ངག་དབང་བློ་གྲོས་ཤར་པ།
ཉེ་བའི་དུས་ཡུན་ནང་། ང་ཚོས་ནོར་འཁྲུལ་ཆེན་པོ་གཉིས་བཟོས་ཡོད། དེ་ནི། གྲོས་ཚོགས་ལས་རིམ་ཐད་གཏོང་བྱས་པ་དང་། བློ་བཟང་སེང་གེ་སྲིད་སྐྱོང་དུ་འདམས་པ་གཉིས་ཡིན། གཤམ་ལ་འདི་གཉིས་གླེང་ཙམ་བྱེད་ཀྱི་ཡིན། འདོད་ཀྱང་རུང་། མི་འདོད་ཀྱང་རུང་། ཚིག་གིས་མ་བཏུམས་པར་དོན་གྱི་ངོ་གདོང་བཙལ་ན། དངོས་ཡོད་གནས་སྟངས་ནི་འདི་འདྲ་རེད།
སྤྱི་འཐུས་ལྷན་ཚོགས་ནི་གཞུང་འཛིན་དང་ཁ་གཏད་གཉིས་ཀའི་ལས་ཀ་བྱེད་མཁན་ཡིན་པའི་ཆ་ནས། སྤྱི་འཐུས་རེ་རེ་ནི་སྤྱི་མི་རེ་རེ་ཡིན་དགོས། ཡིན་ནའང་། གྲོས་ཚོགས་ར་བ་ནི་ཕྱོགས་ཁག་གཉིས་རེད། དེ་ནི་ཡོང་ཁུངས་མདོ་སྟོད་ནས་ཡིན་པ་ཤོག་ཁག་གཅིག་དང་། ཡོང་ཁུངས་དབུས་གཙང་དང་མདོ་སྨད་ཡིན་པ་གཉིས་ཤོག་ཁག་གཅིག་ཆགས་ཡོད་པ་རེད། མཚམས་རེར་སྟོབས་ཤུགས་ལ་ཁྱད་པར་ཡོད་པ་ལས། སྤྱི་རྡོག་ནས་བྱས་ན། སྟོབས་ཤུགས་འདྲ་མཚུངས་རེད། སྤྱི་འཐུས་ཚོགས་གཙོ་གཉིས་འདམས་ནས་རེས་མོས་བྱེད་བཞིན་པ་ནི་ཕྱོགས་ཁག་འཐེན་འཁྱེར་དེ་རྩེ་མོར་སོན་པའི་མཚོན་རྟགས་ཆགས་ཡོད།
གྲོས་ཚོགས་ལས་རིམ་ཐད་གཏོང་དེས་སྤྱི་ཚོགས་ནང་དགོས་མེད་ཀྱི་བརྡ་ལན་མང་པོ་ཞིག་བསྐྱལ་ཡོད། མ་གཞི་གྲོས་ཚོགས་ར་བ་ནི་གྲོས་གླེང་དང་རྩོད་གླེང་བྱེད་ས་ཡིན་སྟབས། གནད་དོན་གང་ཞིག་ལ་རང་རང་གི་ལྟ་ཚུལ་དང་བསམ་ཚུལ་བཤད་རེས་བྱེད་ས་ཡིན་འོས་པ་དང་ཡིན་ཡང་དགོས། སྤྱི་འཐུས་ཚོ་སྐུ་རླུང་བཞེངས་རེས་བྱེད་ཀྱི་ཡོད་ནའང་འདྲ། ཁ་འཛིང་བྱེད་རེས་བྱེད་ཀྱི་ཡོད་ནའང་འདྲ། ཐ་ན་ལག་འཛིང་བྱེད་ཀྱི་ཡོད་ནའང་འདྲ། དེ་ཚོ་ནི་མང་ཚོགས་ཀྱིས་ངེས་པར་ཤེས་དགོས་པ་དེ་འདྲ་གང་ཡང་མ་རེད། མང་ཚོགས་ཀྱིས་ཤེས་དགོས་པ་ནི་གྲོས་ལ་དབང་བ་ཚོས་གྲོས་ཚོགས་ར་བ་ནས་གྲོས་དོན་དང་ཐག་གཅོད་ཅི་བྱུང་དེ་རེད། དེའི་བརྒྱུད་རིམ་དང་བཤད་རེས་གླེང་རེས་དེ་ཚོ་མང་ཚོགས་ཀྱིས་ཤེས་དགོས་པ་དེ་འདྲ་མ་རེད།
