སྐྱོ་བྲག་དགའ་དབང་།
ས་ཆེན་གོ་ལ་འདིའི་ཐོག་སྟོབས་འབྱོར་གྱི་གྲགས་སྙན་ཆེ་ཤོས་ནི། ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཨ་མི་རི་ཀ་རེད། ཨ་མི་རི་ཀ་ཟེར་ཡོང་བ་ན། འཛམ་གླིང་མི་མང་གི་སེམས་ལ་ཤར་ཡོང་བ་ནི། གྲོང་ཁྱེར་ཆེན་པོ་ནེའུ་ཡོག་རེད། ཁོ་ཚོའི་ཁ་རྒྱུན་ལའང་། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན། འཛམ་གླིང་རྒྱལ་ས་ནེའུ་ཡོཀ །ཟེར་སྲོལ་ཡོད།
ནེའུ་ཡོག་གྲོང་ཁྱེར་ནི་མྱི་ལོ་བརྒྱ་ཕྲག་གི་ཡར་སྔོན་ནས་ཡར་རྒྱས་སུ་སོང་ཟིན་པ་སྟེ། ས་འོག་མེ་འཁོར་ཁོ་ན་ལ་བསམ་ནའང་། ཤར་ཕྱོགས་ཀྱི་རྒྱལ་ཁབ་རྒྱ་དཀར་ནག་ནི་མྱི་ལོ་བརྒྱ་ཕྲག་ལྷག་གི་རྗེས་སུ་ལུས་ཤིང་། ད་དུང་ཁོ་ཚོས་ནི། སྒོར་མོ་གཞན་ལ་སྤྲད་ནས་རང་གི་ས་ཐོག་ཏུ་བཟོ་བཅུག་པ་ཙམ་རེད།
ནེའུ་ཡོག་གྲོང་ཁྱེར་གྱི་ཡར་རྒྱས་འདི། གནམ་ནས་བབས་ཡོང་བ་མ་རེད་ལ། ས་ནས་སྐྱེས་ཡོང་བའང་མ་རེད། ད་དུང་ལྷས་གནང་ཡོང་བ་མ་རེད་ལ། ཀླུ་ལས་འཕྲོག་ཤག་པའང་མ་རེད། མྱི་ངོ་མྱི་ཡིས་ཤེས་ཏེ། མྱིས་རིག་པ་བཏང་། མྱིས་ལས་ཀ་བྱས་ནས་ཡར་རྒྱས་སུ་སོང་བ་ཞིག་ཡིན་པས་ན། འཛམ་གླིང་ཤར་ནུབ་ཀྱི་ལུང་པ་ག་འདྲ་ཞིག་ཡར་རྒྱས་སུ་འགྲོ་དགོས་ནའང་། ང་རང་མྱི་ཡིན་པ་ངོ་ཤེས་པར་བྱས་ཏེ། མྱིའི་བསམ་མནོ་བཏང་། མྱིའི་ལས་ཀ་བྱས་ཏེ་ཡར་རྒྱས་སུ་འགྲོ་དགོས་ངེས་ལས། རེ་འབོད་གཞན་ལ་བྱས། དངོས་གྲུབ་ང་ལ་ཐོབ་ཡོང་བ་ཞིག་ཡིན་ཚོད་མི་གདའ།
ནེའུ་ཡོག་གྲོང་ཁྱེར་ལ་འཛམ་གླིང་ཤར་ནུབ་ཀྱི་མྱི་རིགས་ཕལ་མོ་ཆེ་ཡོད་པ་ཚང་མ་ཉིན་མཚན་ཁོར་མོ་ཡུག་ལས་ལ་བརྩོན་ཅིང་། ཁོ་ཚོ་འགྲོ་བ་ནའང་རྐང་པའི་འདེག་འཇོག་ཡང་པོ་ཞིག་ཡོད་པས་ན། ང་ཚོས་རྗེས་ཆོད་ཁག་པོ་རེད།
གལ་སྲིད་ཁྱོད་རང་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ལ་འཚོ་གནས་བྱ་འདོད་ཡོད་ན། ཁྱོད་རང་ལ་ཐོག་མ་ཉིད་ནས། ང་ང་རང་གི་རྐང་ལག་ཐོག་ཏུ་ལང་ཐུབ་པ་ཞིག་བྱེད་ཨང་། སྙམ་པའི་ཆོད་སེམས་བརྟན་པོ་ནི་ཡོད་དགོས་ངེས་རེད། གཞན་ཕ་མ་བུ་ཕྲུག་ཡིན་ནའང་ལས་ཀ་དང་འཚོ་གནས་སོ་སོ་ཡིན་པ་ལས། གཅིག་གིས་གཅིག་ལ་སྐྱོབ་གསོ་བྱེད་ཐུབ་པ་ཞིག་མ་རེད།
