ཀླུ་སྨྱོན།
སྐུ་འདི་སྟོན་པ་སངས་རྒྱས་ཀྱི་སྐུ་རེད་དམ་ཇེན་ནམ་གཅེར་བུ་བའི་ཆོས་ལུགས་ཀྱི་སྟོན་པ་དཔའ་བོ་ཆེན་པོའམ་མཧབེ་ར་རེད། དགེ་ཆོས་ཀྱིས་ཁོང་གཉིས་ཀྱི་སྐུ་འདྲ་ལས་གཙུག་ཏོར་གྱི་དབྱིབས་དང་གོས་ཡོད་མེད་ཙམ་གྱིས་མ་གཏོགས་ཁྱད་པར་འབྱེད་མི་ཐུབ་གསུངས་འདུག སྐུ་ལ་ན་བཟའ་མེད་པ་དང་གཙུག་ཏོར་འབྲུ་ཚུགས་སུ་མེད་པར་ཟླུམ་པོ་ཡིན་པས། སྐུ་འདི་ནི་ཁྱེད་ཀྱི་ཚོད་དཔག་དང་མཐུན་པར་ཇེན་གྱི་སྟོན་པ་རེད། སྟོན་པ་ཆེན་པོ་འདི་གཉིས་དུས་རབས་གཅིག་གི་ནང་དུ་འཁྲུངས་པ་རེད་ལ། གཉིས་ཀས་འཚེ་མེད་ཞི་བའི་ཆོས་བསྟན། མཧབྷེ་རས་ཁོང་གི་རྗེས་འབྲངས་ཚོས་མི་ཚེ་གང་བོར་དཀར་ཟས་བཟའ་དགོས་པའི་ལམ་སྟོན་གནང་ཡོད།
ཤེས་བྱའི་གོ་རྟོགས་སྤེལ་བར་བཀྲིན་ཆེ་ ཀླུ་སྨྱོན་ལགས།
གཙུག་ཏོར་འདི་ནི་འབྲུ་ཚུགས་ཡིན་པ་ལས་ཟླུམ་པོ་ག་ལ་ཡིན། འབྲུ་ཚུགས་ཞེས་པ་ནི་འབྲུ་སྤུང་པ་ལྟ་བུ་ལ་ཟེར་བ་མིན་ནམ།
ཀླུ་སྨྱོན་ཚང་བོད་ཀྱི་སྒྲ་དག་་གི་ཡི་གེའི་དག་ཆ་ལ་དོ་སྣང་མེད་ན། བོད་སྒྲ་མ་ཡིན་པ་ཞིག་བོད་ཡིག་ཏུ་འབྲི་བ་ན་དག་ཆ་ཚད་ལྡན་ཞིག་ག་ལ་འོང་། དེ་ཡང་། ཇཻ་ན། ཞེས་པ་རྒྱལ་བ་པ་དང་། ཇི་ན། རྒྱལ་བ་ལ་འཇུག དེ་བཞིན་དུ། མ་ཧཱ་བཱི་ར། ཞེས་པ་དཔའ་བོ་ཆེན་པོ། དེ་ཡང་། མཧབེ་ར། མ་ཧཱ། ཞེས་ཧ་ཡིག་རིང་པོ་དགོས། བེ་ར། ཞེས་འབྲི་བ་ནི། ཤིན་ཏུ་ནོར་ཏེ། བེ་ར། ཞེས་པ་ནི་ལེགས་སྦྱར་དང་། པཱ་ལིའི་སྐད་དུ། སྡང་བ་ལ་འཇུག མཧབེ་ར། རང་གིས་བྲིས་པ་ལ་ཡང་ཆ་མ་གནས་པར་འོག་ཏུ་མཧབྷེ་ར་ཞེས་མི་འདྲ་བ་གཉིས་བྲིས་ཏེ། ཕྱི་ལོགས་པ་ལྟར་ཡི་གེ་མིང་སྒྲ་ལ་དོ་སྣང་བྱེད་པ་པོ་ཞིག་ཡིན་ན། ཀླུ་སྨྱོན་ཚང་གིས་བྲིས་པའི་མིང་ཚིག་དེ་དག་གིས་བོད་ཀྱི་ཀློག་པ་པོ་དག་མགོ་འཐོམས་པའི་གནས་སུ་བསྐྱལ་པ་ཞིག་གོ།
