རྔ་བ་རྒྱལ་ཁམས་པ།
ཀ་དག་རྫོགས་པ་ཆེན་པོའི་ཞིང་ཁམས་ན།།
ལྷུན་གྲུབ་སྐུ་གསུམ་ཉམས་ཀྱི་རོལ་བ་ཅན།།
ཐུགས་རྗེ་སྒྱུ་འཕྲུལ་གཡོ་བའི་བཀོད་པ་ཉིད།།
བྱང་ཆུབ་སྒྲུབ་པའི་སྙིང་བོར་བདག་གིས་བསྟེན།།
དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ནི། མཁན་ཆེན་ཞི་བ་འཚོ་དང་། སློབ་དཔོན་པདྨ་འབྱུང་གནས། ཆོས་རྒྱལ་ཁྲི་སྲུང་ལྡེ་བཙན་ཏེ། མཁན་སློབ་ཆོས་གསུམ་དུ་གྲགས་པའི་སྐུ་རིང་ལ་བཞེངས་པའི་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱི་དགོན་སྡེ་རྙིང་ཤོས་ཀྱི་གྲས་ཤིག་རེད། ཁོ་བོ་བསོད་ནམས་དམན་པས། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་ཞིང་། བྱིན་རླབས་ཀྱི་ནོར་བུས་གཏམས་པའི་ཆོས་གྲྭ་དེར་དངོས་སུ་མཇལ་རྒྱུའི་སྐལ་བ་མ་ལྡན། བོད་ཀྱི་བསྟན་སྲིད་ལ་བསམ་ཡུལ་འདས་པའི་ཆགས་འཇིག་བྱུང་བ་ནས། སྰ་ལའི་སྨན་ལྗོངས་སུ་འབོད་པའི་ཆོས་དང་སྲིད་ཀྱི་སྙིང་བོ་འཛིན་སྐྱོང་དང་བཅས་པ། རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་། དུས་དེ་ནས་བཟུང་། ཆོས་བརྒྱུད་སོ་སོ་རྗེས་འཇུག་དང་བཅས་པ། རྒྱ་བལ་འབྲུག་གསུམ་གྱི་ནང་རིམ་གྱིས་སླེབས་ཤིང་། རང་རང་གི་གྲུབ་མཐའ་འཛིན་སྐྱོང་སྤེལ་གསུམ་གྱི་ཆོས་གྲྭ་དང་། སྒྲུབ་གནས་ཆེ་ཆུང་གང་མང་གསར་བཞེངས་ཀྱིས། བོད་ཡུལ་གྱི་ཤམ་བྷ་ལའི་ཞིང་བཀོད་ཅིག མི་ཡུལ་གྱི་གྲུ་ག་སོ་སོ་ན་བཞེངས་ཨེ་ཐུབ་ལྟ་བཞིན་ཡོད། རྒྱ་གར་གྱི་སེ་འབྲས་དགེ་གསུམ་དང་། ཨོ་རྒྱན་སྨིན་གྲོལ་གླིང་། རིམ་བཏེགས། དབྱིན་ཡུལ་གྱི་བཀའ་བརྒྱུད་བསམ་ཡས་གླིང་། ཨ་རིའི་ཨོ་ཏྲི་ཡ་ན་ལྟ་བུ་ནི་དེའི་དཔེ་མཚོན་ཞིག་ཡིན་ཞེས་བཤད་ཀྱང་ཆོག ཉེ་བའི་ཆར་བདག་གི་ཆུང་མ་མ་བུ་གཉིས། ཨ་རིའི་ནོས་ཡོག་སྟོད་ཀྱི་དབེན་པ་ཞིག་ཏུ་ཆགས་པའི༧རྒྱལ་བ་ཀརྨ་པའི་གདན་ས “ཀརྨ་ཐེག་གསུམ་ཆོས་ཀྱི་འཁོར་ལོ”ཞེས་འབོད་པའི་ཆོས་སྡེ་དེ་ཉིད་ཀྱི་ལོ་རེའི་གནས་སྐོར་གྱི་ལས་འཆར་ནང་འཛུལ་ཞུགས་བྱས། གནས་སྐོར་དེ་ནི་བདུན་གཅིག་གི་རིང་། ནོས་ཡོག་སྟོད་ཀྱི་ས་ཁུལ་ནང་ཡོད་པའི་བོད་བརྒྱུད་ནང་བསྟན་གྱི་མཆོད་རྟེན་ཁག་དང་། ཆོས་ཚོགས་དག་གི་ནང་མཆོད་མཇལ་གསོལ་སྨོན་བྱེད་པའི་ལས་རིམ་ཞིག་རེད། མ་བུ་གཉིས་གནས་སྐོར་ཚར་ནས་ཕྱིར་སླེབས་འཕྲལ། ངས་ཆུང་མར་གནས་ལམ་གྱི་ལོ་རྒྱུས་ཡིད་དུ་འོང་བ་མང་བོ་བཤད་རྒྱུ་འདུག དེ་ལས་ང་ལ་ལྷག་པར་ཡང་དོ་སྣང་བྱུང་བ་ཞིག་ནི། ནོས་ཡོག་སྟོད་ཀྱི་སྦས་ཡུལ་ཞིག་ན། སངས་རྒྱས་ཀྱི་ཞིང་ཁམས་ལྟ་བུའི་ཆོས་ཚོགས་ཤིག་ཡོད་པར་བཤད་པ་དེ་ཡིན། ངས་སྟབ་སྟབ་པོར་མོ་རང་གིས་སྤྲད་པའི་སྒྲོག་བྱང་བརྒྱུད། ཆོས་ཚོགས་དེའི་དྲྭ་རྒྱའི་འཇིག་རྟེན་གྱི་ནང་མཉུལ་ཞིབ་ཀྱི་མགོ་བརྩམས། དགོན་པ་དེ་ནི་སྔ་འགྱུར་རྙིང་མའི་ཕ་ས་ཀ་ཐོག་རྡོ་རྗེ་གདན་གྱི་ཆོས་བརྒྱུད་འཛིན་པ། མཁན་པོ་དཔལ་ལྡནཤེས་རབ་དང་། མཁན་པོ་ཚེ་དབང་དོན་རྒྱལ་ཞེས་ཞུ་བའི་སྤུན་མཆེད་ཟུང་གིས་ཕྱག་བཏབ་པ་ཞིག་ཡིན་པར་ཤེས་རྟོགས་བྱུང་། དགོན་པ་དེའི་མཚན་ལ”པདྨ་བསམ་ཡས་གླིང”ཞེས་འབོད་པ་མ་ཟད། དེ་ནི་ནུབ་ཕྱོགས་ཀྱི་བསམ་ཡས་དགོན་པ་ཡིན་པར་འགྲེལ་བརྗོད་གནང་འདུག