གསང་གྲོལ་གྱིས་བསྒྱུར།
སྲིད་འཛིན་ཧོའུ་ཅིན་ཐོ།
ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ།
པེ་ཅིན། རྒྱ་ནག
བརྩེ་བའི་སྲིད་འཛིན་སྐུ་ཞབས་ལགས།
བོད་མི་མང་གིས་ཁོ་ཚོའི་འབོད་སྒྲ་ཐོས་ཐུབ་པའི་རེ་བ་བཟུང་ཡོད་ལ། ཁོ་ཚོས་དོན་དངོས་ལྡན་པའི་རང་སྐྱོང་ཞིག་ལ་དུས་ཡུན་རིང་པོར་འཚོལ་སྙེགས་བྱེད་པ་དང་། དེ་ཡང་གྲོས་མོལ་དང་བརྩེ་བའི་རོགས་རམ་བརྒྱུད་རང་སྐྱོང་རག་པའི་ཐབས་ལམ་བདམས་ཡོད། ད་ལྟ་ཁོ་ཚོ་ངོ་རྒོལ་གྱི་ཕྱོགས་སུ་བསྐྱོད་པ་དང་། བོད་མི་ཡིས་རང་ལུས་མེར་བསྲེགས་ཏེ་ཁོ་ཚོའི་ཁོང་ཁྲོ་རྣམ་པ་ཕྱིར་སྟོན་གྱི་ཡོད་ལ། བྱེད་ཐབས་ཤུགས་དྲག་འདི་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣངབྱེད་ཀྱི་ཡོད། རྒྱ་ནག་སྲིད་གཞུང་གིས་ཁོང་ཚོའི་འབོད་སྒྲར་ཉན་དགོས་ལ། ཁོ་ཚོའི་སྐྱོ་སྡང་ལ་བསམ་ཤེས་ཀྱིས་འཚེ་མེད་ཞི་བའི་སྒོ་ནས་སེལ་ཐུབ་པའི་ཐབས་ལམ་འཚོལ་དགོས་བ་རེད།
ང་ཚོའི་སྤུན་གྲོགས་ཏྰ་ལའི་བླ་མས་གནད་དོན་སེལ་བའི་ཐབས་ལམ་འདི་ལྟ་བུ་ཞིག་བཏོན་ཡོད་དེ། ཁོང་གིས་རྩ་བ་ཉིད་ནས་ཁ་བྲལ་རིང་ལུགས་ཀྱི་ལྟ་ཚུལ་འཛིན་གྱི་མེད་ལ། ནམ་ཡིན་རུང་ཞི་བདེ་ཡི་ལམ་ཁ་གདམ་གྱི་ཡོད། ང་ཚོའི་རྒྱ་ནག་སྲིད་གཞུང་གིས་ཏྰ་ལའི་བླ་མས་བཏོན་པའི་དོན་སྙིང་ལྡན་པའི་གྲོས་མོལ་གྱི་གོ་སྐབས་འཛིན་དགོས་བའི་འབོད་སྐུལ་ནན་མོ་བྱེད་ཀྱི་ཡོད་ལ། གྲོས་མོལ་གྱི་ལམ་ཁ་འདི་འགྲུབ་རྗེས་ངེས་བར་ཏུ་ཡོངས་ཁྱབ་དང་ཡར་སྐུལ། འཛུགས་སྐྲུན་རང་བཞིན་བཅས་རྒྱུན་གནས་ཐུབ་དགོས་ལ། གྲོས་མོལ་ལ་དེང་གི་ཛ་དྲག་གནས་སྟངས་བརྗོད་གཞི་གཙོ་བོ་བྱེད་དེ་བགྲོ་གླེང་བྱ་དགོས་བ་དང་། བོད་མིའི་ཆེ་མཐོང་དང་རྒྱ་ནག་གཅིག་གྱུར་ལ་བརྩི་བཀུར་བྱ་དགོས། ང་ཚོའི་རྒྱ་ནག་སྲིད་གཞུང་གིས་རང་དགར་འཛིན་བཟུང་བྱས་པའི་བོད་མི་ཚང་མ་གློད་འགྲོལ་དང་། ཞི་བའི་ངོ་རྒོལ་བར་འཇིགས་སྐུལ་དང་སུན་གཙེར། བཀག་ཉར་མཚམས་འཇོག་དགོས་བ། གསར་འགོད་པ་དང་ཕྱི་འབྲེལ་དཔོན་རིགས་མི་སྣ། རྒྱལ་སྤྱིའི་ཚོགས་སྡེ་ཁག་བཅས་བཀག་རྒྱ་མེད་པར་བོད་དུ་སྐྱོད་ཆོག་པ་དང་། ཆོས་ལུགས་རང་དབང་ལ་བརྩི་བཀུར་བྱ་དགོས་བའི་དམིགས་བསལ་འབོད་སྐུལ་བྱེད་ཀྱི་ཡོད། ཁྱེད་ཀྱི་སྲིད་གཞུང་གིས་གསར་འགོད་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་མི་སྣ་བོད་ལ་ཆ་ཚང་བའི་གཟིགས་སྐོར་བྱེད་བཅུག་ཚེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁྱེད་ཀྱི་སྲིད་གཞུང་ལ་ཡིད་ཆེས་སླེབས་ཐུབ་རྒྱུ་དེ་ནི་ཤིན་ཏུགལ་ཆེན་ཡིན་ལ། གལ་སྲིད་བོད་ལ་གཟིགས་སྐོར་མ་ཐུབ་ཚེ་ཡར་རྒྱས་འབྱུང་མི་ཐུབ་ལ་གོ་སྐབས་ཤོར་སྲིད་པ་རེད།
ཅེས་བློ་དཀར་བོའི་ངང་ནས།
Desmond Tutu
Jody Williams
Leymah Gbowee
Lech Walesa
Shirin Ebadi
Rigoberta MenchuTum
Jose Ramos Horta
Adolfo Perez Esquivel
Mairead Corrigan Maguire
John Hume
Betty Williams
Carlos Belo
དབྱིན་རྒྱ་གཉིས་ཀྱི་མ་ཡིག་འབྲེལ་ཐག http://www.peacehall.com/news/gb/china/2012/04/201204032218.shtml
ནོ་བྷེལ་གཟེངས་རྟགས་བཞེས་མཁན་རྣམས་ནས། རྒྱ་ནག་སྲིད་འཛིན་ལ་བོད་མིའི་སླད་དུ་འབོད་བསྐུལ་ཕྱག་བྲིས་གནང་བ་དེར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།
འཛམ་གླིང་ཞི་བདེའི་ཕྱོགས་སྟོན་པ་བཅུ་གཉིས་ཀྱིས་ཧུའུ་ཡི་རྣ་གཤོག་ནང་གསེར་སིལ་མ་བླུགས་པ་འདི་མི་སྤྲུགས་པའི་རེ་བ་ཡོད། ཁོང་རྣམ་པར་སྙིང་ཐག་པ་ནས་ཐུགས་རྗེ་ཞུ།
ང་ཚོའི་རྒྱ་ནག་སྲིད་གཞུང་གིས་ཏྰ་ལའི་བླ་མས་ཞེས་པ་དང་། ང་ཚོའི་རྒྱ་ནག་སྲིད་གཞུང་གིས་རང་དགར་འཛིན་བཟུང་ཞེས་པའི་ཚིག་གོང་འོག་གཉིས་ཀྱི་ང་ཚོ་ལ་འབྲེལ་སྒྲ་སྦྱར་བ་ནི་ཡིག་སྒྱུར་བས་ནོར་འཁྲུལ་བཟོས་པ་རེད།
ཡིག་སྒྱུར་བ་མཆོག་ལ་ཐུགས་རྗེ་ཆེ་ཞུ། ང་ཚོས་རྒྱ་ནག་སྲིད་གཞུང་གིས་ཏཱ་ལའི་བླ་མས་ཞེས་པ་དང་།ང་ཚོས་རྒྱ་ནག་སྲིད་གཞུང་གིས་རང་དགར་འཛིན་བཟུང་ཞེས་པར་འབྲེལ་སྒྲ་སྦྱར་བ་ནོར་འཁྲུལ་ཤོར་བ་ལས་ནོར་འཁྲུལ་བཟོས་པ་ངོས་འཛིན་མེད།།
