བེ་རི་འཇིགས་མེད།
ཀུན་ཀྱང་སྲིད་པའི་སྡུག་བསྔལ་མི་འདོད་ཅིང༌།།
ཀུན་གྱི་སེམས་ལ་རེ་བའི་དག་ཞིང་རེ།།
ཟག་མེད་དག་ཞིང་གང་ཡོད་མ་འཚལ་ཡང༌།།
དུས་རབས་མི་ཡི་དག་ཞིང་ཨ་རི་ཉིད།།
གསང་སྔགས་ཁྲོམ་སྒྲག་བྱེད་སའི་དབང་ར་དང༌།།
ནང་བསྟན་འཚོང་འགྲེམ་བྱེད་སའི་ཆོས་ཚོགས་དང༌།།
སྐུ་རྟེན་ནག་འཚོང་རྒྱག་སའི་ཁྲོམ་བཏེགས་སོགས།།
ཨ་རིའི་ཞིང་དུ་སླེབས་ན་རང་འགྲིགས་ཡིན།།
ཉིན་མོ་གྲྭ་ཆོས་གོན་པའི་དགེ་སློང་དང༌།།
མཚན་མོར་དབྱིན་མོ་རུམ་པའི་གྲུབ་ཐོབ་གཉིས།།
ཆོས་ལོག་ཆོས་སུ་འཆད་པའི་སྟོན་པ་གསུམ།།
ཨ་རིའི་ཞིང་དུ་སླེབས་ན་རང་འགྲིགས་ཡིན།།
སྐྲ་ནག་མཛེས་མའི་གདོང་གི་ལྟད་མོ་དང༌།།
སྐྲ་སེར་གཞོན་མའི་བྲང་གི་ནུ་འབུར་གཉིས།།
ཁྲོན་ཤན་བུ་མོའི་རྐུབ་ཀྱི་བྲོ་བ་གསུམ།།
ཨ་རིའི་ཞིང་དུ་སླེབས་ན་རང་འགྲིགས་ཡིན།།
ཁ་ཡིས་རྐུབ་ཀྱི་ལས་ཀ་འཇོན་པ་དང༌།།
རྐུབ་ཀྱི་ངོ་སོ་ཁྲོམ་ལ་ངོམས་པ་གཉིས།།
ཁྲོམ་གསེབ་རྐུབ་ཚབ་ཚོང་ཟོག་མང་བ་གསུམ།།
ཨ་རིའི་ཞིང་དུ་སླེབས་ན་རང་འགྲིགས་ཡིན།།
བླ་སྤྲུལ་བཙུན་པའི་ཆོས་ཀྱི་འཚོང་འགྲེམས་དང༌།།
སྐད་བསྒྱུར་མཁས་པས་བར་ཟོས་ཁེ་བཟང་གཉིས།།
མགོ་སེར་ཚོང་པའི་ཉོ་འཚོང་འབྲེལ་མཐུད་གསུམ།།
ཨ་རིའི་ཞིང་དུ་སླེབས་ན་རང་འགྲིགས་ཡིན།།
ཉིན་མོ་ཕྲུ་གུ་འཚོ་སྐྱོང་བྱེད་པ་དང༌།།
མཚན་མོ་སྦྱིན་བདག་གཟུགས་པོ་བཀྲུ་བ་གཉིས།།
རྒྱུན་དུ་ཟས་གཡོ་གད་བདལ་བྱེད་པ་གསུམ།།
ཨ་རིའི་ཞིང་དུ་སླེབས་ན་རང་འགྲིགས་ཡིན།།
ཉིན་མོར་ཟ་ཁང་ནང་དུ་ལག་གཡོག་རྒྱུག།
མཚན་མོར་ཞབས་བྲོ་ཁང་དུ་ཌང་སེ་འཁྲབ།།
ཟླ་ཕོག་ཕལ་ཆེར་མེཀ་སི་ཁོ་ལ་བསྐྱལ།།
ཨ་རིའི་ཞིང་དུ་སླེབས་ན་རང་འགྲིགས་ཡིན།།
མི་ཡུལ་ས་མཐར་འཁྱམས་པའི་བྲོ་བ་དང༌།།
ཕ་མ་སྤུན་མཆེད་བྲལ་བའི་སེམས་ཁྲལ་གཉིས།།
ལག་ཁྱེར་ཚད་ལྡན་མེད་པའི་དཀའ་ངལ་གསུམ།།
ཨ་རིའི་ཞིང་དུ་སླེབས་ན་རང་འགྲིགས་ཡིན།།
མངའ་སྐྱུར་བྲོ་བ་མྱོང་སའི་ཆང་ཁང་དང༌།།
མི་རིགས་འདྲ་མིན་འདུ་སའི་ཞབས་བྲོ་ཁང༌།།
ཤ་མདོག་ངེས་མེད་ཚོགས་སའི་གཞང་ཁང་གསུམ།།
ཨ་རིའི་ཞིང་དུ་སླེབས་ན་རང་འགྲིགས་ཡིན།།
ལོ་རྒྱུས་རྫུན་མ་བསྒྲིགས་པའི་རྩོམ་སྒྲུང་དང༌།།
དབྱིན་ཡིག་སྙན་ཞུ་འབྲི་མཁན་གླ་བ་གཉིས།།
སྐྱབས་བཅོལ་དཔང་ཡིག་ཞུ་མཁན་མི་འཁྱམས་གསུམ།།
ཨ་རིའི་ཞིང་དུ་སླེབས་ན་རང་འགྲིགས་ཡིན།།
ཆང་ས་རྫུན་མ་རྒྱག་མཁན་སྐྱབས་བཅོལ་དང༌།།
གཉེར་སྒྲིག་དཔང་ཡིག་ཞུ་མཁན་མགོ་སེར་གཉིས།།
གྷི་རིན་ཁ་ཌི་སྒུག་མཁན་མི་རིགས་གསུམ།།
ཨ་རིའི་ཞིང་དུ་སླེབས་ན་རང་འགྲིགས་ཡིན།།
ཁང་གླ་ཆེན་པོ་ཐོབ་པའི་སེམས་ཁྲལ་དང༌།།
ལས་གླ་ཚད་ལྡན་མེད་པའི་ཕམ་ཁ་གཉིས།།
སྦྱིན་བདག་རྒྱ་རྒན་བཙན་པོའི་བརྙས་བཅོས་གསུམ།།
ཨ་རིའི་ཞིང་དུ་སླེབས་ན་རང་འགྲིགས་ཡིན།།
ཁྲིམས་མཐུན་ཁྲལ་གྱི་དཔང་ཡིག་མེད་པ་དང༌།།
ཨ་རིའི་རྒྱལ་ཁབ་དམ་དྲག་ཚ་བ་གཉིས།།
ཝི་ས་རྫུན་མའི་བུ་ལོན་ཆེ་བ་གསུམ།།
ཨ་རིའི་ཞིང་དུ་སླེབས་ན་རང་འགྲིགས་ཡིན།།
ལས་ཀ་གཅིག་ཏུ་གཏད་སོ་མེད་པ་དང༌།།
སྦེང་གི་ཨེ་ཀོར་འཛིན་ཡིག་མེད་པ་གཉིས།།
ཨ་ཌེ་ཁ་ཌི་ཚད་ལྡན་མེད་པ་གསུམ།།
ཨ་རིའི་ཞིང་དུ་སླེབས་ན་རང་འགྲིགས་ཡིན།།
གྲྭ་པས་ཆོས་གོས་ཕུད་ནས་བྱ་སྐེ་གཅོད།།
དཔོན་པོས་རྐུབ་ཀྱགས་གཡུགས་ནས་གསང་སྤྱོད་འཁྲུ།།
མཛེས་མས་སྤོམ་མདོག་བཞག་ནས་གཟུགས་པོ་བཙོང༌།།
ཨ་རིའི་ཞིང་དུ་སླེབས་ན་རང་འགྲིགས་ཡིན།།
དབང་ཆེན་དཔོན་པོའི་སྤྱི་སེམས་བརླག་ས་དང༌།།
གྲྭ་ཆུང་བཙུན་པའི་སྡོམ་པ་ཤོར་ས་གཉིས།།
ན་ཆུང་བུ་མོའི་ལང་ཚོ་ཉམས་ས་གསུམ།།
ཨ་རིའི་ཞིང་དུ་སླེབས་ན་རང་འགྲིགས་ཡིན།།
ཁ་རྩང་ཁ་བ་འབབ་པའི་མཚན་མོ་དང༌།།
དེ་རིང་ཚ་བ་འབར་བའི་ཉིན་མོ་གཉིས།།
ངེས་མེད་དུས་ཀྱི་བར་ཐག་ཐུང་བ་གསུམ།།
ཨ་རིའི་ཞིང་དུ་སླེབས་ན་རང་འགྲིགས་ཡིན།།
ཕྱི་ཡི་སྟོབས་འབྱོར་ལྷ་དང་མཉམ་ན་ཡང༌།།
ནང་གི་སེམས་པ་རྒྱ་མཚོའི་རླབས་ལྟར་གཡོ།།
དུས་ཀྱི་འཁྲུག་ཆ་སྟོན་ཀའི་རླུང་བཞིན་འཚུབ།།
ཨ་རིའི་ཞིང་དུ་སླེབས་ན་རང་འགྲིགས་ཡིན།།
ཁ་རྩང་རྒོད་ནས་སོ་དཀར་བསྟན་པ་དང༌།།
དེ་རིང་ངུ་ནས་མིག་ཆུ་གཏོང་བ་གཉིས།།
སང་ཉིན་ཁྲོས་པའི་གདོང་རིས་དམར་བ་གསུམ།།
ཨ་རིའི་ཞིང་དུ་སླེབས་ན་རང་འགྲིགས་ཡིན།།
འཕྲོད་བསྟེན་རྣམ་བཞག་གཞན་ལས་མང་ན་ཡང༌།།
ངེས་མེད་ནད་ཡམས་སྣ་ཚོགས་འབྱུང་བའི་ཁུངས།།
སྨན་གྱི་རིན་གོང་ཧ་ཅང་ཆེ་བ་ཡང༌།།
ཨ་རིའི་ཞིང་དུ་སླེབས་ན་རང་འགྲིགས་ཡིན།།
ཕྱོགས་སླེབས་ཚོགས་པ་དུ་མའི་འཁྲབ་སྟོན་དང༌།།
ཕྱོགས་འཁྱམས་ཆབ་སྲིད་བཙོན་པའི་སྐྱབས་བཅོལ་བ།།
ཕྱོགས་མཐའི་རིག་གཞུང་མཁས་པའི་སློབ་དཔོན་གསུམ།།
ཨ་རིའི་ཞིང་དུ་སླེབས་ན་རང་འགྲིགས་ཡིན།།
དེ་དང་དེ་འདྲའི་ཨ་རིའི་ཕེབས་མཁན་ཚོའི།།
འདི་དང་འདི་འདྲའི་གནས་སྟངས་གསལ་བའི་གཏམ།།
གང་དང་གང་ཞིག་མཐོང་ཐོས་བྱུང་ཙམ་ལས།།
མཐའ་དག་བརྗོད་པའི་ཉམས་མྱོང་བདག་ལ་མེད།།
ཨ་རིའི་རྒྱལ་ཁམས་དང་པོ་འགྲིམས་པའི་སྐབས།།
ཁྱི་ཁཱ་སྒང་དང་ཨིན་ཌི་ཨ་ན་གཉིས།།
ཨོ་ཧ་ཡང་དང་ཇོ་ཇོན་མངའ་སྡེ་བཞིར།།
བསྐོར་བ་ཙམ་ལས་གཞན་དུ་ཆ་རྒྱུས་མེད།།
ཨ་རི་ཨིན་ཌི་ཨ་ནའི་མཐོ་སློབ་ཏུ།།
ཕྱོགས་བསྐྱོད་དགེ་རྒན་དང་པོར་ཆས་པའི་སྐབས།།
ཉིན་ཐོ་ནང་དུ་གང་ཞིག་འཁོད་པ་ལས།།
དོན་གནད་ཁག་གཅིག་ཕྱོགས་སྡོམ་བྱས་ནས་བསྒྲིགས།།
སྤྱི་ ལོ་ ༢༠༠༣ ཟླ་ ༦ ཚེས ༡༡ ལ་ཨ་མེ་རི་ཁ་ཇོ་ཇོན་མངའ་སྡེ་ནས་མགོ་འཛུགས་བྱས། ཟླ་བ་ ༧ ཚེས་ ༡༤ ཉིན་རྒྱ་གར་ལྷོ་པྱོགས་བྷེང་ལོར་མཇུག་རྫོགས་པར་བྱས།
སྲིད་པའི་སྡུག་བསྔལ་སུས་ཀྱང་མི་འདོད་ཅིང༌།།
བདེ་ལྡན་ཞིང་ཞིག་ཀུན་གྱིས་རེ་ནའང། །
ཟག་མེད་ཞིང་ཁམས་གར་ཡོད་མི་ཤེས་མོད། །ུ
དངོས་སུ་མཐོང་རྒྱུའི་ཞིང་ཁམས་ཨ་རི་ཉིད། །
སྔགས་པས་གསང་སྔགས་ཁྲོམ་བསྒྲགས་བྱེད་པ་དང་། །
ནང་པ་དག་གིས་ནང་བསྟན་འཚོང་འགྲེམ་དང། །
ནག་འཚོང་ལ་སོགས་རྒྱག་ནའང་རྒྱག་ཏུ་ཆུག །
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་འདོད། །
ཉིན་མོ་གྲྭ་ཆས་དགེ་སློང་ཡོངས་ཀྱིས་གྱོན། །
མཚན་མོར་དབྱིན་མོ་རུམ་པའི་གྲུབ་ཐོབ་ལེགས། །
ཆོས་ལོག་ཆོས་སུ་འཆད་མཁན་སྔ་ནས་ཡོད། །
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་འདོད། །
སྐྲ་ནག་མཛེས་མའི་གདོང་གི་ལྟད་མོ་དང༌། །
སྐྲ་སེར་གཞོན་མའི་བྲང་གི་ནུ་འབུར་གཉིས།།
ཁྲོན་ཤན་བུ་མོའི་རྐུབ་བྲོ་བ་མྱོང་བའི་ཆེད། །
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་འདོད། །
ཁ་ཡིས་རྐུབ་ཀྱི་ལས་ཀ་འཇོན་པ་དང༌། །
རྐུབ་ཀྱི་ངོ་སོ་ཁྲོམ་ལ་ངོམས་པ་གཉིས། །
ཁྲོམ་གསེབ་རྐུབ་ཚབ་ཚོང་ཟོག་ལྟ་འདོད་ཀྱིས། །
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་འདོད། །
བླ་སྤྲུལ་བཙུན་པའི་ཆོས་ཀྱི་འཚོང་འགྲེམས་དང༌། །
སྐད་བསྒྱུར་མཁས་པས་བར་ཟོས་ཁེ་བཟང་གཉིས། །
ཚོང་པའི་ཉོ་འཚོང་གསུམ་པོ་ཚོད་འགམ་དུ། །
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་འདོད། །
ཉིན་མོ་ཕྲུ་གུ་འཚོ་སྐྱོང་བྱེད་པ་དང༌། །
མཚན་མོ་སྦྱིན་བདག་གཟུགས་པོ་བཀྲུ་བ་གཉིས།།
ཟས་གཡོ་གད་བདལ་བྱེད་རྣམས་སྡུག་རྒྱུ་མེད། །
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་འདོད། །
ཉིན་མོར་ཟ་ཁང་ནང་དུ་ལག་གཡོག་རྒྱུག །
མཚན་མོར་ཞབས་བྲོ་ཁང་དུ་ཌང་སེ་འཁྲབ།།
ཟླ་ཕོག་ཕལ་ཆེར་སྐྱིད་པོའི་ཆེད་དུ་གཏོང་། །
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་འདོད། །
མི་ཡུལ་ས་མཐར་འཁྱམས་པའི་བྲོ་བ་དང༌། །
ཕ་མ་སྤུན་མཆེད་བྲལ་བའི་སེམས་ཁྲལ་གཉིས། །
ལག་ཁྱེར་མེད་པའི་དཀའ་ངལ་ཉམས་མྱོང་ཡིན། །
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་འདོད། །
མངའ་སྐྱུར་བྲོ་བ་མྱོང་སའི་ཆང་ཁང་དང༌། །
མི་རིགས་འདྲ་མིན་འདུ་སའི་ཞབས་བྲོ་ཁང་། །
ཤར་ནུབ་མི་རིགས་གཞང་ཁང་མང་བའི་ཡུལ། །
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་འདོད། །
ལོ་རྒྱུས་རྫུན་མ་བསྒྲིགས་པའི་རྩོམ་སྒྲུང་དང༌། །
དབྱིན་ཡིག་སྙན་ཞུ་འབྲི་མཁན་གླ་བ་གཉིས། །
སྐྱབས་བཅོལ་དཔང་ཡིག་ཞུ་ཡང་ཐ་ཤལ་མིན། །
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་འདོད། །
ཆང་ས་རྫུན་མ་རྒྱག་མཁན་སྐྱབས་བཅོལ་དང༌། །
གཉེར་སྒྲིག་དཔང་ཡིག་ཞུ་མཁན་མགོ་སེར་གཉིས།།
གྷི་རིན་ཁ་ཌི་སྒུག་རུང་གུ་ཡངས་ཡུལ། །
