གཡུ་ཞུན་དྲ་བ་ནས་བླངས།
ཁ་སང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བཀོད་སྒྲིག་འོག་ཨ་རིའི་གྲོང་ཁྱེར་ནས་བོད་མི་གསུམ་གྱིས་ཟས་བཅད་ངོ་རྒོལ་གནང་བའི་ཉིན་གྲངས་བཅུ་གཅིག་ཡིན་པ་དང་།་ཉིན་དེར་རྒྱ་དམངས་གཙོ་དོན་གཉེར་བ་གྲགས་ཅན་དང་དུས་རབས་ཉེར་གཅིག་པའི་རྒྱ་ནག་ཐེབས་རྩ་ཚོགས་པའི་ཚོགས་གཙོ་ཡང་ཅན་ལི་ཆེད་དུ་ཝ་ཞིན་ཌོན་ནས་ནིག་ཡོག་ནང་ཡོང་སྟེ་བོད་མི་ཟས་བཅད་ངོ་རྒོལ་གནང་མཁན་ཚོ་དང་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་མཚོད་ཆེད་ཉིན་གཅིག་རིང་བོད་མི་ཚོ་དང་མཉམ་དུ་ཟས་བཅད་ངོ་རྒོལ་གནང་ཡོད་པ་མ་ཟད།ཁོང་གིས་སྐབས་དེར་གསུང་དོན།དེ་རིང་འདི་ནས་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་བོད་མི་ཚོ་དང་མཉམ་དུ་ཟས་བཅད་ངོ་རྒོལ་བྱེད་དགོས་དོན་ནི།ང་འགྲོ་བ་མི་ཞིག་ཡིན་པས་ཆ་ནས་འཛམ་གླིང་གི་ཞི་བདེ་ལ་དགའ་བའི་གྲོགས་པོ་ཚོར་ཞུ་རྒྱུར་།དུས་ཚོད་འདི་ནི་ཚང་མས་བོད་ཀྱི་གནས་སྟངས་ལ་འགན་འཁུར་བའི་དུས་ལ་བབས་ཡོད།བོད་ནང་མེ་ལྕེ་འབར་བཞིན་ཡོད་ཅེས་གསུངས་ཡོད།དེ་བཞིན་མི་འགྱངས་པའི་གསུམ་བཅུ་དུས་དྲན་སྐབས་ཁོང་གིས་རྩོམ་སྒྲིག་གནང་བའི་བོད་ནང་རང་ལུས་མེར་བསྲེག་གཏོང་བཞིན་པ་འདིའི་སྐོར་གྱི་དཔེ་དེབ་ཅིག་འགྲེམ་སྤེལ་བྱེད་འཆར་ཡོད་པའང་འགྲེལ་བརྗོད་གནང་བྱུང་།
དེ་མིན་ཚེས་༣ཉིན་ཝ་ཞིན་ཌོན་ནས་བོད་མི་སྐོར་ཞིག་ཆེད་དུ་ནིག་ཡོག་ལ་ཕྱིན་ནས་༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་གཙོས་བོད་མི་གསུམ་པོར་འཚམས་འདྲི་དང་གདུང་སེམས་མཉམ་གནང་ཡོད་ལ།ཁོང་གསུམ་པོའི་སྐུ་གཟུགས་བདུན་ཕྲག་སྔོན་མ་དང་བསྡུར་ན་ལྡབ་འགྱུར་གྱི་ཇེ་སྡུག་དང་ཚང་མ་ཤ་སྐམ་པ་དང་མདངས་ཉམས་འདུགཡིན་ནའང་ཁོང་གསུམ་གྱིས་སྔར་བཞིན་འཛུམ་དམུལ་དམུལ་གྱིས་ཐག་རིང་དང་ཐག་ཉེ་ནས་འཚམསའདྲིར་ཡོང་བའི་མི་རེ་རེ་བཞིན་སྐད་ཆ་བཤད་ཀྱིན་འདུག་ལ།ས་གནས་ཀྱི་བོད་མི་མང་པོ་ཞིག་ལྟ་རུ་ཡོང་བ་དང་།བོད་པའི་ཨ་ཅག་ཁ་ཤས་ཀྱི་ཞོགས་པར་དྭངས་བླངས་ཀྱིས་ཟས་བཅད་ངོ་རྒོལ་གནང་མཁན་ཚོར་བདག་སྐྱོང་གནང་མཁན་རྣམས་ལ་ཞོགས་ཟས་བསྐྱེལ་གྱིན་འདུག་ཟེར།གང་ལྟར་བོད་མི་ཚང་མས་ཕྱར་བ་མཉམ་འདེགས་བྱེད་པའི་རྣམ་པ་ཤུགས་ཆེན་མཐོང་སོང་།
