སྤོབས་པ་མཐའ་ཡས།
——————————-
རྒྱ་ནག་གི་དྲྭ་རྒྱའི་རང་དབང་འགོག་ཆེད་དུ་མེ་ཡི་ལྕགས་རི་ཟེར་བའི་ཡོ་བྱད་ཅིག་བཟོས་ཡོད་པ་དེ་ལས་གཡོལ་ནས་དྲྭ་རྒྱ་སྔོགས་འཚོལ་བྱེད་ཐབས་ཤིག་ལ་རྒྱ་ནག་གི་མེ་ཡི་ལྕགས་རི་གཏོར་ཐབས་ཞེས་བརྗོད་འདུག དེར་ལ་ལ་ལས་མེ་ཡི་ལྕགས་རི་ཞེས་བརྗོད་ན་རིང་དྲགས་པས་བརྗོད་མི་བདེ་སྟབས་མེ་གྱང་ངམ་མེ་རྩིག་ལྟ་བུ་བྱས་ན་ལེགས་ཚུལ་བརྗོད་མཁན་འདུག་མོད་མེ་ཡི་ལྕགས་རི་ཞེས་པ་དེ་མིང་ཚིག་བཟོ་སྟངས་ཧ་ཅང་ཡག་པོ་ཞིག་རེད་སྙམ། རྒྱ་ནག་གིས་སོག་པོ་འགོག་ཆེད་དུ་བཟོས་པའི་རྩིག་གྱང་རིང་པོ་དེ་ལ་བོད་སྐད་དུ་རྒྱ་ནག་ལྕགས་རི་ཟེར་བའི་མིང་ཞིག་སྔོན་མ་ནས་ཡོད་སྟབས་ང་ཚོའི་ཁར་གོམས་ཡོད་པ་རེད།ད་ལྟ་རྒྱ་ནག་གིས་རང་དང་ལྟ་བ་མི་མཐུན་པ་རྣམས་འགོག་ཆེད་དུ་གློག་རླབས་ཀྱི་ལྕགས་རི་ཞིག་བཟོས་པ་དེ་ལ་ཡང་མེ་ཡི་ལྕགས་རི་ཞེས་པའི་མིང་བཏགས་ཡོད་པ་རེད།དོན་གྱི་ཆ་ནས་རྒྱ་ནག་ལྕགས་རི་དེ་དང་མེ་ཡི་ལྕགས་རི་གཉིས་ཆར་གྱིས་ཀྱང་རྒྱ་ནག་པའི་གུ་དོག་བག་འཁུམ་སྡར་མའི་རང་གཤིས་མཚོན་པ་སོགས་འདྲ་ཆོས་མང་པོ་ཡོད་ཅིང་ཚིག་གི་ཆ་ནས་ཀྱང་འདྲ་ཆེ་བའི་མིང་ཞིག་བཏགས་ཐུབ་ན་ཉམས་ཆེན་པོ་ཡོད་ལ་ཁ་ལ་ལོབ་ཡོད་སྟབས་རིང་ཐུང་?ི་ཁྱད་པར་ལ་མ་ལྟོས་པར་བརྗོད་ཀྱང་བདེ། རྒྱ་ནག་ལྕགས་རི་ནི་རྒྱ་ནག་གི་མཚོན་རྟགས་ཡོད་ན་མེད་ན་ཞིག་དང་རྒྱུན་དུ་ཁོང་ཚོས་སྤོབས་པའི་སྒོ་ནས་ངོམ་རྒྱུ་ཞིག་ཡིན་སྟབས་རྒྱ་ནག་གི་མེ་ཡི་ལྕགས་རི་གཏོར་ཅེས་བརྗོད་སྐབས་རྒྱ་ནག་ལ་རྒོལ་བའི་ནང་དོན་ཞིག་ཀྱང་འདུག གསལ་པོར་བརྗོད་མི་འདོད་པའི་དུས་སུ་རྒྱ་ནག་ལྕགས་རི་གཏོར་ལབ་ཀྱང་ནང་ཁུལ་ཕན་ཚུན་ལ་གོ་བརྡ་འཕྲོད་ནུས་ལ་རྒྱ་ནག་ལ་རྒོལ་བའི་ནང་དོན་ཡོད་སྟབས་སྙིང་ཡང་ཚིམ་ཞིང་ཕ་རོལ་པོས་དེའི་ནང་དོན་ཡང་རྟོགས་དཀའ་པས་མིང་འདོགས་ན་འདི་འདྲ་འདོགས་དགོས་པ་རེད།
