(པ་ཚེ་རིང་ལགས་སུ་དགོད་གཏམ་ཐད་བཅར་འདྲི་ཞུས་པ། )
བཅར་འདྲི་བྱེད་མཁན། སྐལ་བཟང་ཉི་མ།
དྲི་བ། ཐོག་མར་ཁྱོད་ཀྱི་སློབ་སྦྱོང་གི་བརྒྱུད་རིམ་ངོ་སྤྲོད་གནང་རོགས།
ལན། ངས་སློབ་སྦྱོང་བྱས་པ་ཟེར་ན་རེད། མིག་གདངས་པ་ནས་སློབ་གྲྭ་རུ་བསྡད་པ་རེད། ལོ་ག་ཚོད་ཅིག་ཡིན་མིན་བཤད་རྒྱུ་མེད་དེ། ཕལ་ཆེར་ལོ་བཞི་ལྔ་ནས་ཕ་མས་སློབ་གྲྭར་བཏང་ནས་མིག་གདངས་དུས་སློབ་གྲྭ་རུ་འདུག དེ་ནས་ལོ་ཉི་ཤུ་ཐམ་པ་ཏག་ཏག་བར སློབ་གྲྭ་རུ་བསྡད་ནས་འཛིན་གྲྭ་བཅུ་བའི་རྒྱལ་ཡོངས་ཡིག་རྒྱུགས་མ་འཕྲོད་པ་རེད། དེ་ནས་སློབ་སྦྱོང་མ་བྱས་པར་སློབ་གྲྭ་ནས་ཐོན་ཏེ་ཟླ་བ་གཉིས་གསུམ་ཅིག་ལ་གླ་བ་རུ་བརྒྱུགས་ནས་ལམ་བཟོ་བྱས་པ་དང་། དཀལ་ལས་ཞེ་དྲགས་འཕྲད་ནས་སློབ་སྦྱོང་འདི་གལ་ཆེན་པོ་ཞེ་དྲགས་འདུག་སྙམ་པ་རེད། སྔོན་མ་ཡིན་ན་ངས་སློབ་སྦྱོང་ཟེར་བ་དེ་དམིགས་བསལ་ཞིག་རེད་བསམ་གྱི་མེད། དེ་ལས་ཀ་ཡག་པོ་ཅིག་རེག་པ་དང་རྐུབ་སྟེགས་ཡག་པོ་ཞིག་རེག་པའི་དམིགས་ཡུལ་དེ་འདྲ་ཞིག་བཟུང་བ་རེད། རྗེས་ལ་བསམ་དུས་སློབ་སྦྱོང་དེ་འདྲ་ཞིག་རེད་མི་འདུག མི་གྲལ་ལ་ཚུད་པའི་ཆ་རྐྱེན་ཞིག་རེད་འདུག དཔེར་ན། ཉ་འདྲ་བོ་ཞིག་ཡིན་ན་ཉུང་མཐར་ཡང་ཆུའི་ནང་དུ་སྡོད་ཤེས་དགོས་པ་དང་རྐྱལ་རྒྱག་ཤེས་དགོས་པ་རེད། སྤྲེའུ་འདྲ་བོ་ཞིག་ཡིན་ན་ཤིང་སྡོང་སྒང་ལ་འཛེགས་ཤེས་དགོས་པ་རེད། མི་གྲལ་ལ་ཚུད་པ་ལ་ཉུང་མཐར་ཡང་ས་སྔོན་མ་ཡིན་ན་འཛིན་གྲྭ་བཅུ་བ་ཐོན་དགོས་པ་དང་། དེང་སང་འཛིན་གྲྭ་བཅུ་གཉིས་ཐོན་པ་མ་ཟད་གློག་ྐླད་མ་ཤེས་ན་མིའི་གྲལ་ལ་མི་ཚུད་དུས། ཁོ་མིའི་གྲལ་ལ་ཚུད་བྱེད་ཅིག་ཆགས་བསྡད་འདུག