དེར་བརྟེན་བདག་གིས་བོད་ཀྱི་བསམ་ཡས་དགོན་པ་མཇལ་མ་མྱོང་མོད། ནུབ་ཕྱོགས་འཕྲུལ་གྱི་རྒྱལ་ཁམས་ཤིག་ནས་བསམ་ཡས་དགོན་པ་མཇལ་རྒྱུ་བྱུང་ན། ཇི་འདྲའི་སྐལ་བ་བཟང་བོ་ཞིག་རེད་ཨང་སྙམ་དུ་སྦས་ཡུལ་དེ་མཇལ་འདོད་ཀྱི་འདུན་པ་ཤུགས་དྲག་པོ་ཞིག་སྐྱེས་ཤིང་། འདི་ལོའི་ཨ་རིའི་རྒྱལ་སྟོན་དུས་ཆེན་གྱི་གུང་སེང་དང་བསྟུན་ནས་ཉིན་ཁ་ཤས་རིང་། བསམ་ཡས་དགོན་པ་ཐེ་བས་ནོས་ཡོག་སྟོད་ཀྱི་ཡུལ་སྐོར་ས་ཚིགས་འགའ་ཞིག་གི་ནང་སྤྲོ་བསང་ལ་འགྲོ་རྒྱུར་ཐག་བཅད། ང་ཚོ་ལམ་དུ་མ་ཆས་གོང་དུ་ངའི་ཆུང་མས། མགྲོན་ཁང་དང་། སྤྲོ་གསེང་ས་ཚིགས། ལམ་སྟོན་ས་བཀྲ་ཚོན་དང་ལྡན་པ་བཅས་གྲ་སྒྲིག་འཐུས་ཚང་གནང་། རྒྱལ་སྟོན་དུས་ཆེན་གྱི་སྔ་ཉིན་ལས་ཀ་ནས་སྔ་དགོངས་ཞུས་ཏེ། ངའི་ཁྱིམ་ཚང་དང་། ཆུང་མའི་མ་རྒན། ཆུང་མའི་སྤུན་རྒན་པའི་བཟའ་ཟླ་བཅས། ང་ཚོ་མི་ལྔ་རླངས་འཁོར་ཆེ་བ་ཞིག་བཏང་སྟེ་ཡུལ་སྐོར་གྱི་ལམ་དུ་ཞུགས།
དུས་ཚོད་འདི་སྐབས་ཤིག་ལ་ཚེ་རིང་སྐྱིད་ངའི་རྨི་ལམ་དུ་ཡང་བསླེབས་བྱུང་། གང་ལྟར་ཁྱེད་ཀྱི་ལྗོངས་རྒྱུའི་ཟིན་ཐོས་ཡིད་དབང་འཕྲོགས་སོང་། མཁན་པོ་འདི་ཟུང་གི་སློབ་མ་ཞིག་ངའི་སྐད་ཡིག་གི་སློབ་མ་ཡང་ཡིན་ལ་གཤིས་རྒྱུད་ཧ་ཅང་ལེགས་པའི་ཨ་རིའི་ཕོ་གཞོན་བོད་བརྒྱུད་ནང་ཆོས་ཀྱི་ཆེད་དུ་སྲོག་བློས་གཏོང་ལོས་ཐུབ་སྙམ་པ་ཞིག་ཡོད།
ངས་ཚེ་རེང་སྐྱིད་ལ་སྐད་ཆ་བཤད་མྱོང་ འོན་ཀྱང་མོས་ཁམས་པ་ཡིན་ནའི་མཆོག་ དབུས་པ་ཡིན་ནའི་མཆོག་ ཨམ་མདོ་བ་ཡིན་ན་ཧྲག་གེ་ ཡིན་ནའི་ཆང་ས་ཐེངས་གཅིག་རྒྱབ་ཚར་བ་མི་དགོས་ལ གྲྭ་པ་ལོག་གྱོག་རྩ་བ་ཉིད་ནས་མི་དགོས་ཟེར་གྱིན་འདུག་པས་ཁྱེད་ལ་ཨ་ན་མ་ན་རེ་བ་རྩ་བ་ནས་མིན་འདུག་ རྨི་ལམ་གཏང་བ་ཁེབ་བཟང་རེད།