རྒྱ་ནག་གཞུང་དང་རྒྱལ་ཚོགས་འདི་གཉིས་ཟས་བཅད་ངོ་རྒོལ་ལ་སྐྲག་མཁན་གྱི་སྲིད་གཞུང་སྡར་མ་རྒྱ་གར་ལྟ་བུའི་གྲས་དེ་ཡིན་ས་མ་རེད།
ང་ཚོ་ནམ་རྒྱུན་ཉིན་གཅིག་ལ་ལྟོ་དུས་མ་རེག་ན་ཡང་ལྟོག་སྐད་རྒྱབ་རྐྱང་ཡིན་། ཁྱེད་རྣམ་པའི་ཞུམ་ཀྱི་སྙིང་སྟོབས་ལ་རྗེས་སུ་ཡི་རང་ཡོད། མི་རིང་རྒྱལ་ཚོགས་ཀྱིས་ཁྱེད་ཚོའི་དགོས་འདོད་དང་ལེན་བྱེད་པར་ཤོག དཔའབོ་རྣམ་་གསུག་གྱི་ཚེ་སྲོག་ལ་བར་ཆད་མི་ཡོང་བར་ཤོག བོད་རྒྱལོ།
ཞི་བདེའི་བདག་ཉིད་རྣམས་རྒྱལ་བར་གྱུར་ཅིག །རྒྱ་ནག་ཏུའང་འདི་ལྟ་བུའི་དམངས་གཙོར་དགའ་མཁན་ཡོད། །དམངས་གཙོ་མཁན་ཐམས་ཅད་ལ་གྲོགས་པོའི་འབྲེལ་བ་དང་། །ནུས་ཤུགས་གཅིག་སྡུད་ཡོད་དམ་མེད། །編譯林翠儀/綜合報導術家艾未未日前接受日本「讀賣新聞」專訪時表示,他很後悔為中國北京奧運設計的「鳥巢」體育場,淪為中共向世界炫耀及愛國主義教育的利用工具,因此奧運結束後他未再踏入鳥巢一步。不過,艾未未也對發達的網路寄予厚望,認為這是中國民主化的轉機。
接受讀賣專訪 表示對當局絕望
目前仍受中國軟禁的艾未未,本月初於北京自宅接受讀賣專訪。三月五日是中國的「學習雷鋒日」,艾未未對於中國媒體從二月下旬即不斷地以「雷鋒精神」宣傳愛國主義提出批評。他表示,在網路發達的時代,當局仍繼續在進行思想統一、意見統一的愛國主義宣傳行動,讓他「絕望到啞口無言」。
雷鋒(一九四○至六二年)在年輕時加入共青團,後來成為人民解放軍汽車兵,一次在指揮軍車倒車時,遭曬衣竿擊中頭部殉職,年僅二十二歲。毛澤東在雷鋒死後隔年三月五日喊出「向雷鋒同志學習」的口號,將其塑造為「犧牲小我完成大我」的大英雄,三月五日也成為中國的「學習雷鋒日」。
艾未未表示,宣揚愛國主義是「統治者為了維護自身利益,對民眾進行的欺瞞行為」,雷鋒過世已有五十年,但中國至今仍在利用他當宣傳工具。艾未未說,「現今的和平時代,國家的利益如果擺在個人幸福、真理及生命之前,這樣的愛國就是一種罪惡。」
不過,他也表示,中國的網路急速普及,提供了個人獨立自由發言的空間,或許將會是中國成為民主國家的轉機。
對於自己設計的北京奧運會場「鳥巢」,艾未未說,北京奧運動用最新的技術與七十萬名警衛,對一般民眾的生活造成影響,卻成為中國共產黨向世界誇耀的舞台。鳥巢淪為愛國主義的宣傳工具,讓他非常失望。
དུས་འདིར། གཞོན་ནུ་ཚོགས་པས་གནས་ཚུལ་ཇི་ཡོང་ཚོད་དཔག་གིས་ཁ་ཕྱོགས་གསར་པ་འཚོལ་དགོས་པའི་སྐབས་རེད།
བོད་མི་རིགས་ཀྱི་རྩ་དོན་ཆེད་ཡོད་ཚད་བློས་བཏང་གནང་མཁན༧སྐྱ་རྗེ་ཤིང་ཟ་རིན་པོ་ཆེ་གཙོས་ཁྱེད་རྣམས་ལ་ཐུགས་རྗེ་ཆེ་ཞུ་ལགས།