ཚིག་སྡུད་རྒྱག་སྐབས་ཚིག་དོན་གཉིས་ཆར་ལ་བསམ་གཞིག་ཅིག་སྔོན་དུ་འགྲོ་དགོས་པར་འདུག ང་ཚོའི་ན་གཞོན་ཚོ་བོད་སྐད་ལ་བྱང་གོམས་ཆུང་དུ་ཕྱིན་སྟབས་ཚིག་སྡུད་རྒྱང་སྟངས་མ་ཤེས་པར་མཚམས་རེར་ནང་དོན་གོ་མི་ཐུབ་པ་བཟོས་པ་གངས་ཅན་སྐྱིད་གཤོང་ལ་གངས་སྐྱིད་ཅེས་བཏགས་སྟབས་ང་སྔོན་མ་རྒྱ་གར་ལ་གསར་དུ་འབྱོར་སྐབས་ཚགས་པར་ལས་གངས་སྐྱིད་ཟེར་བ་ཞིག་མཐོང་བས་བུད་མེད་ཅིག་གི་མིང་ཡིན་ནམ་བསམ་དགོས་པ་ཞིག་བྱུང་སོང་། དེ་བཞིན་ནོར་བུ་གླིང་ཁ་ལ་ནོར་གླིང་ཞེས་བཏགས་ནས་ནོར་བུའི་གླིང་ཡིན་ནམ་ནོར་འཁྲུལ་གྱི་གླིང་གང་ལ་གོ་དགོས་མི་ཤེས་པ་བཟོས་ནས་བཀྲ་མི་ཤེས་པའི་དོན་ཅན་ཞིག་ཏུ་ཡང་གྱུར་ཡོད། ནོར་བུ་གླིང་ཁ་ངོ་མ་དེ་ལྷ་ས་ན་ཡོད་མོད་བོད་མི་ཚོས་རྒྱ་གར་དུ་ནོར་བུ་གླིང་ཁ་གཉིས་པ་ཞིག་མ་བཞེངས་བར་དུ་ནོར་བུ་གླིང་ཁ་ཞེས་མིང་ཆ་ཚང་ནས་འབོད་པ་མ་གཏོགས་ནོར་གླིང་ཞེས་བརྗོད་མྱོང་མེད། དེ་ནི་སྔོན་མ་སྐལ་བ་བཟང་པོའི་དུས་སུ་ང་ཚོ་ལ་གཞན་གང་ཡང་མེད་ཀྱང་རང་གི་ཕ་སྐད་མ་སྐད་དེ་གཙང་དག་ཅིག་འཁྱོལ་གྱི་ཡོད་སྟབས་ནོར་ཞེས་པ་དེ་ནོར་བུ་ཟེར་བའི་བཀྲ་ཤིས་པ་ཞིག་དང་ནོར་འཁྲུལ་ཟེར་བའི་བཀྲ་མི་ཤེས་པ་གཉིས་ཆར་ལ་འཇུག་སྟབས་དེ་གཉིས་ཁ་གསལ་པོར་འབྱེད་ཆེད་དུ་ནོར་བུ་གླིང་ཁ་ཞེས་མིང་ཆ་ཚང་ངེས་པར་དུ་ཡང་འབོད་ཀྱིན་ཡོད། ང་ཚོས་རྒྱ་གར་དུ་ནོར་བུ་གླིང་ཁ་གཉིས་པ་ཞིག་བཞེངས་སྐབས་བོད་སྐད་ཤེས་ལ་མ་ཤེས་པ་དེ་ཚོས་སླ་ཆོས་བྱས་ནས་ནོར་གླིང་ཞེས་འདོགས་ཁུལ་བྱས། དེ་ནས་ཐོན་པའི་དེབ་ཕྲེང་ལ་ཡང་ནོར་སྡེ་ནོར་མཛོད་ནོར་འོད་སོགས་སུ་བཏགས། དོན་ངོ་མར་ཡང་དེབ་དེ་ཚོ་ལས་ཡིག་ནོར་དང་དོན་ནོར་མང་པོ་མཐོང་ཡོང་སྐབས་ངོ་མ་ནོར་འཁྲུལ་གྱི་མཛོད་དང་ནོར་འཁྲུལ་གྱི་འོད་ཅེས་པའི་དོན་ཅན་དུ་ཡང་སྦྱར་མི་ཆོག་པ་མི་འདུག་པས་མིང་འདོགས་སྟངས་ནོར་མི་འདུག་སྙམ་པ་ཞིག་ཀྱང་འདུག