དེ་སྔ་གྲོས་ཚོགས་ཀྱི་ལས་རིམ་གསར་ཤོག་འགྲེམས་སྤེལ་དང་། དོ་སྣང་ཅན་ཚོས་དེ་ཀློག་གི་ཡོད་པ་རེད། དེ་ནི་ས་མཚམས་ཤིག་ཀྱང་རེད། ད་ཆ་ལས་རིམ་ཐད་གཏོང་གནང་གི་ཡོད་སྟབས། ཡི་གེ་ཤེས་མཁན་དང་མི་ཤེས་མཁན། གོ་རྟོགས་ཡོད་དང་མེད་པ་ཚང་མས་ཐད་གཏོང་ལ་བལྟས་པ་བརྒྱུད་ནས། གྲོས་ཚོགས་ནང་གི་ཕྱོགས་ཁག་གི་རྣམ་པ་དང་སྐད་ཆ། བཟོ་ལྟ་ཚང་མ་མང་ཚོགས་ནང་འཕེལ་རྒྱས་སོང་བ་ལ་བརྟེན་ནས། དགོས་མེད་ཀྱི་གནས་ཚུལ་མང་པོ་བྱུང་དང་འབྱུང་བཞིན་ཡོད། གྲོས་ཚོགས་ལས་རིམ་ཐད་གཏོང་གི་ནོར་འཁྲུལ་དེ་འདི་རེད།
བློ་བཟང་སེང་གེ་ཡིས་བོད་སྤྱི་བའི་རྩ་དོན་ལ་ཕན་པའི་ལས་ཀ་སྣེ་གཅིག་ཀྱང་སྒྲུབ་ཡོད་པ་མ་རེད་ཅེས་གླེང་མཁན་ཚོའི་སྐད་ཆ་དེ་དྲང་པོ་མ་རེད། ཁོང་གིས་བཙན་བྱོལ་སྤྱི་ཚོགས་ཀྱི་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱི་རྣམ་པ་གཏོར་ནས་དུམ་བུ་གཉིས་བཟོས་པ། གཞུང་དང་མང་ཚོགས་བར་གྱི་ཡིད་ཆེས་ཉམས་སུ་བཅུག་པ། གཞུང་ཞབས་མང་པོ་བློ་ཕམ་དུ་བཅུག་པ་སོགས་ནི་ཉམས་མྱོང་དང་ལྷག་བསམ་གྱིས་མ་འདང་བ་ལས་བྱུང་བ་རེད། དཔེར་ན། ཉིས་སྟོང་བཅུ་དྲུག་ལོའི་འོས་བསྡུའི་སྐབས། གཞུང་གི་སྡིངས་ཆ་དང་དབང་ཚད་བེད་ལོག་སྤྱད་པ། དེ་ནས་རིམ་པས་མང་ཚོགས་ནང་གཏམ་ཡན་མང་པོ་སྤེལ་ནས་ཟང་ཟིང་དང་དུམ་བུ་བཟོས་པ་སོགས་རིམ་བསྟུད་དུ་བྱས།
ད་ཆ་ཁྲིམས་ས་ནས་ཕམ་ཉེས་བྱུང་ཡོད། ཁྲིམས་ཁང་གི་བཅད་ཁྲའི་ནང་། ད་ལྟའི་བཀའ་ཤག་འདིས། “སྤྱི་ཚོགས་ནང་དངོས་བདེན་མ་ཡིན་པའི་གནས་ཚུལ་ཁྱབ་འགྲེམས”་བྱས་པ་བཀོད་ཡོད། དེའི་དོན་ནི། ད་ལྟ་སྤྱི་ཚོགས་ཟང་ཟིང་དང་དུམ་བུར་གྱེས་ཡོད་པ་འདི་ད་ལྟའི་བཀའ་ཤག་གི་ལས་ཀ་བྱེད་སྟངས་མ་འགྲིག་པ་ཁོ་ན་ལས་བྱུང་བ་ར་སྤྲོད་བྱས་ཡོད། དེར་བརྟེན། ཨ་ན་ཚུ་ཚུགས་རང་བྱས་ཏེ་འོས་བསྡུའི་སྒྲིག་གཞི་ལ་ཁག་འགེལ་གྱིས་གབ་ས་ཡིབ་ས་བཙལ་བའི་བྱེ་མཁར་ཚང་མ་ད་ལྟ་འགྱེལ་ཚར་ཡོད། འདིའི་ཆ་ནས་བལྟས་ན། ང་ཚོས་བློ་བཟང་སེང་གེ་སྲིད་སྐྱོང་དུ་འདམས་པ་དེ་ནོར་འཁྲུལ་ཞིག་ཆགས་ཡོད།