ཉིན་གཅིག་གི་ལྟོ་མ་ཟས་ན་སྡོད་མི་བཟོད་མཁན་གུས་བ་ལྟ་བུས། བོད་ཀྱི་རྩ་དོན་སླད་། ཉིན་བཅུ་གཉིས་ལྷག་ལ་ཟས་བཅད་ངོ་རྒོལ་བྱེད་མཁན་ཚོར་རྗེས་སུ་ཡི་རངས་དང་བཀའ་དྲིན་ཆེ་ཞུ་བཞིན་ཡོད།
ངོ་མ་ཁོང་རྣམ་པ་ལ་བཀའ་དྲིན་ཆེ་ཞུ། ད་མཉམ་འབྲེལ་རྒྱལ་ཚོགས་ཟེར་ནས་རེ་བ་རྒྱག་ས་ཞིག་ཡོད་ས་མ་རེད། བོད་ནས་འབར་ཚར་རྒྱུ་རེད། ད་གང་དྲག
མདོ་སྨད་ཀྱི་བླ་ཆེན་༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་ལྟ་བུ་མང་དུ་སོང་ན་དགའ་འོས་པ་ཞིག་རེད།ཉུང་དུ་སོང་སྐྱོ་དགོས་པ་ཞིག་རེད།གང་ལྟར་རྣམ་པ་གསུམ་ཐུགས་རྗེ་བླ་ལྷག་ཏུ་ཆེའོ།
ཁོང་རྣམ་པའི་བློ་སྤོབ་ལ་གུས་འདུད་དང་བཅས། ད་རེ་ཞིག་མཚམས་འཇོག་མཛད་ན་མི་ལེགས་སམ་སྙིང་སྟོབས་ཅན་གྱི་སྐྱེས་བུ་ཁོང་ཚོ་ལྟ་བུའི་གཟུགས་པོ་དེ་གཅེས་ཉར་མ་བྱས་ཚེ་མ་འོང་པའི་ལམ་ཁ་དེ་ཚོ་ཡང་ལམ་ཐག་རིང་ཐུང་ཇི་ཡོད་ཅི་ཆ། དེས་ན་ཁོང་རྣམ་པའི་སྐུ་གཟུགས་དེ་ལ་ང་སྙིང་འཚུབ་ཀྱི་འདུག།
ཁོང་རྣམ་པ་གསུམ་ལ་བཀའ་དྲིན་ཆེ།ཡི་རངས་ཡོད།
རྒྱལ་གཅེས་པ་གསུམ་གྱི་སྙིང་སྟོབས་དང་ཆོད་སེམས་ཡི་རངས་ཞུ། བདག་ལ་མཚོན་ན་ཁྱེད་རྣམ་གསུམ་གྱི་ལས་འགུལ་མཚམས་འཇོག་མིན་ཐད་ཚིག་གཅིག་ཀྱང་ཤོད་རྒྱུའི་ཐོབ་ཐང་མེད། ཁུ་སིམ་མེར། དངངས་སྐྲག་གིས་ཁྱེད་གསུམ་གྱིས་ལས་འགུལ་གང་སྤེལ་ལ་རྒྱབ་སྐྱོར་ཙམ་ལས།
ངོ་རྒོལ་གྱི་ངོ་བོ་དང་། བྱེད་ས། བྱེད་དགོས་དོན། བྱེད་དུས་སོགས་ནི་མ་ནོར་བ་རེད། འོན་ཀྱང་། ཁོང་གསུམ་གྱི་ཚེ་སྲོག་ལ་མ་གནོད་པ་བྱེད་རྒྱུ་དེ་ནི་ངས་འབོད་བསྐུལ་ཡིན་ལགས། དགེའོ། དགེའོ། །། དགེའོ།
གཞོན་ལྷན་གྱི་ལས་འགུལ་གྱི་ངོ་བོ་དང་། ལས་འགུལ་བྱ་ས། ལས་འགུལ་བྱེད་དུས་སོགས་ནི་ཟིན་ཏུ་རན་པ་རེད་ལགས་དགའ་བསུ་ཡང་ཡོད་ལགས།
འོན་ཀྱང་། བོད་རིགས་གསུམ་གྱི་ཚེ་སྲོག་ལ་མི་གནོད་པའི་ཐབས་ལམ་ཡང་དུས་ཐོག་ཏུ་སྟོན་དགོས་པའི་འབོད་བསྐུལ་ཙམ་ཞུ་འདོད་བྱུང་ལགས། བོད་རྒྱལ་ལོ། བོད་རིགས་རྒྱལ་ལོ། གཞོན་ལྷན་རྒྱལ་ལོ།