དཀར་མཚོ་སྐྱིད་ལགས་དང་བོད་དགའ་ལགས། ཡིག་སྒྱུར་བས་འབྲེལ་སྒྲ་སྦྱར་བ་ནོར་འཁྲུལ་ཤོར་བ་དང་། དཀར་མཚོ་སྐྱིད་ཀྱིས་ནོར་འཁྲུལ་བཟོས། ཞེས་པ་ཡང་ནོར་འཁྲུལ་ཤོར་བ་རེད།
རྩ་བ་བོར་ནས་ཡལ་ག་མ་འཛིན་ཨང་ཞེས་པ་ཞིག་དྲན་སོང་།
བསྒྱུར་པ་བོར་ཐུགས་རྗེ་ཆེ་ཞུ།
ནོ་བྷེལ་གཟེངས་རྟགས་བཞེས་མཁན་རྣམས་ནས། རྒྱ་ནག་སྲིད་འཛིན་ལ་བོད་མིའི་སླད་དུ་འབོད་བསྐུལ་ཕྱག་བྲིས་གནང་བ་དེར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།
འཛམ་གླིང་ནས་ནོར་སྦེལ་གཟེངས་རྟགས་བཞེས་མྱོང་མཁན་རྣམས་ཀྱིས་རྒྱ་ནག་ལ་ཕྱག་བྲིས་སཙལ་བ་ཙམ་ལ་ཐུགས་རྗེ་ཆེ་ཞུ། ཁྱེད་རྣམས་ཀྱི་མཚན་སྙིན་དང་ཆེ་མཐོང་གཟི་བརྗེད་བཅས་ནི་མི་མང་གི་བདེ་སྡུག་ནས་བྱུང་བ་ཞིག་ཡིན་པ་བཤད་མ་དགོས་པ་རེད་ད་དུང་ཡང་ཁྱེད་རྣམས་ཀྱིས་མི་མང་གི་བདེ་སྡུག་ལ་དོ་འཁུལ་བྱེད་པ་གལ་འགང་ཆེ།།
༧༽ ཀརྡོ་གཉེར་ཕྱག་པ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༤ གི་ཆུ་ཚོད་ ༣ སྐར་མ་ ༤༤
ནོ་བྷེལ་གཟེངས་རྟགས་བཞེས་མཁན་རྣམས་ནས། རྒྱ་ནག་སྲིད་འཛིན་ལ་བོད་མིའི་སླད་དུ་འབོད་བསྐུལ་ཕྱག་བྲིས་གནང་བ་དེར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།
ཕཊ་འགྱེལ་ལགས། བཤུས་ནས་རྒྱབ་སྐཡོར་བྱས་པ་ལས། བརྐུས་ནས་ཁྱེད་ལ་སྤྱན་འབུལ་འདོད་གང་ན་ཡོད། ང་ཕྲུ་གུའི་པ་ཕ་ལ་སེམས་ཤུགས་ཡོད་ཀྱང་། དུས་ཚོད་མང་པོ་མེད་སྐྱེན་གྱིས་རེད། འོནད་ྐཡང་རྒྱ་གཞུང་ལ་རྩིས་མ་སྤྲོད་རོགས་གནོངས་ལགས།
བྱེད་འབྲེལ་ཙམ་རེ་ནོར་ན་ནོར། ང་ཚོ་ལ་འདི་ལྟ་བུའི་སྙན་ཞུ་ཞིག་ཀློག་སྐལ་བྱུང་བ་དངོས་གནས་བཀའ་དྲིན་ཆེན་པོ་རེད། རྩ་བ་བོར་ནས་ཡལ་གར་འཇུས་པ་རང་རེད།
གཟེང་རྟགས་བཞེས་མཁན་རྣམས་དང་ཡིག་སྒྱུར་བ་བཅས་ལཐུགས་རྗེ་ཆེ་ཞུ།
བྱེད་སྒྲ་དང་འབྲེལ་སྒྲ་ནོར་བ་འདི་འདྲ་ནི་བོད་མི་ཡིག་འབྲི་བའི་ཁྲོད་ཤིན་ཏུ་མང་པོ་འདུག་པས་འདི་རིགས་ཀྱང་གཟབ་དགོས་པ་ཞིག་རེད་འདུག
