ཆེས་ཤིན་ཏུ་བཀུར་འོས་རང་གཞུང་དཔལ་ལྡན་བཀའ་ཤག་གཙོས་པའི་དབུས་འོས་བསྡུ་ལྷན་ཁང་བཅས་ལ།
རེ་སྐུལ་ཞུ་ཡིག་འདི་ནི་ནིའུ་ཡོག་བོད་མི་མང་པོ་ཞིག་གི་བསམ་འཆར་ཡིན་ལ། གཤམ་དུ་བོད་མི་བརྒྱ་ཁ་ལྷག་ཅིག་གི་མིང་དང་ས་ཡིག་བཀོད་ཡོད། དེས་ན་དཔལ་ལྡན་བོད་གཞུང་འབྲེལ་ཡོད་དབུ་ཁྲིད་རྣམ་པས་ཞུ་ཡིག་འདིར་ངེས་པར་མནོ་བསམ་བཞེས་ཏེ་དྲང་བདེན་རྩ་འཛིན་བྱེད་རོགས་ཞེས་ཡང་ཡང་འབོད་སྐུལ་ཞུ་གི་ཡོད།
ནིའུ་ཡོག་བོད་མི་དམངས་ནས་གུས་འདུད་དང་བཅས། ༢༠༡༥་༡༡་༡༨ ཉིན།
ཞུ་ཡིག་འབུལ་མཁན། འབྲུག་གྲགས། ཁ་པར། ༩༡༧༣༦༥༣༩༤༥
སྙན་ཞུ་ངོ་མ་འབྲེལ་ཐག་འདི་ལ་བསྣུན་ནས་གཟིགས། ནེའུ་ཡོག་ཞུ་སྐུལ་ཡི་གེ
མི་མང་དངོས་སུ་མདུན་ལ་ཐོན་ནས་བསམ་ཚུལ་གནང་བ་བསྔགས་འོས་སུ་འདུག
བོད་གཞུང་གི་དབུ་ཁྲིད་རྣམ་པ་ལགས། གཞུང་དེ་མི་དམངས་ཀྱི་ཆེད་དུ་ཡུན་རིང་གནས་འདོད་ཡོད་ན་མངོན་ལྐོག་མེད་པར་ལས་ཀ་དྲང་ཤག་གནང་རོགས། དེ་མིན་སྐུ་ངོ་ཁག་ཅིག་གི་འདོད་པ་སྒྲུབ་བྱེད་ཙམ་ཡིན་ན་ནི་སོ་སོར་རེད། ད་ལོ་འོས་ཤོག་ལ་དྲང་ཤག་མ་བྱས་ན་གཞོན་སྐྱེས་མང་པོའི་དེབ་ལྗང་ཕྱིར་སྤྲད་བྱ་ངེས།
ཡི་གེ་འབྲི་སྟངས་དང་ཚིག་བེད་སྤྱོད་གཏོང་སྟངས་ཡག་པོ་འདུག མ་རབས་མེད་པ་ཡ་རབས་ཀུན་སྤྱོད་ལྡན་པའི་ཐོག་ནས་ཁུངས་ལུང་རྒྱུ་མཚན་ཡག་པོ་བཤད་འདུག
ཚང་མ་སྤྱི་འཐུས་ཚོགས་གཙོས་ལན་པ་རེད་ཟེར་ནས་ཁུངས་སྐྱེལ་ཡང་དག་ཡོད་ན་ནི་གནས་ཚུལ་གཞན་ཞིག་རེད། དེ་མིན་ཉིན་གཅིག་སྐུ་ངོ་ལགས་ཀྱི་བཟོད་བསྲན་གྱི་རི་བོ་དེའང་བསྙིལ་ཡོང་བའི་ཉེ་ཁ་མེད་པ་མ་རེད་དོ།