བསྟན་འཛིན་ཟེར་མཁན་ཧམ་པ་མ་ཤོད། ཁྱོད་ཚེ་རིང་སྐྱིད་རྩ་བ་ནས་རྒྱུས་མེད་ཅན་པོ་རེད། ཚེ་སྐྱིད་ཀླུ་སྨྱོན་ལ་སྣང་བ་འགྲོ་བ་ཚང་མས་ཤེས་གསལ་རེད། ཀླུ་སྨྱོན་གྱིས་རྩ་བ་ནས་རེ་བ་མེད་པར་རེ་བ་རྒྱག་གི་མ་རེད། ཁྱི་མོས་མཇུག་མ་མ་གཡུགས་ན། ཁྱི་ཕོས་དྲི་མ་སྣུམ་མི་སྲིད། ཁྱོད་ཚེ་སྐྱིད་ཀྱིས་རྒྱ་གར་ན་ཡོད་དུས་ཀྱི་སྙན་ངག་དེ་ཚོ་ཀློགས་དང་། ཚང་མ་ཀླུ་སྨྱོན་ལ་སེམས་པ་ཤོར་བའི་སྐོར་རེད།
ཁོང་གཉིས་མ་འགྲིགས་ས་དེ་ཐོག་མ་ཀླུ་སྨྱོན་གྱིས་གྲ་ཆས་ཕུད་མི་འདོད་པ་དེ་རེད།
བོད་ཀྱི་བསམ་ཡས་དགོན་འདི་ཉིད་རྙིང་མ་གཙང་རྐྱང་ཡིན་ཀྱང་། ད་སྐབས་ས་སྐྱ་པས་གཙང་བཟུང་བྱས་ཡོད། དེས་ན་ས་སྐྱའི་མཁས་གྲུབ་རྣམས་ཀྱིས་ཐུགས་སེམས་རྣམ་དག་གི་ཐོག་ནས་རྙིང་མར་རྩིས་སྤྲོད་བྱས་ན། ལོ་རྒྱུས་ཐོག་ཆོས་རྒྱུད་ལ་ཕྱོགས་རིས་མེད་པའི་དན་དག་ཡང་དག་ཅིག་ཏུ་འགྱུར་བ་རེད། དེ་མིན་ཆོས་རྒྱུད་ཁ་ཤས་ཀྱིས་བྱ་སྤྱོད་བཞིན་རིས་མེད་ཁ་ལ་ཁྱེར་ནས། སོ་སོའི་ཁྱབ་སོང་སུ་ཆོས་རྒྱུད་གཞན་འཛུལ་མི་འཇུག་ཅིང་། ཆོས་རྒྱུད་གཞན་གྱི་ཁྱབ་ཁོངས་སུ་སིམ་འཛུལ་བྱེད་བཞིན་པ་དང་གཅིག་མཚུངས་ཡིན།
འོན་ཀྱང་རྙིང་མ་རང་གིས་མ་འཇོན་ནས་ས་སྐྱའི་བདག་པོ་གནང་བ་ལས། བཙན་གྱིས་ཕྲོག་པ་དང་གཡོ་སྒྱུས་ཕྲོག་པ་གང་ཡང་མིན། བདག་པོ་ཡག་པོ་ཞིག་གནང་ཞིང་ཕྱོགས་རིས་མེད་པར་བཞུགས་ན་རྗེས་སུ་ཡི་རང་ཞུ།།
དབང་འདུས་ནི་དོལ་ཚོགས་ཀྱི་མི་སྣའོ། དམིགས་ཡུལ་བོད་མིའི་དབར་ལ་དཀྲུགས་པའོ།
ཀློ་ཆུང་ ང་དང་ཚེ་རིང་སྐྱིད་ངོ་ཤེས་ནས་ལོ་མང་པོ་ཕྱིན་སོང་ ངས་ཁོང་ལ་སྐད་ཆ་ཐེངས་ཁ་ཤས་དྲིས་པ་ཡིན་ཀྱང་དེའི་ལན་ལ་ དབུས་པ་ཡིན་ན་མཆོག་ནི་རེད་ ཁམས་པ་ཡིན་ན་མཆོག་ནི་རེད་ ཨམ་མདོ་ཡིན་ན་ཧྲག་གེ་ གྲྭ་ལོག་ཡིན་ན་མི་ཧྲག་གེ་ གྲ་ལོག་ཡིན་ན་མི་མཆོག་གེ་ཟེར་གྱི་འདུག་པས་ང་རང་ཚོ་ཚང་མར་རེ་བ་མིན་འདུག་་ ད་ཁྱེད་རང་ཡང་བསམ་བློ་མ་གཏང་ན་དགའ།