ཞི་བདེ་ལ་དགའ་བའི་ཚོགས་སྒེར་འཛམ་གླིང་བདེ་སྡུག་ཀུན་ལ་གཟིགས་ཡངས་རྒྱལ་སྤྱི་ལྷན་ཚོགས་དྲང་བདེན་གྱི་རྗེས་བསྙེགས་ནུབ་ཕྱོགས་རྒྱལ་ཁབ་སོགས་ཚང་མས་འཕྱར་གྲུ་མཉམ་འདེགས་ཀྱིས་ཉམས་ཆུང་བའི་ཁ་བ་གངས་ཅན་པའི་སྐྱེ་འགྲོ་དག་ལ་སྐྱོབས་མཛོད། ད་རེམ་མཛོད། བསྒྱུར་བ་པོ་ལ་བཀའ་དྲིན་ཆེ་ཞུ།
ཞི་བདེའི་དེད་དཔོན་ནམ་འཛམ་གླིང་འདི་དྲང་བདེན་གྱི་ཕྱོགས་སུ་སྐུལ་འདེད་མཛད་པོ་གཟུར་གནས་བློ་ལྡན་ཁྱེད་རྣམས་ཀྱིས་རྒྱ་ནག་གི་སྲིད་འཛིན་ལ་ཐབས་ལམ་སྣ་ཚོགས་ཀྱི་ཐོག་ནས་ཡང་ཡང་གླེང་སློང་གནང་བ་ཐུགས་རྗེ་ཆེ་།
སླད་ནས་ཀྱང་རྒྱ་ནག་གི་གནད་ཡོད་མི་སྣ་གཞན་རྣམས་ལའང་།ངོ་ཐུག་སྐབས་དེ་བས་ཤུགས་ཆེ་རྩམ་དང་སྣག་ཐོག་རྩག་འཁེལ་གྱི་འབོད་སྐུལ་གནང་བའི་རེ་བ་ཤིན་ཏུ་ཆེ།
་་བོད་མི་ཡིས་རང་ལུས་མེར་བསྲེགས་ཏེ་ཁོ་ཚོའི་ཁོང་ཁྲོ་རྣམ་པ་ཕྱིར་སྟོན་གྱི་ཡོད་་ ཚིག་འདི་བདེན་པ་ཡིན་མིན་ད་རུང་དཔྱད་ཞིབ་དང་བགྲོ་གླེང་བྱེད་དགོས་ངེས་སུ་མཐོང་།
མ་གཞི་ཐ་སྙད་ཀྱི་དག་ཆ་ནོར་བ་ལས་ཀྱང་བྱེད་འབྲེལ་ནོར་བས་དོན་ནོར་བར་བྱེད་རྒྱུའི་ཉེན་ཁ་ཡོད་མོད། གང་ལྟར། སྒྱུར་མཁན་ལ་བཀའ་དྲིན་ཆེ་ཞུ་བ་དང་འདིའི་རིགས་ད་དུང་མང་དུ་བཀླག་སྐལ་ཡོད་པར་མཛོད།
ཞི་བདེའི་དད་དཔོན་རྣམས་ལ་སྙིང་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
ད་དུང་མུ་མཐུད་ནས་གསུངས་རོགས་ཞེས་འབོད་བསྐུལ་ཞུ་འདོད་བྱུང་།
ནོ་བྷེལ་གཟེངས་རྟགས་བཞེས་མཁན་རྣམས་ཀྱིས་རྒྱ་ནག་འགོ་ཁྲིད་ལ་རེ་འབོད་ཞུས་པར་ང་ཚོ་དྲ་གྲོགས་ཚོས་ཐུགས་རྗེ་ཞུས་པ་ཙམ་མིན་པར། ང་ཚོ་བོད་མིའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོས་ཁོང་ཚོར་ཐུགས་རྗེ་ཆེ་ཞུ་དགོས་ཡག་ཅིག་རེད་བསམ།།
མཁས་མཛངས་གཉིས་ལྡན་གྱི་དམ་པ་ཁྱེད་རྣམས་ཀྱིས་བོད་གངས་ཅན་པའི་བདེ་སྡུག་ལ་བསམ་ཤེས་བྱས་ཏེ་སྤྱང་རྒན་ཐའོ་ལ་སྙན་ཞུ་བཏང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ད་དུང་ཡང་བདེན་པར་མགོན་སྐྱབས་གནང་རོགས་ཞུ་ཡས་ཡིན། དུས་རབས་འདིར་མིས་མིའི་བདེ་སྡུག་ལ་བསམ་ཤེས་བྱེད་མཁན་དཀོན་པ། སེམས་འཁུར་བྱེད་མཁན་མེད་པ། ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་བྱེད་མཁན་མེད་པ་བཅས་ཀྱི་གནས་བབ་ཐབས་སྐྱོ་བོ་འདིའི་འོག་རྣམ་པ་ཚོས་མདུན་དུ་ཐོན་ནས་རྒྱབ་སྐྱོར་གནང་བ་འདིས་ངེད་ཅག་ཚོར་སེམས་འགུལ་ཚད་མེད་ཐེབས་བྱུང་། དངུལ་ཁོ་ན་དང་། འདྲེ་སྐྱབས་ལ་བཅོལ་བའི་བོད་མི་འགས་ཚུལ་མིན་གྱི་བྱ་སྤྱོད་འདྲ་མིན་སྤེལ་བ་མཐོང་སྐབས་ཁྱེད་ཚོར་སེམས་གཏིང་ནས་ཡིད་སྨོན་དང་དགའ་སེམས་སྐྱེས་བྱུང་། རྒྱུ་མཚན་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་མ་ཡིན་ཡང་། གཞན་ཕན་དང། སྙིང་རྗེ། བསམ་ཤེས། འགན་འཁུར། མིའི་རིན་ཐང་། ཚེ་སྲོག་སྲུང་སྐྱོབ་བཅས་ཀྱི་གནས་ལུགས་ཡང་དག་པ་མཁྱེན་འདུག
ངོ་མ་བཀའ་དྲིན་ཆེ། ཞི་བདེ་ལ་དགའ་བའི་སྐྱེས་བུ་རྣམ་པ།
དངོས་གནས་ཐུགས་རྗེ་ཆེ་ཞུ་་་་་་་ལོ་ཙཱ་བས་འདི་ལྟར་མིག་མདུན་དུ་བཀྲ་པ་ལ་ཡང་བཀའ་དྲིན་ཆེ་ཞུ
དེང་གི་དུས་འདིར་དོན་རྐྱེན་མང་དག་ཅིག་གིས་སེམས་པ་ལྷོང་ལྷོང་བོར་གྱུར་བའི་སྐབས་འདིར་་ཐ་ན་སེམས་གསོ་ཙམ་ཡང་ཕན་ཐོག་ཆེན་པོར་འགྱུར་ན འདི་འདྲའི་རིན་ཐང་ཅན་གྱི་གནས་ཚུལ་འདྲ་གོ་ན་སེམས་པ་དགའ་བོ་འདུག་་་་་་་་་་་
རྒྱ་ནག་ཕྱི་སྲིད་མགྲིན་ཚབ་པས་བོད་དོན་ནི་ཀྲུང་གོའི་རྩ་བའི་ཁེ་ཕན་དང་འབྲེལ་ཡོད་པར་བསྒྲགས་པ་ལྟར་སྲིད་འཛིན་ཧུའུ་ཡི་མཐའ་མཇུག་གི་ལོ་འདིའི་ནང་ཐག་ཆོད་དཀའ་བ་གསལ་ཡང་། ནོར་ཝེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་བཅུ་གཉིས་ཀྱིས་མགྲིན་གཅིག་ཏུ་འབོད་སྐུལ་བྱས་པ་འདིར་ནུས་པ་ཆེན་པོ་ཡོད་པ་གོར་མ་ཆག འདིས་བོད་དོན་ནི་རྒྱལ་སྤྱིའི་སྟེང་གནས་བབ་གང་འདྲ་ཞིག་ཏུ་སླེབས་ཡོད་པའང་རྟོགས།
སྐུ་ཞབས་ཀྲོ་ཀྲོ་གཙོ་བྱས་པའི་འཛམ་གླིང་གི་ཞི་བདེ་དེད་དཔོན་རྣམས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།
དགོངས་འཆར་བསྩོལ་མཁན་དང་ཡིག་ནོར་ཐེར་འདོན་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ།