གྲོགས་པོ་ལགས། དོན་ངོ་མ་ནི། ས་ག་ན་སོང་ནའང་། རང་མགོ་རང་ཐོན། ཞེས་པའི་བསམ་མནོ་དང་། ལག་ལེན་ཡོད་དགོས་པ་ཞིག་རེད་གདའ་འོ། །
ནེ་འུ་ཡོརྐ་ཀྱི་གྲོང་འཁྱེར།
གྲོང་འཁྱེར་ཡོངས་ཀྱི་རྗེ་དཔོན།
མི་ཡིས་བཟོས་པའི་གྲོང་འཁྱེར།
འཕྲུལ་རིག་ཡར་ཐོན་ཆེ་དྲགས།
་
མི་རིགས་འདྲ་མིན་སྣ་ཚོགས།
སྡོད་ཚད་མགྱོགས་ཚད་འཕར་ས།
ག་རུ་ག་བར་ཕྱིནད་ཀྱང་།
བྲེལ་ཚུབ་ངང་ལ་ལས་དགོས།
་
ཕར་མཚམས་ཚུར་མཚམས་རེ་གཉིས།
དལ་སྡོད་ཡོད་བཟོ་ཡོད་ན།
ཡང་ན་ཁྱིམ་མེད་སྤྲང་པོ།
ཡང་ན་ཕྱུག་པོ་དལ་སྡོད།
བཀླགས་ཟིན། མཁན་པོ་ལགས་ལ་དྭོགས་འདྲི། ཨ་མི་རི་ཀ(America ) ཟེར་ན་ལྷོ་བྱང་གི་ཨ་རིའི་གླིང་ཕྲན་རྩིས་ན་རྒྱལ་ཁབ་སོ་ལྔ་ཡོད་པ་ལ་ཨ་མི་རི་ཀ་ཟེར་གདའ། མཁན་པོ་ལགས་ཀྱིས་ཨ་རི་མནའ་འབྲེལ་རྒྱལ་ཕྲན(United States of America ) བོད་སྐད་དུ་ཨ་མི་རི་ཀ་རྒྱལ་ཁབ་ཟེར་ན་འགྲིག་ཨ་ཡོད་ལ། དེའི་སྐོར་ལ་དགོངས་ཚུལ་ཅིག་གསུང་རོགས།
སྔོན་འཐོན་རྗེས་ལུས་ཀྱི་ལྟ་གྲུབ་འོག་ནས་འཛམ་གླིང་གི་འགྱུར་པ་
འགྲོ་བཞིན་པ་དང་འགྲོ་དགོས་ཞིག་ལ་ངོས་འཛིན་ཡང་ཞུ་གི་ཡོད་
ལ་ཨ་རི་ལྟབུ་ནུབ་ཕྱོགས་མ་རྩའི་ལྟ་གྲུབ་འོག་ནས་སྤྱི་ཚོགས་འཚོ་
བ་ལ་འགན་སྲུང་རྒྱུད་ནས་བཟོ་ལས་དང་འཕྲུལ་ལས་ཀྱིས་ནུས་པའི་
འོག་ནས་རྒྱལ་ཁབ་ཀྱི་སྟོབས་འབྱོར་དང་མི་མང་གི་འཚོ་བའི་གནས་
སྟངས་ཤར་ཕྱོགས་རྒྱལ་ལ་བསྡུར་ན་ཨ་རི་ལྟབུ་སྔོན་གྱི་བསམ་བློ་ལ་
འགན་ཁུར་བའི་འབྲས་བུ་དེང་སང་འཛམ་གླིང་མི་མང་གི་མིག་གི་
མཐིང་རྒྱུ་ཡོད་པ་དེ་དོན་དངོས་ཐོག་སྔོན་འཐོན་རྗེས་ལུས་ཀྱི་ལྟ་གྲུབ་
ལ་འགན་ཁུར་ནས་སྔོན་འཐོན་གྱིས་སྒྲུབ་འབྲས་ཞིག་ལ་ངོས་འཛིན་
བྱེད་ཆོག་པ་དང་ང་ཚོ་ཤར་ཕྱོགས་རྒྱལ་ཁབ་ནི་སྔོན་འཐོན་རྗེས་ལུས
ཀྱི་ལྟ་གྲུབ་ལ་འགན་ཁུར་མ་ཐུབ་ནས་རྗེས་དུ་ལྷག་པ་ལ་ངོས་འཛིན་ཞུས་ན་མ་འགྲིག་པའི་ཉེས་པ་ནི་ཨ་ཡོད་ན་།
སེམས་གཙོ་སྨྲ་བས་སེམས་བདེར་གྱུར། །
དངོས་གཙོ་སྨྲ་བས་དངོས་ཁམས་རྒྱས། །