བཀའ་ཤག་མང་ཚོགས་ནང་ཕེབས་སྟངས་དེར། གཟིགས་སྐོར་ཞེས་འབོད། ཚིག་འདི་ཧ་ཅང་སྙན་པོ་ཞིག་རེད་དེ། བཀའ་ཤག་གི་གཟིགས་སྐོར་རེ་རེ་དང་། ཡང་སྒོས་སྲིད་སྐྱོང་གི་གཟིགས་སྐོར་རེ་རེ་ནི་ཆེད་མངགས་མང་ཚོགས་ནང་ལ་ཟིང་ཆ་སློང་གི་ཕེབས་ཀྱི་ཡོད་པ་འདྲ་པོ་ཆགས་ཡོད། ད་ཆ་ཕེབས་སྟངས་གསར་པ་ཞིག་ཡོང་གི་ཡོད་ན་ལས། བཀའ་ཤག་སྐབས་བཅོ་ལྔ་བའི་དུས་ཚོད་འདིའི་ནང་ལ། མང་ཚོགས་དཀྲུགས་ཏེ་མཐུན་ལམ་གོང་བུ་གཅིག་གྱུར་གས་ཆག་འགྲོ་བར་སྐུལ་འདེད་ལྟ་བུ་བྱས་ཡོད། འདི་ཡང་ནོར་འཁྲུལ་གཅིག་རེད།
སྲིང་སྐྱོང་གིས་ཐུགས་རེ་དང་། ད་དུང་དམའ་འབེབས་དང་བཅས་ཏེ་འབོད་སྐུལ་ནན་མོ་གནང་བ་བཞིན། དོན་ཟུར་སྤེན་པ་ཚེ་རིང་གིས་ཁྲིམས་གཏུགས་བྱས། བློ་བཟང་སེང་གེས་བཀའ་བློན་རེས་མོས་བཞིན་ཁྲིམས་ཁང་ལ་བདེན་པ་དག་སྐྱེལ་བྱེད་པར་མངགས་ནའང་། གཅིག་གིས་ཀྱང་ཁ་གྲག་ཕོད་མེད། ཀྲིམས་རྩོད་པ་དེས་མང་པོ་ཞིག་བཤད། རང་གིས་ཅི་ཞིག་བཤད་ཀྱི་ཡོད་པ་དང་སྒྲུབ་ཀྱི་ཡོད་པ་མི་ཤེས་པའི་བར་དུ་བཤད། གཅིག་བྱས་ན། བཀའ་བློན་ཚོ་མགོ་འཐོམ་པ་འདྲ། ཁ་གྲག་དགོས་ས་ནས་ཁ་གྲག་མ་ཐུབ། དྲང་བདེན་བྱས་མ་སོང་ཟེར་ནས་ཁྲིམས་ཁང་ཕྱི་ལོགས་ནས་འུར་རྒྱག་པ་ལས། བཤད་ས་ནས་བདེན་པ་བདེན་སར་འཁྱོལ་བའི་དབུགས་རེ་གཏོང་ཐུབ་ཡོད་ན་གཟི་བརྗིད་ཆེ་རྒྱུ་དང་དགོས་རྒྱུ་དེ་རེད་དེ། ད་རེས་སྲིད་སྐྱོང་དང་བཀའ་བློན་ཚོའི་ལྕེ་དེ་བདེན་པའི་རལ་གྲིས་བཅད་སོང་། རྫུན་གྱི་བྱེ་མཁར་མཐོན་པོ་དེ་བསྒྱེལ་སོང་།
རེ་བ་ཆུང་ངུ་ཞིག་ཞུ་རྒྱུ་ཡོིད། བཀའ་ཤག་སྐབས་འདི་རྫོགས་ཁ་མའི་མ་འོངས་ལོ་གཅིག་གི་ནང་ལ། སྲིད་སྐྱོང་མཆོག་མང་ཚོགས་ཁྲོད་མ་ཕེབས་རོགས། གསར་ལམ་ལ་མ་ཕེབས་རོགས། རྙོག་དྲ་ཆུང་གི་རེད། བཤད་རྒྱུ་ཉུང་གི་རེད། འཁྲུག་ཆ་ཉུང་གི་རེད། མང་ཚོགས་གནས་བཟོད་བདེ་གི་རེད།
