ནོར་གླིང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ངོས་ནས་དེ་རིང་མདོ་སྨད་བསང་ཆུ་རྫོང་ཨ་མཆོག་སྐེད་སྡེ་བ་ནས་ཡིན་པ་རྒྱལ་གཅེས་དཔའ་བོ་ལྷ་མོ་ཚེ་བརྟན་ལགས་ཀྱིས་བོད་རང་དབང་གི་ཆེད་དུ་ལུས་སྲོག་མེ་རུ་བསྒྲོན་པ་དེ་ཉིད་ཀྱིས་གཙོས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་ཞིག་བཀོད་སྒྲིག་ཞུས་པར། འཆི་མེད་དགའ་ཚལ་གླིང་གི་དགེ་འདུན་པ་དང་བཙུན་དགོན་སྒྲོལ་མ་གླིང་རིགས་ལམ་སློབ་གཉེར་ཁང་གི་བཙུན་མ། ནོར་གླིང་དང་ནོར་གླིང་འདབས་འབྲེལ་གྱི་མི་མང་བཅས་མི་གྲངས་སུམ་བརྒྱ་བདུན་ཅུ་ལྷག་འཆི་མེད་དགའ་ཚལ་གླིང་དགོན་པའི་གཙུག་ལག་ཁང་དུ་མཉམ་འཛོམས་ཀྱིས། གསོལ་འདེབས་སྨོན་ཚིག་བདེན་པའི་རྔ་སྒྲ། དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས། གངས་ཅན་ཤིང་རྟ་ཉེར་ལྔའི་གསོལ་འདེབས་དད་པའི་མེ་ཏོག འཕགས་པར་བསྟོད་ཅིང་གསོལ་བ་འདེབས་པ། སྒྲོལ་མ་ཉེར་གཅིག་གི་བསྟོད་པ། མི་འཁྲུགས་པའི་བསྟོད་པ། སྨན་བླའི་བསྟོད་པ། གུ་རུའི་ཚིག་བདུན་གསོལ་འདེབས། བཟང་སྤྱོད་སྨོན་ལམ། བོད་སྐྱོང་ལྷ་སྲུང་གི་འཕྲིན་བསྐུལ། བདེེན་ཚིག་སྨོན་ལམ་སོགས་སྐྱོར་འདོན་དང་། མ་ཎི་གསོག་སྒྲུབ་བཅས་ཀྱི་ལམ་ནས་སྨོན་ལམ་མཆོད་འབུལ་དང་། དེ་བཞིན་སྨོན་ལམ་གྲུབ་མཇུག འཆར་ཅན་བཞིན་མི་མང་ཚང་མ་འཆི་མེད་དགའ་ཚལ་གླིང་གི་མདུན་ཐང་དུ་འཛོམས་ནས་སྐར་མ་གཅིག་རིང་ངག་བཅད་མྱ་ངན་དང་། དེ་མཇུག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་ནས་དེ་རིང་གི་མཆོད་འབུལ་མཇུག་སྒྲིལ་ཞུས་ཡོད།
ཕྱི་ལོ་ ༢༠༡༢ ཟླ་ ༡༠་ཚེས་ ༢༦ ཉིན།
ནོར་གླིང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས།
བསལ་ཡུལ་ལས་འདས་པའི་གནས་ཚུལ།
དཀོན་མཆོག་གསུམ་པོས་མཁྱེན། དེ་རིང་ཉིན་མོའི་ནང་བོད་ལ་རྒྱལ་གཅེས་དཔའ་བོ་བཞི་ཡིས་རང་ལུས་མཆོད་འབུལ་གྱིས་རྒྱ་ནག་གཞུང་གིས་བོད་ནང་དུ་དྲག་པོས་སྲིད་ཇུས་ལ་ངོ་རྒོལ་བྱས་པའི་གནས་ཐོན་འདུག དཔའ་བོ་གཉིས་ནི་མདོ་ཁམས་རྒྱ་སྟོན་ལྡིང་དགུའི་རྒྱ་ཤོག་བན་དཀར་། ད་ལྟ་བོད་རང་སྐྱོང་ལྗོང་འབྲི་རུ་རྫོང་ཁོངས་སུ་སྟོགས་པའི་ས་ཁུལ་ཞིག་རེད། ནག་རོག་གྲོང་ཚོ་ཚམ་པ་སྡེ་བ་ནས་རེད་འདུག གཅིག་གིང་མིང་ལ་ཐུ་སྟོབས་རང་ལོ་བཞི་བཅུ་ཡན་མན་དང། གཞན་དེ་ད་དུང་ཁ་གསལ་མིན་འདུག ཁོང་གཉིས་ལས་གཅིག་གྲོང་ཡོད་སྐད་འདུག ད་སྐབས་བན་དཀར་ས་ཁུལ་ལ་དམ་དྲག་ཆེ་བས་ཁ་པར་སོགས་གཏོང་ཐབས་མེད་པས་འབྲེལ་བྱེད་ཐབས་ཁག་པོ་ཡོད་འདུག ད་དུང་བོད་ཕྱི་ནང་གཉིས་ནས་གནས་ཚུལ་དེ་ཁ་གསལ་རེག་ཐབས་བྱེད་པའི་སྒང་རེད་འདུག འོན་ཀྱང་མི་དེ་གཉིས་ཀྱི་རང་མི་སྲེགས་བཏང་པ་ཁུངས་ལྡན་རེད་འདུག གཞན་ཡང་མདོ་སྨད་ཨ་མཆོག་སྐེད་རྡོ་ནས་དཔའ་བོ་ལྷ་མོ་ཚེ་བརྟེན་ལགས་དང། བླ་བྲང་བསང་ཁོག་ནས་དབའ་བོ་ཚོ་དབང་སྐྱབས་གཉིས་ཀྱིས་རང་ལུང་མེ་མཆོད་ཀྱི་ངོ་རྒོལ་འོག་གཉིས་ཆ་སྐུ་གྲོང་ཡོད་བདུག་པའི་གནས་ཚུལ་མདོར་བསྡུས་ཙམ་ཞུས་སོ།