ཁོང་ཚོས་ནོར་ཞེས་པ་འདི་ང་ཚོ་དགའ་སའི་ནོར་བུ་དང་རྒྱུ་ནོར་དང་ནོར་གནག་སོགས་དང་མི་དགའ་སའི་ནོར་འཁྲུལ་སྟེ་ཕྱོགས་གཉིས་པོར་འཇུག་པ་བརྒྱ་ཆའི་ལྔ་བཅུ་ལྔ་བཅུ་ཡིན་སྐོར་ལ་བསམ་བློ་མ་ཐོང་བར་རྒྱུ་ནོར་སྒྲུབ་ཐུབ་མིན་མ་གཏོགས་ནོར་འཁྲུལ་བྱེད་མིན་དེ་གལ་ཆེན་དུ་བརྩི་འདོད་མེད་པས་ཡིན་ནམ་ཡང་ན་ནོར་ཞེས་པ་ཞིག་འདོགས་ཐུབ་སོང་ན་ནོར་བུ་དང་ནོར་འཁྲུལ་ག་རེ་ལ་གོ་ཡང་ཆོག་སྙམ་པ་ཡིན་ནམ་གང་ལྟར་ཡང་ནོར་གླིང་ཞེས་ཚིག་སྡུད་ཁྱད་མཚར་ཞིག་བྱས་འདུག དོན་ངོ་མ་ནི་དེ་ཡང་ང་ཚོ་རང་གི་སྐད་ཡིག་ལ་བྱངས་གོམས་ཆུང་དུ་སོང་བའི་མཚོན་རྟགས་ཤིག་ཡིན། ད་དུང་དྷརྨ་ཤཱ་ལ་ལ་རྡ་ས་ཞེས་བཏགས་སྟབས་ལོ་མང་པོའི་རྗེས་སུ་མི་ཞིག་གིས་བོད་ཡིག་ལ་རྡ་ས་ཟེར་བ་ཞིག་བྲིས་ཡོད་པ་དེ་ལས་རྡ་ས་རྩད་གཅོད་དུ་ཡོང་ན་རྙེད་མི་ནུས་པ་བཟོས་ཡོད་སྟབས་ཚིག་སྡུད་རྒྱག་སྐབས་བསམ་གཞིག་ཡག་པོ་བྱེད་དགོས་ཀྱི་འདུག སྐད་རིགས་གཞན་ལ་གང་ཡོད་པ་དེ་བོད་སྐད་ཀྱི་འགྲོས་སྦྱར་ནས་ཚིག་སྡུད་རྒྱག་པའི་དབང་ཆ་མེད་པ་དེ་ཡང་ཤེས་དགོས།
དེ་བཞིན་བོད་ཁུལ་ལ་ལར་མིའི་མིང་ཚིག་སྡུད་རྒྱག་སྲོལ་ཡོད་ཅིང་། དཔེར་ན། དོན་གྲུབ་བཀྲ་ཤིས་ལ་དོན་བཀྲ་དང་། མགོན་པོ་ཚེ་རིང་ལ་མགོན་བཀྲ་ལྟ་བུར་འདོགས་ཀྱང་མིང་ཚང་མ་དེ་ལྟར་བྱེད་མི་རུང་། རང་རེས་མིང་འདོགས་སྐབས་ངེས་པར་དུ་ཡང་བཀྲ་ཤིས་པའི་ནང་དོན་ཅན་ཞིག་འདོགས་སྲོལ་ཡོད་ལ་དེ་མི་ལེགས་རྒྱུ་གང་ཡང་མེད་མོད་དཔེར་ན། ཚེ་རིང་ནད་མེད་ལ་ཚེ་ནད་དང་ཀུན་བཟང་འགྱུར་མེད་ལ་ཀུན་འགྱུར་ལྟ་བུ་བཏགས་ནང་དོན་དེ་ལྡོག་ཕྱོགས་སུ་སོང་ནས་བཀྲ་མི་ཤེས་པར་གྱུར་ཡོད་སྟབས་ངེས་པར་དུ་གཟབ་དགོས་པར་འདུག