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་འདོད། །
ཁང་གླ་ཆེན་པོ་འཇལ་དགོས་སེམས་ཁྲལ་དང༌། །
ལས་གླ་ཚད་ལྡན་མེད་པའི་ཕམ་ཁ་གཉིས། །
སྦྱིན་བདག་བཙན་པོའི་བརྙས་བཅོས་གང་ནའང་ཡོད། །
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་འདོད། །
ཁྲིམས་མཐུན་ཁྲལ་གྱི་དཔང་ཡིག་མེད་པ་དང༌།།
ཨ་རིའི་རྒྱལ་ཁབ་དམ་དྲག་ཚ་བ་གཉིས།་།
ཝི་ས་རྫུན་མའི་བུ་ལོན་ཆེ་ཡང་རུང་། །
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་འདོད། །
ལས་ཀ་གཅིག་ཏུ་གཏད་སོ་མེད་ན་ཡང་། །
དངུལ་ཁང་འཛིན་ཡིག་མེད་པ་ག་ལ་བདེན། །
ལག་ཁྱེར་མེད་པ་སྡོད་མཁན་གྲངས་མེད་འདུག །
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་འདོད། །
གྲྭ་པས་ཆོས་གོས་ཕུད་ནས་སྐྱ་ཆས་སྤྲས། །
དཔོན་པོས་རྐུབ་སྟེགས་གཡུགས་ནས་གསང་སྤྱོད་འཁྲུ།།
མཛེས་མས་སྤོམ་མདོག་བཞག་ནས་ལས་དོན་གཉེར། །
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་འདོད། །
དབང་ཆེན་དཔོན་པོའི་སྤྱི་སེམས་བརླག་ས་དང༌། །
གྲྭ་ཆུང་བཙུན་པའི་སྡོམ་པ་ཤོར་ས་གཉིས། །
ན་ཆུང་ལང་ཚོ་མ་ཉམས་ས་ཞིག་མེད། །
ཨ་རིའི་ཞིང་དུ་སླེབས་ན་རང་འགྲིགས་ཡིན། །
ཁ་སང་ཁ་བ་འབབ་པའི་མཚན་མོ་དང༌། །
དེ་རིང་ཚ་བ་འབར་བའི་ཉིན་མོ་སོགས། །
ངེས་མེད་དུས་ཀྱི་དུཿཁ་འདི་ནའང་འདུག །
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་འདོད། །
ཕྱི་ཡི་སྟོབས་འབྱོར་མཐོ་རིས་ལྷ་དང་མཉམ།།
ནང་གི་སེམས་པ་རྒྱ་མཚོའི་རྒྱ་ལྟར་ཆེ། །
དུས་ཀྱི་འཁྲུག་ཆ་དོད་པས་ཡར་རྒྱས་ལྡན། །
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་འདོད། །
ཁ་སང་དགོོད་ནས་སོ་དཀར་བསྟན་བཞིན་པར།།
དེ་རིང་མྱ་ངན་ངུ་ནས་མིག་ཆུ་གཏོང་། །
སང་ཉིན་ཁྲོས་སོགས་སྐྱེ་བོ་ཀུན་གྱི་གཤིས། །
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་འདོད། །
འཕྲོད་བསྟེན་རྣམ་བཞག་གཞན་ལས་མང་ན་ཡང༌།།
ངེས་མེད་ནད་ཡམས་སྣ་ཚོགས་འབྱུང་བ་ནི། །
སྔོན་གྱི་ལས་ཏེ་དེ་ལས་གཡོལ་དུ་མེད། །
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་འདོད། །
ཕྱོགས་སླེབས་ཚོགས་པ་དུ་མའི་འཁྲབ་སྟོན་དང༌།།
ཕྱོགས་འཁྱམས་ཆབ་སྲིད་བཙོན་པའི་སྐྱབས་བཅོལ་བ།།
ཕྱོགས་མཐའི་མཁས་པ་མང་བ་ཤེས་རིག་གཏེར། །
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་འདོད། །
དེ་དང་དེ་འདྲའི་ཨ་རིའི་ཞིང་ཁམས་ལ། །
སུ་དང་སུ་ཞིག་ཕེབས་རྣམས་སྐལ་བཟང་ཡིན། །
ཅི་དང་ཅི་འདྲའི་ཐབས་ཤིག་བྱེད་ནས་ཀྱང་། །
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་འདོད། །
སྤྱི་ ལོ་ ༢༠༠༣ ཟླ་ ༦ ཚེས ༡༡ ལ་ཨ་མེ་རི་ཁ་ཇོ་ཇོན་མངའ་སྡེ་ནས་མགོ་འཛུགས་བྱས། ཟླ་བ་ ༧ ེས་ ༡༤ ཉིན་རྒྱ་གར་ལྷོ་པྱོགས་བྷེང་ལོར་མཇུག་རྫོགས་པར་བྱས་པའི་བེ་རི་འཇིགས་མེད་ལགས་ཀྱིས་བྲིས་པའི་རྩོམ་སྒྲོམ་ལ་ལྷན་པ་ཅུང་ཟད་རེ་བཏབ་ནས་ཉམས་མཚར་དུ་བྲིས།
»
༡་ཁྲོམ་ཤན་བུ་མོའི་རྐུབ་བྲོ་བ་མྱོང་བའི་ཆེད། །ཅེས་པ་་་་་ཁྲོམ་ཤན་བུ་མོའི་རྐུབ་བྲོ་མྱོང་བའི་ཆེད། །་་་་བཅོས
༢་དབང་ཆེན་དཔོན་པོའི་སྤྱི་སེམས་བརླག་ས་དང༌། །
གྲྭ་ཆུང་བཙུན་པའི་སྡོམ་པ་ཤོར་ས་གཉིས། །
ན་ཆུང་ལང་ཚོ་མ་ཉམས་ས་ཞིག་མེད། །
ཨ་རིའི་ཞིང་དུ་སླེབས་ན་རང་འགྲིགས་ཡིན། །་ཞེས་པ་་་མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་འདོད། །་་་བཅོས།
ཆགས་པའི་རྩོམ་དང་སྡང་བའི་རྩོམ། །
གཉིས་ཀ་ལེགས་པོ་མ་ཡིན་ཀྱང་། །
ཆགས་རྩོམ་གནས་སྐབས་བདེ་བ་སྦྱིན། །
སྡང་རྩོམ་ཕྲལ་ཕུགས་གཉིས་མི་བདེ། །
སུ་དང་སུ་ཡི་སྤྱི་སེམས་བརླགས་སོང་ཟིག །
ཨ་རིའི་ཡུལ་ན་གང་ཞིག་རང་འགྲིག་རེད། །
ན་ཆུང་ལང་ཚོ་མ་ཉམས་ཡུལ་ཁམས་ཤིག །
ཡོད་ན་མེ་ཏོག་དཀར་བོ་ཁྱེད་ལ་བྱིན། །
ཧ་ཧ་ཧ་་་་རྩེད་མཚར་དུ།
ཚིགས་བཅད་གསུམ་ཙམ་ཡོད་པའི་རྩམདགའ་ལགས་ཀྱི་མཆན་ཞིག་ཟུབ་ཟིན་འདུག རེད་དམ
ཨ་རི་ཨ་མ་འདྲ་བོའི་བཀའ་དྲིན་ལ།།
ཨ་རིའི་སྒྲོ་ལ་ཆར་བ་འབབ་འབབ་རེད།།
ཨ་རིའི་དག་ཞིང་བཞག་ནས་རྒྱ་གར་ལ།།
ཨ་སྟོང་རྒྱག་གི་འགྲོ་མཁན་ལྐུག་པ་རེད།།
བོད་དོན་བསྐྱུར་བ་ཨ་རི་ཙམ་ཡིན་ཡང་།།
བོད་དོན་གནོད་པ་སྤྱི་འཐུས་ནང་ན་ཡོད།།
གནོད་དང་བསྐྱུར་བ་གནད་དོན་མི་འདྲ་བས།།
སྤྱི་ལ་གནོད་པ་ས་མ་ར་ཡ་ཕཊ།།
༄༅། །ནུབ་ཕྱོགས་ལ་ངོ་མཚར་ཅི། སྤྱི་དོན་ལ་འབད་པར་ཞུ། ། མི་འདོད་སྡུག་བསྔལ་ནན་གྱིས་སྒྲུབ་པ་དེ། །།
ལས་ཀྱིས་བསྡུས་པའི་སྐྱེ་འགྲོ་སྤྱི་ཡི་གཤིས།།
ཨ་རི་ལས་གཞན་དག་ཞིང་མི་ཤེས་པ།།
གྲྭ་གཟུག་ཐོས་བསམ་མེད་པའི་མངོན་རྟགས་ཉིད།།
གསང་སྔགས་ཁྲོམ་སྒྲག་བྱེད་པ་གྲྭ་བའི་དོན།།
ནང་བསྟན་འཚོང་འགྲེམ་བྱེད་པ་འཚོ་བའི་དོན།།
སྐུ་རྟེན་ནག་འཚོང་རྒྱག་པ་ཁེ་བཟང་ཆེད།། རང་སྐྱོན་གཞན་ལ་བགོ་བ་མགོ་བདེའི་རིགས།།
ཉིན་མོའི་དགེ་སློང་མཚན་མོའི་གྲུབ་ཐོབ་གཉིས།།
བཟང་ཡང་ངན་ཀྱང་རང་གི་བདེ་བའི་དོན།།།
ཆོས་ལོག་སྟོན་པ་ཕྱོགས་རིས་མཁན་པོ་གཉིས།།
ལྟར་སྣང་མཛེས་ཀྱང་སྤྱི་ཚོགས་འཁྲུགས་པའི་རྒྱུ།།
སྐྲ་ནག་མཛེས་མའི་གདོང་གི་ལྟད་མོ་དང༌།།
སྐྲ་སེར་གཞོན་མའི་བྲང་གི་ནུ་འབུར་གཉིས།།
ཁྲོན་ཤན་བུ་མོའི་རྐུབ་ཀྱི་བྲོ་བ་གསུམ།།
མཚར་དུ་སྨྲ་བ་ཆོས་ཚུལ་ཉམས་པའི་རྒྱུ།།
ཁ་ཡིས་རྐུབ་ཀྱི་ལས་ཀ་འཇོན་པ་དང༌།།
རྐུབ་ཀྱི་ངོ་སོ་ཁྲོམ་ལ་ངོམས་པ་གཉིས།།
ཁྲོམ་གསེབ་རྐུབ་ཚབ་ཚོང་ཟོག་མང་བ་གསུམ།།
དགེ་ལྡན་སྤྱི་འཐུས་ཞིག་གིས་མྱོང་ལགས་སམ།།
བླ་སྤྲུལ་བཙུན་པའི་ཆོས་ཀྱི་འཚོང་འགྲེམས་དང༌།།
སྐད་བསྒྱུར་མཁས་པས་བར་ཟོས་ཁེ་བཟང་གཉིས།།
མགོ་སེར་ཚོང་པའི་ཉོ་འཚོང་འབྲེལ་མཐུད་གསུམ།།
ལེགས་པའི་ལམ་དུ་སྒྱུར་བའི་སྨོན་ལམ་ཞུ།།
ཉིན་མོ་ཕྲུ་གུ་འཚོ་བསྐྱང་བས་དོན་གཉིས་འགྲུབ།།
མཚན་མོ་སྦྱིན་བདག་བཀྲུས་པས་དོན་གཉིས་འགྲུབ།།
རྒྱུན་དུ་ཟས་གཡོ་གད་བདལ་དོན་གཉིས་འགྲུབ།།
བསམ་པ་དགེ་ལ་བསོད་ནམས་ཤུགས་ཀྱིས་འབྱུང་།།
ཉིན་མོར་ཟ་ཁང་ནང་དུ་ལག་གཡོག་རྒྱུག།
མཚན་མོར་ཞབས་བྲོ་ཁང་དུ་ཌང་སེ་འཁྲབ།།
ཟླ་ཕོག་ཕལ་ཆེར་མེཀ་སི་ཁོ་ལ་བསྐྱལ།།
སྤྱི་འཐུས་འཇོན་ཐང་མེད་པའི་ཕྱག་རྗེས་ལགས།།
མི་ཡུལ་ས་མཐར་འཁྱམས་པའི་བྲོ་བ་དང༌།།
ཕ་མ་སྤུན་མཆེད་བྲལ་བའི་སེམས་ཁྲལ་གཉིས།།
ལག་ཁྱེར་ཚད་ལྡན་མེད་པའི་དཀའ་ངལ་གསུམ།།
འཐུས་མིར་བློ་གྲོས་ལྡན་ན་སྐྱོབས་པར་འཚལ།།
མངའ་སྐྱུར་བྲོ་བ་མྱོང་སའི་ཆང་ཁང་དང༌།།
མི་རིགས་འདྲ་མིན་འདུ་སའི་ཞབས་བྲོ་ཁང༌།།
ཤ་མདོག་ངེས་མེད་ཚོགས་སའི་གཞང་ཁང་གསུམ།།
དགེ་ལྡན་བླ་མའི་དཔྱད་ཡུལ་མ་ནོར་རམ།།
ལོ་རྒྱུས་རྫུན་མ་བསྒྲིགས་པའི་རྩོམ་སྒྲུང་དང༌།།
དབྱིན་ཡིག་སྙན་ཞུ་འབྲི་མཁན་གླ་བ་གཉིས།།
སྐྱབས་བཅོལ་དཔང་ཡིག་ཞུ་མཁན་མི་འཁྱམས་ལ།།
སྤྱི་འཐུས་ལགས་པས་མགོན་སྐྱབས་སྐྱོངས་འཚལ་ལོ།།
ཆང་ས་རྫུན་མ་རྒྱག་མཁན་སྐྱབས་བཅོལ་དང༌།།
གཉེར་སྒྲིག་དཔང་ཡིག་ཞུ་མཁན་མགོ་སེར་གཉིས།།
གྷི་རིན་ཁ་ཌི་སྒུག་མཁན་མི་རིགས་གསུམ།།
གདུང་སེམས་བསྐྱེད་ལས་ཟུར་ཟའི་ཡུལ་མ་ལགས།།
ཁང་གླ་ཆེན་པོ་ཐོབ་པའི་སེམས་ཁྲལ་དང༌།།
ལས་གླ་ཚད་ལྡན་མེད་པའི་ཕམ་ཁ་གཉིས།།
སྦྱིན་བདག་རྒྱ་རྒན་བཙན་པོའི་བརྙས་བཅོས་ལ།།
སྤྱི་འཐུས་ལགས་པས་རོགས་སྐྱོར་ཁུར་དུ་བབས།།
ཁྲིམས་མཐུན་ཁྲལ་གྱི་དཔང་ཡིག་མེད་པ་དང༌།།
ཨ་རིའི་རྒྱལ་ཁབ་དམ་དྲག་ཚ་བ་གཉིས།།
ཝི་ས་རྫུན་མའི་བུ་ལོན་ཆེ་བ་ལ།།
སྤྱི་འཐུས་ལགས་པས་ཐག་གཅོད་བགྱིད་པར་འཚལ།།
ལས་ཀ་གཅིག་ཏུ་གཏད་སོ་མེད་པ་དང༌།།
སྦེང་གི་ཨེ་ཀོར་འཛིན་ཡིག་མེད་པ་གཉིས།།
ཨ་ཌེ་ཁ་ཌི་ཚད་ལྡན་མེད་པ་པ།།
སྤྱི་འཐུས་ལགས་པས་གོ་སྒྲིག་གནང་བར་འོས།།
གྲྭ་པས་ཆོས་གོས་ཕུད་ནས་བྱ་སྐེ་གཅོད།།
དཔོན་པོས་རྐུབ་ཀྱགས་གཡུགས་ནས་གསང་སྤྱོད་འཁྲུ།།
མཛེས་མས་སྤོམ་མདོག་བཞག་ནས་གཟུགས་པོ་བཙོང༌།།
མི་འདོད་ཁུར་དུ་བབས་པ་མཐོང་ཆུང་ཡུལ་མ་ལགས།།
དབང་ཆེན་དཔོན་པོའི་སྤྱི་སེམས་བརླག་ས་དང༌།།
གྲྭ་ཆུང་བཙུན་པའི་སྡོམ་པ་ཤོར་ས་གཉིས།།
ན་ཆུང་བུ་མོའི་ལང་ཚོ་ཉམས་ས་གསུམ།།
རྐྱེན་གྱིས་གཙེས་ཕྱིར་བརྙས་པའི་གནས་མ་ལགས།།
ཁ་རྩང་ཁ་བ་འབབ་པའི་མཚན་མོ་དང༌།།
དེ་རིང་ཚ་བ་འབར་བའི་ཉིན་མོ་གཉིས།།
ངེས་མེད་དུས་ཀྱི་བར་ཐག་ཐུང་བ་གསུམ།།
ཨ་རིའི་བྱིས་པའི་ཤེས་བྱར་ངོ་མཚར་ཅི།།
སྟོབས་འབྱོར་ལྷ་དང་མཉམ་པ་ཆེ་སྟོད་ཡིན།།
སེམས་པ་མཚོ་རླབས་ལྟར་གཡོ་བ་སྐུ་ཉིད་དེ།།
འཁྲུག་ཆ་རླུང་བཞིན་འཚུབ་ས་སྤྱི་འཐུས་ནང་།།
