ཀྱི་དངོས་ཡོད་རེ་བ་ཞིག་ཡིན་པ་དེ་མིའི་རིགས་ཀྱི་སྤྱི་ཚོགས་ཡར་ཐོན་གྱི་འཕེལ་ཕྱོགས་དང་མཐུན་ལ། རྒྱ་ནག་གི་གནས་ཚུལ་དང་འཕེལ་རྒྱས་ཀྱི་དོན་དངོས་དང་ཡང་མཐུན། བོད་ཀྱི་མི་རིགས་ཁག་གི་མི་མང་གི་རྩ་བའི་ཁེ་ཕན་དང་མཐུན་པ་བཅས་རེད།
དེབ་དེའི་ནང་“ བོད་ཀྱི་འཕེལ་རྒྱས་འགྲོ་ལམ་ནི་ལོ་རྒྱུས་ཀྱི་གདམ་ག་དང་མི་དམངས་ཀྱི་གདམ་ག་ཡིན་པ་དང་། མཐུན་སྒྲིལ་རྒྱུན་སྐྱོང་དང་ཁ་བྲལ་ལ་ངོ་རྒོལ། ཡར་ཐོན་རྒྱུན་སྐྱོང་དང་ཕྱིར་བཤོལ་ལ་ངོ་རྒོལ། བརྟན་ལྷིང་རྒྱུན་སྐྱོང་དང་ཟང་ཟིང་ལ་ངོ་རྒོལ་བཅས་བྱས་ཚེ་བོད་ལ་གཞི་ནས་འོད་སྟོང་འཕྲོ་བའི་མདུན་ལམ་ལྡན། མི་སུ་ཞིག་དང་སྟོབས་ཤུགས་གང་ཞིག་གིས་ལོ་རྒྱུས་དང་རྒྱབ་འགལ་གྱི་བྱ་སྤྱོད་སྤེལ་ཚེ། དེའི་མཇུག་འབྲས་ནི་ལོ་རྒྱུས་དང་མི་མང་ཀྱིས་འདོར་རྒྱུ་ལས་མ་འདས་པ་ལག་ལེན་ཐོག་ནས་ར་སྤྲོད་བྱུང་ཡོད།”
རྒྱབ་ཤ་དཀར་པོའི་ནང་ཏཱ་ལ་སྐུ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་འུད་སྒྲོག་བྱེད་པའི“དབུ་མའི་ལམ”གྱིས“བོད་རང་བཙན”བྱ་རྒྱུ་དེ་ཆབ་སྲིད་ཀྱི་དམིགས་ཡུལ་ལ་བརྩི་བ་དང་། རྒྱ་ནག་རྒྱལ་ཁབ་ཀྱི་གནས་ཚུལ་དང་བོད་ཀྱི་དོན་དངོས་དང་རྒྱབ་འགལ། རྒྱ་ནག་གི་རྩ་ཁྲིམས་དང་རྒྱལ་ཁབ་ཀྱི་ལམ་ལུགས་དང་རྒྱབ་འགལ་བྱས་ཡོད། ཏཱ་ལ་སྐུ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་བོད་ནི་གནའ་སྔ་མོ་ནས་བཟུང་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་ཁས་ལེན་དང་།“བོད་རང་བཙན”གྱི་འདོད་ཚུལ་དོར་བ། རྒྱ་ནག་ཁ་བྲལ་གཏོང་བའི་བྱེད་སྤྱོད་མཚམས་འཇོག རྒྱལ་ཁབ་དང་བོད་ལ་ཕན་པའི་བྱ་བ་ཞིབ་སྒྲུབ་ཚེ་གཞི་ནས་མདུན་ལམ་ཡོད།
རྒྱབ་ཤ་དཀར་པོའི་དཔེ་དེབ་ནང་མུ་མཐུད་དུ་འཁོད་དོན། བོད་ཀྱི་འབྱུང་འགྱུར་བོད་མི་ཡོངས་དང་ཀྲུང་ཧྭ་མི་རིགས་ལ་དབང་ཞིང་། བོད་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པར་འགྱུར་རྒྱུ་རེད། འབྱུང་འགྱུར་གྱི་ལོ་ཟླའི་ནང་བོད་ཀྱི་མི་རིགས་ཁག་གི་མི་མང་གིས་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་མི་རིགས་ཁག་གི་མི་མང་དང་མཉམ་དུ། རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོད་ལམ་བརྒྱུད་མུ་མཐུད་མདུན་སྐྱོད་བྱས་ནས་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་པ་འཛུགས་སྐྲུན་བྱ་ཆེད་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་རྒྱ་ནག་གི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་རྩོད་ལྷོད་མེད་བྱ་རྒྱུ་རེད།
དེ་བཞིན་རྒྱབ་ཤ་དཀར་པོའི་དེབ་དེའི་ནང་མུ་མཐུད་དུ་འཁོད་དོན། ཏཱ་ལ་སྐུ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས“དབུ་མའི་ལམ”གྱི་འདོད་ཚུལ་ལྐོག་ཏུ་དྲིལ་བསྒྲགས་བྱེད་སྐབས་རྟག་ཏུ“བོད་ཆེན་པོ”ཟེར་བའི་སྐོར་གླེང་རྒྱུར་དགའ་པོ་བྱེད་ཀྱི་ཡོད། ཏཱ་ལ་སྐུ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་འདོད་ཚུལ་ལ་གཞིགས་ན། “བོད་ཆེན་པོ”དེ་གཞི་ཁྱོན་ཐོག་བྱང་ནས་ཤིན་ཅང་ལྷོ་རྒྱུད་དང་རྨ་ནུབ་དོག་ལམ་བར་དང་། ཤར་ནས་ཀན་སུའུ་དབུས་རྒྱུད་དང་སི་ཁྲོན་དབུས་རྒྱུད་བར། ལྷོ་ནས་ཡུན་ནན་དབུས་རྒྱུད་བར་ཡིན་ཞིང་། བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན་ཆ་ཚང་། སི་ཁྲོན་ཞིང་ཆེན་གྱི་གཉིས་ཆ་གཅིག