སྤོབས་པ་མཐའ་ཡས་ཀྱིས་རང་མིང་དང་མཚུངས་པར་རང་གི་ཤེས་ཚོད་ལ་དཔོག་རྒྱག་མ་ཐུབ་པར་བོད་ཀྱི་ཚིག་སྡུད་བྱེད་སྟངས་ལ་འགྲེལ་བ་བྱེད་ཁུལ་བྱས་པ་དེས་རང་ཉིད་ཀྱི་ཆུ་ཚད་ཡང་དེ་ཙམ་ལས་མེད་པའི་གདོང་རིས་མངོན་སུམ་དུ་བསྟན་སོང་། ནོར་གླིང་ཟེར་བའི་ཚིག་སྡུད་འདི་ཉིད་མདོ་དབུས་ཁམས་གསུམ་གྱི་མི་སུ་ཞིག་ལ་དྲིས་ཀྱང་ནོར་འཁྲུལ་གྱི་གླིང་ཟེར་བ་ཞིག་ལ་འཁྲུལ་མི་སྲིད། དེ་ཡང་བོད་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཏེ་ནོར་བུ་གླིང་ཁ་ལྟ་བུའི་མིང་ཚིག་རིགས་ལ་ནོར་གླིང་ཞེས་བསྡུ་སྲོལ་ཡོད་པ་ནི་བསྟན་པ་ཆབ་སྲིད་ལྟ་བུ་ལ་བསྟན་སྲིད་ཅེས་བསྡུ་བ་དང་འདྲ་བ་ཡིན་ལ། ནོར་འཁྲུལ་ལྟ་བུ་བྱ་ཚིག་གི་མཐའ་རུ་གླིང་ཅེས་པ་མིང་ཚིག་གིས་སྣོན་པ་ཁ་རྒྱུན་དུ་མེད་ལ་དེ་ལྟར་ཡང་འཁྲུལ་མི་སྲིད་པ་སུམ་རྟགས་དག་གསུམ་གྱི་རྨང་གཞི་ཅུང་ཙམ་ཡོད་ན་རྟོགས་སླ་བ་ཡིན། དཔེར་ན་སྟག་གཟིག་ནོར་རྫོང་ཟེར་བ་དང་། ནོར་གྱི་བང་མཛོད་ཟེར་བ་ལྟ་བུ་ཐམས་ཅད་རྒྱུ་ནོར་ལ་གོ་བ་ཡིན་པ་ལས་ནོར་འཁྲུལ་གྱི་བང་མཛོད་ཟེར་བ་ལྟ་བུ་སྨྱོན་པས་ཡང་འཁྲུལ་མི་སྲིད།ཧ་ཧ་ཧ་
Lala དེ་ཡིན་ན་ཁྱེད་ཀྱིས་ཟེར་བ་དེ་ཕྱོགས་གཅིག་ནས་བདེན་པ་རེད་འདུག ཡིན་ན་ཡང་ཁྱེད་ཀྱིས་བྱ་ཚིག་གི་མཐར་མིང་ཚིག་སྦྱར་ནས་མིང་གྲུབ་ཚུལ་མེད་པར་བཤད་པ་དེས་ཁྱེད་ཀྱི་སུམ་རྟགས་དག་གསུམ་གྱི་རྨང་གཞི་དེ་ཡང་དེ་ཙམ་རེད་འདུག བྱ་ཚིག་གི་མཐར་མིང་ཚིག་སྦྱར་ནས་མིང་དུ་གྲུབ་པ་ནི་དཔེར་ན་ཟ་ཁང་། ཁྲུས་ཁང་། འདུ་ཁང་། བཤད་གྲྭ སྒྲུབ་གྲྭ སློབ་ཁང་སོགས་མཐའ་ཡས་པ་རེད། ད་དུང་ཁྱེད་ལ་གསུང་རྒྱུ་ཡོད་ན་གསུང་དང་རང་གཞན་གཉིས་ཀའི་བློ་སྐྱེད་རེད། སྟག་གཟིག་ནོར་རྫོང་ཟེར་བའི་ནོར་དེ་འབྲི་གཡག་གི་དོན་དུ་འཇུག་པའི་ནོར་རེད། སྐབས་བབ་ཀྱིས་དེའི་འཇུག་དོན་ལ་གོ་འགྲོ་ཐུབ་གི་ཡོད་སྲིད་པ་རེད། ནོར་གྱི་བང་མཛོད་ལབ་མཁན་དེས་ཀྱང་ནོར་བ་རེད། མིང་ཚིག་གཅིག་དོན་གཉིས་ལ་འཇུག་གིན་ཡོད་ན་དེས་གསལ་ཁ་མ་ཕྱེ་ན་ནོར་འགྲོ་གི་རེད། བསྟ་སྲིད་སྲིད་དང་ནོར་གླིང་མི་འདྲ། བསྟན་སྲིད་ནོར་ས་གཞན་མེད།