བོད་གཞུང་རྒྱུན་ལས་རྣམས་ཀྱིས་མྱོང་བྱ་ལགས།།
ཁ་རྩང་རྒོད་ནས་སོ་དཀར་བསྟན་པ་དང༌།།
དེ་རིང་ངུ་ནས་མིག་ཆུ་གཏོང་བ་གཉིས།།
སང་ཉིན་ཁྲོས་པའི་གདོང་རིས་དམར་བ་གསུམ།།
ཨ་རི་མི་དགོས་བོད་ཀྱི་འཐུས་མིར་མངའ།།
འཕྲོད་བསྟེན་རྣམ་བཞག་གཞན་ལས་མང་ན་ཡང༌།།
ངེས་མེད་ནད་ཡམས་སྣ་ཚོགས་འབྱུང་བའི་ཁུངས།།
སྨན་གྱི་རིན་གོང་ཧ་ཅང་ཆེ་བ་ཡང༌།།
དུས་རབས་སྤྱི་འགྲོས་ཨ་རི་ཁོ་ན་མིན།།
ཕྱོགས་སླེབས་ཚོགས་པ་དུ་མའི་འཁྲབ་སྟོན་དང༌།།
ཕྱོགས་འཁྱམས་ཆབ་སྲིད་བཙོན་པའི་སྐྱབས་བཅོལ་བ།།
ཕྱོགས་མཐའི་རིག་གཞུང་མཁས་པའི་སློབ་དཔོན་གསུམ།།
ཨ་རི་ལས་གཞན་རྒྱལ་ཁབ་མང་པོར་ཡོད།།
ཨ་རིའི་རྒྱལ་ཁམས་དང་པོ་འགྲིམས་པའི་སྐབས།།
ལྷ་ངོ་མ་མཇལ་འདྲེ་ཡི་འཁུ་ལྡོག་མཐོང་།།
ལྷ་ཁང་མ་མཐོང་དངུལ་གྱི་འདུ་བ་མཐོང་།།
བཟང་པོར་རྒྱུས་མེད་ངན་པ་སྨྲ་ལ་གོམས།།
ཨ་རི་ཨིན་ཌི་ཨ་ནའི་མཐོ་སློབ་ཏུ།།
ཕྱོགས་བསྐྱོད་དགེ་རྒན་དང་པོར་ཆས་པའི་སྐབས།།
སྤྱི་ལ་གནོད་པའི་ཕྱོགས་རིས་མི་གནང་བར།།
བོད་ལ་ཕན་པའི་ལས་ལ་བརྩོན་འཚལ་ལོ།།
ཧོང་ཀོང་དུ་སྐུ་ཞབས་བེ་རི་འཇིགས་མེད་ཀྱི་རྩོམ་བཀླག་པའི་མུར་ལྷག་བསམ་རྒན་བུས་འཕྲལ་བྲིས་བགྱིས་པའོ། །དགོངས་དག་ཞུ། །སྤྱི་ལོ་ ༢༠༡༠
ཨ་རིར་སླེབས་རྒྱུ་དེ་ཙམ་མི་དཀའ་ཡང་། །
ཨ་སྐད་དབྱིན་ཡིག་འགྲིག་ཙམ་མ་ཤེས་ན། །
ཨ་རིར་བཞུགས་པའི་རང་གི་གྲོགས་པོ་ཚོས། །
ཨ་ཁ་ཟེར་བ་ཙམ་ལས་ཕན་མི་ཐོགས། །
ཨ་རིའི་བོད་མི་འགའ་ཡི་འགྲོ་སྟངས་གཅིག །
ཨ་ཕ་ཨ་མ་དག་ལ་གུས་ཞབས་ཆུང་བ་དང་། །
ཨ་སྐད་དབྱིན་ཡིག་རྩིས་ཆེན་གནང་བ་ལས། །
ཨ་བུ་རང་གི་ཕ་སྐད་མཐོང་མི་སྟེར། །
ཨ་རིའི་ཡུལ་ནས་ཆུ་ཚོད་བཅུ་ཁ་རེར། །
ཨ་འུར་བྲེལ་བྲེལ་ལས་ཀ་བྱས་ན་ཡང་། །
ཨ་རིའི་ཁང་གླ་ཟས་སོང་ཆེ་དྲག་པས། །
ཨ་སྒོར་གསོག་རྒྱུ་དཀའ་ལས་ཁག་སེ་རེད། །
ཨ་རིར་ཡོང་བ་འདོད་པའི་གྲོགས་པོ་ཚོས། །
ཨ་རིའི་དཀའ་ངལ་འདི་ཚོགས་ཤེས་པར་གྱིས། །
ཨ་མའི་བུ་ལ་འཇོན་ཐང་ཡོད་པས་ན། །
ཨ་རིར་ཡོང་དགོས་ཨེ་ཡོད་བསམ་བློ་ཐོངས། །
༡ ཨ་རིའི་ཡུལ་དུ་འགྲོ་ཙམ་གྱིས། །
ཨ་ཕའི་ཞེན་གོག་བརླག་དོགས་མེད། །
ཨ་ནི་གྲྭ་པ་དག་ལ་ཡང་། །
ཨ་སྒོར་མི་དགོས་རྒྱུ་མཚན་ཅི། །
༢ རྩམ་དགའི་བསམ་དཀར་རྩམ་པའི་དྲི། །
མེ་ཏོག་དཀར་པོར་སིམ་སོང་བར། །
དགའ་བའི་འདབ་མ་རྒྱས་བཞིན་དུ། །
ལེགས་སོའི་སྦྲང་རྩི་འབུལ་གྱིས་བཞེས། །
ནུབ་ཕྱོགས་དག་པའི་ཞིང་དུ་འཁྲུལ་ནས་ནི།།
ཨ་རི་ཡིད་ལ་སྒོམ་མཁན་ཉུང་ཉུང་མིན།།
གངས་རིའི་ལས་དབང་བརྗེད་མཁན་ཉུང་ཉུང་མིན།།
གོང་བཤད་དཀའ་ལས་ཤེས་མཁན་མང་པོ་མིན།།
ཨ་ཁུ་གཞོན་ནུ་ཟླ་མེད་ལ། །
ཨ་སྒོར་ཆར་བཞིན་འབབ་ཀྱིན་ཡོད། །
ཨ་ཁུས་ཤིང་བཟོ་གནང་ཞོར་ལ། །
ཨ་མ་ཆུང་བའི་བོད་སྨན་བཙོང་། །
༡༠༽ འབྲོང་བུ་ཟླ་བ་ཚེ་རིང་ནས།
ནུབ་ཕྱོགས་དག་ཞིང་དུ་འཁྲུལ་ནས། །
ཨ་རི་ཡིད་ལ་སྒོམ་མཁན་དང་། །
གངས་རིའི་ལས་དབང་བརྗེད་མཁན་གྲས། །
འབྲོང་བུ་ཟླ་བ་ཁྱོད་མེད་དམ། །
ཀློག་མཁན་ཚོས་ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བ། ཐ་ན་དགག་ལན་ཡང་གནང་རྒྱུ་ལ་ང་ཚོས་དགའ་བསུ་ཞུ་བ་ཡིན། ཡིན་ན་ཡང་། སྐྱེ་བོ་སྒེར་པ་ལ་དམོད་ཚིག་དང་འཐབ་འཛིང་བྱེད་པ། དེ་མིན་གྱི་མི་རིགས་པའི་གནས་ཚུལ་འཁོད་པའི་མཆན་རྣམས་ལ་ནི་འདི་ནས་དགའ་བསུ་མི་ཞུ་ལ། ཐ་ན་མཆན་དེ་ཚོ་འགོག་རྒྱུའི་ལམ་ཁ་ཡང་བསྟེན་སྲིད།
གོང་གི་རྩམ་དགའ་ལགས་དང་བེ་རི་འཇིགས་མེད་གཉིས་ཀྱི་མཆན་བུ་འགའ་གསུབ་པ་ཡིན།
འོ་དེ་ཡིན་པ་འདྲ།
ངས་སྤྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༡༣ གི་ཆུ་ཚོད་ ༡༡ སྐར་མ་ ༤༨ བྲིས་པའི་
ཆགས་པའི་རྩོམ་དང་སྡང་བའི་རྩོམ། །
གཉིས་ཀ་ལེགས་པོ་མ་ཡིན་ཀྱང་། །
ཆགས་རྩོམ་གནས་སྐབས་བདེ་བ་སྦྱིན། །
སྡང་རྩོམ་ཕྲལ་ཕུགས་གཉིས་མི་བདེ། །འདི་བྲིས་ཡུལ་མེད་པ་ཆགས་འདུག་སྟབས་ཚིགས་བཅད་འདི་བེད་མེད་ཆགས་སོང་།
ཁ་བརྡ་ཚང་ལགས། རྩམ་དགའ༼གཞོན་ནུ་ཟླ་མེད་༽དང་ཕྲན་གཉིས་ཀྱི་རྩོམ་ཡིག་ལ་ཚིག་རྩུབ་གང་ཡང་མེད། གཞོན་ནུའི་མཆན་དེ་ང་ལ་ལྷག་བསམ་རྣམ་དག་བྱས་ནས་བཤད་པ་རེད། དེ་ལ་ཧ་ལས་རྒྱུ་གང་ཡང་མེད། ངའི་ལན་དེ་ཡང་གྲོགས་པོ་ནང་ཚགས་རྩིས་ནས་བཤད་པ་མ་གཏོགས་ཚིག་ངན་གང་ཡང་མེད། ཟླ་མེད་ལ་ང་གཏིང་ནས་འདུན་པ་ཞུ་མཁན་ཞིག་ཡིན། མཆཉ་འགྲལ་གཟིགས་མཁན་ཚོས་ཞིབ་དཔྱོད་བཟོ་རོགས། སྟག་སྨྱོན་ལྟ་བུའི་མཆན་འགྲེལ་རྣམས་རང་མལ་བཞག་འདུག་པ་འདི་ཚོར་བལྟས་ན། ཁ་བརྡ་ཚང་གི་ཁ་ཕྱོགས་ཀྱང་རང་བཞིན་གྱིས་གསལ་པོ་ཆགས་ཡོང་གི་འདུག
New comment on your post #8780 “ནུབ་ཕྱོགས་དག་པའི་ཞིང་གི་མཐོང་ཐོས། ”
རྩོམ་པ་པོ།: གཞོན་ནུ་ཟླ་མེད། (IP: 71.162.227.176 ,
ཨ་རི་ཨ་མ་འདྲ་བོའི་བཀའ་དྲིན་ལ།།
ཨ་རིའི་སྒྲོ་ལ་ཆར་བ་འབབ་འབབ་རེད།།
ཨ་རིའི་དག་ཞིང་བཞག་ནས་རྒྱ་གར་ལ།།
ཨ་སྟོང་རྒྱག་གི་འགྲོ་མཁན་ལྐུག་པ་རེད།།
བོད་དོན་བསྐྱུར་བ་ཨ་རི་ཙམ་ཡིན་ཡང་།།
བོད་དོན་གནོད་པ་སྤྱི་འཐུས་ནང་ན་ཡོད།།
གནོད་དང་བསྐྱུར་བ་གནད་དོན་མི་འདྲ་བས།།
སྤྱི་ལ་གནོད་པ་ས་མ་ར་ཡ་ཕཊ།།
ཁོང་གིས་བྲིས་གནང་བའི་རྩོམ་ཡིག་འདིས་ང་ལ་གང་ཡང་མི་གནོད། འོན་ཀྱང་འདི་བསུབ་པའི་རྒྱུ་མཚན་ནི། ངས་བྲིས་པའི་འདིའི་ལན་དེ་བསུབ་དགོས་བྱུང་བས་རེད། ཐུགས་ཡིད་མ་ཆེས་ན་ངའི་ལན་ལ་གཟིགས་དང་། ཧ་གོ་འོང་།
མཆན་འགྲེལ་དེ་ཚོ་ངས་ཡང་བསྐྱར་བཞག་འོང་། རྣམ་པ་ཚོས་གཟིགས་རོགས་གྱིས།
New comment on your post #8780 “ནུབ་ཕྱོགས་དག་པའི་ཞིང་གི་མཐོང་ཐོས། ”
རྩོམ་པ་པོ།: གཞོན་ནུ་ཟླ་མེད། (IP: 71.162.227.176 ,
ཨ་རི་ཨ་མ་འདྲ་བོའི་བཀའ་དྲིན་ལ།།
ཨ་རིའི་སྒྲོ་ལ་ཆར་བ་འབབ་འབབ་རེད།།
ཨ་རིའི་དག་ཞིང་བཞག་ནས་རྒྱ་གར་ལ།།
ཨ་སྟོང་རྒྱག་གི་འགྲོ་མཁན་ལྐུག་པ་རེད།།
བོད་དོན་བསྐྱུར་བ་ཨ་རི་ཙམ་ཡིན་ཡང་།།
བོད་དོན་གནོད་པ་སྤྱི་འཐུས་ནང་ན་ཡོད།།
གནོད་དང་བསྐྱུར་བ་གནད་དོན་མི་འདྲ་བས།།
སྤྱི་ལ་གནོད་པ་ས་མ་ར་ཡ་ཕཊ།།
ཁོང་གིས་བྲིས་གནང་བའི་རྩོམ་ཡིག་འདིས་ང་ལ་གང་ཡང་མི་གནོད། འོན་ཀྱང་འདི་བསུབ་པའི་རྒྱུ་མཚན་ནི། ངས་བྲིས་པའི་འདིའི་ལན་དེ་བསུབ་དགོས་བྱུང་བས་རེད། ཐུགས་ཡིད་མ་ཆེས་ན་ངའི་ལན་ལ་གཟིགས་དང་། ཧ་གོ་འོང་།
New comment on your post #5307 “ཤེས་རབ་ཀྱི་ནམ་མཁར་ཕྱོགས་པ།”
རྩོམ་པ་པོ།: བེ་རི་འཇིགས་མེད། (IP: 59.94.224.127 , gov.tibet.net)
རྩོམ་པར་དགའ་ན་རྩམ་ཁུངས་མ་འཁྱོངས༎
གྲྭ་སར་དགའ་ཡང་གྲྭ་ཁུངས་མ་འཁྱོངས༎
ཁྱིམ་ལ་དགའ་ཡང་ཁྱིམ་ཁུངས་མ་འཁྱོངས༎
ཕྱི་རྒྱལ་བསྡད་ནས་ཕྱི་ཁུངས་་འཁྱོངས༎
ལས་ཀར་སོང་ནས་ལས་ཁུངས་མ་འཁྱོངས༎
གང་ལ་སོང་ཡང་ཅི་ཡང་མ་འཇོན༎
འདི་འདྲའི་མྱི་ངན་ཐ་ཤལ་རིགས་དག།
རྩམ་པར་དགའ་ཡང་རྩམ་པའི་ཞབས་འདྲེན༎
ཤ་ཚ་བྱེད་ན་འདི་ཚོར་བྱོས་དང་༎
སྙིང་རྗེ་བྱེད་ན་འདི་ཚོར་བྱོས་དང་། །
མ་གཞི་ཐ་ཤལ་འདི་དང་འདིའི་རིགས༎
འགྲམ་ལྕག་རེ་རེ་གཞུས་ན་ཕན་ཐོགས༎
རྩམ་དགའ་ལགས། འདི་རྩམ་པ་དང་པགས་ནས་ཟོ་ཨ། དེ་རིང་དུས་ཚོད་ཅུང་ཟད་ཡོད་སྐབས་རྩེད་མོ་རྩེ་མ་ཁྱི་ཕྲུག་ཡག་པོ་ཞིག་རག་བྱུང༌།
གོང་གསལ་འདི་ངས་བྲིས་པ་རེད། གྲོགས་པོ་ནང་ཚགས་རང་གི་བསམ་བློ་མ་གཏོགས་མེད། རྩམ་དགའ་འདི་ཨམ་སྐད་རྒྱག་མཁན་གཞན་དག་ལས་དྲགས་པ་ཞིག་རེད། དེར་བརྟེན་ང་ལ་རྣམ་རྟོག་གང་ཡང་མེད། འདི་བསུབ་དགོས་པ༷འི་རྒྱུ་ག་རེ་ཡིན་མིན་ཀློག་མཁན་ཚོས་ཡང་བསྐྱར་ཐུགས་བསམ་བཞེས་རོགས། ད་མང་པོ་ཞུ་གི་མིན།
བེ་རིལགས། རྩམ་དགས། མཆན་གཉིས་པའང་གསུམ་པར་ བེ་རིས་རྩོམ་དེ་ཆགས་རྩོམ་རེད། །བླ་རྒན་སོགས་ཚིག་རྩུབ་ཙམ་ཅན་གྱི་ཤོལོ་ཀ་གསུམ་འདུག་པར་དེའི་ལན་དུ་ངས་ཆགས་པའི་རྩོམ་དང་སྡང་བའི་རྩོམ། །ཞེས་ཚིགས་བཅད་དེ་བྲིས་པ་ཡིན། ཡིན་ནའང་ཁྱེད་གཉིས་གྲོགས་པོ་ནང་ཚགས་ཀྱིས་ཕན་ཚུན་རྩེད་མཚར་གནང་བ་ང་ཚོས་ག་ལ་ཤེས།
གང་ལྟར་རྩམ་དགའ་དང་གཞོན་ནུ་ཟླ་མེད་མི་གཅིག་ཨ་ཡིན།
ཨ་རི་ལ་རྒྱུས་ཨའོ་ཙམ་ཡོད་པ་ཞིག་གིས་བྲིས་འདུག སྙན་པོ་འདུག ཚིག་ལ་ངར་ཁ་འདུག སྤྱི་ཚོགས་ཀྱི་རྣམ་པ་མཚོན་ཐུབ་པའི་སྙན་ངག་བཟང་པོ་ཞིག་ཡིན་པར་འདོད།