མྱི་རིགས་འདྲ་རིགས་འདྲ་རིག་ན་དགོད་སྤྱད། ལྷ་རིགས་འདྲ་རིགས་འདྲ་རིག་ན་འཕྲུལ་སྤྱད། ངེད་ཁའི་ཨ་ཁུའི་ཀུན་དགའ་ར་བ་ན་ག་རེ་ག་རེ་ཞིག་ཡོད་པ་མ་ཤེས་ཐལ། དཀོན་མཆོག་མཁྱེན། མ་གཞི་ཕྱག་དད་པས་ཟིན་ན་གཅིག་པ་མིན་འགྲོ་ཨ།
གཅེར་བུ་བའི་ལུགས་ཀྱི་དགེ་བཅུ་ནི་ཤིན་ཏུ་གུ་དོགས་ཏེ། མ་བྱིན་བླངས་པའི་འཛེམ་སྟངས་ལ་ཁ་སྐོམ་ནས་འུ་ཐུག་ནའང་སྤྲོད་མཁན་མེད་པར་བདག་མེད་དུ་བབས་པའི་ཆུ་ཡང་འཐུང་མི་བཏུབ་པ་སོགས་རེད།
ཡིན་ནའང་འགྲམ་ཆུ་ལྡང་དགོས་དོན་མིན་འདུག་ཨ།
སྐུ་འདྲ་ནོར་ས་ཡོད་མེད་དང་ཁྱད་པར་བྲིས་ཤོག་ཟེར་དུས་ཡང་དགེ་བཅུའི་ཁྱད་པར་བཤད་ཀྱི་འདུག་གང་ཤེས།
རྒན་ལ་དྭགས་པས་ནམ་ཡང་ཡིག་ནོར་དག་སེལ་དང་།
ལྷག་པར་བོད་ཡིག་ལ་བཅངས་པའི་འདུ་ཤེས་ནི་རི་རབ་ཀྱི་ལྟོས་ལས་ཆེ་བ་རེད།
མིག་ལྟོས་བྱེད་དགོས་ས་ཞིག་དང་རྗེས་སུ་ཡིད་རངས་བྱེད་དགོས་ས་ཞིག་ཏུ་མཐོང་།
མི་རིགས་དང་རིག་གཞུང་གི་ཆེད་དུ་སྐུ་ཚེ་རྒྱལ་མཚན་བརྟན་པར་སྨོན།
བན་དེ་བས་འདྲ་པོ་འདྲ་ཞིག་བཤད་འདུག ཧ་ཧ་ཧ་ཧ་ཧ
ཟླ་བ་ལྔ་པ་དང་རྒྱལ་བ་ལྔ་པ་ནོར་མི་སྲིད།
རང་གི་སྟོན་པ་དང་གཞན་གྱི་སྟོན་པ་ནོར་མི་སྲིད།
ཨ་མ་དང་ཆང་མ་ནོར་མི་སྲིད།
བལ་པོའི་ཞྭ་མོ་དང་བོད་ཀྱི་རྩམ་ཁུག་ནོར་མི་སྲིད།
ཀླུ་སྨྱོན་དང་རྩ་སྨྱོན་ནོར་མི་སྲིད།
དེང་རིང་ཀླུ་སྨྱོན་དོ་རྡོ་རིན་པོ་ཆེས་ཚོགས་བསགས་འདུག སྟོན་པའི་དུས་ཆེན་ལ་མུ་སྟེགས་སྟོན་པའི་སྐུ་པར་
མཐོང་བས་རྣམ་རྟོག་ཉེ་འདྲ་བོ་བྱས་སོང་།
ཆོས་ལུགས་ཟེར་བ་ནི་དེ་འདྲ་རེད། གཅིག་གིས་གཅིག་ལ་བལྟས་ནས་བཟོས་བ་ཞིག་རེད། དེ་ནི་ཧ་ལས་བ་ཞིག་རེད་སྙམ་ན་ནར་མ་སོན་པའི་བསམ་བློ་རེད།
ནང་པས་ཁོང་ཚོ་དམིགས་བསལ་བ་ཞིག་སྙམ་ཡང་ཐ་ན་སྐུ་འདྲ་ཡི་ཕྱག་རྒྱ་ཡང་གཞན་གྱི་ལས་ཟློས་རེད། ད་རང་མགོ་རང་གིས་སྐོར་ཡ། ཚར་སྲོག་མ་ཆད་བར་དུ་སྐོར།