འདི་འགྲིག་ཤག
སྟག་གཟིག་ནོར་རྫོང་གི་ནོར་དེ་ནི།
སྟག་གཟིག་ནོར་འགྱེད་ནང་། ་་དེ་ཡང་གནམ་གྱི་དང་པོ་ལ།། ཕ་རྫོང་སྟག་གཟིག་ཆམ་ལ་ཕབ།། ནང་ལ་དངོས་གྲུབ་ནོར་གཡང་བླངས་།། རྫོང་རབ་བདུན་གྱི་དང་པོ་ཡིན།། གཏེར་ཁ་བརྒྱ་ཡི་ཡང་སྙིང་ཡིན།། ་་་་ ཕར་འཇོག་མི་ཨྱོན་པདྨ་ཡིན།། ཚུར་ལ་འདོན་མི་གཏེར་སྟོན་ལ།། ཨྱོན་ཆེན་པོའི་སྤྲུལ་བའི་སྐུ།། རིགས་གསུམ་གཅིག་བསྡུས་སེང་ཆེན་རྒྱལ།།་་ཞེས་དང་།
ཡང་། ་་རྟ་གཡང་ཟླ་བ་མགོ་གསུམ་དང་།། ནོར་གཡང་ཨརྱ་ཛྃ་བྷ་ལ།། གསེར་གཡང་གསེར་གྱི་མཎ་ཌལ་བརྒྱན།། འབྲུ་གཡང་ཁྱུང་གི་སྒོང་ང་ཙམ།། ཚོང་གཡང་འགུགས་པའི་ལྕགས་ཀྱུ་དང་།། ཤིང་ཐོག་མངར་རིགས་འབྲུ་སྣ་ཚོགས།། ལུག་གཡང་གང་བ་བཟང་བོ་སོགས།། དེ་འདྲའི་ནོར་བུ་སྣ་བདུན་དང་།། ་་ཞེས་དང་།
རྗེས་སུ་སྟག་གཟིག་གི་ནོར་རྣམས་ཡུལ་ལྷ་གཞི་བདག་རྣམས་ལ་བཀའ་གཏད་ཀྱིས་ཕྱི་རབས་བོད་ཀྱི་ཕྱིར་གཏེར་དུ་འཇོག་རྒྱུ་བྱས་ནས་ནོར་བུ་སུ་ཐོབ་ཀྱི་ཤོ་རྒྱབ་པར། ་་ཤོ་མི་དང་པོ་དེ་གཉན་ཆེན་ཐང་ལྷ་ལ་བབས། དེ་ལ་ནོར་གཡང་ལྷ་དཀར་སེར་དམར་ལྗང་གི་དཀྱིལ་འཁོར་ཆ་ཚང་དེ་ཐོབ། དེ་ཕྱོགས་ལ་གོས་ནོར་འབྲི་ར་ལུག་རྐྱང་འབྲོང་གི་དངོས་གྲུབ་རྒྱས་པ་བྱུང་། ཤོ་མིག་ལྔ་པ་རོང་བཙན་ཁ་བ་དཀར་པོ་ལ་བབས། དེ་ལ་ལྔ་རིས་ཟླ་བ་དཀར་ཚེས་དེ་ཐོབ། དེ་ཕྱོགས་ལ་མངའ་རིགས་དང་སྦ་སྨྱུག་གི་ལོ་འདབ་རྒྱས། ཤོ་མིག་གཉིས་པ་ཇོ་བོ་སྒྱོགས་ཆེན་གདོང་ར་ལ་བབས། དེ་ལ་གསེར་གྱི་མཆོད་རྟེན་དང་མནཌལ་ཐོབ། དེ་ཕྱོགས་ལ་གསེར་དངུལ་གྱི་དངོས་གྲུབ་དང་རྩི་ཤིང་གི་ལོ་འདབ་རྒྱས་པར་གྱུར། ཤོ་མིག་གསུམ་པ་ཤར་གྱི་རྨ་ཆེན་སྦོམ་ར་ལ་བབས། དེ་ལ་རྟ་མཆོག་ཟླ་བ་མགོ་གསུམ་ཐོབ་པས། དེ་ཕྱོགས་ལ་རྟ་ཡི་དངོས་གྲུབ་ཀྱི་གཏེར་ཟད་མེད་པ་བྱུང་། ཤོ་མིག་བཞི་པ་དྲིལ་ཤོད་ཁ་བ་དཀར་པོར་བབས།། དེ་ལ་ཚོང་གཡང་འགུགས་པའི་ལྕགས་ཀྱུ་ཐོབ། དེ་ཕྱོགས་ལ་རྒྱུ་ནོར་ཚོང་གི་དངོས་གྲུབ་རྒྱས། ཤོ་མིག་དྲུག་པ་མི་ཉག་གཡུ་རི་རྩེ་རྒྱས་ལ་བབས་ནས། དེ་ལ་འབྲུ་གཡག་ཁྱུང་གི་སྒོང་ཙམ་དེ་ཐོབ། དེ་ཕྱོགས་ལ་གྲོ་ནས་སྲན་གསུམ་སོགས་འབྲས་རྩི་རྣམས་ཀྱི་དངོས་གྲུབ་རྒྱས། དེ་ནས་ལུག་གཡང་གང་བ་བཟང་པོ་དེ་རྫ་རྒྱལ་རྡོ་རྗེ་འཕན་ཕྱུག་ལ་ཐོབ། དེ་ཕྱོགས་ལ་གཉན་ར་ལུག་འབྲི་རྣམས་ཀྱི་དངོས་གྲུབ་རྒྱས།་་ སོགས་འདུག་པར་བལྟས་ན་ནོར་གཡག་གི་ནོར་གཅིག་པོ་ཡིན་མིན་ཤེས་ཐུབ།
ནོར་གཡང་ཛམ་ལྷ་ཟེར་ནས་བཅོ།
ངས་འདི་འགྲིག་ཤག་ཙམ་ལས་བརྗོད་མེད། ད་འགྲིག་པའི་རྒྱུ་མཚན་བཤད་ཀྱི་ཡིན། ལྷ་སའི་ནོར་བུ་གླིང་ག་དེ་ཡིད་བཞིན་ནོར་བུའི་དབྱར་དུས་བཞུགས་གནས་ཀྱི་གླིང་ག་ཡིན་པས་དེ་ལྟར་ལབ་པ་རེད། རྡ་སའི་ནོར་གླིང་ནི་དོན་ངོ་མ་ནོར་འཁྲུལ་གྱི་གླིང་ཡིན་པ་ལས་ནོར་བུའི་གླིང་མ་རེད། སྤོབས་པ་ཞུ་མཁན་དེས་སྐད་ཆ་བཤད་ཡ་འགྲིག་ཤག
དེ་ནས་ཁ་བརྡ་དྲ་ཚིགས་ཀྱི་དྲ་ངོས་སུ་ཀློག་མཁན་དང་མཆན་འགོད་མཁན་རྣམས་ལ་ལམ་སྟོན་བྱེད་ཁུལ་བྱས་པ་དེ་ལ་མོས་མཐུན་གཏན་ནས་མེད། དྲ་དཔོན་ཁོ་རང་ཚོའི་ནང་ན་མངོན་གསལ་ཡིན་མིན་གྱི་ས་འོག་དར་འཐག་བྱེད་བྱེད་མཁན་ཁེངས་བསྡད་ཡོད། དཔེེར་ན་དེ་སྔོན་མདོ་སྨད་ལོ་རྒྱུས་ཆེན་མོའི་སྐོར་སོགས་ཀྱི་རྙོག་གླེང་དེ་ཚོ་དྲ་དཔོན་བསམ་བཞིན་དུ་གཉེར་བ་རེད། མ་ཟད་གསང་མིང་སྣ་ཚོགས་འོག་ནས་སྐད་ཆ་འདྲ་མིན་བཤད་མཁན་དག་གི་ཁྲོད་ན་དྲ་དཔོན་འགའ་ཡོད་པ་ངས་མངོན་སུམ་དུ་ཤེས་བྱུང་།
མི་ཚེ་རིང་མོ་ཞིག་གྲིབ་མ་ནག་རིང་དང་མཉམ་དུ་བསྐྱལ།
མཚན་མོ་རེ་རེ་བཞིན་པུས་མོ་སྐྱ་རིལ་གྱིས་རུམ།