ཧཧཧཧ་་་་སྤེན་ཚེའི་བཟོད་བསྲན་གྱི་རི་བོ་ཨེ་་་་ད་ག་རེ་བསྙིལ་རྒྱུ་ལྷག་ཡོད་རེད་དམ། མི་དམངས་ལ་སྡིག་ར་འདྲ་བསྐུལ་ནས་་་་་་སྙིང་རྗེ་ཨང་་་་་་
་་་་་་་་་་་ དེ་མིན་སྐུ་ངོ་ཁག་ཅིག་གི་འདོད་པ་སྒྲུབ་བྱེད་ཙམ་ཡིན་ན་ནི་སོ་སོར་རེད། ད་ལོ་འོས་ཤོག་ལ་དྲང་ཤག་མ་བྱས་ན་གཞོན་སྐྱེས་མང་པོའི་དེབ་ལྗང་ཕྱིར་སྤྲད་བྱ་ངེས། ་་་་་་་་་་་་
རྐུན་རྒྱབ་ཇག་ལངས།
ཨ་མདོའི་xxཀླུ་མཁར་བྱམས་ལ་ཁམས་xxཔ་ཁ་ཤས་ཀྱིས་རྒྱབ་སྐྱོར་བྱས་པའི་ཟློས་གར་འདི་ལ་གད་མོ་ཤོར་གྱིན་འདུག ཁམས་པ་རྒྱ་ཆེ་མི་མང་གིས་ད་བར་བློ་གཅིག་སེམས་གཅིག་གིས་བོད་གཞུང་ལ་མགོ་གཏད། ༧རྒྱལ་བ་རིན་པོ་ཆེ་སྤྱི་གཙུག་ཏུ་བཞག བོད་མིའི་ཆིག་སྒྲིལ་སྲོག་སྙིང་དུ་བཟུང་སྟེ་བྱས་རྗེས་རབ་དང་རིམ་པར་བཞག་ཡོད་ནའང་། དེང་སང་བོད་ནས་ཇག་རྒྱབ། མི་གསད། ལ་འཁྱམ་ལུང་འཁྱམ་གྱིས་ཕྱི་རྒྱལ་དུ་འབྱོར་མཚམས། བོད་ཀྱི་ཆབ་དཔལ་རིག་གསུམ་ཡན་གླེང་གི་ཡིན། འགྱོག་གི་ཡིན། འཁུར་གི་ཡིན་ཞེས། རྟ་སྐད་སྟོང་གསུམ་ཁྱབ་པ་བོང་བུས་རྒྱག་གི་ཡིན་ཟེར། མཁས་པ་ཀ་ཆེན་འགྱིང་སར་ང་ཡང་ལངས་ཀྱི་ཡིན་ཞེས་འདྲ་མིན་བཤད་པ་འདི་རིགས་ནི་སྙིང་རྗེ་བ་ཞིག་རེད། ཁམས་xx་ཁ་ཤས་ཀྱིས་དོལ་རྒྱལ་ལ་རྒྱབ་བསྙེས། ཆིག་སྒྲིལ་ལ་རྨ་ཕབ། ཆོལ་ཁའི་ཕྱོགས་ཞེན་འབོམ་གད། ག་དུས་ཡིན་ན་གཞུང་འབངས་ཁ་ཁ་བྱེད་ཀྱི་ཡིན་ལ་སོགས་པ། གློའུ་གླེན་པའི་ས་ཆར་སྐྱེ་བའི་རྟགས་མཚན་མངོན་སུམ་བསྟན། གཟུགས་ཆེ་ཡང་ཁོག་པ་ཁོག་སྟོང་ཡིན་པ་ར་སྤྲོད་བྱས་ཏེ། ཁྱི་སྐད་ལས་ཀྱང་སྡིག་པ་འདི་འདྲ་ག་དུས་ཡིན་ནའང་རྒྱག་གི་ཡོད་པ། རྒྱག་པ་ལས་ཁ་སྟབས་གཞན་མེད་པ་ཤེས་གསལ་ཡིན་སྟབས་དགོད་བྲོ་བ་ཞིག་ཡིན་སྟབས། གད་སྙིགས་ནང་ཤར་ཤར་གཡུག་སྟེ་འཇོག་དགོས་པ་ཞིག་ཡིན་ནའང་། ཁམས་xxཔ་ཁ་ཤས་ལ་གསལ་བཤད་ཐུང་ཙམ་ཞུས་ན། རང་དབང་ཅན་གྱི་སྡེ་ཚན་ལ་གྲོས་ཚོགས་དང་འཛིན་སྐྱོང་སུས་ཀྱང་སྟངས་འཛིན་གནང་མི་ཆོག