ཡང་རྒྱ དམར་གྱི་རྒྱུགས་ཁྱི་ཞིག་ཐོན་ཐལ། ངག་དབང་བློ་གྲོས་ཤར་་་ཉོན་ཤིག་་་ཁྱོད་དང་རྒྱ་དམར་ཁྲག་དོག་གི་ཤི་ན་ཡང་སྡུག་གྱོང་རེད། ང་ཚོའི་སྲིད་མཆོག་མཆོག་མང་ཚོགས་ཁྲོད་ཕེབས་ངེས་རེད། གསར་ལམ་ཁག་དང་ཐུག་ངེས་རེད། གང་ཡིན་ཟེར་ན་ཁོང་ལ་བོད་མི་ས་ཡ་དྲུག་གི་རེ་བ་དང་སྨོན་ལམ་ཡོད་པས་རེད། ཁྱི་རྒན་ཁྱོད་ལྟ་བུས་འགྲན་ཟླ་ཡོང་བ་ཞིག་མ་རེད་། ཡིད་ལ་ཟུངས་ཤིག་་་་
ངག་དབང་བློ་གྲོས་ལགས་ནས་སེམས་གཏམ་བཤད་འདུག ངེས་ལེན་མི་ཐུབ་མཁན་ཚོར་སྡུག་གྱོང་རེད།
ད་རེས་བཙན་བྱོལ་གྱི་དམངས་གཙོ་དང་ཁྲིམས་ཀྱི་གཟི་བརྗིད་འདི་བསྟན་སོང་། རྒྱ་ནག་གཞུང་གིས་ཀྱང་འདི་ལ་བདོ་མི་ཐུབ། ང་ཚོར་ཁྲིམས་ཁང་ཞིག་དང་། བློ་གཟུ་བོར་གནས་པའི་ཁྲིམས་དཔོན་རེ་གཉིས་ཡོད་པ་འདི་བཙལ་བྱོལ་གཞུང་དང་མི་མང་གི་གཟི་བརྗིད་རེད།
འདི་ལྟ་བུའི་དྲང་བདེན་ཇེ་མང་ཇེ་མང་ཕྱིན་ན། བོད་མི་ཚང་མ་ཚུར་འཁོར་གྱི་རེད། དྲང་བདེན་ལ་དགའ་བ་རྣམས་བློ་ཇེ་དགར་འགྲོ་བ་དང་དུས་མཚུངས། ལྐོག་བཟའ་རུལ་སུངས་བ་རྣམས་ཉིན་རེ་བཞིན་མཐའ་ལ་འབུད་འོང་།
ང་རང་ཆེས་མི་དགའ་ས་དེ་ཁྲིམས་རྩོད་པ་བློ་གྲགས་དེ་རེད། འཛམ་གླིང་ཡོངས་ཀྱི་ཁྲིམས་རྩོད་ལྷན་ཚོགས་དེ་མི་མང་གི་བདེན་པ་གསལ་ཐབས་དང་། དྲང་བདེན་སྲུང་སྐྱོབ་བྱ་རྒྱུ་དེ་རེད་མོད། ངེད་ཚོའི་ཁྲིམས་རྩོད་ལྷན་ཁང་དང་དེའི་འགོ་པ་རྣམས་རྐུན་མའི་རྒྱབ་ལ་ཇག་པ་ཟེར་བ་བཞིན། དབང་སྒྱུར་པའི་ལག་ཆར་གྱུར་ནས་ཆག་སྒོ་འདི་འདྲ་ཞིག་ཉོས་པ་དེ་ངོ་མ་སེམས་སྐྱོ་དགོས་པ་ཞིག་རེད།
གནད་དོན་བཅུའི་ནང་ནས་བཀའ་ཤག་ལ་ཐོབ་རྒྱུའི་རེ་བ་གཅིག་རང་ཅིག་ཡོད་པ་དེ་ནི་ཤར་གླིང་ཟླ་སྒྲོན་དང་འབྲེལ་བའི་གནད་དོན་དེ་རེད། ཁ་མཆུ་དེ་དང་འབྲེལ་བའི་ཆེས་གལ་ཆེ་བའི་དཔང་མི་བུ་མོ་གཉིས་ཡོད་པ་དེ་ཁྲིམས་རྩོད་པས་འབོད་འགུག་བྱེད་ཐུབ་མི་འདུག་པར་མ་ཟད། ཁྲིམས་ཀྱི་འགྲོ་ལུགས་ལྟར་ཁྲིམས་ཁང་ལའང་འབོད་འགུག་བྱེད་རྒྱུའི་རྟིང་སྐུལ་བྱེད་ཐུབ་མི་འདུག