བེ་རི་ལགས། ནུབ་ཕྱོགས་ཀྱི་མཐོང་ཐོས་ཀྱི་རྩོམ་ཐུང་སྤེལ་བ་ལེགས་པོ་འདུག དེ་ལ་བལྟས་ན་ཁྱེད་མཐོང་ཐོས་གླེང་ཡ་ལ་དཔེ་དགའ་ཚོད་རེད། དེས་ངས་སྙིང་ནས་རེ་བསྐུལ་ཞུ་ཡ་ཞིག་ཡོད། ཁྱེད་སྤྱི་མཐུས་སེར་མོ་བ་ཞིག་ཡིན་པའི་ཆ་ནས་༢༠༠༩ ལོའི་སྤྱི་མཐུས་ཚོགས་ཐེངས་མཐའ་མ་དང་༧གོང་ས་མཆོག་གི་གསུང་འཕྲིན་གྱི་ཚོགས་ཐེངས་སྐབས་ཀྱི་སེར་མོ་བའི་ཀུན་སྤྱོད་དང་གཏམ་བཤད་ཐད་ཆེད་རྩོམ་ཞིག་ཅི་ནས་ཀྱང་གནང་སྐྱོང་ཡོང་བ་ཞུ། གང་ཡིན་ཞེ་ན་དེ་དག་སྐབས་སུ་དགེ་སྦྱོང་གི་གོས་ལུས་ལ་གཡོགས་པའི་ཚོགས་མི་དེ་དག་ཤིན་ཏུ་ཁྲོ་ཞིང་གཏུམ་ལ་རྔམས་ཞིང་བརྗིད་པས་སོ།
སྙན་ཞུ།
དུས་རབས་ཉེར་གཅིག་པར་འཚོ་བཞིན་པའི་སྐྱེ་འགྲོ་རྐང་གཉིས་པ་རྣམས་ཞི་བདེ་ལ་དགའ་ཞིང་། ཡ་རབས་ལ་དུང་། ཁྲོ་ཉམས་ལ་སྡུག་ཅིང་། ཁུར་ཚུར་ལ་བྲོས། ཚིག་རྩུབ་ལ་འཁོན་ཞིང་། དཀྲུག་ཤིང་ལ་སྐྲག ཁྲེལ་མེད་ལ་འཛེམས་ཤིང་། ཕྱོགས་རིས་ལ་ཞེད། བཟང་སྤྱོད་ལ་མོས་ཤིང་། ཚུལ་མཐུན་ལ་གུས། དྲང་བདེན་ལ་བཀུར་ཞིང་། ཞི་དུལ་ལ་བརྩེ། ཁྲིམས་མཐུན་ལ་དད་ཅིང་། མཐུན་ལམ་ལ་མོས། འོན་ཀྱང་ང་ཚོའི་ངོ་ཚབ་སྤྱི་མཐུས་མགོ་རིལ་བ་དེ་དག་ལ་ལྟོས་དང་། དོན་ངོ་མའི་ཆོས་ལུགས་བཞི་བོན་དང་བཅས་པའི་མང་ཚོགས་ཀྱི་སྐྱབས་གནས་ཞུ་སའི་དགེ་འདུན་པ་མང་ཚོགས་དེ་དག་ཇི་འདྲ་ཞིག་ཡོད་ན་ཨང་། ངོ་ཚབ་པ་དེ་དག་ལས་སྡུག་པ་ཞིག་ཡོད་པ་ནི་སྨོས་མ་དགོས་པ་སྟེ། ཁོང་ཚོ་བརྒྱ་ནས་བཅུ། བཅུ་ནས་གཅིག་བྱས་ནས་འདེམས་པ་ཡིན་པས་སོ། །ཨོ་དེ་ལས་སྤྱོད་ལམ་དང་གཤིས་རྒྱུད་སྡུག་པ་ཞིག་ཡིན་ན་ད་མང་ཚོགས་ཀྱི་སྐྱབས་གནས་ཞུ་ཐུབ་པ་འདུག་གམ། ད་ནི་ཐམས་ཅད་འཆོལ་ཚར་འདུག ང་རང་ཡང་སེར་མོ་བའི་ཁོངས་སུ་གཏོགས་པའི་ཆ་ནས་དངོས་གནས་ང་རང་མང་ཚོགས་ལ་ངོ་ཚ་གིན་འདུག དེས་ན་སྐུ་ཞབས་མཆོག་ནས་ཨ་རི་བའི་སྐུབ་དང་སྐུབ་ཚབ། ནུ་མ་དང་ནུ་ཚབ་དག་གི་རྒྱུ་དང་། ངོ་བོ། མཚན་ཉིད། བྱེད་ལས་ལ་དཔྱད་ར་ཞུགས་ནས་དུས་ཚོད་ཆུད་ཟོས་མ་བཏང་བར། ཁྱེད་ཅག་གིས་ཆོས་ལུགས་སྤྱི་མཐུས་པ་རྣམས་ཕན་ཚུན་བསླབ་བྱ་དང་གོ་བཀོན། ཞུ་བ་དང་རེ་བསྐུལ། འབྲེལ་བཤད་དང་རྒྱུ་མཚན་སོགས་ཀྱི་སྒོ་ནས་ཆེད་རྩོམ་ཐུང་ངུ་རེ་སྤེལ་གནང་ཡོད་པ་ཞུ། རྒྱུ་མཚན་ནི། སྐུ་ཉིད་ཆོས་ལུགས་སྤྱི་མཐུས་ཡིན་པ་དང་བོད་ཕྱི་ནང་དང་ཆོས་སྲིད་ལ་དཔྱད་ར་ཞུགས་ནས་ལེགས་སྤེལ་ཉེས་འགོག་གི་ཆེད་རྩོམ་སྤེལ་གནང་མཛད་པའི་མཁས་དབང་རྩོམ་པ་པོ་ཞིག་ཡིན་པས་སོ།
མེ་ཏོག་དཀར་པོ་ལགས།
རང་བཤད་ཚིག་གི་རྩ་བ་རང་གིས་བཟུང།།
རང་བཤད་དོན་གྱི་སྣེ་མོ་རང་གིས་བསྒྲུབ།།
རང་བསམ་ཡིད་ཀྱི་དོན་དག་མ་འཁྱོལ་བར།།
རང་འགན་རང་གིས་སྒྲུབ་ཡོད་བློ་བདེར་ཕོབས།།
འབྲོང་བུ་ལགས།
རང་བཤད་ཚིག་རྩ་རང་གིས་བཟུང་བ་ལེགས། །
རང་བཤད་སྣེ་མོ་རང་གིས་བསྒྲུབ་པར་དགའ། །
རང་བསམ་ཡིད་ཀྱི་དོན་དག་མ་འཁྱོལ་བར། །
རང་འགན་རང་གིས་སྒྲུབ་ཁྱོད་འབྲོང་གི་བུ། །
རང་རེ་ཤ་ཁྲག་གཅིག་པའི་ལ་ཞེན་གྱིས། །
རང་གཞན་ཕན་ཚུན་འདྲི་ཞིང་བརྩད་པ་ལ། །
རང་མཐོ་གཞན་དམའི་བློ་ངན་མེད་པས་ན། །
རང་བློ་བག་ལ་མི་ཕེབས་རྒྱུ་མཚན་མེད། །
དགོངས་དག་རྟག་པར་མཆན་བཅོས་དགོས་ཐུག་གི་འདུག
རང་བཤད་སྣེ་མོ་རང་གིས་བསྒྲུབ་པར་དགའ། །ཞེས་པ། རང་བཤད་དོན་སྣེ་རང་གིས་བསྒྲུབ་པར་དགའ། །ཞེས་སུ་བཅོས།
བེ་རི་ལགས། ཁྱེད་རང་ཁུམ་སིམ་མེ་འདུག་རྒྱུ་ཡིན་པས།
དགེ་བ་འདི་ཡིས་མྱུར་དུ་བདག།
ཇོ་ཤི་བྷུ་ཤི་འགྲུབ་གྱུར་ཅིག།
བོད་མི་གཅིག་ཀྱང་མ་ལུས་པ།།
ཨ་མི་རི་ཀར་ཐར་བར་ཤོག།
བེ་རིའི་སྙན་ངག་ལས་སོ།
སརྦ་མངྒལྃ།་བཀྲི་ཤིས་པར་ཤོག།
རྡོ་རྒྱལ་ཁྱེད་རང་གི་དེ་འགྲིག་མ་སོང་།
དགེ་བ་འདི་ཡི་མྱུར་དུ་བདག །
ཨོ་བྷ་མ་མགོན་འགྲུབ་གྱུར་ནས། །
སྐྱབས་བཅོལ་བོད་མི་ལུས་པ། །
ནུབ་ཕྱོགས་ཞིང་དུ་སྐྱེ་བར་ཤོག །
ཀ་ཡེ་གསོན་དང་བེ་རི་འཇིགས་མེད་ལགས།།
ཁ་ཙམ་མིན་པར་ང་ལ་ཚུལ་གསོན་དང་།།
ག་ནས་བསམ་ཡང་བཟོད་ཐབས་མི་འདུག་པས།།
ང་ཡི་འཕྲིན་ཞིག་ཁོང་ལ་ཕུལ་རོགས་གནང་།།
ཅ་ཅོ་མང་པོས་ཚོགས་མི་དཀྲུགས་མཁས་པའི།།
ཆ་ལུགས་དགེ་སྦྱོང་ཚུལ་གྱི་མགོ་རིལ་བ།།
ཇ་མར་ཤ་སོགས་སྐོར་ལ་སྤྱོད་དྲག་པས།།
ཉ་སྦས་ལྟ་བུའི་དབྱིབས་དང་ཁ་དོག་ཅན།།
པ་ར་མི་ཏའི་གཞུང་ལུགས་མི་ཤེས་ཤིང་།།
ཕ་རོལ་དགྲ་ལ་ངོ་ཡང་མི་ཚ་བར།།
བ་ལང་བཞིན་དུ་སྐད་ངན་ཆེན་པོའི་སྒྲས།།
མ་ཡུམ་གཉིས་པ་རྡ་ས་བཀང་སོང་སྐད།།
ཙ་རའི་ཁྲིམས་ཀྱིས་ཆད་པ་མ་བཅད་ན།།
ཚ་ཚའི་དབྱིབས་ཅན་གཡུང་དྲུང་རྒྱལ་མཚན་གྱི།།
ཛ་ལང་སྤྱོད་པ་ཐུལ་ཐབས་མི་འདུག་པས།།
ཝ་མོའི་འཇུག་མ་བཅད་ན་མི་ལེགས་སམ།།
ཞ་ལྟར་གཙུག་ཏུ་བཀུར་འོས་ཚོགས་གཙོ་ལ།།
ཟ་ལེ་རྒྱལ་དེས་རྒྱུ་མཚན་མེད་བཞིན་དུ།།
འ་ཅག་དགེ་སྦྱོང་རང་འཚང་ངོམས་པའི་སླད།།
ཡ་ལན་ལན་གཅིག་མིན་པར་བྱས་འདུག་པས།
ར་བ་གཅིག་ནང་གནས་པའི་རང་རིས་ང་།།
ལ་ལུང་མང་པོ་བརྒལ་ནས་བྲོས་ན་འདོད།།
ཤ་ཚ་ཡོད་ན་ཤ་རུས་གཅིག་པ་འགའ།།
ས་མཐར་སྡོམ་པའི་གནས་ཚུལ་དྲན་པར་གྱིས།།
ཨ་མ་མ་ཡུམ་དགྲ་བོས་བཟུང་པའི་སྐབས།།
ཧ་ཅང་ཁྲོས་པའི་སྡང་མིག་མེད་པ་ལ།།
ཨ་ལོང་ལྟ་བུའི་ཚོགས་རར་ཞུགས་ཉིན་མ།།
ཧ་ལས་ཁྲོས་པའི་སྤྱོད་ལམ་གཟབ་རོགས་གནང་།།
བེ་རི་ལགས། གཡུང་དྲུང་རྒྱལ་མཚན་གཙོས་པའི་སེར་མོ་བའི་སྤྱི་མཐུས་འགའ་ཤས་ལ་ངེས་འཕྲོད་ཡོད་པ་གནང་རོགས་ཞུ།།
29.དྲ་གྲོགས་རྩམ་གཟན་ལ་ཕུལ་བ།
ཀ་བཤད་བྲིས་ལ་ཐོགས་པ་མེད་པའི་གྲོགས། །
ཁ་བདེ་ལྕེ་འཁྱུག་རྩམ་གཟན་མིང་ཅན་ཁྱེད། །
ག་དུས་ཡིན་ཡང་ཁུ་སིམ་མི་སྡོད་པར། །
ང་ཡིན་ཟེར་མཁན་རྩོམ་པ་པོ་ཞིག་རེད། །
ཅ་ཅོ་མང་པོ་བཤད་ཁོམས་མིན་འདུག་མོད། །
ཆ་ཙམ་མ་བཤད་ཞེ་བློ་མ་བདེ་བས། །
ཇ་མངར་འཐུང་བཞིན་ཀ་རྩོམ་ཁྱར་ཁྱོར་ཞིག །
ཉ་ཉུང་ཁྱད་པར་ཤེས་ཆེད་ཁྱོད་ལ་བྲིས། །
ཏ་ཡི་སྡེ་ཚན་ཁྱོད་ཀྱིས་དོར་ན་ཡང་། །
ཐ་སྙད་མཁན་ངས་ཀ་མད་གོ་རིམ་བཞིན་། །
ད་ལམ་ཙམ་མིན་སྔ་མོ་ནས་བཟུང་སྟེ། །
ན་རེར་བྲིས་པ་མ་གཏོགས་ཆད་རབས་མེད། །
པ་ར་ཤོ་སོགས་རྒྱན་ལ་མ་ཡེངས་པར། །
ཕ་ཡུལ་རྒྱ་འདྲེའི་ལག་ནས་ལོན་རྒྱུའི་ཆེད། །
བ་མོས་ཁྱབ་པའི་རྡ་སའི་རི་མགོའི་ཁྲོད། །
མ་ལུས་བོད་མིས་བཀྲབ་པའི་སྤྱིྲའཐུས་ཚོར། །
ཙནྡན་དར་གོས་ཡོ་བྱད་སྣ་མང་དང་། །
ཚ་གྲང་བཏུང་བས་བསྙེན་བཀུར་མ་ནུས་ཀྱང་། །
ཛ་ལང་སྤྱོད་པ་རྩིང་པོས་ནམ་ཞག་ཀུན། །
ཝ་མོ་ཞེས་སོགས་སྨོད་པ་མ་ཐལ་ལམ། །
ཞ་དམར་སེར་སོགས་གངས་ཅན་ཆོས་རྒྱུད་ཀྱི། །
ཟ་མའི་ཕུད་བཞིན་མཁྱེན་དཔྱོད་ལྡན་གྲས་རྣམས། །
འ་ཅག་རྣམས་ཀྱིས་གདམས་པ་དྲན་མཛོད་ལ། །
ཡ་མེད་ཁ་གཏོང་བྱེད་རྒྱུ་ཉུང་ན་ལེགས། །
ར་བ་མཚོ་ཡིས་ལེགས་བསྐོར་འཛམ་གླིང་གི །
ལ་ལ་ཕུད་པའི་གྲོས་ཚོགས་མང་པོའི་ནང་། །
ཤ་འཁོན་རྩོད་འདྲའི་རྙོགས་དྲས་གང་འདུག་པ། །
ས་སྟེང་དམངས་གཙོའི་གཞུང་གི་ཁྱད་ཆོས་ལགས། །
ཧ་ཅང་ཉེས་པ་ཆེ་ལུགས་བཤད་ན་ཡང་། །
ཨ་ཕོས་བསམ་ན་གྲོས་ཚོགས་རྩོད་གླེང་འདི། །
ཧ་ལས་དགོས་པའི་ཉེས་པ་མ་ཡིན་ཁར། །
ཨ་མ་དམངས་གཙོ་མཛེས་པའི་རྒྱན་དུ་མཐོང་། །
བེ་རི་ལགས།
་་་་་འདི་ཡང་ཁོང་ཚོ་ལ་འཕྲོད་ངེས་གནང་རོགས།
་་་་་་
ཧ་ཨ་་་་་ཨ་ཧ་་་་་གོ་རིམ་
འདིར་འབྲེལ་བ་མེད་མོད། བོད་རང་ལྗོངས་ཟེར་བས་བོད་ཁུལ་དུ་ Photo copy པར་ཤུས་ཐད་ལ་དམ་དྲག་བྱེད་ཀྱིནའདུག་ཅེས་དེ་རིང་གསར་འགྱུར་ནས་ཐོས། རྒྱུ་མཚན་ནི་རྒྱ་གཞུང་ལ་ངོ་ལོག་གི་ཡིག་ཆ་དང་འབྲེལ་ནས་རེད་ཅེས་ཟེར།
མེ་ཏོག་དཀར་པོ་ལགས། ངས་དེ་མ་འགྲིགསཔ་མིན། འདི་2005 ལོར་བེ་རིས་བྲིས་པའི་དེབ་གཅིག་ནང་ལ་འདུག་ དེ་དུས་ཨ་རིའིསྲིད་འཛིན་ཇོ་ཤུ་བྷུ་ཤུ་རེད། ཡིན་ནའང་དུས་ལ་བལྟས་ནས་ཚིག་བསྒྱུར་བཟོ་ལོས་ཆོག་ ཤམྦྷ་ལའི་ལམ་ཡིག་ནང་། ལོ་ནི་བདུན་བརྒྱ་ཙམ་ཞིག་རཛོགས་པ་ན། ཞེས་པ་དེ་། ལོ་ནི་བཞི་བརྒྱ་ཙམ་ཞིག་ ཅེས་བཅོས་འདུག་པ་ནང་བཞིན་རེད། ཧ་ཧ
ཧ་ཧ་ཧ་ཧ་རྡོ་རྗེ་ལགས། གནད་འགག་མིནའདུག
དྲ་གྲོགས་རྩམ་ཟོན་ཡིན་ནམ་སྐྱག་ཟོན་ཡིན་ནམ་དེ། དངོས་གནས་རྩོམ་པོ་ཞིག་རེད་འདུག་ ཕྱོགས་ལྷུང་ནི་ཨ་མདོ་བ་ཕལ་ཆེ་བའི་མི་གཤིས་ཡིན་པས་ཐུགས་ཁག་མེད་མོད། ཀ་རྩོམ་འདི་ནི་དངོས་ཧ་ལས་དགོས་པ་ཞིག་བྲིས་འདུག་ག ངས་གུས་ཞབས་ཞུ་རྒྱུ་ཡིན། གཞོན་ནུ་ཟླ་མེད་ཀྱི་ཐུགས་སྤྲུལ་རང་རེད་འདུག་
མེ་ཏོག་དཀར་པོའི་རྩོམ་དེ་ཡང་ཡག་པོ་ཞེ་དྲག་བྲིས་འདུག། ཁྱོད་གཉིས་ད་མུ་མཐུད་ནས་ཡིན་བདའ།
ཨ་རོག་ཆ་བོ་་་་་་སྐད་ཆ་རེ་བཤད་ན་གཟབ་ནས་ཤོད་གོ་་་་་་་དེ་མིན་ཁ་བརྡ་ཚང་གིས་གསུབ་འགྲོ་གི་རེད་དྰ།
ཨ་མའི་བུ་ལ་ཡོན་ཏན་ཡོད་ན།
ཧ་ཅང་མང་བའི་ཁ་བརྡ་མི་དགོས།
ས་མཐར་འཁྱམས་པའི་བུ་ཆུང་ང་ཡི།
ཤ་ཚའི་སྙིང་གཏམ་སེམས་ལ་ཟུངས་དང་།
ལ་མགོ་དེ་ནས་སྤྱོད་ངན་མཐོང་དུས།
ར་གན་གསེར་གཉིས་གཅིག་ཏུ་བཟུང་ཞིང་།
ཡ་ལན་མེད་པར་འདུག་བཟོ་མ་བདེ།