དཀའ་རྙོག་བྱུང་ཚེ་ཁྲིམས་ཁང་དུ་འགྲོ་དགོས། སྔར་སྲོལ་ལྟར་འགྲོ་དགོས་ཞེས་ཀྱང་ལབ་མི་ཆོག འགན་འཛིན་སོ་སོའི་སྐབས་བབ་མཛད་འགན་རྣམས་ཐག་གཅོད་བྱེད་པའི་རང་དབང་ཆ་ཚང་འགན་འཛིན་རྣམ་པ་གསུམ་ལ་ཡོད་པས་ཁྱེད་ཅག་གི་ཁྱི་སྐད་མ་རྒྱག་པར་ཁྱི་ལྟོ་འཚོལ་ནས་སྡོད་ཅིག xxxx
ས་ཡིག་བརྒྱབ་མཁན་གྱི་མིང་ཐོ་ལ་ཞིབ་མོར་བལྟས་བ་ཡིན། གལ་ཏེ་ས་ཡིག་རྒྱག་མཁན་གྱི་ཆོལ་ཁའི་ཁོངས་གཏོགས་ཀྱང་བྲིས་ནས་བཞག་ཡོད་ན། སྙན་ཞུ་འདིའི་ཕུགས་སམ་ལྐོག་གྱུར་གྱི་དོན་དེ་མངོན་ཐུབ་ཀྱི་རེད། ངའི་བསམ་ཚུལ་ལྟར་ན་སྤེན་ཚེ་འགོག་ཆེད་ཀླུ་མཁར་བྱམས་འུར་བསྟོད་བྱས་པའི་ཟློས་གར་རང་རེད། བོད་མི་རིགས་འདི་ཆོས་ཀྱི་ཆུ་ཡིས་ཡང་ཡང་བཀྲུས་བའི་སྐལ་བ་འཐོབ་མོད་ལ་ལ་རྡོ་སོལ་ལྟར་ལུས་ཡོད་པས་ཆབ་སྲིད་ཀྱི་རྩེད་མོ་ནག་པོ་རྩེད་མཁན་ཛ་ཡ་ཞིག་ཏུ་གྱུར་ཡོད།
ཨང་གསུམ་པ་དངོས་གཞིའི་ནང་མ་བཞག་པ་དེར་དོག་སློང་རྒྱུ་རྐྱེན་གཉིས་འདུག གཅིག སྙན་ཞུའི་ནང་འཁོད་པ་བཞིན་སྤེན་ཚེའི་ལང་ཕྱོགས་བསམ་བྱེད་སྟངས་ཁྱད་ཚར་དེ་དང་འབྲེལ་བ་ཡོད་སྲིད། གཉིས། ཀླུ་བྱམས་ཀྱི་རྒྱབ་སྐྱོར་འོས་ཤོག་དེ་དག་བློ་སེང་ལ་ཐོབ་པའི་ཆེད་དུ་ཡིན་སྲིད། འདི་གཉིས་ཀ་ལ་འབྲེལ་བ་ཆེན་པོ་འདུག གང་ཡིན་ཟེར་ན་དེང་སང་འོས་ལས་པ་ཚོས་མང་མོས་ཚད་མཐོ་ཡོང་ཕྱིར་ཞེས་པའི་ཚིག་ཅིག་ཞེ་དྲག་བེད་སྤྱོད་བྱེད་ཀྱི་འདུག གང་ལྟར་ཡག་རྟགས་ཤིག་རྩ་བ་ནས་མི་འདུག