ཀན་སུའུ་ཞིང་ཆེན་གྱི་གཉིས་ཆ་གཅིག ཡུན་ནན་ཞིང་ཆེན་གྱི་བཞི་ཆ་གཅིག་བཅས་དང་དེ་བཞིན་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ལྷོ་རྒྱུད་བཅས་ཚུད་ཡོད་པས། སྤྱིའི་རྒྱ་ཁྱོན་ནི་རྒྱ་ནག་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་བཞི་ཆ་གཅིག་ཡན་ལྷག་ཙམ་ཟིན་ཡོད།
“བོད་ཆེན་པོ”དེ་རྒྱ་ནག་གི་སྲིད་འཛིན་ས་ཁུལ་དབྱེ་བའི་ལོ་རྒྱུས་ཐོག་གཞི་འཛིན་ས་མེད། དེ་ནི་ནུབ་ཕྱོགས་མི་སེར་སྤེལ་མཁན་གྱིས་རྒྱ་ནག་ལ་བཙན་འཛུལ་བྱས་པ་དང་། རྒྱ་ནག་ཁ་བྲལ་གཏོང་རྒྱུའི་རེ་ངན་བཅངས་པའི་མཇུག་འབྲས་ཤིག་རེད། “བོད་ཆེན་པོ”དེས་མཚོ་བོད་ས་མཐོའི་མི་རིགས་ཁག་གིས་ཐུན་མོང་ཐོག་གསར་གཏོད་བྱས་པའི་ལོ་རྒྱུས་དང་། རིག་གནས་སྣང་མེད་དང་རྒྱ་ནག་གི་རྒྱལ་ཁབ་ཀྱི་གནས་ཚུལ་དང་རྦད་དེ་མཐུན་གྱི་མེད། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ནི་རྒྱ་ནག་གི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་རེད། སྲིད་འཛིན་ས་ཁུལ་དབྱེ་བ་དེ་ལས་མི་རིགས་ཁྱབ་ཚུལ་གྱི་ལོ་རྒྱུས་ཀྱི་ཁྱད་ཆོས་ལ་ལྟ་རྟོག་གང་ལེགས་ཐུབ་ཡོད་ལ། དེ་སླད་ཕྱིན་གྱི་འཕེལ་རྒྱས་ལ་དམིགས་ཡོད་པས་མི་རིགས་ཀྱི་རྒྱུ་རྐྱེན་དང་ས་ཁོངས་ཀྱི་རྒྱུ་རྐྱེན། ལོ་རྒྱུས་ཀྱི་རྒྱུ་རྐྱེན་དང་དོན་དངོས་ཀྱི་རྒྱུ་རྐྱེན། ཆབ་སྲིད་ཀྱི་རྒྱུ་རྐྱེན་དང་དཔལ་འབྱོར་གྱི་རྒྱུ་རྐྱེན་བཅས་ཟུང་འབྲེལ་བྱས་པ་མཚོན་ཡོད། དེས་མི་རིགས་ཁག་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་ནང་ཐུན་མོང་དར་རྒྱས་གོང་འཕེལ་ཡོང་བར་ཕན་པ་ལྡན་པས། ལམ་ལུགས་དེའི་བཀོད་སྒྲིག་ནི་ལམ་ལྷོངས་བྱུང་བ་ཞིག་ཡིན་པ་དོན་དངོས་ལས་ར་སྤྲོད་ཐུབ་ཡོད།”
“ཏཱ་ལ་སྐུ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས“བོད་ཆེན་པོ” འཛུགས་རྒྱུའི་རེ་ངན་བཅངས་པ་ནི་ལོ་རྒྱུས་ལ་རྒྱབ་འགལ་བྱས་པ་མ་ཟད། དོན་དངོས་དང་རྒྱབ་འགལ་ཡིན་པས་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་རྦད་དེ་མཐུན་གྱི་མེད། “བོད་ཆེན་པོ”དེས་ལོ་ངོ་སྟོང་ཕྲག་རིང་ལ་མཚོ་བོད་ས་མཐོའི་ཐོག་མི་རིགས་མང་པོ་འདྲེས་སྡོད་བྱས་པའི་དོན་དངོས་སྣང་མེད་དུ་བཏང་ཡོད་ལ། མི་རིགས་ཁག་གིས་ཐུན་མོང་ཐོག་གསར་སྤེལ་བྱས་པའི་མཚོ་བོད་ས་མཐོའི་ལོ་རྒྱུས་དེ་མི་རིགས་རྐྱང་མའི་ལོ་རྒྱུས་ཡིན་པ་འཁྱོག་བཤད་བྱས་པ་དང་། རྒྱ་ནག་མི་རིགས་ཁག་དབར་འགལ་ཟླ་བཟོས་ཏེ་མི་རིགས་གཞན་ཕྱིར་འབུད་ཀྱི“བོད་ཆེན་པོ”ཁོ་ན་བཟོ་རྒྱུའི་རེ་ངན་བཅངས་པ་ནི་ཐལ་སྤྱོད་ཀྱི་མི་རིགས་རིང་ལུགས་དང་རིགས་རྒྱུད་རིང་ལུགས་ཀྱི་མཚོན་ཚུལ་ཞིག་རེད་”ཅེས་སོགས་འཁོད་འདུག
གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།