འ་ཅག་བོད་མིའི་རྩ་དོན་བོར་ནས།
ཟ་ཉལ་བྱེད་པའི་ངོ་ཚབ་དེ་འདྲ།
ཞྭ་ལྟར་གཙུག་ཏུ་བསྐུར་ཐབས་མི་འདུག
ཝ་ལེར་ཡིད་ལ་གསལ་པོར་ཤེས་དུས།
ཛ་དྲག་གནས་སུ་ལྷུང་དུ་དོགས་པས།
ཚ་ཚ་འུར་འུར་སྐྱོན་ཆ་གླེང་དུས།
ཙ་གེ་ཙིག་གེ་བྱེད་དོན་མི་འདུག
མ་ཡུམ་གཉིས་པར་གྲོས་ཚོགས་ནང་དུ།
བ་ལང་སོ་ཅན་དེ་དག་མི་དགོས།
ཕ་རོལ་དགྲ་ལ་ཁ་གཏད་ལྕོགས་པའི།
པ་སངས་ལྟར་དཀར་ལྷག་བསམ་དགོས་འདུག
ན་ཟུགས་བཏང་བའི་ཚིག་གི་མདའ་མོ།
ད་ནི་བཟུང་དེ་གྲོས་ཚོགས་ནང་དུ།
ཐ་བེ་ཐུ་བེ་སྨྲ་བ་མང་ན།༼ཚིག་དོན་དང་སྒྲིག་ལམ་སོགས་འཆོལ་བའམ་ཉོག་པར་གྱུར་པའི་བརྡ་རྙིང་ཞིང༽
ཏཱ་ལའི་བླ་མའི་བཀའ་དང་འགལ་འགྲོ།
ཉ་རྒྱ་ཚུད་འདྲའི་བོད་རིགས་ཀུན་ལ།
ཇ་མར་ཕུལ་བའི་དབང་ནུས་མེད་ཀྱང་།
ཆ་འཇོག་རུང་བའི་ཚིག་གི་རི་མོ།
ཅ་རེ་གླེང་བའི་དམ་བཅའ་ཡོད་དོ། ༼ཅ་རེ་ནི་དུས་རྒྱུན་དུ་ཞེས་པ་ལ་གོ༽
ང་རང་སྒེར་དང་འབྲེལ་བའི་གཏམ་ཞིག
ག་དུས་ཡིན་ཡང་གླེང་འདོད་མེད་ཀྱང་།
ཁ་ཙམ་མེད་པར་བོད་མིའི་སྐྱིད་སྡུག
ཀ་མད་བསྣོལ་ནས་གླེང་དགོས་བྱུང་སོང་།
ཨ་མདོ་དགེ་འདུན་ཆོས་འཕེལ་དང་། དོན་གྲུབ་རྒྱལ། ཞོགས་དུས་སོགས་ཀྱིས་བོད་མིའི་སེམས་ནང་རྩོམ་ཐར་ཐོར་རེ་འབྲི་མཁན་བྱུང་ན་ཨ་མདོ་ཡིན་ཤག་བྱེད་དགོས་པའི་བག་ཆགས་ཞིག་བསྐྲུན་ཡོད། འོན་ཏང་ང་ནི་མདོ་སྟོད་ཀྱི་རི་སུལ་ཞིག་ཏུ་ལྟེ་ཁྲག་འཕོས་ཀྱང་། ཡུལ་གྱར་བ་བྱས་ནས་མཐའ་ཡས་རྒྱ་མཚོའི་འགྲམས་ཀྱི་ནགས་གསེབ་ཏུ་ཉ་ཤ་དྲི་ཅན་དང་བོད་ཀྱི་རིག་གནས་ཐུན་མིན་གཉིས་མཉམ་དུ་ལོ་མང་རིང་མུར་ཟིན་པའི་མི་བུ་མགོ་རིལ་བ་ཞིག་ཡིན་ལགས།
ད་ཨ་མདོ་དང་ཁམས་པ་བཤད་མ་འོང་ཨ། ང་ཚོ་ཡོངས་རྫོགས་སྐྱིད་སྡུག་མཉམ་མྱོང་ཡིན། ནུབ་ཕྱོགས་སུ་ཡོད་པའི་ལྟ་ལོག གྲྭ་ལོག་ ངོ་ལོག་ ཁྱིམ་ལོག་དེ་ཚོའི་བཤད་སྟངས་བཟོ་མ་འོང་དང་། ཁྱོད་རང་ཏག་ཏག་འགྲིགས་འདུག་ དབྱངས་ཅན་སྙིང་ལ་སིམ་པའི་སྙན་ངག་པ། ང་ཡིས་ཁྱོད་ལ་བསྟོད་བསྔགསད་ལན་བརྒྱ་ཡོད། ཡིན་ནའང་ཁྱོད་རང་ཁམས་པགས་མ་གོན། བློ་ཁོག་གིས་འདང་གི་མ་རེད། གཞོན་ནུ་ཟླ་མེད་ཁམས་དང་ཨ་མདོ་སུ་ཡིན་ཤེས་ལེ་རེད། གོ་ཨེ་ཐལ། དེ་བས་རྩོམ་ཡིག་འབྲི་རོགས། སྙན་པོ་དཔེ་འདུག
མེ་ཏོག་དཀར་པོ། ད་ཕེབས་ཤོག་དང་།
རྩམ་ཟན་ལགས། ཀྱོད་ཀྱིས་ངོམ་ངོམ་བྱེད་རྒྱུའི། གྲྭ་ལོག་དགེ་ཆོས་དང་། ལྟ་ལོག་ཞོགས་དུང་། སྤྱོད་ལོག དོན་རྒྱལ་བཅས་ལ་ང་ཧ་ལོསན་རྒྱུ་གང་ཡང་མེད། དེ་བས་རྗེ་ཙོང་ཁ་པ། ཞྭདཀར་ཚོགས་དྲུག་ རྡོས་སྦོས་དགེ་བཤེས་སོགས་ནི་དངོས་གནས་ངོམས་རིམ་ཡོད་པ་རེད། འདི་ངའི་ལྟ་ཚུལ་ཡིན། ཁྱོད་དགོངས་པ་མ་འཚང༌།
ལགས་སོ་རྡོ་རྗེ་རྒྱལ་པོ་ལགས། དངོས་བདེན་རེད། ང་རང་ཡང་བོད་མི་སྐྱིད་སྡུག་གཅིག་པ་ལ་ཡིད་ཆེས་དང་། དད་པ་ཡོད་མཁན་ཞིག་ཡིན། ངས་དགོངས་དག་ལན་བརྒྱར་ཞུ་ཆོག
མཚམས་འདིར་བེ་རི་ཡང་ལན་གཅིག་ཕེབས་ན་འདོད།
སྐུ་ཞབས་བེ་རི་ལགས། དགེ་བཤེས་བེ་རི་ལགས། མཁས་དབང་བེ་རི་ལགས། དབུ་བདེ་སེ་ཡོད་པས། རྩོད་རྒྱག་གྲབས་བྱུང་ན་ཕེབས་ཀྱི་མ་རེད། ང་ཡག་ཁྱོད་འཇིགས་བཤད་ས་འདྲ་འཁེལ་ན་ཁོང་ཕེབས་ཀྱི་རེད། ད་དྲ་གྲོགས་ཚོ་དགོངས་པ་མ་འཚང་ཨ། ངའི་ཁ་འདི་བདག་པོ་བྱེད་མི་ཐུབ་པར་འདི་འདྲ་ཤོར་གྱི་འདུག་
ཨོ་ཨོ། མཆན་བུ་མང་པོ་གནང་འདུག ག་ལེར་སླེབས་ཡོང་། ཡང་གྲོགས་རྩམ་གཟན་ལ་ཀ་རྩམ་ཞིག་གྲ་སྒྲིག་བྱེད་དགོས་འདུག ཧ་ཧ་ཧ་ཧ
ངས་ནི་ད་མེ་ཏོ་དཀར་པོས་ལན་ཚ་ཐག་ཆོད་གཅིག་སླེབས་ཡོད་རྒྱུ་བྱས་ནས་འདིར་དྲ་སྒོ་ཕྱེ་ནས་སྒུག་ཡོད་ཀྱང་། ཁོང་ནི་རྔུལ་ནག་ཛ་རེ་ཚིག་ལྷུ་མ་འགྲིགས་ནས་བཞུགས་ཡོད་པ་འདྲ། དེ་འདྲ་སྐུ་ལས་འདུག་ན་གཡུག་ཤོག་ལོ།
མ་འཇོན་ནོར་བའི་སྐྱོན་ཆ་ཅི་མཆིས་པ།།
མ་བཞག་ལ་འུར་བཅོས་པའི་ཐབས་བཙལ་ན།།
མ་འོངས་བོད་ཀྱི་རྩ་དོན་ལ་ཕན་པས།།
མ་འདུག་ཡར་ལ་ལོང་དང་སྨྱུག་ཐོག་པ།།
བ་མེན་མ་ཡིན་མི་བུའི་ལུས་རྟེན་ཞིག།།
བ་རྒྱའི་འཆིངས་ཐག་ངན་པས་བཅིངས་མཐོང་ཚེ།།
བ་དན་སེང་གེའི་རྟགས་ཅན་ཡར་བསྒྲེངས་ནས།།
བ་ཚ་མེད་པར་སྙིང་རུས་བསྐྱེད་རན་འདུག།
ཕ་རོལ་དགྲ་བོས་སྙིང་རྗེ་མི་བལྟ་བས།།
ཕ་བཟང་བུ་དག་མ་གཡེངས་རྩེ་གཅིག་ཏུ།།
ཕ་མཐའ་མེད་པའི་རིག་གཞུང་འཛིན་པ་ལ།།
ཕ་བོང་ལྟ་བུའི་དམ་བཅའ་བརྟན་པོར་ཟུངས།།
པ་སངས་ལྟར་དཀར་སྤྱི་སེམས་ལྷད་མེད་ཀྱིས།།
པ་གོར་བཻ་རོའི་རྣམ་ཐར་སྐྱོང་ཐུབ་ན།།
པ་ཏྲ་མཛེས་པའི་ཁང་ཁྱིམ་མེད་ན་ཡང་།།
པཱ་ལགས་དགྱེས་ལ་དེ་གས་འགྲིགས་ག་སྙམ།།
ཨ་མའི་བུ་ལ་ཡོན་ཏན་ཡོད་མེད། །
ཧ་ཅང་ཁ་ནས་མ་གླེང་ན་ཡང་། །
ཨ་ལི་ཀ་ལིའི་གོ་རིམ་བསྒྲིགས་པའི། །
ཧ་ཕྲེང་ཀ་ཕྲེང་བྲིས་དུས་ཤེས་ཡོང་། །
ས་སྟེང་རྒྱལ་ཁབ་མང་པོའི་གྲོས་ཚོགས། །
ཤ་ཡི་མིག་ཅན་ཁྱོད་ཀྱིས་ལྟོས་དང་། །
ལ་རྒྱས་ཕན་ཚུན་རྩོད་མཁན་འདི་ཚོ། །
ར་ཅོ་ཅན་གྱི་བ་གླང་རེད་དམ། །
ཡ་རབས་བཟང་པོའི་ཀུན་སྤྱོད་ཟེར་བཞིན། །
འ་འུར་མེད་པར་ལགས་སོ་ལགས་སོས། །
ཟ་མ་སོགས་ལ་སྤྱོད་ཀྱིན་ཚོགས་ན། །
ཞ་ལྟར་མི་བསྐུར་ཟེར་ཀྱང་ཁྱོད་བདེན། །
ཝ་སྐྱེས་སེང་ལྤགས་གྱོན་པའི་གང་ཟག །
ཛ་ཛོར་རེ་གཉིས་ཡོད་དུ་ཆུག་ཆུག་ཀྱང་། །
ཚ་གྲང་དབྱེ་འབྱེད་གང་ཡང་མེད་པར། །
ཙནྡན་དབྱུག་པས་ལེབ་བརྡུང་མ་གནང། །
མ་མཛེས་པ་ཞིག་གང་ཡང་མིན་འདུག །
བ་ལང་སོ་ཅན་དེ་བས་མིན་འདུག །
ཕ་རོལ་དགྲ་བོར་ཁ་གཏད་གཅོག་འདུག །
པ་སངས་ལྟ་བུའི་ལྷག་བསམ་ཀྱང་འདུག །
ན་ནིང་ལོ་ཡི་རྩོད་གཞི་གཅིག་གིས། །
ད་ལྟའི་བར་དུ་ངོ་ཚབ་ཁོང་ཚོར། །
ཐ་ཤལ་ཚིག་གིས་སྤྱོས་རང་དྲག་ན། །
ཏ་ལའི་བླ་མའི་ཐུགས་ལ་ཨེ་བབ། །
ཉ་དང་ཉུང་མའི་ཁྱད་པར་ཤེས་དགོས། །
ཇ་དང་ཆང་གི་དབྱེ་བ་འབྱེད་དགོས། །
ཆ་འཇོག་ཡོད་པའི་དགེ་སྐྱོན་གླེང་དང་། །
ཅ་ཅོའི་ཚིག་ཕྲེང་མ་སྤེལ་ཆོག་ག །
ང་ཚོ་བཙན་བྱོལ་བོད་མི་ཡོངས་ཀྱིས། །
ག་ཟི་གཙོས་པའི་སྤྱི་མཐུས་ཚང་མར། །
ཁ་བ་རི་པའི་བདེ་སྡུག་མགོན་དུ། །
ཀ་ཡིག་བཞིན་དུ་གོང་དུ་བཀུར་རོ། །
ཁོ་རེ་རྩམ་གཟན རྔུལ་ནག་དོན་སོང་ད་་་་་ཧ་ཧ་ཧ་ཧ་ཧ་
ཀ་བ་གདུང་མ་མཛེས་པའི་གྲོས་ཚོགས་ནང་།།
ཁ་བའི་མདོག་ཅན་ལྷག་བསམ་དྲི་མེད་ཅིག།
ག་དུས་ཡིན་ཡང་བསྙེལ་བ་མེད་པ་ཞིག།
ང་ཚོའི་ངོ་ཚབ་དག་གི་གནང་རོགས་ཞུ།།
ཅ་ཅོ་གཏམ་ངན་ཤོད་རྒྱུ་མང་ཐལ་ན།།
ཆ་འཇོག་བྱེད་མཁན་དཀའ་ཁག་ཆེ་བར་བརྟེན།།
ཇ་ནེ་གཅིག་ནང་བཏུང་བའི་ཚོགས་མི་དག།
ཉ་དང་ཆུ་བཞིན་འབྲེལ་ལམ་མཐུན་ན་ལེགས།།
པ་ཏྲའི་རི་མོ་བཞིན་དུ་འཁྱོག་དྲག་ན།།
ཕ་བཟང་བུ་ཡི་ལས་དོན་འཕྱུག་དོགས་པས།།
བ་སོ་ལྟ་བུའི་བསྲེས་སླད་མེད་པའི་གཏམ།།
མ་གདན་བྱེད་ནས་ལྷུག་པོར་གསུངས་རོགས་གནང་།།
ཙ་རིར་འགྲོ་འདོད་ཆེ་བའི་བོད་མི་རྣམས།།
ཚ་གྲང་ཆ་མི་སྙོམས་པའི་མི་ཡུལ་དུ།།
ཛ་དྲག་ངང་དུ་སྡོད་པ་འདི་ཉིད་ཀྱང་།།
ཝ་ལེར་མ་བརྗེད་ལན་གཅིག་དྲན་པར་མཛོད།།
ཞ་སྨྱུག་ཐོག་པའི་མེ་ཏོག་དཀར་པོ་ཁོང་།།
ཟ་ལེ་རྒྱལ་དེའི་རྗེས་སུ་འབྲང་ན་ཡང་།།
འ་ཡོ་ཆུང་ངུའི་སྤྱོད་ཚུལ་འདི་འདྲ་ལ།། ༼འ་ཡོ་ནི་ཁྱི་ཕྲུག་གི་མིང་༽
ཡ་མཚན་དེ་ཙམ་སྐྱེ་དགོས་མི་འདུག་གོ།
ར་རོའི་སྤྱོད་པ་བརྙན་འཕྲིན་ནང་དུ་འདུག།
ལ་རྒྱ་ཡོད་ན་ད་ནས་གླེང་རན་འདུག།
ཤ་ཞེན་ཡོད་ན་ད་ནས་བརྗེ་རན་འདུག།
ས་བོན་ངན་པ་རྩད་ནས་གཅོད་རན་འདུག།
ཧ་ཅང་ཐལ་བའི་ཁྲོ་ཉམས་མ་སྟོན་ན།།
ཨ་རིལ་ཡོད་པའི་དོན་གོ་མི་ཆོད་པའི།།
ཧ་ལས་བུ་སུག་དོགས་པའི་བསམ་ཚུལ་ཞིག།
ཨ་ཇོ་གཡུང་དྲུང་ཁོང་ལ་མེད་དམ་སྙམ།།
ཀ་མད་སུམ་ཅུ་ཙམ་ལྷུ་བསྒྲིགས་པ་ལ་དེ་ཙམ་འགོར་དགོས་དོན་མེད།
ད་ཡིན་ད་བུ་ཆུ་མེ་ཏོག་དཀར་པོ།
རྩམ་གཟན་ལགས། ང་ལ་ཡ་ལན་གནང་བ་ཙམ་གྱིས་དགའ་སོང་། ངས་ནི་ཁྱེད་ལྟར་ཤར་ཤར་བྲིས་ཐུབ་གིན་འདུག་པས་ག་ལེར་ག་ལེར་བྲིས་ཨེ་ཐུབ་བལྟ་གི་ཡིན།
སང་ཉིན་མཇལ་ཆོག་ཡོང་།
Good Ninght ….Have a sweet dream
མེ་ཏོག་དཀར་པོ་བྲོས་ཚར་འདུག ད་ཉལ་རྒྱུ་ཡིན། སང་ཉིན་ ་་་་་་་་་་་་
ཀ་རྩོམ་བྲིས་ནས་ཁོམ་གི་མེད་ཀི །
ཁ་ལྕེ་སུ་བདེ་འགྲན་ནས་འགྲོ་གོ་གི །
ག་ལེར་ཟུར་ནས་བལྟས་ཏེ་འདུག་པ་ཡི། །
ང་ལ་གོམས་གཤིས་མེད་མོད་མི་ཁོམ་གི །
ཀ་ཤིའི་རས་དམར་གོས་སུ་གྱོན་པའི། །
ཁ་བ་ཅན་གྱི་དགེ་སྦྱོང་ཁོང་གིས། །
ག་ཡིན་འདི་ཡིན་མེད་པ་ཞིག་ལ། །
ང་ལ་ཁྱི་ཕྲུག་འ་ཡོ་གསུངས་བྱུང་། །
ཅ་ཅོའི་ཚིག་ཕྲེང་མ་སྤེལ་ཞུས་པས། །
ཆ་འཇོག་གནང་རྒྱུ་ཕར་ལ་བཞག་ནས། །
ཇ་རོ་ལྟ་བུའི་ཀ་ཕྲེང་བྲིས་ཏེ། །
ཉ་ཤའི་བྲོ་བ་ཡོད་མདོག་གནང་གིས། །
ཏ་ལའི་ཐོག་གི་གྲོས་ཚོགས་ནང་ལ། །