དེ་འདྲ་བྱས་ནས་སློབ་སྦྱོང་དེ་སོ་སོར་གལ་ཆེན་པོ་ཡིན་པ་མཐོང་ནས་དམག་སྒར་ལ་ཕྱིན་པ་རེད། དམག་སྒར་ལ་དགེ་རྒན་ཟེར་ནས་ཡོད་པ་མ་རེད། སོ་སོས་དུས་ཚོད་བཏོན་ནས་སྦྱང་བསྡད་པ་རེད། དེ་ནས་དུས་ཚོད་ཡོད་ཚད་ལ་དེབ་བྐླགས་ནས་བསྡད་ཡིན། སྟབས་མ་ལེགས་པ་ཞིག་ལ་ང་ཚང་མ་ལ་དོ་སྣང་ཡོད་མཁན་ཞིག་ཡིན་པ་རེད། དཔེར་ན། དམག་མིའི་ལས་འགན་ཡོད་པ་རེད། གཏམ་བརྗོད་འཁྲབ་དགོས་ཀྱི་ཡོད་རེད། རོལ་དབྱངས་རུ་ཁག་གི་རྔ་རྡུང་དགོས་ཀྱི་ཡོད་རེད། རྒྱུག་ཤར་ལ་ནི་ང་དགའ་བོ་རེད། འཛིང་ཡ་ལ་ནི་ང་དགའ་བོ་རེད། ཚང་མ་ལ་དེ་འདྲ་ཡོད་རེད་དེ། དེའི་བར་ནས་དུས་ཚོད་བཏོན་དུས་ཚོད་བཏོན་ནས་སོ་སོས་སློབ་སྦྱོང་བྱས་བསྡད་པ་རེད། དེབ་ྐློག་རྐྱང་ྐློག་རྐྱང་བྱས་པ་ཡིན། ཡིག་རྒྱུགས་གཏང་རྒྱུ་རེག་ན་བསམ་སོང་མོད་རེག་ཡོད་པ་མ་རེད། ད་ལྟ་བར་དུ་འཛིན་གྲྭ་བཅུ་བའི་ཡིག་རྒྱུགས་མ་ལོངས་པ་རང་འཇག་རེད། འོ་ད་དེ་རེད། སློབ་སྦྱོང་བྱས་པའི་བརྒྱུད་རིམ་ཟེར་ན་དེ་འདྲ་ཞིག་རེད། འཛིན་གྲྭ་བཅུ་པའི་ཡིག་རྒྱུགས་མ་ལོངས་མཁན་ཞིག་ཡིན།།
དྲི་བ། མི་མང་པོ་ཞིག་གིས་རྒན་ལགས་བཙན་བྱོལ་ནང་གི་དགོད་གཏམ་བཤད་མཁན་དང་། བཙན་བྱོལ་ནང་གི་སྨན་བླ་སྐྱབས་དང་བཙན་བྱོལ་ནང་གི་མིག་དམར་ལགས་ཟེར་ནས་མིང་གིས་འབོད་ཀྱིན་པ་དེར་ཁྱོད་ལ་ཚོར་བ་གང་འདྲ་ཡོད།
ལན། དེར་བསམ་བློ་ཡག་པོ་ཞིག་བཏང་ན་ང་ལ་འགྱོད་པ་ཞིག་ཡོད། གང་ཡིན་ཟེར་ན། མིས་ང་ལ་རེ་བ་བརྒྱབས་པ་དང་མཐོང་སྤྲད་པ་ནང་བཞིན་དེའི་སྟེང་ལ་ངས་དངོས་ནས་དཀའ་ལས་བརྒྱབས་ཡོད་པ་རེད་དམ་ཟེར་ན། ངས་ད་ལྟ་བར་དུ་དགོད་གཏམ་བཤད་པར་ང་རང་གིས་རྣམ་དཔྱོད་བཏོན་ནས་དོ་སྣང་སྤྲད་བཞག་པ་དང་དུས་ཚོད་བཏོན་བཞག་པ་ཕལ་ཆེར་བརྒྱ་ཆ་གཅིག་ལབ་ཆོག་གི་རེད། བྱས་ཙང་ངས་འདིའི་སྟེང་ལ་ཕལ་ཆེར་དོ་སྣང་བྱས་མེད། ད་ལྟ་བར་དུ་སྐྱེས་སྟོབས་རང་གིས་ཁ་རུ་ཁ་ཐུག་ཕྱིན་བསྡད་པ་རེད་མ་གཏོགས། ང་རང་དམག་སྒར་ནས་མར་བཏོན་ཡོང་དུས་ནས་དགོད་གཏམ་བཤད་ནས་འདུག་རྒྱུའི་བསམ་བློ་འདྲ་མེད། ངས་བྱུང་ན་དཔེ་ཆ་རང་བྐླག་ནས་འཕུར་ཐུབ་ན་འཕུར་རྒྱུ་རང་གི་རྩིས་བརྒྱབས་ཡིན། ད་ཡིན་ན་ཡང་ཉོན་མོངས་ག་ལེར་ག་ལེར་ཤུགས་ཆེ་རུ་ཆེ་རུ་འགྲོ་དུས་འཕུར་རྒྱུ་ཕར་བཞག་ནས་མར་མར་འདམ་བག་ནང་འཛུལ་འགྲོ་བཞིན་འདུག འོ་དེ་འདྲ་རེད་མ་གཏོགས་ངས་ཆེད་མངགས་དངོས་ནས་ད་ལྟ་བར་དུ་ག་བར་འཁྲབ་སྟོན་བྱས་པ་ཡིན་ནའང་སང་ཉིན་འཁྲབ་སྟོན་ཡོད་ད་ལོར་འཁྲབ་སྟོན་ཡོད། བྱས་ཙང་ངས་ཅིག་བྱས་ན་མ་གཏོགས་འགྲིག་གི་མ་རེད་བསམ་ནས་ངས་དོ་སྣང་བྱས་ནས་གཞས་བརྩམས་བཞག་པ་དང་། གཏམ་དཔེ་ཡིན་ན་རེད། ད་ག་རེ་ཡིན་ན་ངས་དུས་ཚོད་བཏོན་ནས་བྱས་བཞག་པ་བརྒྱ་ཆ་གཅིག་རེད། ངས་དུས་ཚོད་སྤྲད་མེད། ངའི་ངོས་ནས་དུས་ཚོད་བཏོན་ནས། འགྲོ་སོང་གཏོང་ཉན་ཞིག་གིས་བཏང་། ང་ལ་དུས་ཚོད་ཡོད་དེ་འདྲ་བྱས་ན། རྣམ་དཔྱོད་ཐོན་སྲིད་པ་རེད་ལ། མི་སྲིད་པའང་རེད། ཡིན་ན་ཡང་ད་ལྟ་བར་རླུང་རྟ་རང་རྒྱུགས་སོང་བསམ་བསམ་ཞིག་མ་གཏོགས་འཇོན་སོང་བསམ་བསམ་གང་ཡང་མེད། ད་ཁོ་རང་ཚོ་སྨན་བླ་སྐྱབས་ལྟ་བུ་ཡིན་ན་རྣམ་དཔྱོད་བཏོན་དུས་ཚོད་བཏོན། དེའི་སྒང་ལ་གཞུང་རང་གི་ལས་ཀ་དེའི་སྒང་ལ་བྱས་གླ་ཆ་སྤྲད་བཅས་ནས་ཁོང་ཚོས་རྣམ་དཔྱོད་འདོན་གྱི་ཡོད་རེད་པ། ངའི་ཕྱོགས་ནས་འདི་འདྲའི་སྒང་ལ་རྣམ་དཔྱོད་བཏོན་བཞག་པ་བརྒྱ་ཆ་གཅིག་བཞག་ན་ཕལ་ཆེར་མང་དྲགས་པའི་བཟོ་ཡིན། དེ་འདྲ་ཡིན་དུས་ངའི་དགོད་གཏམ་དེ་ཅིག་ཡིན་བསམ་པའི་ཚོར་བ་འདྲ་གང་ཡང་མེད། དགོད་གཏམ་རྒྱས་བོ་དང་ཧང་སང་དགོས་པ། དགའ་དགོས་པ་གང་ཡང་མེད། ཡིན་ན་ཡང་འཁྲབ་སྟོན་བྱེད་པའི་སྐབས་ལ་མི་དེ་ཚོ་དགའ་སོང་ན་དེ་སྐྱིད་པོ་ཞེ་དྲགས་འདུག