ད་ལྟ་མི་ཚེ་རིང་མོ་ལ་ཕྱི་མིག་རིང་མོ་རེ་ལྟ་བཞིན།
དབུགས་ཀྱི་འབྱིན་རྔུབ་རིང་པོ་རེ་འཐེན་བཞིན་པ་ནི།
ཁྱེད་ལ་ཞབས་བརྟན་འབུལ་མཁན་ཞིག་གམ་ཕེབས་སྐྱེལ་ཞུ་མཁན་ཞིག
ཡང་ན་ཕེབས་བསུ་ཞུ་མཁན་ཞིག་ལ་རེ་གི་ཡོད།
ཨ་གླུ་སྨྱོན སྙན་མོའི་གླུ་རེ་ལོངས་ལ་ཡུན་ཙམ་བཞུགས་དང་།
མཛེས་མ་ཞིག་གི་མིག་ཀོང་ལྟ་བུའི་ཐོ་རེངས་སྐར་ཆེན་ད་དུང་གཟིམ་མི་འདུག
ཨེ་ཨེ་བཙན་འབྱོལ་བོད་སློབ་མ་འགྲིམ་དྲ་གྲོགས་ཚོས། །
རྡ་སའི་ནོར་གླིང་མིང་ནོར་འདུག་ཅེས་མ་གསུངས་ཅིག །
བོད་དྲན་ཟ་ང་་པོ་ཏ་ལ་ཡི་རུ་ཁག་་ནོར་གླིང་ཁང་། །
སྲོང་བཙན་ཁང་ཚན་སོགས་ཀྱིས་བཏགས་ལ་སོམས། །
་་་གོང་དུ་ཟ་ཁང་སོགས་དག་བཅོས་མ་བཟོས་གོང་ལ་མནན་ཐལ་ཤོར་བར་བཅོས་འདོད་མེད་ཀྱང་ཤོད་འདོད་ཡོད་པ་ནི། རྡ་སའི་བོད་མིར་འབྲི་གཡག་མེད་པ་ཚང་མས་ཤེས་པ་དང་གཅིག སྔར་ཡོད་ད་མེད་དྲན་གསོ་བྱས་པ་གཉིས། ཁྱོད་རང་བོད་སྐད་དང་བོད་ཡིག་ད་དུང་སྦྱོངས་དགོས་པ་གསུམ་ལ་སོམས་ཤིག །
གཅིག་གིས་བཤད་པ་གཅིག་གིས་ཉན། དེ་ནས་བསམ་བློ་བཏང་། དེ་ནས་བགྲོ་གླེང་བྱས། དེ་ཡིན་དུས། ངས་ཉན་ནས་བསྡད་ཡོད། སྤུན་ཟླ་དག་གི་བསམ་ཚུལ་ལ་ཉན་ནས་བསྡད་ཡོད།
ཁ་ཆུང་དབང་ཆུང་ཡིན་རུང་ཁ་ཞིག་གྲགས་ན་འདོད་ཀི།
(སྨན་བླའི་ཁ་ཤགས་ལས་གཡར་)
བྱ་བྱེད་ཚིག་གི་བསྡེབས་སྦྱོར་སོགས་ཕར་ཞོག་། སུམ་རྟགས་དག་གསུམ་གྱི་རྨང་གཞི་ཙམ་ཡང་མེད་ཞེས་སྔོན་མ་ནས་ཞུར་ཚར་། ཡིན་ན་ཡང་གོང་གི་བརྗོད་གཞི་དེས་ཐོག་བསམ་ཚུལ་ཞིག་བཤད་འདོད་བྱུང་། ང་རང་སྤོབ་པ་མཐའ་ཡས་ཀྱི་དགོང་ཚུལ་དེར་འདོད་པ་བརྒྱ་ཆ་བརྒྱ་ཡོད་། གལ་དེ་ནོར་ལམ་ཞེས་བའི་ལམ་ཁ་ཞིག་ཡོད་ན་དེ་གོ་བ་ག་འདྲ་ཞིག་རྒྱག་རྒྱུརེད་། མི་རིང་བར་བཙན་བྱོལ་ནང་གོང་ས་མཆོག་ལ། གོང་མཆོག་ཞེས་འབོད་ས་རེད་།