རླབས་ཆེན་མི་སྣ་འདི་དག་གིས་ཧོའུ་ཅིན་ཐོ་ལ་བཏང་བའི་ཡི་གེ་འདི་མདའ་མོ་བཞིན་རྒྱ་ནག་གི་སྙིང་ལ་ཟུག་སོང་བ་འདྲ་སྟེ། རྒྱ་ནག་གཞུང་འབྲེལ་འཛམ་གླིང་ཚགས་པར་སྟེང་ཡི་གེ་འདི་ལ་དགག་ལན་སྤེལ་འདུག ༼དགག་ལན་དུ་ནོར་སྤེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་༡༢རྣམས་བོད་དུ་བསྐྱོད་མྱོང་མེད་ལ། བོད་ཀྱི་རིག་གནས་ལ་རྒྱུས་མངའ་མེད་པ་དང་། དེ་རིང་གི་བོད་ལ་ཤེས་རྟོགས་ཅི་ཡང་མེད་པར་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱས་པ་རེད་ལ། རྩ་བའི་ཆ་ནས་ཁོ་ཚོ་རང་ཉིད་ཀྱིས་ཅི་ཞིག་བཤད་བཞིན་ཡོད་པ་ཤེས་ཀྱི་མི་འདུག་ཅེས་བརྗོད་འདུག ༽ ངས་འདི་ནས་འཛམ་གླིང་ཚགས་པར་གྱི་རྩོམ་སྒྲིག་པ་ལ་ཁྱེད་རང་བོད་དུ་སྐྱོད་མྱོང་ཡོད་དམ། ཁྱེད་རང་བོད་ཀྱི་རིག་གནས་ལ་རྒྱུས་མངའ་ཅི་ཙམ་ཡོད་དམ། ད་ལྟའི་བོད་ནང་གི་བོད་མིའི་སེམས་ཁམས་ངོ་མ་ཁྱེད་ཀྱིས་རྟོགས་ཀྱི་ཡོད་དམ། ཁྱེད་རང་དེ་འདྲའི་མཁྱེན་རྒྱ་ཅན་ཞིག་ཡིན་ན་ནོར་སྤེལ་གཟེངས་རྟགས་ད་ལྟའི་བར་ཁྱེད་ལ་ཅིའི་ཕྱིར་མ་སྤྲད་པ་ཡིན་ནམ་ཅེས་དྲི་བ་འགའ་འདོན་པར་སྤྲོ་སོང་།
གསང་གྲོལ་ལགས། གསར་འགྱུར་འདི་འདི་ལྟར་ཕྱི་གསལ་ནང་གསལ་བཟོས་ནས་ངེད་ཀློག་མཁན་རྣམས་ཀྱི་མིག་མདུན་ལ་བཀྲམས་པར་ཐུགས་རྗེ་ཆེ། རྗེས་སོར་ཡང་འདི་འདྲ་གནང་རོགས་གནང་།
དོལ་རྒྱལ་པ་དགས་དགའ་ལྡན་ཁྲི་པ་དང་། པཎ་རྫུན་རྒྱལ་མཚན་ནོར་བུ་ལས། ཡི་ཤུའི་ཆོས་དཔོན་ཊི་ཊུ་འདི་ཕན་ཐོགས་པ་དང་། རྩ་ཆེ་བ་མིའདུག་གམ།
མཆན་༢༤བའི་ནང་བཀོད་པ་ལྟར་རྒྱ་ཕྱོགས་ནས་ཞི་བདེའི་དེད་དཔོན་བཅུ་གཉིས་པོའི་ཞུ་ཡིག་གི་ལན་ཟུར་ཞིག་ལ། ཁོང་ཚོ་བོད་དུ་ཕེབས་མྱོང་མེད་པས་བོད་ཀྱི་གནས་ཚུལ་ངོ་མ་མི་མཁྱེན་རབས་བཤད་ཡོད་ཚོད་རེད། དེ་རིང་གློ་བུར་དུ་རྒྱ་གཞུང་ལ་ཕྱི་མི་ཞིག་བོད་ནང་དུ་གཏོང་བའི་བློ་ཁོག་རྙེད་པ་ཡིན་ནམ། མ་གཞི་བོད་ནང་དངོས་སུ་འགྲོ་མི་དགོས་པར་བོད་ཀྱི་མཁའ་དབྱིངས་ནས་འཁྲིགས་པའི་དུད་སྤྲིན་ལས་བོད་ནང་གི་མེ་དཔུང་ཇི་ཙམ་མཆེད་ཀྱིན་ཡོད་པ་གསལ་བོ་མ་རེད་དམ།