ད་ནངས་ཞོགས་ཀའི་ནིའུ་ཡོག་དུས་བབ་སྟེང་བོད་ཀྱི་སྐོར་ལ་གསར་འགྱུར་ཞིག་འདུག དེ་ནི་ བོད་མི་ཚོས་ལྡོག་ཕྱོགས་ནས་ལོ་སར་བསུས། (Tibetans Greet New Year in Opposition)ཞེས་པའི་མགོ་བརྗོད་ཅན་གྱི་གསར་འགྱུར་ཞིག་རེད། དེའི་ནང་བོད་ཀྱི་ལོ་སར་སླེབས་ནའང་བོད་མི་ཚོ་ནི་སྔ་ལོའི་ལས་འགུལ་ལ་ཁྲོས་ནས་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་གྱིན་མེད་པའི་སྐོར་བྲིས་ཡོད་པ་རེད། གྲྭ་པ་གཅིག་གིས་བརྗོད་དོན། “འདི་ལོ་སར་མ་རེད། ཁོང་ཚོས་སྔ་ལོར་ང་ཚོའི་མི་མང་པོ་བསད་བྱུང་།”ཟེར། རོང་བོ་དགོན་པའི་དགོན་བདག་ཤར་ཚང་གིས་གསུངས་དོན། “གཞུང་གིས་ང་ཚོས་ལོ་སར་དེ་སྔར་སྲོལ་བཞིན་སྲུང་བརྩི་བྱེད་དགོས་པར་འདོད་ཀྱི་ཡོད། ངོ་མ་ལོ་འདི་ལ་མི་མང་གིས་འདས་པའི་ལོ་ངོ་དེ་དག་ཇི་བཞིན་གྱི་ལོ་གསར་བཏང་མ་སོང་།”ཞེས་གསུངས་འདུག གནས་ཚུལ་ཞིབ་གསལ་རྣམས་ནི་གཤམ་གསལ་གྱི་འབྲེལ་ཐག་ན་འདུག
http://www.nytimes.com/2009/02/26/world/asia/26tibet.html
རེབ་གོང་ཡུལ་མི་ཚོས་ད་ལོའི་ལོ་སར་འདི་སྲོལ་རྒྱུན་གྱི་མཛད་སྒོ་ཞིག་ལ་གཞིགས་ཏེ་སྤྲོ་སྐྱིད་རོལ་མཁན་དང་མེད་མཁན་རིགས་གཉིས་དང་། བློ་ཕམ་པ་ཞིག་ལ་སྨོན་ལམ་གྱི་ཆོས་ཕྱོགས་མཛད་སྒོའི་ཉིན་གྲངས་དེ་ཚོའི་རིང་བོད་མི་ཉུང་ངུ་ཙམ་ལས་མཐོང་རྒྱུ་མི་འདུག རྗེས་སུ་ཞིབ་མོར་གླེང་།
གནས་ཚུལ་འདི་དང་སྟབས་འབྲེལ་ངང་ད་ལོའི་རེབ་གོང་སྨོན་ལམ་སྐབས་ཀྱི་གསར་གནས་ཞིག་ཀྱང་ཞུ་འདོད་བྱུང་། མདོ་སྨད་རེབ་གོང་ལ་མཚོན་ན། ལོ་རེའི་ཧོར་ཟླ་ ༡ ཚེས་ ༡༠ ནས་ ༡༦ བར་གྱི་ཉིན་ལྔའི་རིང་ལ་རོང་བོ་དགོན་ཆེན་དུ་སྨོན་ལམ་ཆེན་མོའི་དུས་ཆེན་ཚུགས་ཀྱི་ཡོད། དུས་ཆེན་དེར་རེབ་གོང་སྒྲུབ་སྡེ་བཅོ་བརྒྱད་དང་དགོན་མ་ལག་སུམ་ཅུ་སོ་ལྔའི་གྲྭ་བ་རྣམས་འདུ་འཚོགས་བྱེད་པའི་སྲོལ་འདུག སྨོན་ལམ་སྐབས་ཀྱི་ཚེས་ ༡༤ ཉིན་གྲྭ་པ་རྣམས་སེར་སྦྲེང་ལ་ཕེབས་པ་དང་དུས་མཚུངས་སྨོན་ལམ་སྦྱིན་བདག་ཚོས་སྟོན་པའི་གོས་སྐུ་ཆེན་མོ་གདན་ཞུས་ཀྱིས་དགོན་པའི་གཡས་ཕྱོགས་ཀྱི་རི་ལྡེབས་ཤིག་ཏུ་བཤམས་སྟོན་བྱེད། དེ་ལ་གོས་སྐུའི་ཉིན་མོ་ཞེས་བརྗོད། ཚེས་ ༡༥ ཉིན་སྔ་ཉིན་ལྟར་གྲྭ་བ་རྣམས་སེར་སྦྲེང་ལ་ཕེབས་སྐབས་རྒྱལ་བ་བྱམས་པའི་སྐུ་བརྙན་ཞིག་ཤིང་རྟའི་ནང་དུ་བཞུགས་གསོལ་གྱིས་དགོན་པའི་གླིང་མཐའ་ཀུན་ལ་གཡས་སྐོར་གཅིག་བྱེད། དེ་ལ་བྱམས་པ་གླིང་བསྐོར་ཞེས་བརྗོད།