ངའི་ཕ་ཡུལ་ནས་ནོར་ཁང་ཟེར་ན་ནོར་ནག་འདོགས་སའི་ཁང་པར་ངེས་དུ་གོ་ངེས་རེད་། གང་ཡིན་ཟེར་ན་། རྟ་ཁང་་། བྱ་ཁང་། ནི་སྔོན་ནས་ཡོད་ཡོད་རེད་།
རྡ་རམས་ས་ལའི་ནོར་བུ་གླེང་ཁའི་ནང་བྱ་བ་བསྒྲུབས་སའི་ཁང་པ་གསར་བ་ལེགས་འགྲུས་བྱུང་སོད་།
ཞེས་པ་ལ་།
རྡ་ས་ནོར་ཁང་གིས་ནང་བྱ་ཁང་གསར་བ་ལེགས་འགྲུས་བྱུང་སོང་། ཞེས་ཞུས་ན་སེམས་ངོར་ག་འདྲ་ཞིག་འཆར་གི་། ངའི་སེམས་ངོར་། ཨོ་ད་ཡིན་ན་། ནོར་ཁང་གི་དབུ་ཁྲིད་དེས་བྱང་ཁང་ལེགས་འགྲུབ་བྱུང་བའི་མཛད་སྒོར་སྒོང་ང་ཆེན་པོ་འགའ་བཏང་ཡོད་རྒྱུ་རེད་བསམ་གི་།
ནོར་བཅོས་”བྱ་ཁང་ལེགས་འགྲུབས”
མ་གཞི་ངས་འདིའི་བསྐོར་ལ་སྐད་ཆ་བཤད་མི་ཤེས། ཡིན་ནའང་ནོར་གླིང་ཟེར་དུས་ནོར་བུ་གླིང་ཁའི་བསྡུས་མིང་ཡིན་རྒྱུ་རེད། འདི་རྒྱུ་མཚན་གྱི་ཐོག་ནས་མིང་འདི་བྱུང་བ་ལོས་ཡིན། འོ་ན་དྷ་སའི་ཕྱོགས་ཀྱི་ནོར་གླིང་དེ་ནོར་གླིང་ཡིན་ནམ་ཞེས་ན། དེ་ནི་སྐུ་ངོ་ཁོང་ལ་སྒོར་མོ་ཡོང་སའི་ནོར་གླིང་རེད། དེ་ནི་ཕོ་གསར་མོ་གསར་མང་བོ་ཞིག་ལ་གླ་ཆ་ཉུང་ཉུང་བྱིན་ནས་ཚོང་རྫས་བཟོ་སའི་ཚོང་ལས་ཁང་ཆེན་མོར་རེད་ཟེར་ན་མི་འགྲིག་རྒྱུ་མེད་ཀི་ཞེས་ལན་བྱིན་རྒྱུ་ཡིན།
ཡ་དེ་ན་གོང་དུ་། གསུང་གི་ཡོད་པ་ལྟར་ནོར་འཁྲུལ་མང་པོ་ཞིག་བཟོ་གི་ཡོད་པའི་གླིང་ཁ་ཞིག་ཡིན་པས་ན་ནོར་ཁང་ཞེས་བཏག་པ་ཡིན་རྒྱུ་རེད་།
ནོར་བུ་གླིང་ཁ་ཞེས་པ་ལ་ནོར་འཕྲུལ་མེད་པ་ནི་ནོར་བུ་ཞེས་ཚིག་འདིས་ནུས་པ་དང་། ནོར་གླིང་ནི་གོང་གི་བསྡུས་ཚིག་དང་། ནོར་ཁང་ཞེས་པའང་མི་ཐད་པ་མེད། ཁྱེད་རང་བྱས་ན་འབྲོག་པ་ཞིག་གིས་ང་ལ་ར་ལུག་ནོར་མང་པོ་ཡོད་ཟེར་དུས་ནོར་དེ་འབྲི་གཡག་གཅིག་པུ་ལ་གོ་དགོས་པ་ཁྱོད་བདེན། འོན་ཀྱང་། འདིར་ནོར་ནི་རྒྱུ་ནོར་ལ་བྱས་ནས་ནོར་ཁང་ནི། ནོར་གྱི་ཁང་པའི་བསྡུས་ཚིག་རེད། དཔེར་ན། ང་ཁང་ནོར་ཐེབས་ནས་གཞན་པའི་སྒོ་བརྡུང་གིན་བསྡད་འདུག ཅེས་པ་ནི་ནོར་འཁྲུལ་གྱི་ནོར་དེ་རེད།