དེར་བརྟེན་རེ་བ་གཅིག་པུ་དེ་ཡང་བརླག་པ་རེད། ད་དུང་ཁྲིམས་ཞིབ་ཁང་ལ་ཁོང་གཉིས་འབོད་འགུག་བྱས་མ་སོང་ཟེར་ནས་ངན་ཁག་དཀྲི་ཁུལ་བྱས་སོང་། འདི་ནི་ཁྲིམས་ལུགས་ལ་རྨོངས་པའི་རྐྱེན་ཡིན་པ་ལས་བློ་གྲགས་བཀའ་ཤག་ལ་བློ་མ་དཀར་བ་མ་རེད།
རྟ་རྒྱུགས་ཚར་ཐལ་ཚུབ་ཡལ་ཚར་བ་རེད་ད་མང་པོ་བཤད་ནས་ཅི་ཕན་དེ་ལས་མ་ཎི་གྲངས་ན་སྐྱིད་ལེ་རེད་ཨོམ་མ་ཎི་པདྨེ་ཧུང་ཧྲི་་་་་ཧྲི་་་་་་་་་་ཧྲི་མ་ཎི་བརྒྱ་ལ་ཧྲི་གཅིག།
བློ་གཟུ་བོར་གནས་བའི་གཏམ་རེད།ཐུགས་རྗེ་ཆེ་ཞུ་གི་ཡོད། བློ་སེང་གི་ལས་ཡུན་རྫོགས་ན་ཡང་།ཁོའི་འདྲེ་ལག་མུ་མཐུད་བརྐྱངས་ཏེ་ནང་ཁུལ་དཀྲུགས་ཤིང་རྒྱག་གི་རེད།འདིའི་ཕྱོགས་ནས་ལས་ཀྱི་སྣེ་མོ་ཚོས་གང་གཟབ་གནང་དགོས།
༄༄། ད་རེས་ཀྱི་ཁ་ཆུ་ཨང་ ༢༠ དེས་རང་རེའི་བོད་མིའི་མང་གཙོའི་གཞུང་ངམ་མང་གཙོའི་རང་དབང་གི་ངོ་བོ་སྲ་རྟེན་དུ་མངོན་ཐུབ་པར་ཕན་ཐོག་བྱུང་བ་རེད་ དེ་ནི་བོད་ཀྱི་ཆབས་འབང་ཞིག་དང་བོད་གཞུང་ངམ་བོད་མིའི་སྒྲིགས་ཚུགས་ཀྱི་སྲིད་སྐྱོང་གིས་དབུས་བཀའ་བློན་རྣམས་པ་ཚང་མ་ཡོད་བ་ཡིན་དུས་མི་མང་ནང་བློ་ཚབ་སྐྱེས་གཞིའི་གནས་བབ་ཞིག་བྱུང་རུང་གཙོ་བོ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་རྟ་གྲི་མགོ་བ་ཞུས་སྟེ་རྩིགས་མའི་གཞུང་ལ་འགྲོ་བའི་དྲངས་བདེན་གྱིས་ཐག་བཅོད་གནང་ཏེ་བཅད་ཁྲ་ཤོག་ལྷེ་༡༠༢༨ བཏོན་པ་མ་ཟད་བཀའ་གཤག་ནས་ཀྱང་མཐའ་མའི་དུས་ཚེས་དེར་དགོང་གསོལ་གནང་བ་རྟེན་ནས་སླད་རང་རེའི་བོད་མིའི་མང་གཙོའི་སྒ྄ིགས་ཚུགས་འདི་སྲ་བརྟན་དུ་གྱུར་པར་ཕན་ཐོག་ངེས་ཅན་བྱུང་སོང་བསམ་པ་ཐོག་མི་མང་རྣམས་བློ་བདེ་བག་ཕེབས་བྱུང་ཡོད་ལས་ཆེ་།།
བདེན་པ་རེད། མ་རེད་ཟེར་རྒྱུ་མི་འདུག