ད་ལོར་རེབ་གོང་དུ་སྔར་སྲོལ་དང་མི་འདྲ་བར་སྨོན་ལམ་ཆེན་མོའི་སྐབས་ཀྱི་གོས་སྐུའི་ཉིན་མོ་དང་བྱམས་པ་གླིང་བསྐོར་ཉིན་གཉིས་ཀར་དགེ་འདུན་པ་རྣམས་སེར་སྦྲེང་ལ་ཕེབས་སྐབས་༧གོང་ས་མཆོག་གི་ཞབས་བརྟན་གསོལ་འདེབས་གྱེར་འདོན་གནང་གིན་གནང་གིན་ཕེབས་འདུག་ལ། ཚེས་ ༡༥ ཉིན་གྱི་དགུང་དྲོའི་ཆུ་ཚོད་ ༨ ནས་ ༩ བར་ལ་ཡང་སེར་སྐྱ་ཕོ་མོ་མི་གྲངས་ལྔ་བཅུ་ལྷག་གིས་༧གོང་ས་མཆོག་གི་ཞབས་བརྟན་གསོལ་འདེབས་གྱེར་འདོན་བྱེད་བཞིན་མར་མེ་ཁྲོམ་སྐོར་ཞིག་ཀྱང་བྱས་པའི་གནས་ཚུལ་བྱུང་འདུག ཉིན་དེ་གཉིས་ནི་ཕྱི་ཟླ་ ༢ ཚེས་ ༨ དང་ ༩ གཉིས་ལ་འཁེལ་ཡོད། རྒྱ་གཞུང་གི་བཀག་སྡོམ་གྱི་སྟབས་ཀྱིས་ད་ལོའི་སྨོན་ལམ་སྐབས་སུ་སྔོན་མ་ནང་བཞིན་གྱི་མི་ཚོགས་མང་པོ་འདུ་འཛོམས་བྱུང་ཐུབ་མེད་སྐད་ཐོས། ཡང་ལོ་གསར་གྱི་སྐབས་སུ་རེབ་གོང་གི་དགོན་གྲོང་གཉིས་ཀ་ནས་བོད་མིའི་སྐྱིད་སྡུག་མཉམ་མྱོང་ངམ་བོད་ཀྱི་དཔའ་བོ་དཔའ་མོ་ཚོར་མྱ་ངན་མཚོན་ཆེད་དུ་ལོ་གསར་གྱི་དགའ་སྟོན་རིགས་གང་ཡང་བྱས་མི་འདུག་ཟེར།
འོ་ན་ནིའུ་ཡོག་དུས་བབ་ཀྱི་གསར་འགོད་པ་དེ་ ཨ་མདོའི་ལོ་གསར་དང་ལྷ་སའི་ལོ་གསར་གཉིས་ལ་གོ་ནོར་ཐེབས་པ་རེད་དམ།
གཡང་སྐྱབས་རྒྱལ་ལགས། ངས་ནི་ཨ་མདོའི་ལོ་གསར་དང་རེབ་གོང་སྨོན་ལམ་སྐབས་སུ་རེབ་གོང་དུ་བྱུང་བའི་གནས་ཚུལ་རང་བཀོད་པ་ལས། ནིའུ་ཡོག་དུས་བབ་ཀྱི་གསར་འགོད་པ་དེ་ཨ་མདོའི་ལོ་གསར་དང་ལྷ་སའི་ལོ་གསར་གཉིས་ལ་གོ་ནོར་ཐེབས་མིན་ཧ་མ་གོ ཡིན་ན་ཡང་རེབ་གོང་རོང་བོ་དགོན་ཆེན་དང་རེབ་གོང་གི་ཡུལ་མི་མང་པོའི་ཁྲོད་ལོ་མང་སྔོན་ནས་ལྷ་སའི་ལོ་གསར་དུས་ཆེན་དེ་སྲུང་བརྩི་བྱེད་སྲོལ་དར་ཁྱབ་བྱུང་འདུག
ཐུགས་རྗེ་ཆེ།
ད་ཤེས་སོང་། ཁྱད་མི་འདུག རེབ་གོང་ན་ལོ་གསར་མི་གཏོང་བའི་གནས་ཚུལ་དེ་ནིའུ་ཡོག་གི་དུས་བབ་གསར་ཤོག་གི་མདུན་ངོས་ན་པར་ཆེན་པོ་དང་བཅས་བཏོན་འདུག ཡག་ག་ལ། ཡང་ན་ སེམས་སྐྱོ་བ་ལ།
གཤམ་གསལ་འབྲེལ་ཐག་ན་པར་མང་པོ་འདུག
http://news.yahoo.com/nphotos/Dalai-Lama-Chinese-security-forces-march-city-Tongren-Qinghai-province-February-26/ss/events/wl/070705dalailama/im:/090226/ids_photos_wl/r2577282393.jpg/
ཡིད་སྐྱོ་བའི་གནས་ཚུལ་མང་བོ་ཞིག་རྒྱང་ནས་ཐོས་དེ་འོང་དུས་རྒྱང་རིང་གི་བོད་པ་ང་ཚོ་ནི་རྩོད་པ་རྒྱག་མཁན་དང་ལྟད་མོ་བ་ཡིན་རྒྱུ་མ་རེད་དོ།
ངོ་མ་སྙིང་རྗེ་ནི་ཟིག་རེ་
བཀླགས་ཟིན
སྤུན་གྲོགས་ཚོ་དུས་བབ་དྲ་བ་འགྲོ་གི་འདུག་གམ
ང་རྩ་ནས་དུས་བབ་དྲ་རྒྱ་ཁ་འབྱེད་མི་ཐུབ་ཁུ་་་་་་་་་་་ལན་རེ་ཡོད་མཁྱེན