ཧྲག་གེ་ཟེར་ན་ཡག་ཤོས་རེད་ཟེར་ཡིན་ས་རེད། ཨམ་མདོའི་སྐད་ཡིན་པ་འདྲ།
རྔ་བ་རྒྱལ་ཁམས་པའི་མ་བུ་བདེ་འཚམས་ངང་དུ་ནུབ་ཕྱོགས་བསམ་ཡས་དགོན་དུ་ཆོས་མཇལ་གནང་བ་ཡག་པོ་རེད། མཁན་ཆེན་དཔལ་ལྡན་ཤེས་རབ་མ་འདས་གོང་སོང་ན་ཡག་པོ་རེད་དྲན། སྐུ་མཆེད་ཡང་ཡག་པོ་འདུག ངོ་མ་ནུབ་ཕྱོགས་ཀྱི་སྒྲོན་མེ་ལྟ་བུ་རེད། ང་ཡང་སྐོར་གཅིག་གཉིས་སོང་ཡང་ངོམ་པ་མི་འདུག ངོ་མ་དགོན་པ་རྣམ་དག་རེད་འདུག སླར་དོན་ཁྱོད་རྣམ་བདེ་བར་སྨོན། ཀླུ་སྨྱོན་ལ་དད་གུས་ཆེའོ། ཚེ་སྐྱིད་གྲྭ་ལོག་སྤྲོ་ཚེ་དང་ཆང་ས་རྒྱག་གི་ཡོད་པར་གོ་ཐོས་བྱུང་།
རྔ་བ་རྒྱལ་ཁམས་པས་འདིར་ཧ་ཅང་ཡག་པོ་ཤིག་བྲིས་འདུག་ལྷག་པར་ཚིག་སྦྱོར་འདིས་རང་ཡིད་རབ་ཏུ་འཕྲོགས་སོང་། འོན་ཀྱང་དྲང་མོ་བཤད་ན་དབྱིན་ཡུལ་གྱི་བསམ་ཡས་གླིང་དགོན་དེ་སྙན་ངག་གི་བརྒྱན་པ་འམ་ཡང་ན་དད་པ་ཤུགས་དྲགས་ཤིག་མེད་ན་དེ་ཙམ་དེ་ཙམ་རེད།།
ཀླུ་སྨྱོན་ལགས། ངས་སྦས་ཡུལ་དེ་ནས་ཨིན་ཇིའི་ཕོ་སར་ཞིག་དང་ལྷན་དུ་ཁ་བརྡ་རྒྱུན་རིང་བྱས་པ་ཡིན། ཁོས་ལབ་ན་ཁོ་རང་ཨིན་ཏྲ་ཡ་ན་སློབ་ཆེན་ནས་སློབ་མཐར་ཕྱིན་པ་དང་། བོད་ཡིག་དགེ་རྒན་དགེ་འདུན་རབ་གསལ་ཡིན་ཟེར། ཕོ་སར་དེའང་ནང་ཆོས་ཀྱི་དོན་དུ་ཡོད་ཚད་བློས་གཏོང་ངེས་ཤིག་འདུག ནང་བའི་ལྟ་གྲུབ་དང་། ཆོས་གཞུང་གི་མིང་ཚིག་ཁྱད་པར་ཅན་དག་གིས། ཁོས་ཡིད་དབང་རྦད་དེ་འཕྲོག་ཚར་འདུག