ཐ་ཤལ་སྐྱེ་བོས་གང་འདུག་གསུངས་པར། །
ད་རང་དེ་འདྲ་མ་གསུངས་ཞུས་པས། །
ན་ཉིན་སྤྱོད་ངན་མཐོང་བྱུང་གསུངས་གིས། །
པ་ཕ་འདྲ་བའི་ངོ་ཚབ་ཁོང་ཚོས། །
ཕ་རོལ་ཁ་གཏད་གཅོག་གིས་ཞུས་པར། །
བ་གླང་སོ་ཅན་ཟེ་ལེ་རྒྱལ་ཚོ། །
མ་འཇོན་མ་གཏོགས་མེད་རབས་གསུངས་གིས། །
ཙ་ར་བྱས་ནས་དབྱེ་འབྱེད་མེད་པར། །
ཚ་ཚ་འུར་འུར་མ་གནང་ཞུས་པས། །
ཛ་དྲག་དུས་ཚོད་གཉན་ཕྲང་འདི་ལ། །
ཝ་སྐྱེས་ཁོང་ཚོར་སྨད་རང་དགོས་གསུངས། །
ཞ་ལྟར་ཁོང་ཚོར་གུས་བཀུར་ཞུས་ཏེ། །
ཟ་བཏུང་སོགས་ཀྱིས་བསྙེན་འོས་ཞུས་པར། །
འ་ཅག་བོད་མིའི་བདེ་སྡུག་བལྟ་བའི། །
ཡ་རབས་སྣ་གཅིག་མེད་ཚུལ་གསུངས་གིས། །
ར་བ་གཅིག་གི་གྲོགས་པོ་ཁོང་ལ། །
ལ་རྒྱ་མིན་འདུག་ཞུས་མྱོང་མེད་ཀྱང་། །
ཤ་རུས་གཅིག་པའི་བོད་རིགས་རྣམས་དང་། །
ས་མཐོའི་བོད་ལ་ཞེེན་གོག་ཡོད་གསུངས། །
ཧ་ལམ་འཕྱི་རང་དྲག་སོང་དྲན་ནས། །
ཨ་ལེ་བཞུགས་ཞེས་ཞུས་པའི་ལན་དུ། །
ཧ་ལས་མདོག་གིས་མེ་དཀར་བྲོས་ཞེས། །
ཨ་ཁུ་ཁོང་གིས་བྲིས་པ་གནང་འདུག །
ཀ་མད་སུམ་ཅུའི་གོ་རིམ་བསྒྲིགས་ཕྱིར།།
ཁ་སེང་ནས་བཟུང་རྔུལ་ནག་ཕྱིས་བཞིན།།
ག་ལེར་ཉིན་གཅིག་ཨུ་ཚུག་བརྒྱབས་པས།།
ང་ཡི་རྗེས་ཟློས་ཙམ་ཞིག་བྱུང་འདུག།
ཅ་ནོར་ཁབ་ཙམ་འཐོབ་རྒྱུ་མེད་པའི།།
ཆ་མེད་གཏམ་ཞིག་བཤད་འདོད་མེད་ཀྱང་།
ཇ་དཀྲུག་འདྲ་བའི་སྐྱེ་བོ་མཐོང་དུས།།
ཉ་དྲི་ཐུལ་བཞིན་ཚིག་འགའ་ཐལ་སོང་།།
ཏ་ལའི་ལོ་མས་སྡེར་མ་བྱས་ནས།།
ཐ་ཤལ་འབྲས་དང་རྡ་ལི་ཟོས་བཞིན།།
ད་དུང་ང་ཡིས་བསམ་ཞིང་བསམ་ལ།།
ན་ནིང་ལོ་རྒྱུས་རྗེད་ཐབས་མི་འདུག།།
པ་ཕ་བཟང་པོའི་བུ་ཞིག་ཡིན་ན།།
ཕ་རོལ་དེ་ན་དགྲ་བོ་ཡོད་བཞིན།།
བ་སྤུ་གཡོ་བའི་ཚིག་གི་མཚོན་ཆ།།
མ་གཅིག་བུ་ལ་འཕེན་དགོས་མེ་སྙམ།།
ཙ་ར་གཅོད་རྒྱུ་མ་རྙེད་ཆེ་ནས།།
ཚ་ཚ་འུར་འུར་བྱེད་པའི་སྒོ་ནས།།
ཛ་དྲག་མེད་པའི་ལམ་གྲོན་ཞིག་ལ།།
ཝ་དང་སྤྱང་ཀིའི་ངང་ཚུལ་བསྟན་བྱུང་།།
ཞ་ཐུལ་གོན་པའི་དགེ་བཤེས་ཞིག་གིས།།
ཟ་འཐུང་རྩོད་ནས་སྐེ་རྩ་འཕར་བཞིན།།
འ་ཅག་དགེ་འདུན་གྲལ་མགོར་བསྡད་ལ།།
ཡ་མཚན་དེ་ཙམ་སྐྱེ་དགོས་མི་འདུག།།
ར་ལུག་ཁྱུ་ཡི་རྗེས་སུ་སྙེགས་པའི།།
ལ་མགོའི་རྫི་བོ་དཀྱུས་མ་ཡིན་ཡང་།།
ཤ་ཚ་སྙིང་ཉེའི་བོད་རིགས་སྤུན་ཟླ།།
ས་མཐར་འཁྱམས་ལ་བཟོད་སྒོམ་ལོས་བྱེད།།
ཨ་པོ་པད་དཀར་དགོངས་པ་མ་འཚང་།།
ཧ་ཅང་ཐལ་བའི་ཚིག་འགའ་ཐལ་སོང།།
ཨ་ཁུ་ཁོང་དག་ཚིག་པ་ཟོས་ཀྱང་།།
ཧ་ལས་དེ་ཙམ་སྐྲག་དོན་མི་འདུག།།
གཟིགས་ས་བདེ། །
ཀ་ལི་ལྷུ་ལག་བསྒྲིགས་པའི་རྩམ་གཟན། །
ཁ་བརྡའི་ནང་ལ་བྲེལ་བ་ཚུབ་ཚུབ། །
ག་རུ་སོང་ཡང་ལས་ཀྱི་དབང་གིས། །
ང་ཡི་མདུན་ན་རྔུལ་ནག་ཛིར་ཛིར། །
ཅ་ཟིང་ཅན་གྱི་སྤྱི་ཚོགས་ནང་ལ། །
ཆ་ལུགས་ཆོས་ལུགས་མི་གཅིག་སྣ་ཚོགས། །
ཇ་རོ་སྤུངས་པའི་ཕུང་པོ་འདྲ་ཚུལ། །
ཉ་པས་ཀྱང་ནི་ཤེས་ཚོད་རེད་གོ །
ཏ་ལའི་བླ་མ་གོང་དུ་ཕུད་རྗེས། །
ཐ་མལ་ཕལ་པའི་གང་ཟག་རྣམས་ལ། །
ད་གཟོད་སྐྱོན་ཞིག་མེད་པ་མིན་ཀྱང་། །
ན་ཡམས་ཁ་བརྡུང་གཏོང་ན་མི་ལེགས། །
པ་སངས་ལྟར་དཀར་བྱམས་བརྩེ་ལྡན་པའི། །
ཕ་བུའི་བར་ནའང་བཤད་རེས་འབྱུང་སྲིད། །
བ་ཞིག་ཞིང་ལ་འཛུལ་བའི་ཉེས་པ། །
མ་ལུས་ཕྱུགས་ལ་བཀལ་བ་མི་ལེགས། །
ཙ་ར་གཅོད་པའི་རྣམ་དཔྱོད་ཡོད་ཅིང་། །
ཚ་གྲང་གཟོད་པའི་སྙིང་སྟོབས་ཡོད་ན། །
ཛ་ཛོར་སྨྲ་་རྒྱུ་ཉུང་ཙམ་བྱས་ཏེ། །
ཝ་སྐྱེས་སེང་ལྤགས་བཤུས་རོགས་གནང་དང་། །
ཞ་མོ་ནག་པོ་གཡོགས་པ་ཙམ་དང་། །
ཟ་ལ་རྒྱལ་ཞེས་བཀའ་སྐྱོན་ཙམ་གྱིས། །
འ་ཅག་རྣམས་ལ་ཕན་པ་མེད་པས། །
ཡ་ཡུད་གསང་བའི་རྫུན་རྐུབ་བརྟོལ་དང་། །
ར་རྫི་སོགས་ལས་ཧ་ཅང་ཁག་པའི། །
ལ་ལ་མིན་པར་བོད་སྤྱིའི་རྫི་བོར། །
ཤ་ཚ་སྙིང་རྗེ་གང་ཡང་མེད་པར། །
ས་བརྡུང་རྡོ་བརྡུང་མ་གནང་ཨེ་གོ །
ཧ་ཅང་ལེགས་ཞེས་ཁྱོད་ཀྱི་རྩོམ་ལ། །
ཨ་བུས་བསྔགས་བརྗོད་ལོས་ཀྱང་ཞུ་སྟེ། །
ཧ་ཨའི་གོ་རིམ་ཉེས་ལུགས་འདི་ཡིས། །
ཨ་ཁ་མ་ཟེར་ཀ་མེད་བྱུང་སོང་། །
ི
ཧ་ལས་ཚབ་ཆེན་དོན་རྐྱེན་བྱུང་དུས།།
ཨ་མའི་པང་དུ་གཉིད་ལ་ཡུར་ན།།
ཧ་ལམ་ཕལ་ཆེར་བོད་མའི་གྲལ་ནས།།
ཨ་ཙི་ཁྱོད་རང་བུད་པ་མིན་ནམ།།
ཀ་ཤིའི་རས་ལ་སྤུས་ཚད་མེད་ན།།
ཁ་དོག་བསྒྱུར་དང་མ་བསྒྱུར་མི་འདུག།།
ག་ནས་བསམ་ཡང་འཆི་མ་དཀུ་བས།།
ང་རང་སྙིང་ནས་ཡི་ག་ལོག་སོང་།།
ཅ་ཅོ་མང་པོ་སྨྲ་བ་མང་ན།།
ཆ་ལུགས་དགེ་སྦྱོང་ཚུལ་གྱིས་མི་ཕན།།
ཇ་སོགས་དཀོར་ལ་ཧ་ཅང་སྤྱོད་ན།།
ཉ་མོའི་ལྟོ་བ་རྡོལ་ལ་དོགས་སོང་།
ཏ་ཐ་ག་ཏའི་དོན་ལ་མཁས་ཤིང་།།
ཐ་མལ་གཤིས་ཀ་རྒྱུད་ལ་ཡོད་ན།།
ད་ནས་བཟུང་སྟེ་སྤྱི་བོའི་གཙུག་ཏུ།།
ན་ཚ་བྱུང་ཡང་བཀུར་རྐྱང་བྱེད་ཆོག།།
པ་ཅོག་དམ་པོར་ཐོད་དུ་བཅིངས་ཤིང་།།
ཕ་རོལ་དགྲ་བའི་མདུན་ལ་ཐོན་ན།།
བ་སོའི་ཕོར་པ་འོ་མས་བཀང་ནས།།
མ་ལུས་ཚང་མ་མདུན་དུ་བཅར་ཆོག།།
ཙ་རིའི་གནས་སྐོར་མིང་གི་དོན་རེད།།
ཚ་གྲང་ངལ་བ་ལྟོ་ཡི་དོན་རེད།།
ཛ་ལང་སྤྱོད་པ་ཐོབ་ཀྱི་དོན་རེད།།
ཝ་ལེར་བསམ་ན་ཐམས་ཅད་རང་དོན།།
ཞ་སྨྱུག་ཐོག་པའི་པད་དཀར་ལགས་ཁྱེད།།
ཟ་བཏུང་ལས་ལ་བྲེལ་བ་མེད་ན།།
འ་འུར་མེད་པར་དྲང་པོའི་ཐོག་ནས།།
ཡ་ང་མེད་པར་ལྷུག་པོར་གསུངས་རོགས།།
ར་ཕྲོད་ཐུབ་པའི་གཏམ་འགའ་བྱུང་ན།།
ལ་ལ་དག་ལ་ཕན་པ་འོང་སྲིད།།
ཤ་ཁོན་མེད་པའི་དྲ་གྲོགས་ཁྱེད་ཉིད།།
ས་མཐའི་ཡུལ་དུ་ཐུག་པ་དགའ་སོང་།
ཧ་ལམ་བོད་མའི་ན་གཞོན་ཕལ་ཆེར།།
ཨ་རིར་འགྲོ་རྒྱུའི་ལས་ལ་བྲེལ་ཡང་།།
ཨ་ཉོག་ང་རང་ཨ་མའི་ལུང་པ།།
ཧ་ཅང་སེམས་ནས་དྲན་པ་དུག་གོ།
ཀ་མ་ལ་ཡི་འཇམ་གཉེན་གདན་སྟེང། །
ཁ་དོག་མ་ངེས་འཇའ་འོད་གུར་ནང་། །
ག་ལེར་བཞུགས་པའི་ངག་གི་ལྷ་མོས།
ང་ཡི་གྲོགས་པོ་ཁྱོད་ལ་སྲུངས་ཤིག །
ཅ་ལག་དངོས་རྫས་ཕལ་ཆེར་སྤངས་ཤིང་། །
ཆ་ལུགས་ཞི་དུལ་བག་ཡོད་ངང་ནས། །
ཇ་འབྲས་ལྡ་ལི་ཙམ་ལ་བརྟེན་ཏེ། །
ཉ་ཉོག་མེད་པར་བཞུགས་པ་ལེགས་སོ། །
ཏ་རེའི་བྱིན་རླབས་ངག་ལ་ཞུགས་ཏེ། །
ཐ་སྙད་ཚིགས་ལ་ཆགས་ཐོགས་མེད་པ། །
ད་ལྟའི་དུས་ཀྱི་སྨྱུག་འཛིན་ཁྱོད་ལ། །
ན་གཞོན་ང་ཡིས་གོང་དུ་བཀུར་རོ། །
པ་ར་མི་ཏའི་དགོངས་དོན་ཐམས་ཅད། །
ཕ་མར་སྙིང་རྗེ་འདི་ལ་ཐུག་སྟབས། །
བ་ཕྱུགས་ཚུད་པའི་སྐྱེ་འགྲོ་ཚང་མར། །
མ་མཐར་སྙིང་རྗེ་ལོས་ཀྱང་གནང་ཡོད། །
ཙ་རིར་གནས་བསྐོར་མ་ཕེབས་ན་ཡང་། །
ཚ་བའི་ཡུལ་ན་དཀའ་ཐུབ་སྤྱད་པས། །
ཛ་དྲག་རྐྱེན་ངན་ཐོག་ཏུ་བབ་དུས། །
ཝ་ལེར་ཉམས་ལེན་གནང་བའི་དགེ་སྦྱོང་། །
ཞ་མྱུག་ཐོགས་པའི་མེ་ཏོག་དཀར་པོ། །
ཟ་བཏུང་ལས་ཀྱིས་བྲེལ་བ་ཆེ་ཡང་། །
འ་ཅག་བོད་མིའི་བདེ་སྡུག་ཐུག་དུས། །
ཡ་མེར་སྡོད་པའི་མི་གཅིག་མིན་ལགས། །
ར་འཕྲོད་ཐུབ་པའི་གཏམ་འདྲ་ཡོད་ན། །
ལ་ལ་མ་ཚད་ཀུན་ལ་ཕན་ཀྱང་། །
ཤ་འཁོན་རྩོད་འདྲའི་ཚིག་རྙོགས་དེ་ཚོ། །
ས་རྡུལ་ལྟ་བུ་ཁྱབ་རྒྱུ་མང་སོང་། །
ཧ་ལམ་ཨ་རིར་སླེབས་པ་ཡིན་ན། །
ཨ་སྒོར་སྔོན་པོ་གང་མཚམས་བསགས་ཏེ། །
ཧ་ཅང་མང་པོ་མ་བྱུང་ན་ཡང་། །
ཨ་ཁུ་ཁྱོད་ལ་ང་ཡིས་གཏོང་ཡོང་། །
ཀུ་རེ་དང་སྦྲེལ་ནས་ཡིན་ད
ཀ་ཤི་ངུར་སྨྲིག་ལུས་ལ་གོན་བཞིན་དུ།།
ཁ་ནས་བོད་མའི་སྐྱིད་སྡུག་གླེང་ཞོར་ལ།།
ག་ལོག་འདྲེས་པའི་ཚིག་འགའ་ཐལ་སོང་བས།།
ང་རང་ངོས་ནས་དགོངས་དག་ཞུ་ན་འདོད།།
ཅ་དངོས་རྒྱ་ཆེན་འབུལ་རྒྱུ་མེད་མོད་ཀྱང་།།
ཆ་རྒྱུས་ལོན་པའི་གྲོགས་ཁྱེད་མདུན་ས་རུ།།
ཇ་མར་ཤ་རྩམ་ཕྲན་བུ་ཁྱེར་དང་ལྷན།།
ཉ་ཉོག་བཤད་ལ་དགོངས་དག་ཞུ་ན་འདོད།།
ཏཱ་ལའི་བླ་མའི་སློབ་འབངས་གཅིག་པ་ཡི།
ཐ་ཐོར་གནས་པའི་བོད་རིགས་ཡོངས་རྫོགས་ལ།།
ད་ནས་བཟུང་སྟེ་རྩ་དོན་མ་ཐུག་བར།།
ན་ཚ་སློང་བའི་གཏམ་འགའ་ངས་མི་བཤད།།
པ་སངས་ལྟར་དཀར་ལྷག་བསམ་ཆེས་ཆེ་ཞིང་།།
ཕ་མེས་རིགས་གཞུང་འཛིན་པའི་གྲོགས་ཁྱེད་ལ།།
བ་སྤུ་གཡོ་བཞིན་སྙིང་ཁོང་རུས་སྟེང་ནས།།
མ་རབས་གང་བྱས་དགོངས་དག་ཞུ་ན་ཆོག།
ཙ་རི་གནས་སྐོར་ལྷན་དུ་འགྲོ་རྒྱུའི་ཆེད།།
ཚ་གྲང་ངལ་བ་ཁྱད་དུ་བསད་བྱས་ཤིང་།།
ཛ་ཧུའི་བུ་མོ་བརྒལ་ལ་དཔུང་བསྒྲིགས་ནས།།
ཝ་སྐྱེས་དགྲ་བོ་མཐར་བཀྲོད་བྱེད་ལ་སྤྲོ།།
ཞ་ལྟར་བཀུར་འོས་གོང་ས་མཆོག་གི་བཀའ།།
ཟ་ཟི་མེད་པར་ཡིད་ལ་བཅང་ཡོད་པས།།
འ་འུར་ཉིད་དུ་ཐོབ་ཐང་རྩོད་པའི་ཆེད།།
ཡ་ཆུང་སྙིང་གི་འཕར་རྩ་ཇེ་འགྱོགས་རེད།།
ར་མ་ལུག་ལྟའི་སྲིད་དབང་སྒེར་གཅོད་འགའ།།
ལ་རྒྱ་ཆེ་བའི་དཔའ་བོ་དཔའ་མོ་ཡིས།།
ཤ་ཚ་མེད་པར་དུམ་བུར་གཏུབ་ཐུབ་ན།།
ས་མཐའ་སྡོམ་པའི་བུ་ཆུང་ཞེ་བློ་བདེ།།
ཧ་རེ་ལང་ནས་སྡོད་པ་འདི་ཀོ་ལས།།
ཨ་ཝ་གླང་མགོའི་མདུན་སར་འགྲོ་ན་ལེགས།།
ཨ་ཙི་བསམ་ཞིང་བསམ་ལ་ནང་ཁུལ་དུ།།