འདས་པའི་མི་ལོ་དྲུག་ཅུའི་ནང་གི་ཕམ་ཁ་དང་གྱོང་ཆེ་ཤོས་ནི། བཀའ་ཤག་སྐབས་བཅོ་ལྔ་པ་འདིས། བོད་མིའི་རྩ་དོན་འཐབ་རྩོད་ཀྱི་ནུས་པ་དང་སྟོབས་ཤུགས་ཀྱི་རྩ་བ་ཡིན་པའི་༼ཆིག་སྒྲིལ་གོང་བུ་གཏོར་བཤིག༽་བཏང་བ་འདི་ཆགས་ཡོད་པ་མཁྱེན་པ་གནང་སྟེ། ད་ནི་ཕྱག་ལས་ལ་གྲུབ་འབྲས་མ་ཐོན་ནའང་ཁྱད་པར་མི་འདུག ལྷག་མའི་ཟླ་བ་བཅུ་གྲངས་དེའི་ནང་ལ། གཙོ་བོ་བཀའ་ཤག་གིས་མང་ཚོགས་ནང་གཏམ་ཡན་སྤེལ་མཚམས་བཞག་པ་ཡིན་ན། དེས་རྩ་དོན་ལ་ཕན་གི་རེད། དཀྲུགས་ཤིང་རྒྱག་མཚམས་བཞག་པ་ཡིན་ན། དེས་མཐུན་སྒྲིལ་ལ་ཕན་གི་རེད། ད་ཆ་མི་དམངས་ཀྱིས་རེ་བ་འདི་འདྲ་ཞིག་རྒྱག་གི་དགོས་ཆགས་ཡོད་པ་རེད།
དཔལ་ལྡན་སྲིད་སྐྱོང་གིས་དོན་གཅོད་སྤེན་ཚེ་སྐོར་ལ་ནོར་འཁྲུལ་ཆེན་པོ་གཉིས་ཤོར་ཡོད། དང་པོ་ནི། སྤྱིར་སྲིད་སྐྱོང་མཆོག་གིས་སྤེན་ཚེ་དོན་གཅོད་ནས་ཕུད་པ་དེ་ཧ་ལས་དགོས་པ་ཞིག་མ་རེད། སྲིད་སྐྱོང་གི་ཁོང་རང་གི་ཕྱོགས་གཏོགས་ཚང་མ་ལས་བྱེད་ལ་བསྐོས་ཀྱང་ལུགས་དང་མི་མཐུན་པ་ཞིག་མ་རེད། ཡིན་ཡང་གནད་ཡོད་མི་སྣ་ཞིག་ལས་སྣེ་ནས་ཕུད་ན་ཕུད་སྟངས་དེ་ཧ་ཅང་གིས་གཟབ་དགོས་པ་རེད། དེ་གཟབ་གཟབ་མ་གནང་བ་དེ་ནི་ཁོང་ལ་ཆབ་སྲིད་ཀྱི་ཉམས་མྱོང་མེད་པའི་སྐྱོན་རེད། གཉིས་པ་ནི། མི་སུ་ཞིག་ཡིན་ཀྱང་ནོར་འཁྲུལ་ཤོར་སྲིད་པ་ཞིག་རེད། ཁྲིམས་ཁང་ནས་ཀྱང་ཐོབ་ཤོར་གཉིས་ཀ་འོང་སྲིད་པ་ཞིག་རེད། བཅད་ཁྲ་བཏང་མ་ཐག་ངོས་ལེན་གཙང་མའི་ངང་ནས་དགོངས་དག་ཞུས་ཡོད་ན་སྲིད་སྐྱོང་གི་གཟི་བརྗིད་དུ་ཆགས་སྲིད་པ་ལས་ཞབས་འདྲེན་དུ་འགྲོ་མི་སྲིད། འོན་ཀྱང་ཁོང་གི་ཕྱོགས་གཏོགས་སློབ་སྦྱོང་མེད་པ་དེ་ཚོའི་ཁ་ལ་ཉན་ནས་ཁྲིམས་ཁང་གིས་བཅད་ཁྲ་ལྟར་ངོས་ལེན་མ་གནང་བ་དེ་ནོར་འཁྲུལ་ཚབས་ཆེན་གཉིས་པ་དེ་ཤོར་བ་རེད། ཡིན་ནའང་ད་ཡོད་ཚད་ཕྱིས་སོང་། སླད་མར་འདིའི་སྐོར་ཞི་འཇགས་འོང་བའི་སྨོན་འདུན་དང་བཅས། །
ཁྲིམས་པ་ཁྲིམས་ཁར་ཕམ་ནས།།
ལག་ཁྱེར་བརྩིས་མེད་ཤོར་སོང་།།
ཁྱི་རྒན་སེང་གེར་བརྫུས་པ།།
རྔ་མ་གཅོད་པའི་རྒྱུ་རེད།།