དེ་ལ་ཡར་རྒྱས་རྗེས་ལུས་ཞེས། །
ཁ་མཚོན་བཅད་ན་གླེན་རྟགས་གྱུར། །
་
མན་ཇུ་ཊི་ལའི་ཁང་རྒྱག་དང་། །
དྷ་རམ་ས་ལའི་གུ་དོག་དང་། །
ལྷ་ས་འདྲེ་སར་གྱུར་པ་དེ། །
ཡར་རྒྱས་རེད་དམ་མར་རྒྱས་རེད། །
་
ནི་འུ་ཡོར་ཀི་ཁང་བརྩེགས་དང་། །
མི་ལ་རས་པའི་བྲག་ཕུག་གཉིས། །
གང་ཡག་གང་སྡུག་དཔྱད་གཟོད་དམ། །
དེས་ན་མར་འགྱུར་སྡུག་བསྔལ་སོམས། །
ཡར་རྒྱས་ཐམས་ཅད་སྔོན་འཐོན་རེད་།
རྗེས་ལུས་ཐམས་ཅད་སྙིང་ཞེན་རེད་།
སྔོན་འཐོན་རྗེས་ལུས་ཐ་སྙད་དེ་།
ཆབ་དཔལ་རིག་གསུམ་ཚང་མར་མཁོ་།
སྔོན་འཐོན་རྗེས་ལུས་ལྟ་གྲུབ་མ་ཤེས་ན་།
ཡར་རྒྱས་ཟེར་བའི་ཐ་སྙད་གང་ནས་སྙེད་།
ཁ་ཕྱོགས་ནོར་བའི་བྱ་རྒྱལ་རྒོད་པོ་ཡང་།
ཤོག་རྩལ་ནོར་ནས་གཡང་གཟར་ལྷུང་མཁམ་མང་།
ནོར་བཅོས་
ལྷུང་མཁན་མང་
བོད་ཀྱི་དུས་བབ། > གསར་འགྱུར། > གསར་སྙིང་། > སྒོ་ཕྱུགས་གསོད་མི་དགོས་པར་ཤ་ལ་རོལ་ཆོག
སྒོ་ཕྱུགས་གསོད་མི་དགོས་པར་ཤ་ལ་རོལ་ཆོག
http://tibettimes.net/2018/10/17/172781/
་་་་་་་་་ ཊའི་སོན་ཟས་རིགས་ཐོན་སྐྱེད་ཁང་ནི་ཨ་རིའི་ཤ་རིགས་ཐོན་སྐྱེད་ཁང་ཆེ་ཤོས་དེ་ཡིན་པ་དང་། ཁོང་ཚོས་བདུན་ཕྲག་རེར་ཕག་པ་ ༤༢༤,༠༠༠ དང་བ་ཕྱུགས་ ༡༣༠,༠༠༠། བྱ་དེ་ས་ཡ་ ༣༥ ཙམ་གསོད་ཀྱི་ཡོད་འདུག ་་་་་་་་་་་
སྨྲ་ཤེས་དོན་གོ་མི་གི་བྱེད་ལས་འདི་།
བསམ་མེད་དུད་འགྲོའི་མདུན་དུ་ངོ་ཡང་ཚ།
ཤ་ཟན་མི་དང་ཤ་ཟན་གཅན་ཟན་གཉིས་།
ཤིན་རྗེའི་ཁྲིམས་རར་སླེབས་དུས་ག་འདྲ་བྱེད་།
དུད་འགྲོའི་ཚེ་སྲོག་མི་གི་འགན་ཁུར་འོག་།
རྟེན་འབྱུང་ལྟ་བ་འཚེ་མེད་ཞི་བའི་ལམ་།
ལན་ཆགས་བུ་ལོན་འཁོར་བའི་སྡུག་བསྔལ་འདི་།
རྫོགས་པའི་ཉི་མ་ཤར་བའི་ཐབས་ལ་བརྩོན་།
རྒྱུ་འབྲས་བསླུ་བ་མེད་པའི་མཐུ་བཙན་པས་།
སྣང་སྟོང་རིག་པའི་ལམ་ནས་སྟོང་ཉིད་འཚོལ་།
བདེ་སྟོང་དབྱེར་མེད་བཟུང་འཇུག་ཡེ་ཤེས་ལྔ་།
རང་སེམས་ཆོས་སྐུར་འཛིན་པའི་ངོ་བོ་བརྟན་།
མཁན་པོ་འདིའི་ཀརྨ་པ་རྣམ་གཉིས་མཇལ་འཕྲད་བྱས་པའི་རྗེས་ཀྱི་VOA དྲི་བ་དྲིས་ལན་ནང་ལ་ཕོ་ཤད་ངོམ་ནས་ལན་་ཡག་པོ་ཞིག་རྒྱབ་མི་འདུག