ཁོས་བཤད་ན་ཁོ་རང་བོད་སྐད་ཤོད་པ་ལས། བོད་ཡིག་ཀློག་རྒྱུར་ལས་སླ་བོ་ཡོད་ཟེར། ཁོས་བོད་སྐད་ཤོད་སྐབས་ལྕེ་དིག་ཅིག་གི་སྨྲ་བརྗོད་ལྟར། མིང་ཚིག་གསལ་ལ་མི་གསལ་བ་ཞིག་ཡིན་པས། སྐབས་སྐབས་ལ་གོ་ཐུབ་ཀྱི་མི་འདུག ངས་བསམ་པར་ངའི་ཨིན་སྐད་ཀྱང་འདི་འདྲ་ཞིག་ཨེ་ཡིན་སྙམ་དུས། དགོད་ཀྱང་བྲོ་ལ། ངུའང་བྲོ་བ་ཞིག་བྱུང་།
དབང་འདུས་ལགས། ཉིད་ཀྱིས་བསམ་ཡས་དགོན་པ་ས་སྐྱ་ཆོས་བརྒྱུད་ཀྱི་དབང་འཛིན་འོག་ཡོད་པར་གསུངས་སོང་། དེ་ཇི་ལྟར་བྱས་ནས་ཡོད་པ་རེད། ཁྱེད་ཀྱིས་དེའི་སྐོར་ཅུང་ཞིབ་ཙམ་གསུངས་ན་འགྲིགས་སམ།
ཨ་ཕྱི་ཆོས་སྒྲོན་ལགས། ཁྱེད་ཀྱིས་གསུངས་པ་ལྟར། སྦས་ཡུལ་དེ་ནི་ངོ་མ་གཞན་དང་མ་འདྲ་བ་ཞིག་རེད། ང་ལ་ད་ལྟའང་གནས་དེར་སླེབས་པའི་དགའ་སྐྱོའི་སྣང་ཚུལ་དེ་ཡལ་མི་འདུག གནས་དེ་ནས་ཕྱིར་རང་ཁྱིམ་དུ་ལོག་མི་འདོད་པ་ཞིག་བྱུང་། རྗེས་སོར་གོ་སྐབས་འདྲ་ལྡན་ཚེ། སླར་ཡང་འགྲོ་དགོས་བསམ་ཡོད།
གནས་བཤད་ལེགས་ཐག་ཆོད་འདུག ཐུགས་རྗེ་ཆེ། ཁོང་སྤུན་རྒན་གཞོན་གྱིས་བསྟན་པའི་ཞབས་འདེགས་མི་དམན་པ་བསྒྲུབས་སོང་། ཤིན་དུ་ནས་རྗེས་སུ་ཡི་རངས་ཡོད། རབ་གུས་བདག་ཀྱང་དེ་ལྟར་ཡོང་བའི་སྨོན་ལམ་ཞུ།
དེ་མིན་ཚེ་རིང་སྐྱིད་ཀྱི་རྨི་ལམ་ཞིག་ཀྱང་འདུག དེ་ཕལ་ཆེར་ཚེ་རིང་ཅན་ལྔའི་གྲོགས་མིན་འགྲོ་སྙམ། རྟགས་མཚན་མ་དཔེ་ཡག་པོ་རེད། དེ་ལས་ལྡོག་ཏེ། ང་རང་ནམ་དགོན་པ་དང་རི་ཁྲོད། དེ་བཞིན་སྒྲུབ་གནས་ལ་འགྲོ་སྐབས། ཆགས་པ་ཤུགས་ཆེ་བ་འཕེལ་བ་དང་། ལྷག་པར་དུ་ཆོས་སྒྲུབ་མཁན་གྱི་བཙུན་མ་དང་ཕྱི་རྒྱལ་བུད་མེད་དེ་ཚོ་མཐོང་སྐབས། ཁོང་ཚོར་ཆགས་པའི་འདུ་ཤེས་ཤུགས་ཆེར་འཕེལ་བཞིན་འདུག ནམ་ཡིན་རུང་། དགོན་པ་ཞིག་དང་རི་ཁྲོད་ཞིག་ལ་མ་བསླེབས་གོང་རྨི་ལམ་ནང་ལ་ཆགས་པའི་སྐོར་ཤ་སྟག་ཉིན་ཤས་བཏང་གི་འདུག ཁྱད་མཚར་། སྔོན་གྱི་བག་ཆགས་ངན་པ་ཞིག་ཡིན་པ་ཐག་ཆོད།