ལོ་གཅིག་ལྷག་གི་རྙོག་གླེང་རིང་མོ་འདིའི་ཁྲོད་དུ། ཆེས་ཡིད་སྐྱོ་དགོས་པ་ཞིག་ཡོད་པ་ནི་མཐོ་ས་དཔོན་པོ་དང་དམའ་ས་མི་སེར་དཀྱུས་མའི་ནང་དུ། འདི་ཆོལ་ཁ་དང་ལུང་ཚན་གྱི་རྩོད་རྙོག་ཅིག་ཏུ་ངོས་འཛིན་བྱེད་ཀྱིན་པ་དེ་རེད།
ཧ་ཝར་ཁྲིམས་ཀྱི་གཙུག་ལག།
ཐོན་དང་མ་ཐོན་ཨེ་འདུག།
ཁྲིམས་ལ་བརྩི་བཀུར་མི་ཤེས།།
སེང་གེ་མིང་སྟོང་ཙམ་རེད།།
ཉི་མ་འཁྱོལ་ཐབས་བྱས་ནས།།
དུས་བཀག་བར་དུ་སྒུག་ཡོད།།
གདམ་བྱ་འདེམ་བྱེད་ཤོར་སྙམ།།
སྐྱག་པ་ཤོར་དགོས་བྱུང་ཡོད།།
མ་འོངས་བོད་ཀྱི་སྲིད་སྟེགས།
འདི་འདྲས་མི་འཛིན་སྨོན་ལམ།།
འབངས་ལ་བདེ་སྐྱིད་མེད་པར།།
ཕུ་དཀྲུཊ་མཐའ་དཀྲུཊ་བྱས་བྱུང་།།
བློ་བཟང་སེང་གེས་བཀའ་བློན་རེས་མོས་བཞིན་ཁྲིམས་ཁང་ལ་བདེན་པ་དག་སྐྱེལ་བྱེད་པར་མངགས་ནའང་། གཅིག་གིས་ཀྱང་ཁ་གྲག་ཕོད་མེད། ཀྲིམས་རྩོད་པ་དེས་མང་པོ་ཞིག་བཤད། རང་གིས་ཅི་ཞིག་བཤད་ཀྱི་ཡོད་པ་དང་སྒྲུབ་ཀྱི་ཡོད་པ་མི་ཤེས་པའི་བར་དུ་བཤད། གཅིག་བྱས་ན། བཀའ་བློན་ཚོ་མགོ་འཐོམ་པ་འདྲ། ཁ་གྲག་དགོས་ས་ནས་ཁ་གྲག་མ་ཐུབ། དྲང་བདེན་བྱས་མ་སོང་ཟེར་ནས་ཁྲིམས་ཁང་ཕྱི་ལོགས་ནས་འུར་རྒྱག་པ་ལས། བཤད་ས་ནས་བདེན་པ་བདེན་སར་འཁྱོལ་བའི་དབུགས་རེ་གཏོང་ཐུབ་ཡོད་ན་གཟི་བརྗིད་ཆེ་རྒྱུ་དང་དགོས་རྒྱུ་དེ་རེད་དེ། ད་རེས་སྲིད་སྐྱོང་དང་བཀའ་བློན་ཚོའི་ལྕེ་དེ་བདེན་པའི་རལ་གྲིས་བཅད་སོང་། རྫུན་གྱི་བྱེ་མཁར་མཐོན་པོ་དེ་བསྒྱེལ་སོང་། ཟེར།
བླ་མ་དང་དཔོན་ལ་དགྲ་ཆེ་ཤོས་དེ་ཉེ་དུ་དང་གཉེན་ཚན་དག་རེད་གང་ལགས་ཤེ་ན་བླ་མས་དེ་དག་གི་ཁ་ལ་བལྟས་པས་རེས་ཆད་མང་པོ་བྱས་རྐྱེན་མཛད་འཕྲིན་ཡོངས་རྫོགས་ཆུ་ལ་གཡུགས་ནས་མཐར་ཁ་ཟེར་མ་ཚད་གསེར་ཁྲི་བབས་དགོས་ཐུག་པ་མ་ཚད་ཁ་མཆུ་ནང་ཐུམ་སྡེ་མི་མཐུན་པའི་སྣ་འདྲེན་ཀྱང་ཀྱི་ཡོད་དེས་ན་སྡ་བན་དེས་དཀྲུག་ཟེར་བ་ཡོད།
དཔོན་དེ་ལྟར་བྱས་རྐྱེན་