སྙན་ཞུ་ག་ཚོད་བརྒྱབ་ནའད་ཕན་ཐོགས་ཡོང་གི་མ་རེད། མི་དམངས་ཀྱི་རེ་འདུན་ལ་གུས་བཀུར་བྱེད་མི་སྲིད་པ་རེད་དོ།
ཨ་རོགས། དབུས་འོས་བསྡུ་ལས་ཁུངས་ལྷོད་ལྷོད་སྡོད་བཅུགརོགས། མགོ་ན་སོང་།རྣ་ཚ་སོང་། ལག་འདར་སོང་། གང་ལྟར་འཁྲབ་སྟོན་འཁྲིད་པ་དང་སྟོན་པ། ཚང་མ་ལ་ཧ་ཧ་ཧ།
ལྷག་བསམ་ཡོད་མདོག་གིས་སྙན་ཞུ་གཏོང་གི་རེད་དམ། ཡང་ན་འཁྲབ་སྟོན་རེད། མཚན་རྟགས་འགོད་མཁན་ཚང་མ་ཆབ་སྲིད་ཀྱི་གོ་རྟོགས་ཨེ་ཡོད་བསམ། ལྷག་པར་དུ་ཡི་གེ་འབྲི་ཀློག་ཤེས་མིན་ལའང་དྭོགས་པ་ཡོད།
སྤེན་པ་ཚེ་རིང་xxxལས་ཀླུ་མཁར་ཡག་པོ་འདུག་ག གལ་སྲིད་སྤེན་ཚེ་དངོས་གཞིར་སླེབས་ན་འཚེ་མེད་ཞི་བར་འགལ་འདུག་པས། གོང་ས་མཆོག་ལ་རྒྱ་གཞུང་གིས་མཚན་སྨོད་ནག་པོ་བྱེད་ངེས། འོན་ཀྱང་། xxསྲིད་དོན་པ་ཚོ་ནང་འཁྲུག་ནང་ལྷུང་ནས་འཚེ་བ་རྐྱང་བྱས་བསྡད་ཤག
ཀརྨ་བློ་གསལ་xxxx། ཀ་སྟག་ར་བཟི་ཁོ་རང་དེ་སྔ་ནས་ཆང་རག་མཆོད་དྲག་ནས་ན་ཚ བྱུང་ནས་ཤི་བ་མ་གཏོགས། སྐྱེད་དམན་ཞིག་ལ་སེམས་ཁྲལ་བྱས་ནས་ཤི་བ་མ་རེད། ཁོ་སྐྱེད་དམན་མང་པོ་ཉར་མཁན། གཞན་གྱི་ཆུང་མ་མང་པོར་ལྐོག་ཉལ་བྱེད་མཁན་ཞིག་ཡིན་པ་མ་ཤེས་སམ།
མི་གསོད་ལག་དམར་ངོ་མ་འཇུ་ཆེན་ཐུབ་བསྟན་རེད། རྒྱ་དམར་ནག་གཉིས་ཀྱི་ཕོགས་ཚོད་མེད་ཟ་མཁན་ཡང་འཇུ་ཆེན་ཐུབ་བསྟན་རེད། ད་དུང་ཨྱོན་སྟོབས་རྒྱལ་གྱིས་ཐའེ་ཝན་ནས་པེད་ཤག་བླངས་པ། གུང་བྲན་ཏང་གི་པེད་ཤག་་བླངས་པ་སོགས་གྲངས་ཀྱིས་ཟིན་པ་ཞིག་མ་རེད། ཁམས་པ་xxཁྲམ་པ་རེ་ཟུང་བཙན་བྱོལ་དུ་འབྱོར་ནས། ཁམས་པ་རྒྱ་ཆེ་མི་མང་གི་བྱས་རྗེས་དང་ལོ་རྒྱུས་ནག་བསུབ་བཏང་། དཀྲོགས་གཏམ་དཀྲུགས་གཞི་ཚད་ལས་བརྒལ་བྱས་པ་མ་ཤེས་སམ། ཞིབ་འཇུག་ཅིག་བྱེད་དགོས་ན་འཇུ་ཆེན་ལག་དམར་ཡིན་པ་མ་ཟད་རྒྱལ་ཚོང་པ་ཡིན་པ་ཐག་གིས་ཆོད་པས། ཀརྨ་བློ་གསལ་xxxx