ཧ་ཅང་མཐུན་ལམ་བཟང་ལ་ཅིས་མི་འབད།།
མ་མཐོང་བའི་གྲོགས་པོ་ལགས།
ཀ་རྩེད་མང་པོ་རྩེ་ས་ཡིན་ཨོ་གོ །
ཁ་བདེ་མང་པོ་བཤད་ཡིན་ཨོ་གོ །
ག་ལེར་ག་ལེར་ང་རང་གཉིས་པོ། །
ང་རྒྱལ་སྤངས་ནས་ཞུམ་ཞུམ་ཆགས་སོང་།
ད་ཀ་ཁ་ག་ང་འབྲི་ཚོད་མིན་འདུག་སང་ཉིན་ནས་ཨ་རི་འགྲོའི་ལས་ཀ་ཙག་ཙིག་འངྲ་ཡོད།།
མ་མཐོང་བའི་གྲོགས་པོ་ལགས།
ཀ་རྩེད་མང་པོ་རྩེ་ས་ཡིན་ཨོ་གོ །
ཁ་བདེ་མང་པོ་བཤད་ཡིན་ཨོ་གོ །
ག་ལེར་ག་ལེར་ང་རང་གཉིས་པོ། །
ང་རྒྱལ་སྤངས་ནས་ཞུམ་ཞུམ་ཆགས་སོང་།
ད་ཀ་ཁ་ག་ང་འབྲི་ཚོད་མིན་འདུག་སང་ཉིན་ནས་ཨ་རི་འགྲོརྒྱུའི་ལས་ཀ་ཙག་ཙིག་འངྲ་ཡོད་་་། གྲོགས་པོས་ཐུགས་སྨོན་གནང་ཤོག་ཨ།
ཀ་ཤི་དྲི་མེད་མགུལ་ལ་གཡོག་ནས།།
ཁ་བརྡ་ཚིག་གསུམ་ཁྱོད་ལ་ཞུ་འདོད།།
ག་ལེར་ཨ་རི་ཡུལ་ལ་སླེབས་དུས།།
ང་ཡི་སེམས་གཏམ་ཡིད་ལ་བཟུང་རོགས།།
ཅ་ག་བྱེད་རྒྱུ་རང་གི་ལུས་རེད།།
ཆ་ལུགས་བོད་མི་རྣལ་མའི་གོས་རེད།།
ཇ་མར་རྩམ་པས་ལུས་ལ་ཕན་རེད།།
ཉ་སྦལ་སྦྲུལ་སོགས་ཟ་རྒྱུ་མ་མང་།།
ཏཱ་ལའི་བླ་མ་སྙིང་ནས་མ་བརྗེད།།
ཐ་ཤལ་སྤྱོད་པའི་གྲོགས་ངན་མ་འགྲོགས།།
ད་ནས་བཟུང་སྟེ་གཟབ་གཟབ་བྱེད་ནས།།
ན་ཚ་མེད་པའི་འཕྲོད་སྟེན་གལ་ཆེ།།
པ་ལགས་ཁོང་གི་ཅི་གསུངས་ཉན་ནས།།
ཕ་མེས་རིགས་གཞུང་རླག་ཏུ་མ་བཅུག།
བ་ལང་རྟུལ་ཞུགས་སྤྱོད་ལ་མཁས་པའི་།།
མ་རྒན་དབྱིན་མོའི་རྗེས་སུ་མ་རྒྱུགས།།
ཙ་ར་གཅོད་རྒྱུ་བོད་མའི་རྩ་དོན།།
ཚ་གྲང་ངལ་བ་ཁྱད་དུ་བསད་ནས།།
ཛ་དྲག་ཡོད་པའི་གནད་དོན་འདི་ཉིད།།
ཝ་ལེ་ཡིད་ནས་བརྗེད་པ་མ་གནང་།།
ཞ་ཉེའི་རིགས་ཅན་མགོ་སེར་དག་དང་།།
ཟ་མ་ལ་སོགས་སྤྱོད་ཚོད་བཟུང་དགོས།།
འ་ཅག་བོད་མའི་ཀུན་སྤྱོད་བཟང་པོ།།
ཡ་མ་ཟུང་དུ་འགྱུར་ན་འཕང་ག།
ར་རི་མེད་པའི་གཤིས་རྒྱུད་བཟང་པོ།།
ལ་ལུང་གང་དུ་འགྲོ་ཡང་གལ་ཆེ།།
ཤ་ཚ་བྱེད་ས་ཕ་མ་དྲིན་ཆེན།།
ས་ཕྱོགས་གང་དུ་སླེབས་ཀྱང་མ་བརྗེད།།
ཧ་ཅང་སྙན་པའི་གཏམ་ཞིག་མེད་ཀྱང་།།
ཨ་ཇོ་ཁྱོད་ལ་དུང་པའི་སེམས་ཀྱིས།།
ཧ་བེ་ཧོབ་བེ་ཚིག་འགའ་ཐལ་ལ།།
ཨ་མཆོག་ཚ་ན་དགོངས་དག་ཞུ་ཆོག།
ཀ་རྩོམ་འབྲི་བར་མཁས་པའི་རྩམ་གཟན་དང་།།
ཁ་བཤད་མཁས་པའི་མེ་ཏོག་དཀར་པོ་གཉིས།།
ནུབ་ཕྱོགས་དག་པའི་ཞིང་གི་རྩོམ་བྱང་འོག།
སྒྱུ་རྩལ་ལྟད་མོ་གསར་པའི་དོ་ར་ཞིག།
བོད་རིགས་གཞོན་ནུའི་རྩོམ་རྩལ་མཐོང་པ་ན། །རྒན་པོའཆི་ཁར་བློ་བདེ་ཡིན་སྣང་ཤར། །ཆོས་དང་ཆབ་སྲིད་རྩོད་པ་མཐོང་པ་ན། །རྒན་པོ་རེ་ཞིག་གསོན་གོ་ཆོད་དགོས་སྙམ། །རིག་གཞུང་རྩོད་པ་ཤེས་རབ་འཕེལ་བའི་རྒྱུ། །ཕྱོགས་རིས་རྩོད་པ་མཐུན་སྒྲིལ་གཞོམ་པའི་མཚོན། །རྩོད་པའི་ཚེ་ན་མདུན་ལམ་སྤྱི་དོན་ལ། །ཞིབ་ཏུ་དཔྱད་ཅིང་འཇུག་པ་མཁས་པའི་སྲོལ། །
ལྷག་བསམ་རྒྱ་མཚོའི་མཆུ་ཏོ༎
ལྷག་བསམ་ཚིག་གིས་བརླན་འདུག།
ལྷག་བསམ་དངོས་གནས་ཡོདན༎
རང་གི་མཆན་འགྲེལ་ཀློགས་དང་༎
ཀ་ར་བུ་རམ༎
ཁ་ལ་ཟོས་ན༎
ག་ཚོད་མངར་བ༎
ང་ཡིས་ཤེས་སོ༎
ཡ། ད་མཐུད་དང་།
ཅ་ཅོ་ཚིག་རྩུབ༎
ཆ་རེ་རྡོག་རེས༎
ཇ་ཁང་ནང་དུ༎
ཉ་ཉུང་བསྲེས་དང་༎
ཏ་རེ་རོ་རེ༎
ཐ་རེ་ཐོ་རེ༎
ད་རེ་དོ་རེ༎
ན་རེ་ནོ་རེ༎
ཀ་ཋ་མན་ཌུའི་རྒྱལ་སའི་དཀྱིལ་ནས། །
ཁ་བ་ཅན་ཅན་གྱི་ན་གཞོན་མེ་ཏོག །
ག་བུ་དྲི་ཞིམ་ལུས་ལ་བཏོར་ཏེ། །
ང་ཡིན་བསམ་བསམ་ཞིག་གི་ངང་ནས། །
ཅ་ལག་ཡིག་ཆ་ལག་ཏུ་ཐོགས་ཏེ། །
ཆ་རྒྱུས་ཅན་གྱི་ལམ་བུ་དེ་ལ། །
ཇ་ཡུན་ཙམ་ཞིག་འཁོར་ལོར་སྡོད་རྗེས། །
ཉ་མོ་ང་རང་མཚོ་ནང་སླེབས་ཐལ། །
ཏ་ལ་མང་པོ་བརྩེགས་པ་མེད་པའི། །
ཐ་ཐོར་ཅན་གྱི་གྲོང་འཁྱེར་དེ་རུ།
ད་གཟོད་གཞུང་ཚབ་ཁང་དུ་ཞུགས་ཀྱང་། །
ན་ཟུག་ཙམ་ལས་འདོད་དོན་མ་གྲུབ། །
པ་ཕའི་ལོ་ཚོད་ཅན་གྱི་རྒད་པོ། །
ཕ་གི་རྐུབ་སྟེགས་སྟེང་ན་སྡོད་དེས། །
བ་རེ་བི་རེ་ཁ་ཤས་བཤད་རྗེས། །
མ་ལུས་རེ་བ་སྟོང་ཟད་རེད་ཐལ། །
ཙ་རིའི་གནས་བསྐོར་ཕར་ཟད་རེད་འདུ། །
ཚ་བའི་དཀའ་ངལ་འདི་ན་ཆེ་འདུག །
ཛ་དྲག་ཞུ་བ་འཐེན་ས་མིན་འདུག །
ཝ་ཞྭལྐོག་རྔན་སྤྲོད་ས་མིན་འདུག །
ཞ་གོས་ལྷམ་སོགས་འགྲིག་ཙམ་ཞིག་དང་། །
ཟ་བཏུང་བྲོད་ཁོག་རྒྱག་ཙམ་ཞིག་ལ། །
འ་ཆད་སྡུག་རུས་སྡོད་རྒྱུ་ཙམ་ལས། །
ཡ་མཚན་རྒྱས་སྤྲོས་ཡོང་རེ་བྲལ་ཐལ། །
ར་རི་ལྷད་ཀྱིས་མ་བསླད་སེམས་པས། །
ལ་ལུང་མང་པོའི་ཕ་རོལ་ཞིག་ནས། །
ཤ་ཚའི་སྙིང་གཏམ་གསོན་པོ་དེ་དག །
ས་སྟེང་སྡོད་རིང་ག་ལ་བརྗེད་སྲིད། །
ཧ་ལས་རེ་བ་སྔོན་ནས་མེད་པས། །
ཧ་ཅང་སེམས་ལ་དཀའ་མ་ཕྲད། །
ཨ་ཇོ་མེ་ཏོག་ལས་དོན་འདི་ལ། །
ཨ་ཁུས་ཐུགས་སྨོན་མ་གནང་ཨེ་རེད། །
འདི་སྤྱིར་བཏང་གི་གནས་སྟངས་ཙམ་ལ་སྒྲོ་བཏགས་ནས་བྲིས་སོ། །
ཀ་ལི་སྤུ་དང་བྲལ་བའི་སྤོ་རྒན་ཚོ།།
ཁ་འབྲས་མཚར་བའི་ན་ཆུང་བུ་མོ་ཚོར།།
ག་དུས་ཡིན་ན་རྩེད་མོ་མ་རྩེད་་ཅེས།།
ང་ཡིས་གསོལ་བ་ལན་བརྒྱར་གདབ་རྒྱུ་ཡིན།
ཁ་བརྡའི་ནང་ལ་ཕེབས་པའི་གྲོགས་པོ། །
ཁ་བརྡ་གླེང་ནས་ཉིན་མ་སྐྱེལ་མཁན། །
ཁ་བརྡ་ཙམ་ལས་ལག་བརྡ་མེད་པས། །
ཁ་བརྡ་རྐྱང་པས་འཚམས་འདྲ་ཞུ་འོ། །
ཁ་བ་ལྟ་བུའི་ལྷག་བསམ་དཀར་པོ། །
ཁ་བ་བརྩེགས་པའི་གངས་རིའི་བཞིན་དུ། །
ཁ་བརྡའི་མཁན་པོ་ཁོང་ཚོར་འདུག་པས། །
ཁ་ཙམ་མིན་པར་དགའ་བསུ་ཡོད་དོ། །
ཁ་སང་མ་ཡིན་ལོ་གཅིག་གོང་དུ། །
ཁ་བརྡ་དང་པོ་མཐོང་བའི་སྐབས་སུ། །
ཁ་ཞེ་མེད་པའི་དགའ་སྤྲོ་ཞིག་གིས། །
ཁ་ནས་ཁ་མཆུ་ཟག་བྲབ་བྱས་བྱུང་། །
ཁ་སང་ཧ་ལམ་ཟླ་གཅིག་ཙམ་ནས། །
ཁ་རོག་མ་བསྡད་ཐབས་ཤེས་ཤིག་གིས། །
ཁ་བརྡར་མཆན་བུ་འགོད་སྟངས་ཤེས་པས། །
ཁ་དང་ཁོག་པ་སྤྲོ་བས་བརྟས་བྱུང་། །
ཁ་བརྡར་དང་པོ་མཆན་བུ་བཏགས་དུས། །
ཁ་བརྡས་དག་མཆན་སྒུགས་ཡོད་གསུངས་བྱུང་། །
ཁ་བརྡས་ཐུགས་ལ་བབས་པ་ཡིན་འདྲ། །
ཁ་བརྡར་མེ་ཏོག་དཀར་པོ་ཤར་སོང་། །
ཁ་ཏོན་བྱ་རྒྱུའི་དུས་ཚོད་དེ་དང། །
ཁ་ལག་བྲོད་པའི་ལས་དོན་དེ་ནས། །
ཁ་བརྡར་དུས་ཚོད་ཅུང་ཙམ་བཏང་སྟེ། །
ཁ་ལབ་ཚིག་གསུམ་བྱེད་རྒྱུ་བྱུང་སོང་། །
ཁ་བརྡར་འཛུལ་ནས་ཉིན་ཤས་ནང་ལ། །
ཁ་བརྡའི་བྲོ་བ་སྣ་ཚོགས་མྱོང་སོང་། །
ཁ་བརྡའི་ཁྲིམས་དང་སྒྲིག་གཞི་ཤེས་སོང་། །
ཁ་བརྡའི་ངོ་རིས་ཅུང་ཟད་རྟོགས་སོང་། །
ཁ་ཞེ་མེད་པའི་བསམ་དཀར་ཡིན་ཡང་། །
ཁ་འཇམ་ཚིག་འཇམ་བཤད་རང་དགོས་འདུག །
ཁ་བརྡུང་སྐྱེ་བོ་སྒེར་ལ་ཡིན་ན། །
ཁ་བརྡས་བསུབ་པ་གནང་གིན་འདུག་གོ །
ཁ་ནས་ཚིག་གསུམ་བཤད་པའི་སྐད་ཆ། །
ཁ་བ་བུ་ཡུག་ཚུབ་ཚུབ་འདྲ་དང་། །
ཁ་ཆར་དྲག་པོ་བབ་བབ་ནང་བཞིན། །
ཁ་བརྡའི་ནང་ལ་གནང་ས་མིན་འདུག །
ཁཁཁཁཁཁཁཁཁ
ཁ་ཁ་རོག་བསྡད་ན་ཁ་མཆུ་མེད།
འདི་ནས་ཤི་འཕོས་གྱུར་མ་ཐག།
ཨ་རི་སྐྱེ་གནས་ཉམས་དགའ་བ༎
མྱུར་དུ་སྦྱིན་བདག་མཉེས་བྱས་ནས༎
ཝི་སའི་ལུང་སྟོན་ཐོབ་པར་ཤོག༎
བེ་རི་འཇིགས་མེད་ལགས། བཀྲིས་བདེ་ལེགས།
བདེ་ཤིས་བདེ་ལེགས། མེ་ཏོག་དཀར་པོ།
མ་མཇལ་ཡུན་རིང་ཡིན་ད།
གྲོགས་རྩམ་གཟན།
འདི་ནས་རྣམ་ཤེས་སྟོང་མ་ཐག །
ཨ་རིའི་གྲོང་དུ་མ་སྐྱེས་པར། །
རྣམ་མཁྱེན་རྒྱལ་བའི་སར་སྐྱེས་ཏེ། །
རང་དབང་ལོངས་སྤྱོད་ཐོབ་པ་ཤོག །
ཨ་རིར་སྐྱེས་པ་འདོད་པ་ཚོས། །
ཉིན་མཚན་ཀུན་ལ་སྨོན་ལམ་རྒྱོབས། །
ཚེ་འདིར་སྐྱེས་པ་མ་གྱུར་གྱང་། །
ཕྱི་མར་སྐྱེ་བར་སྨོན་ལམ་འདེབས། །
བེ་རི་བླ་རྒན་གཙོ་བྱས་ཏེ། །
ཨ་རིར་སྐྱེ་བ་འདོད་པ་དག །
མྱུར་དུ་རྣམ་ཤེས་འཕོས་གྱུར་ནས། །
རྨི་ལམ་མངོན་དུ་འགྲུབ་པ་ཤོག །
རྕམ་དགའ་འདི་དངོས་གནས་ཆོས་པ་རྣམ་དག་ཅིག་རེད་འདུག
འཇིག་རྟེན་བྱ་བཞག་ལ་ཞེ་ཁ་ལོག་ལོག་གནང་མཁན་ཞིག་རེད་འདུག རྗེས་སུ་ཡི་རང་ཡོད།
ཆོས་པ་ཚོས་ཆོས་གནང་བཞིན་འཇིག་རྟེན་ལ་དགག་པ་གནང་རྒྱུ་ཡོད་མ་རེད།
འཇིག་རྟེན་གྲགས་པས་ཀུན་རྩོབ་མ་བརླག་ཅིག །ཅེས་ཆོས་པ་ཟིག་གིས་གསུངས་ཡོད་ནི་རེད་ཀོ
མྱུར་དུ་རྣམ་ཤེས་འཕོས་གྱུར་ནས། །འདི་མྱུར་དུ་ཤི་བར་ཤོག་གསུངས་རྒྱུ་ཨེ་རེད།
ཨ་མམམམ་སངས་རྒྱས་གོ་འཕང་ཐོབ་འདོད་ཅན་གྱི་ཆོས་པ་ཞིག་གི་གསུང་།
ལྷག་བསམ་གྱི་འབོད་སྒྲ།
ཀུན་མཁྱེན་བུ་རམ་ཤིང་པའི་རྗེས་འཇུག་ཚོ།།
ཆོས་གོས་རྣམ་གསུམ་ལུས་ལ་གྱོན་བཞིན་དུ།།
དུག་གསུམ་བག་ཡང་ངང་དུ་སྤྱོད་པ་འདིས།།
མཐའ་མེད་འཁོར་བའི་གཏིང་སྡོ་མ་བྱས་སམ།།
ཁ་ནས་དགེ་སྡིག་བླང་དོར་བརྗོད་ཤེས་ཀྱང།།
ཁོག་ན་རང་རྒྱལ་གཞན་ཕམ་ཁོ་ནར་སེམས།།
ལག་ན་ཤེལ་དཀར་ཕྲེང་བ་བགྲངས་བཞིན་དུ།།
ཁ་ནས་དོན་མེད་ལོང་གཏམ་འབའ་ཞིག་སྨྲ།།
གང་ལ་གཞིགས་ཀྱང་སྙིགས་དུས་ཆོས་གཟུགས་ཀྱིས།།
གང་དུ་བཅས་དང་རང་བཞིན་ཉེས་པའི་ཚོགས།།
གང་དཀར་སེམས་ཀྱི་ཟུར་ལ་ཡོད་མོད་ཀྱང།།
གང་ལ་བསྲུང་སེམས་ཉིན་སྐར་ལས་ཀྱང་དཀོན།།
ལྷ་པར་ད་དུས་ཕྱི་གླིང་སྲོལ་ངན་ལ།།
རབ་ཏུ་ཆགས་ཏེ་སྤུན་མཆེད་བསྒྲིགས་ཞེས་པའི།།
ཚིག་འབྲུ་གཉིས་འདི་ཧ་ཅང་ཞེན་ཆེས་ནས།།
རྒྱལ་གསུངས་བསྒོ་བ་རྣར་གཟོན་བྱེད་ལ་ལྟོས།།
རབ་ཏུ་བྱུང་ཏེ་ངུར་སྨྲིག་གོས་གྱོན་ནས།།
རབ་དཀར་དགེ་བའི་ལས་ཤིག་མི་སྒྲུབ་པར།།
ར་རིའི་དྲི་མས་རང་སེམས་བསྒྲིབས་པ་ལ་།།
རབ་མཛེས་གཞོན་ནུ་ཁྱོད་ཀྱི་མ་ཚོར་རམ།།
ཀ་གསར་ལང་ཚོ་ལྡན་པའི་བཙུན་ཆུང་ལགས།།
ཀ་འབོ་ཏྲར་སམ་གློག་ཀླད་འཕྲུལ་ཆས།།
ཀ་ཡིག་སུམ་བཅུ་སྦྱང་བསྟར་འབད་པ་འདིས།།
མི་གནས་མྱང་འདས་སྒྲུབ་ལ་ཅི་ཞིག་ཕན།།
རབ་བྱུང་རབ་བྱུང་ས་མ་གནས་པར།།
རབ་ཏུ་དབེན་པ་དགོན་པ་བོར་ནས་ཀྱང་།།
རབ་ཏུ་འཁྲུག་པའི་ཕྱི་རྒྱལ་ཡུལ་གྲུ་ལ།།
འགྲོ་ཕྱིར་བྱང་ཆུབ་སྒྲུབ་ལྟར་བརྩོན་མཚར།།
ལྷག་པར་རྒྱ་བལ་འབྲུག་སོགས་གནས་པ་ཡི།།
སྟོན་པའི་རྗེས་འཛེན་རློན་པའི་སེར་གཟུགས།།
རྣམས་སྐྲ་སེར་སྤྲེའུ་རིགས་ལ་དད་པ་ཡི།།
འདི་ཕྱིའི་སྐྱབས་གནས་གཅིག་པུར་བཟུང་ལ་ལྟོས།།
གངས་ཅན་ས་ལའི་ལྗོངས་ཀྱི་བློ་ལྡན་པ།།
མཁས་དབང་དགེ་འདུན་ཆོས་འཕེལ་ཞལ་སྔ་ནས།།
ཕྱི་རབས་གངས་ཅན་པ་ལ་གདམས་པ་དེ།།
ཁྱོད་ཀྱི་ད་དུང་མ་ཐོས་ཤིན་ཏུ་མཚར།།
གཞན་ཕན་སྙིང་རྗེའི་རླན་དང་བྲལ་ན་ཡང་།།
རིག་རྩལ་སྒྱུ་འཕྲུལ་གློག་གི་ཆོ་འཕྲུལ་གྱིས།།
དྲང་པོའི་མི་ལ་འཁྱོག་པོའི་ལམ་སྟོན་པ་།།
སྐྲ་སེར་སྤྲེའུ་རིགས་ལ་དོགས་གཟོན་མཛོད།།
ཞེས་གསུངས་བརྩེ་བའི་གདམས་པ་ཟབ་མོ་འདི།།
སྤྱིར་ན་ས་ཡ་དྲུག་གི་བོད་མི་དང།།
ལྷག་པར་ངུར་སྨྲིག་བླ་གོས་འཆང་བ་ཡི།།
བསྟན་ལ་དད་པ་རྣམས་ཀྱི་ཉམས་ལེན་མཛོད།།
འདི་ལྟར་འབྲི་བའི་རྣམ་དཔྱོད་དབེན་མོད་ཀྱང་།།
བསྟན་པའི་བླ་བཙོང་འགའ་ཡི་ཡིད་དབྱུང་ལ།།
བརྟེན་ནས་རྣམ་དག་སེམས་ཀྱིས་བྲིས་པ་ལ།།
ནོངས་པར་གྱུར་ན་ཟུར་གནས་མཁས་ལ་བཤགས།།
གལ་ཏེ་འདི་ཙམ་སྤེལ་བའི་དགེ་རྩ་ཞིག།
མཆེས་ཚེ་དེ་ཡང་རྒྱལ་བསྟན་ས་སྟེང་དུ།།
ཡུན་དུ་གནས་ཅིང་དེ་འཛིན་དགེ་འདུན་སྡེར།།
རྣམ་དག་བསླབ་ཁྲིམས་འདོམས་པའི་རྒྱུ་རུ་བསྔོ་།།
མེ་ཏོག་ལགས།
མྱུར་དུ་རྣམ་ཤེས་འཕོས་གྱུར་ནས། །
ཞེས་པའི་ཚིག་ལ་མ་ལྟ་ལོ། །
བླ་རྒན་ཁོང་ཚོའི་རེ་བ་བཞིན། །
བྲིས་ལ་འགལ་བ་ཅི་ཞིག་ཡོད། །
ཆོས་མང་པོ་གསུངས་་གི་འདུག་གོ
མི་གྱུར་དབུས་སྐྱེས་དབང་པོ་ཚང་།།ལས་མཐའ་མ་ལོགས་གནས་ལ་དད།།སངས་བྱོན་དང་དེས་ཆོས་གསུངས།།བསྟན་པ་གནས་དང་དེའི་རྗེས་འཇུག།ཞེས་པའི་འབྱོར་བ་ཅུ་པོ་རང་ལ་ཚང་བཞིན་དུ་ཡུལ་མཐའ་འཁོབ་འགྲོ་བར་འདོད་པ་དག་གི་སྨོན་ལམ་མ་རྒྱབ་ཀྱང་པར་སྣང་།།
སྨོན་ལམ་མ་རྒྱབ་ཀྱང་ཆོག་པར་སྣང་།།
གོང་དུ་མཆན་ཨང་བཅོ་བརྒྱད་པ་དེ་གུས་པའི་རྩོམ་ཡིག་ཅིག་གི་ལན་ཡིན་གསུངས་འདུག་པས། ངས་དེ་ལ་ལན་ཞིག་འདེབས་དགོས་བྱུང་སོང་། སྤྱི་ངའི་མཆན་དེ་ཁོང་ལ་བྲིས་པ་ཁོང་གིས་ངོས་ལེན་བྱས་པ་མ་གཏོགས་ཁྲིམས་ཐོག་ནས་ཁྱོད་ལ་བྲིས་པ་ཅི་ལྟར་ཤེས་ཅེས་དྲིས་ན། ཁོང་གིས་ང་ལ་ལན་གསལ་བོ་འདེབས་ཐུབ་ཀྱི་མ་རེད། རྒྱུ་མཚན་ངའི་རྩོམ་ཡིག་ནི་སྤྱི་བམ་གྱིས་བྲིས་པ་ལ། ཁོང་གིས་སྒེར་ངོས་སུ་དང་ལེན་བྱས་འདུག ཕལ་ཆེར་དེ་ནི་ཁོང་ལ་གནོངས་ཡོད་པའི་རྒྱུ་མཚན་གྱིས་ལོས་ཡིན་སྙམ། འོག་ཏུ་ཁོང་གི་རྩོམ་ཡིག་དེ་གོ་བདེ་རུ་བཏང་གཤམ་གསལ་ལྟར་ཡིན།
རྩོམ་པར་དགའ་ན་རྩམ་ཁུངས་མ་འཁྱོངས་པ༎
ཡིག་ནོར་ཚིག་ནོར་མ་འབྲེལ་སྟེང་འོག་འགལ།།
ལྡེབ་སྦྱོར་ཉམས་དང་གཅོད་མཚམས་ཉམས་པ་དང་།།
བསྐྱར་ཟློས་བསྐྱར་ཞུས་རྩོམ་གྱི་ཁུངས་སུ་བགྲང་།།
གྲྭ་སར་དགའ་ཡང་གྲྭ་ཁུངས་མ་འཁྱོངས་པ༎
ཚོགས་དང་ཆོས་ར་འགྲིམ་པའི་ལོ་རྒྱུས་མེད།།
དགེ་ལུགས་རྒྱུགས་སྤྲོད་དང་ནི་འཇང་དགུན་ཆོས།།
མིག་གིས་མཐོང་མ་མྱོང་པར་དགེ་བཤེས་ཐོབ།།
ཁྱིམ་ལ་དགའ་ཡང་ཁྱིམ་ཁུངས་མ་འཁྱོངས་པ༎
མཛེས་མའི་ལུས་ལ་རེག་པའི་ལོ་རྒྱུས་མེད།།
བྱིས་པ་བཟོ་བའི་ལག་ཆ་ཞྭ་ཉེ་འབུག།
ཁང་པ་ཉོ་བའི་སྒོར་མོ་དེ་ལས་མེད།།
ཕྱི་རྒྱལ་བསྡད་ནས་ཕྱི་ཁུངས་་འཁྱོངས་པ༎
ཨ་རིའི་ཡུལ་དུ་ལན་གཅིག་སོང་ན་ཡང་།།
ཨ་རིར་དགོས་པའི་ཤེས་འཇོན་རུས་སྦལ་སྤུ།།
དེ་བས་ཕྱི་ལོག་མི་བྱེད་ཀ་མེད་བྱུང་།།
ལས་ཀར་སོང་ནས་ལས་ཁུངས་མ་འཁྱོངས་པ༎
སྤྱི་འཐུས་ཚོགས་རར་མི་དགོས་རྩོམ་འཆལ་སྤེལ།།
ཕྱོགས་ཞེན་ཚིག་ངན་རྔ་མོང་བརྩོ་ཞགས་འཕེན།།
མདོག་ངན་སྡང་མིག་ཤ་ཞེན་ཅན་ལ་བལྟ།།
གང་ལ་སོང་ཡང་ཅི་ཡང་མ་འཇོན་པ༎
སློབ་གྲྭ་ཟེར་ན་སློབ་གྲྭའི་ལག་ཁྱེར་མེད།།
དགེ་བཤེས་ཟེར་ན་འཛིན་གྲའི་རྒྱུགས་སྤྲོད་མེད།།
དགེ་སློང་ཟེར་ན་ཁ་ན་ཞལ་འདོན་མེད།།
འདི་འདྲའི་མྱི་ངན་ཐ་ཤལ་རིགས་དག་ནི།།
ཁ་ནས་བྱུང་རྒྱལ་སྨྲ་ལ་ཐེ་ཚོམ་མེད།།
ལག་གིས་གང་བྱུང་འབྲི་ལ་བག་ཚ་མེད།།
ཚོགས་སྡེའི་སྒྲིགས་ལམ་བརྩི་བའི་ལུགས་སྲོལ་མེད།།
རྩམ་པར་དགའ་ཡང་རྩམ་པའི་ཞབས་འདྲེན་སྟེ༎
མི་ཤེས་ཤེས་ཁུལ་མ་ཡིན་ཡིན་ཁུལ་བྱེད།།
མེད་པ་ཡོད་རྫི་མཐོ་རྒྱགས་དམའ་རྒྱགས་ཆེ།།
ཚོགས་ལ་འདོན་མི་རུང་བའི་ཚིག་ངན་སྨྲ།།
ཤ་ཚ་བྱེད་ན་འདི་ཚོར་བྱོས་དང་༎
སྙིང་རྗེ་བྱེད་ན་འདི་ཚོར་བྱོས་དང་། །
མ་གཞི་ཐ་ཤལ་འདི་དང་འདིའི་རིགས༎
འགྲམ་ལྕག་རེ་རེ་གཞུས་ན་ཕན་ཐོགས༎
གོང་གི་ཤོ་ལོ་ཀ་དག་ལས་ཚིག་རྐང་དང་པོ་རྣམས་ཁོང་གི་བྲིས་པ་དག་རང་སོར་བཞག་སྟེ། དེ་དག་ལ་ཁ་སྐོང་དུ་ཚིག་རྐང་གསུམ་རེ་བྲིས་ཡོད། འོན་ཀྱང་ཤོ་ལོ་ཀ་མཐའ་མ་ནི་ཁོ་རང་གི་དེ་རང་ཆ་བཞག་ཡོད་ལགས།།
འགྲེལ་བྱེད་རྣམས་བྲིས་མེད། གང་ཡིན་ཟེར་ན་ཁོ་རང་གིས་ཁྱི་ཕྲུག་སོགས་སྒྲིགས་གཞི་དང་འགལ་བའི་མིང་ཚིག་བེད་སྤྱོད་བཏང་འདུག་པས་། ངས་དེ་ཡང་བསྐྱུར་བེད་སྤྱོད་བཏང་མེད། དེ་ནི་ངས་སྤྱི་ཚོགས་ལ་སྒྲོགས་གཞི་ཟེར་བ་ཞིག་ཡོད་་ཁོང་གིས་ཤེས་པའི་ཆེད་དུ་ཡིན། ཁོང་གིས་ངའི་ཁ་ལེན་གི་རེད། སྔར་སྤྱི་འཐུས་ནང་དུ་གསར་བ་སླེབས་སྐབས་ཁོང་གི་རྩོམ་ཡིག་དག་གི་སྣེ་མོར་སྤྱི་འཐུས་ཚོགས་ཁང་དུ་བྲིས་ཟེར་བ་སོགས་མང་། ངས་ཐེངས་གཅིག་གཉིས་ཤིག་སྐྱོན་བརྗོད་བྱས་པས། ཁོང་གིས་ཚོགས་ཁང་དུ་རྩོམ་ཡིག་འབྲི་མཚམས་བཞག་ཡོད་པ་རེད། ཡིན་ན་ཡང་ད་དུང་ཚོགས་ཁང་དུ་རྒྱགས་རེ་མུ་མཐུད་དུ་རྒྱགས་གི་ཡོད་པ་འདི་མཚམས་འཇོག་པའི་ཆེད་དུ་ངས་ཅུང་ཟད་ཁོང་གི་ང་རྒྱལ་མར་ཕབ་དགོས་པ་ཆོས་གྲོགས་ཀྱི་ལས་འགན་ལོས་ཡིན་སྙམ་ནས་བྲིས་པ་ཡིན།
༧༩ གང་ལའང་སྙིང་པོ་མེད་ཟེར་བའི་བླ་རྒན་རང་ཉིད་ལ་ཡོད་ཚད་དགོས་ཀྱང་གཞན་དག་ལ་གང་ལ་ཡང་སྙིང་པོ་མེད་ཟེར་མཁན་རྣམས་ཀྱི་ཁ་ལ་མ་ཉན་པར་ཨ་རིར་འགྲོ་བར་གྱིས་ཤིག
ཡུལ་མཐའ་འཁོབ་དེར་སླེབ་རྗེས་ན་མགོ་སེར་པོ་མིག་ལྗང་ཁུ་བྱས་པ་ཞིག་རག་སོང་ན་སོས་དལ་བག་ཕེབས་ངང་ལ་མི་ཚད་སྟོང་ཟད་བཏ་ང་ན་ཡག་པོ་རེད།།
༜྆࿊྿༞ཁྱོད་བདེན་ཤ་ཚའི་གཏམ་རེད། ཡིན་ན་ཡང་་་་་་་་་་་་་་་་་་
བོད་ལ་ཡོད་པ་ཆོས་དང་སྨན་ཡིན་པས།།
དེ་ལས་ཁེ་ཕན་ཐོབ་ན་ལུགས་མཐུན་ཏེ།།
ནུབ་ཕྱོགས་ཡོད་པའི་ཚན་རྩལ་རིག་པའི་འཕྲུལ།།
རིན་མེད་སྤྲད་པའི་ལུགས་ཤིག་བྱུང་མྱོང་མེད།།
བོད་ལ་ཡོད་པ་ཆོས་དང་སྨན་ཡིན་པས།།
མོས་མཁན་འཕྲུལ་དང་བསྡུར་ན་ཆེས་ཉུང་ཡང་།།
བོད་མིར་ཡོད་པ་འདི་ལས་གཞན་དཀོན་པས།།
ཚོང་དུ་བསྒྱུར་ན་ཤིན་ཏུ་ལུགས་དང་མཐུན།།
གནའ་བོད་ལུགས་ལ་ཚོང་ཟོག་དུག་བརྩི་པས།།
མན་ངག་ཐམས་ཅད་གསང་བའི་མཛོད་དུ་སྦས།།
གསང་བའི་ཁྲོད་ནས་སུ་ལ་མི་ཕན་པས།།
ཚོང་དུ་སྒྱུར་ན་རང་གཞན་ཀུན་ལ་ཕན།།
ཚོང་ཀྱི་བསམ་བློ་གཡོ་གྱི་འཕྲུལ་མིན་ཞིང་།།
རྒྱ་གར་བྲལ་ན་བོད་ཞེན་མེད་པ་མིན།།
གོ་ལ་གཅིག་གི་དུས་འདི་སླེབས་ཟིན་པས།།
གང་དུ་སྡད་ཀྱང་བོད་དང་ཤིན་ཏུ་ཉེ།།
ང་ཚོས་གུ་དོག་པའི་གནའ་པོ་ལྟ་ཚུལ་མ་བཟུང་པར་ཕན་ཚུན་གྱི་མོས་ཕྱོགས་ལ་བསམ་ཤེས་དང་། འཇིག་རྟེན་ཀྱི་འགྱུར་འགྲོས་ཁས་ལེན་གལ་ཆེ། ༁་རི་ནས་རྒྱ་ཡི་ལག་གཡོག་ཏུ་ཚུད་པའང་རྒྱུ་དེད་ན་བོད་ལ་སྔ་མོ་ནས་ཚོང་གྱི་འདུ་ཤེས་མེད་པས་ལན་པ་ཡིན་ཞིང་། ཡོད་ཚད་རིན་མེད་དུ་སྤྲད་པའི་བོད་ཀྱི་གནའ་པོའི་གོམས་གཤིས་འོག་བོད་ཀྱི་དཔལ་འབྱོར་གྱི་ཤེས་ཡོན་ཕམས་ཉེས་སོང་ཞིང་འཇའ་ལྟར་ཡལ་བས། བོད་མི་རྣམས་སྐྱོ་པོ་གྱུར་ཞིང་ཨ་རི་ནས་ཡིན་ཡང་རྒྱའི་གླ་པ་གྱུར། ད་ལྟའང་བེ་རྒྱལ་གྱི་གསུངས་བ་བཞིན་གནའ་པོ་བོད་ཀྱི་དཔལ་འབྱོར་ལམ་ལུགས་ལྟར་ཕྱིན་ན། མ་འོངས་བར་བོད་མིས་རྒྱ་ཡི་གླ་བ་ཡང་ཉན་རྒྱུ་ཁག་པའི་གནས་སུ་འཁུམས།།
གོ་ལ་གཅིག་གི་ཁྱིམ་གཞི་རུ། །
གཅིག་གིས་གཅིག་ལ་མ་བརྟེན་པའི། །
འཚོ་བའི་ཐབས་ཤིག་བྲལ་བས་ན། །
གཡོག་དང་གླ་བ་སུ་མ་ཡིན། །