སྡ་གཟར་སློང་བ་དང་རང་ཉིད་རུལ་སུང་ཅན་དུ་གྱུར་ནས་ཁྲིམས་ཉེས་ཕོག་སོགས་འབྱུང་རྐྱེན་ངོ་མ་གཉེན་ཉེ་དུས་ཞབས་ལ་ཐག་པ་བཏགས་པས་རྐྱེན་གྱི་ཡོང་བ་སྔ་དེང་ཕྱིས་གསུམ་གསལ་པོ་རེད་མནའ་སྔ་མོ་ཡིན་ན་བླ་ཆེན་དང་དཔོན་ཆེན་ཚོས་དེ་དག་ལ་ཧ་ཅང་འཛེམས་ཟོན་བྱས་ནས་གཉེན་ཙམ་གྱི་འབྲེལ་བ་ལས་དབང་གཏན་ནས་བཀུར་གྱི་མེད་དེས་ན་དགྲ་རེད་དོན་དེ་འདྲ་རེད
བ་གླང་ལྟ་བུའི་བླུན་ཚོགས་མང་པོའི་ཁྲོད། །བློ་སེང་ཁྲིམས་དོན་མཁས་དབང་ཡིན་པར་སྨྲ། །དོན་གྱིས་སྟོང་བའི་ལག་འཁྱེར་ཤོག་ལྷེ་དེ། །ལོ་འཁོར་གསུམ་བཞི་ཙམ་གྱིས་ཐོབ་པར་བཤད། །བོད་ཀྱི་གོམས་སྲོལ་ལྷ་རམས་ལག་འཁྱེར་ནི། །ལོ་ངོ་བཅུ་ཕྲག་ལྷག་ལ་ཉིན་མཚན་ཀུན། །ལྷོད་མེད་ཡུན་རིང་བརྩོན་པའི་འབྲས་བུ་ཡིན། །དོན་གྱི་ཕྱག་འཁྱེར་འདི་ལ་འགྲན་ཟླ་བྲལ། །
བོད་བཙན་པོའི་རྒྱལ་རབས་ཀྱི་མངའ་ཐང་།
https://www.facebook.com/voatibetan/videos/518180082375213/?v=518180082375213
རྩོམ་པ་པོ་ཤར་པ་ངག་དབང་བློ་གྲོས་ལགས་ཀྱི་རྩོམ་འདི་བཀླགས་ནས་སྡོམ་ཚིག་ཅིག་བཀོད་ན། ཁོང་ལ་མང་གཙོའི་གོ་རྟོགས་ཞན་པོ་ཡོད་པ་འདྲ་ཞིག་ཚོར་བྱུང་། མཆན་ངན་པ་བྲིས་པ་རྩ་ནས་མིན། བསམ་ཚུལ་སྲོང་བོར་བརྗོད་ཁུལ་བྱས་པ་ཡིན།
ཟླ་བ་མང་པོའི་རྗེས་སུ་ཁ་བརྡ་ཚང་ལ་གཅིག་བཅར་བ་ཡིན།
བློ་བཟང་སེང་གེས་བཀའ་བློན་རེས་མོས་བཞིན་ཁྲིམས་ཁང་ལ་བདེན་པ་དག་སྐྱེལ་བྱེད་པར་མངགས་ནའང་། གཅིག་གིས་ཀྱང་ཁ་གྲག་ཕོད་མེད། ཀྲིམས་རྩོད་པ་དེས་མང་པོ་ཞིག་བཤད། རང་གིས་ཅི་ཞིག་བཤད་ཀྱི་ཡོད་པ་དང་སྒྲུབ་ཀྱི་ཡོད་པ་མི་ཤེས་པའི་བར་དུ་བཤད། གཅིག་བྱས་ན། བཀའ་བློན་ཚོ་མགོ་འཐོམ་པ་འདྲ། ཁ་གྲག་དགོས་ས་ནས་ཁ་གྲག་མ་ཐུབ། དྲང་བདེན་བྱས་མ་སོང་ཟེར་ནས་ཁྲིམས་ཁང་ཕྱི་ལོགས་ནས་འུར་རྒྱག་པ་ལས། བཤད་ས་ནས་བདེན་པ་བདེན་སར་འཁྱོལ་བའི་དབུགས་རེ་གཏོང་ཐུབ་ཡོད་ན་གཟི་བརྗིད་ཆེ་རྒྱུ་དང་དགོས་རྒྱུ་དེ་རེད་དེ། ད་རེས་སྲིད་སྐྱོང་དང་བཀའ་བློན་ཚོའི་ལྕེ་དེ་བདེན་པའི་རལ་གྲིས་བཅད་སོང་། རྫུན་གྱི་བྱེ་མཁར་མཐོན་པོ་དེ་བསྒྱེལ་སོང་། ཟེར།