ངས་དེ་ཚོ་རང་གི་གྲོགས་པོ་ཚོ་ལ་རྒྱུན་པར་ཤོད་ཀྱི་ཡོད། དེས་ན་སྔོན་མ་རྒྱ་ནག་ལ་ཡོད་སྐབས། རོགས་པ་ཚོས་དགོངས་མོ་ཆང་ཁང་ལ་འགྲོ་ཟེར། ང་མིན་དོ་དགོང་གཉིད་སྐྱིད་པོ་ཞིག་འཁུག་པར་བྱེད་ཟེར་སྐབས། ཆང་ཁང་དེའི་ནང་ལ་བུད་མེད་མཛེས་མ་མང་པོ་ཡོད་ཟེར། ངས་མིན། ཆགས་པ་བསླེབས་ཀྱི་མིན་འདུག་ཟེར་སྐབས། གྲོགས་པོ་གཞན་ཞིག་གིས། རེད། སྔོན་ལ་བསམ་ཤེས་ཁོ་ཁྲིད་ནས་དགོན་པ་ཞིག་ལ་འགྲོ། དེ་ནས་ཁོ་ཆགས་པ་འཕེལ་གྱི་རེད། དེས་ནས་ཆང་ཁང་ལ་ཕྱིན་ན་ཏག་ཏག་རེད་ཟེར། ཧ་ཧ།
སྔ་འགྱུར་རིག་འཛིན་བརྒྱུད་པའི་གྲལ་མཐར་རུ་འཁྲུངས་ཀྱང་ངེས་མེད་རྒྱལ་ཁམས་སུ་ཉུལ་བའི་གྲོགས་པོ་ལེགས། ད་ཐང་ཡག་པོ་ཞིག་བྲིས་སོང་། ཡིན་ན་ཡང་མཆོག་ལ་དཔལ་བསམ་ཡས་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་།ལྷ་ཡུལ་རྩ་གསུམ་གྱི་བཀོད་པ། མི་ཡུལ་བརྟེན་གསུམ་གྱི་ལང་ཚོ་དང་སྔ་འགྱུར་པའི་ཆོས་ལ་གོ་ཐོས་ཙམ་ལས་དངོས་སུ་ཞུགས་པའི་སྐལ་བ་ན་ཕྲ་བ་ཞིག་མཐོང་སོང་བས། ངས་ཁྱེད་ལ་རེ་བསྐུལ་ཞིག་ལ་ཕ་མེས་རྒྱུད་པའི་བཀའ་གཏེར་དག་ལ་ཐོས་བསམ་སྒོམ་པ་རེ་གནང་རོགས་མཁྱེན་ཞུ་བ་དེ་ཡིན། སྔ་འགྱུར་ལ་སྡང་བའི་བུ་མོ་དེ་ཚོ་རྨིས་ན་བཟང་ངན་གང་ཡིན་ཡ་ཆ། དེ་བས་རང་ལ་དངོས་སུ་བདག་ཏུ་ཡོད་པའི་སྙིང་བརྩེའི་བདག་ཉིད་མའི་བྱམས་སྐྱོང་དང་བུ་ཆུང་ནད་སངས་ལ་རྩ་ཆེན་དང་ཕ་ཁྱིམ་བརྒྱུད་པའི་ལས་ལ་ཞབས་ཞུ་རེ་གནང་ན་དེ་ལྷག་གང་ཡང་མེད་དོ། སླད་ཆར། ཟིན་བྲིས་གནང་བར་སྐུ་ཚེ་བརྟན་སྨོན་དང་ཞལ་བྲོ་ཞུ། དུས་ཁོམས་སྐབས་སུ་སླར་ཡང་མཇལ།