དངོས་གཞིའི་ནང་ལ་གསུམ་བཏང་ཡང་ཨ་ཚོགས་ལ་སྲིད་སྐྱོང་ཐོབ་མི་སྲིད་པ་ནི་ལོང་བས་ལྟས་ཀྱང་རྒྱལ་ཁམས་ཀྱི་དཔེ་རེད། ཡིག་ཉོག་འདི་ནི་རྩོད་རྙོག་སློངས་སྐྱེད་ཙམ་ལས་གཞན་དགོས་པ་དགེ་མཚན་གང་ཡང་མ་མཐོང་།
བོད་སྤྱི་ལ་ཕན་པའི་སྐད་ཆ་འདྲ་ཡོད་ན་ཤོད་དང་དགའ
མ་གཞི་ཨ་ཚོགས་ག་རེ་བྱས་ནས་དངོས་གཞིའི་ནང་གཏོང་གི་མེད་པ་རེད།
འོ་ཡ་ད་ཡང་་་་་དཀའ་རྙོབ་འདུག་་་་་་གང་དྲག་་་་
ཨ་མཚོ་ཀླུ་བྱམས་དངོས་གཞི་ནང་མ་བཏང་པ་དེ་་་་་གསལ་པོ་རེད་ཞེ་དྲག་རེད། ཁོང་གིས་ད་བར་གོང་ས་མཆོག་ལ་མཚན་སྨད་རྐྱང་ཞུས་པས་ལན་པ་རེད། ལྷག་པར་དུ་ཁོས་གོང་ས་མཆོག་་་རྒྱལ་བཙོང་པ་ཡིན་པ་བསྒྲུབ་བྱེད་མང་པོ་ཐོག་ནས་བསྒྲུབས་པ་རེད། དེ་འདྲ་སོང་ཙང་་་གོང་ད་མཆོག་ཁོང་ལ་མཉེས་པོ་ཡོ་མ་རེད། དེ་འདྲ་ཡིན་དུས་་་་་ཡར་མ་ཚུད་པ་རེད།། གོང་ས་མཆོག་ཐུགས་མ་མཉེས་ན་་་་་བོད་ོ་ཚང་བདེ་སྐྱིད་ག་ནས་ཡོང་།།
སྲིད་སྐྱོང་འོས་མི་དངོས་གཞིའི་ལས་རིམ་ནང་གཏོང་མི་གཏོང་གོང་ས་མཆོག་ཐུགས་མནེས་མིན་རེད་སུ་ཟེར།
དེང་གི་མྱུལ་མ་བསམ་མནོ་བཏང་ནས་སྐད་ཆ་ཤོད། མི་ངན་ཁ་ཤས་ཀྱིས་བྱས་ཉེས་ཡོངས་རྫོགས་གོང་ས་མཆོག་ལ་གཡོག་དོན་གང་ཡིན། ཀླུ་མཁར་བྱམས་གོང་ས་མཆོག་གིས་སྐད་ཆ་ཤོད་མ་བཅུག་ག་དུས་གསུང་འདུག དོན་མེད་གོང་ས་མཆོག་ལ་ནག་རྩི་མ་བྱུག་རོགས་ལོག་སྤྱོད་ཚོ།
སྨྱོ་ལབ་ག་ཚོད་རྒྱབ་ཀྱང་ཕན་ལེ་མ་རེད་།
ད་སོ་སོ་ལ་འོས་ཤོག་འཕེན་ཤོག་ཡག་ལེ་རེད་།