རང་རེའི་ཇོ་ཁང་གི་སྟོན་པའི་སྐུ་བརྙན་དེ་ཡང་རས་གཟན་ཙམ་མ་གཏོགས་བསྣབས་མེད་ན་ཅི་མ་རུང་། སྐུ་དེའི་ཐོག་ནས་ང་ཚོས་གང་ནས་བཞེངས་མིན། ག་དུས་བཞེངས་མིན། དོན་ངོ་མ་རྒྱ་ནག་གི་སྐུ་ཞིག་གམ་རྒྱ་གར་ཡང་ན་ཨར་ལས་དང་ལག་ཤེས་ལ་དཔྱད་ཞིབ་པས་བརྗོད་པ་བཞིན་ལི་ཡུལ་ནས་ཡིན་མིན་གསལ་བོར་ཤེས་ཐུབ་པ་མ་ཟད་གནའ་སྔ་མོའི་སྒྱུ་རྩལ་གསོན་པོ་ཞིག་གི་བྱིན་རླབས་ཀྱི་དྲོད་ཁོལ་ལ་བསྲོ་ཐུབ་ཀྱི་རེད་དེ།
རང་རེ་རྣམས་རྒྱན་ཆ་ལ་གཅེས་པའི་ཕྱིར་རྩ་ཆེ་བའི་སྐུ་འདྲ་ཁེར་མོ་དེ་ཡང་མགོ་ལུས་མ་ལུས་པ་རྒྱན་གྱིས་གཡོགས་ཏེ་སྐུ་དྲག་ཁྱིམ་ཚང་ཞིག་གི་ཤོམ་དང་གཟབ་མཆོར་ལ་དགའ་བའི་སྲས་མོ་བཞིན་བཟོས་འདུག་པ་འདི་ཡ་ཆ།
སྐུ་འདྲ་རྒྱན་གྱིས་གཡོགས་ནས་བསོད་ནམས་ད་ཚད་མེད་པའི་རྒྱ་ཆེན་པོ་བསགས་ཡོད་རྒྱུ་རེད་དེ་གནའ་བོའི་སྒྱུ་རྩལ་གྱི་རྣམ་པ་རྦད་དེ་བསྒྱུར་པ་འདི་ཡང་ཉེས་པ་ཞིག་རེད། ཉེས་པ་ཞིག་ཡིན་ན་ཡང་ཉེས་པ་ཅན་གྱི་སྒྱུ་རྩལ་གཞན་ཞིག་སྟེ་མི་རིགས་ཤིག་གི་སེམས་འདུན་གྱི་སྒྱུ་རྩལ་ཞིག་ཡིན་དགོས་པ་འདུག
ཡ་ཆ་ཟེར་ན་ག་རེ་རེད། ངོ་མ་མི་གོ་འི། མགོན་པོ་ལགས།
མགོན་པོ་ཕྱག་གཉིས་པ་ལགས་ཀྱི་མཆན་༡༣་པ་དེ་བཀླགས་པས་ཚིག་ཁ་ཤས་ཤིག་གླེང་དགོས་པ་བྱུང་སོང་། སྔར་དུས་རབས་༡༤་སྐབས་སུ་ཇོ་ཁང་གི་སྟོན་པའི་སྐུ་བརྙན་དེའི་རྣམ་པར་བསྒྱུར་བ་ཆེན་པོ་བཏང་བ་དེ་ལ། དེང་སང་བསྒྱུར་བ་གཏོང་དགོས་པའི་རྒྱུ་མཚན་གཙོ་བོ་གང་ཡིན་སེམས་པའི་བསམ་བློ་ཡང་ཡང་གཏོང་དགོས་པ་བཟོ་གི་འདུག། ཅིའི་ཕྱིར་ན་བསྒྱུར་བ་གཏོང་མཁན་དེ་མི་ཕལ་བ་ཙམ་པོ་བ་ཞིག་མ་ཡིན་པས་སོ། རྒྱ་ནག་གི་ལྷ་ཡིན་ནམ། རྒྱ་གར་གྱི་ལྷ་ཡིན་ནམ། ལི་ཡུལ་གྱི་ལྷ་ཡིན་ནམ།ཞང་ཞུང་གི་ལྷ་ཡིན་ནམ། ང་ཚོས་ཤེས་འདོད་ཆེན་པོ་ཡོད། སྲོང་བཙན་གྱི་བཙུན་མོ་ཞང་ཞུང་བཟའ་ལིག་ཏིག་སྨན་མཆོག་གིས་ཞང་ཞུང་ནས་བསྣམས་ཡོང་བའི་་་གཤེན་རབ་དགུང་ལོ་བརྒྱད་པའི་སྐུ་ཚད་ཅན་་་་གྱི་སྐུ་བརྙན་ཞིག་ཡོད་པ་ལོ་རྒྱུས་ནང་གསལ་འདུག། ད་དུང་སྲོང་བཙན་གྱིས་ཞང་ཞུང་བཟའ་ལིག་ཏིག་སྨན་གྱི་ཆེད་དུ་ཐེམ་བུ་ཀོག་གི་ལྷ་ཁང་བཞེངས་བའི་ལོ་རྒྱུས་ཀྱང་འདུག།
དེ་ཞང་ཞུང་གི་ལྷ་རེད། ད་དུང་ཡག་ཀ་ད་འདྲ་འདུག་ན་དེ་ཚོའང་ཞང་ཞུང་གི་རེད། བོད་རང་གི་གང་ཡང་མེད་དོ། ། ཡོད་ཚད་ཕྱི་རྒྱལ་གྱི་རེད།
་་་་་ འོ་སྐོལ་གྱི་སྟོན་པ་དགུང་ལོ་བརྒྱད་པ་དང་བཅུ་གཉིས་པའི་སྐུ་ཚད་སངས་རྒྱས་གདོས་ཀྱི་ཞལ་སྐཡིན་གདན་འདྲེན་པའི་ཆེད་འཇིག་རྟེན་མཐུན་འཇུག་གི་ཚུལ་དུ་ཁྲོ་གཉེར་ཅན་གྱི་སྤྲུལ་པ་བལ་མོ་བཟའ་ཁྲི་བཙུན་དང་། སྒྲོལ་མའི་རྣམ་སྤྲུལ་རྒྱ་མོ་བཟའ་འུན་ཞིང་ཀོང་ཇོ་ཞེས་མཚོ་ནང་གི་པདྨར་གྲགས་པ་གཉིས་ཁབ་ཏུ་བསུས། ་་་་་་
རྒན་ལ་དྭགས་པ་ལགས། བེ་ར་ཞེས་པའི་ཚིག་དེ་ནི་ཁོ་བོས་དགེ་ཆོས་ཀྱི་གཏམ་རྒྱུད་གསེར་ཐང་ལས་དྲངས་པ་ཞིག་ཡིན་ཞིང་། གལ་སྲིད་ནོར་ཡོད་ན་དགེ་ཆོས་ཁོང་ནོར་བ་ཡིན། ཐུགས་ཡིད་མི་ཆེས་ན་གཏམ་རྒྱུད་གསེར་ཐང་བོད་ལྗོངས་པར་མའི་ཤོག་ངོས་༢༠༢ལ་གཟིགས་པར་འཚལ།
ཇོ་བོར་དབུ་རྒྱན་སོགས་ཕུལ་ནས་ལོངས་སྐུའི་རྣམ་པ་ཅན་དུ་བསྒྱུར་མཁན་ནི་རྗེ་ཙོང་ཁ་པ་རེད། དེ་ལྟར་བྱས་པས་བསྟན་པའི་གནས་ཚད་ཇེ་རིང་དུ་བཏང་ཡོད་ཅེས་དགེ་ལུགས་པ་དག་ཟེར་ཞིང་། དེ་ལ་མི་དགའ་མཁན་ཞིག་གིས་གཏེར་ཡིག་ཡིན་ཁུལ་ཞིག་བྲིས་ཏེ་སྤྲུལ་སྐུའི་ཆ་བྱད་ལོངས་སྐུར་བསྒྱུར་པ་དེ་བདུད་ལས་ཡིན་པ་འདྲ་བོ་ཞིག་བཤད་ཡོད་པ་རེད།
ཨ་ཁུ་ཀླུ་སྨྱོན་ལགས། ཁྱེད་ལ༼སྐད་འཕྲིན༽ཡོད་ན་ཕྲན་གྱི་སྐད་འཕྲིན511580549ནང་དུ་འཇུག་རོཊ་ཞུ།