ད་ལྟ་བར་དུ་ཡག་པོ་ཞེ་དྲགས་བྱུང་སོང་། འཁྲབ་སྟོན་ཕལ་ཆེར་སུམ་བརྒྱ་ཟིན་མ་ཟིན་ཅིག་བྱས་ཡོད། དེའི་བར་ལ་ཡག་པོ་ཞེ་དྲགས་བྱུང་སོང་། དེ་རླུང་རྟ་རང་རེད་མ་གཏོགས། གཅིག་བྱས་ན་སོ་སོས་སེམས་པ་རྣམ་དག་བྱེད་ཀྱི་ཡོད་དུས་ལྷ་ཆོས་སྐྱོང་སྲུང་མས་རོགས་པ་འདྲ་བྱེད་ཀྱི་ཡོད་ན་གང་ཤེས། གང་ནས་ཡིན་ན་ཡང་གྲ་འགྲིག་པོ་དང་ཚགས་ཚུད་པོ་ཡོང་སྡོད་པ་དེ་ངའི་ངོས་ནས་དུས་ཚོད་བཏོན་བཞག་པ་མེད། འོ་དེ་འདྲ་རེད།
དྲི་བ། རྒན་ལགས་ཀྱིས་འཁྲབ་སྟོན་བྱས་ནས་ད་ལྟ་བར་དུ་ལོ་ག་ཚོད་འགོར་ཡོད་དམ།
སྤྱིར་བཏང་བྱས་ན་ང་ཆུང་ཆུང་ནས་སྐྱེས་སྟོབས་ཀྱིས་འཁྲབ་སྟོན་པ་དེ་འདྲ་ཡིན་པ་འདྲ། ང་ཚོ་བཙན་བྱོལ་བའི་གནས་སྟངས་འདི་འདྲའི་འོག་ནས་བདག་པོ་མ་རེག་པ་རེད་མ་གཏོགས། གཞན་ང་སྐྱེས་དུས་ནས་རང་བཞིན་ཀྱིས་འཁྲབ་སྟོན་པ་རེད་འདུག ཆུང་ཆུང་ནས་འདི་འདྲའི་གདམ་ཀ་སླེབས་ན་ང་ཚུད་ཀྱི་ཡོད། སློབ་གྲྭ་ཡིན་པའི་སྐབས་ལ་རྒྱ་གར་གྱི་གློག་བརྙན་བཟོ་མཁན་དེ་འདྲ་སླེབས་པ་རེད། ཡང་དེའི་ནང་ལ་དང་ཤོས་ང་བདམས་པ་རེད། རྒྱ་གར་གློག་བརྙན་ནང་ལ་བོད་པའི་ནང་ནས་ཕལ་ཆེར་དང་ཤོས་དེ་ང་རེད། སྤྱི་ལོ་༡༩༧༧ལོར་གློག་བརྙན་བཟོས་པ་རེད། དེའི་ནང་གི་འཁྲབ་སྟོན་པ་གཙོ་ཟེར་ན་ང་རེད། དེ་ནས་དམག་སྒར་ནང་ལ་གཏམ་བརྗོད་ཆུང་ཆུང་མང་པོ་འཁྲབ་པ་རེད། ཡིན་ན་ཡང་དམག་སྒར་ནས་མར་ཐོན་ནས། སྤྱི་ལོ་༢༠༠༠ལོར་མར་ཐོན་པ་རེད། ཉིས་སྟོང་གཅིག་ནས་བཟུང་ནམ་རྒྱུན་ལྟར་སྐར་མ་ལྔ་རེར་བཅུ་རེར་བཤད་སྡོད་པ་དེ་འདྲ་མ་ཡིན་པར་ང་རང་རང་གིས་གོང་བསྒྲིགས་པ་ཡིན། དེ་ཡང་གཙོ་བོ་བོད་ཁྱིམ་སློབ་གྲྭ་རེད། བོད་ཁྱིམ་སློབ་གྲྭས་སློབ་ཕྲུག་ཚོར་རྒྱུགས་ཚར་བའི་རྗེས་ལ་རྩེད་མོ་དང་མཉམ་དུ་སློབ་གསོ་ཡོད་པའི་བསླབ་བྱ་རྒྱག་རོགས་ལབ་པ་རེད། དེ་དང་པོ་ཆུ་ཚོད་གཅིག་དང་ཕྱེད་ཀ་ལ་བྱས་པ་དང་། དེ་རིང་འབྲིང་རིམ་ལ་དེ་འདྲ་བྱས་པས་ཕྱི་ཉིན་མཐོ་རིམ་གྱི་དགེ་རྒན་ཚོས་དེ་ཡག་པོ་འདུག་མཐོ་རིམ་གྱི་སློབ་མ་ཚོར་ཡང་དགོས་ཀྱི་འདུག་ལབ་པ་རེད། དེ་འདྲ་བྱས་བཅས་རྗེས་ལ་གཞོན་ནུ་ཚོགས་པས་འཁྲབ་སྟོན་བྱ་རོགས་གསུངས་པ་དང་། དེའི་རྗེས་ལ་གཞན་དང་གཞན་མང་པོས་སྐད་བཏང་ནས་མང་པོ་འཁྲབ་དགོས་པ་དེ་འདྲ་བྱས་ནས་ཆགས་པ་རེད། ཉིས་སྟོང་གཅིག་ནས་འགོ་བཙུགས་ཏེ་ད་ལྟ་བར་དུ་གྲངས་ཀ་མ་བརྒྱབས་པ་རེ་མ་གཏོགས། དེ་འདྲ་བྱས་ཏེ་ཡར་སྐད་བཏང་མར་སྐད་བཏང་ནས་འཁྲབ་སྟོན་སུམ་བརྒྱ་ཟིན་མ་ཟིན་ཅིག་ལ་སླེབས་སོང་། འཁྲབ་སྟོན་ཁག་མང་ཆེ་བར་སློབ་གྲྭ་ཡིན་ན་ནི་དངུལ་ཡོང་རྒྱུ་ཡོད་པ་མ་རེད། མི་མང་པོ་ཞིག་གིས་ངས་དངུལ་གསོག་གི་ཡོད་རེད་བསམ་གྱི་ཡོད་པ་འདྲ། དེ་འདྲ་ཁྱོན་ནས་མ་རེད། མང་ཆེ་བ་གཞོན་ནུ་དང་བུད་མེད་སོགས་ཀྱིས་ང་ལ་བརྟེན་ནས་སློང་རྒྱག་གི་ཡོད་རེད། ཁོང་ཚོས་པ་སངས་ལགས་ཟེར་བའི་མིང་རྫིག་པོ་དེ་ང་ལ་གཡོག་ནས་ཁོང་ཚོས་དངུལ་རྒྱག་ཚད་གསོག་གིན་ཡོད་རེད། ང་ལ་ནི་མི་འགའ་ཤས་ཀྱིས་ཁ་བཏགས་གཡོག འགའ་ཤས་ཀྱིས་ཇ་འཐུང་སྤྱད་བྱོས་ཟེར་ནས་སྒོར་བརྒྱ། ལྔ་བརྒྱ། གཅིག་སྟོང་། སོ་སོར་དངུལ་ཡག་པོ་གསོག་ཐུབ་མཁན་གྱི་བློ་ཁོག་ཆེན་པོ་དེ་ཚོས་ལྔ་སྟོང་། ཁྲི་གཅིག་དེ་འདྲ་སྤྲོད་ཀྱི་ཡོད་པ་རེད། དེ་མ་གཏོགས་ཞེ་དྲགས་མང་པོ་དེ་འདྲ་ཡོད་པ་མ་རེད། འོ་དེ་འདྲ་རེད།
དྲི་བ། ཁྱེད་རང་གིས་ད་ལྟ་བར་དུ་དགོད་གཏམ་མང་པོ་ཞིག་བཤད་ཡོད་རེད། དེ་དག་ཚང་མ་ལ་ཐུན་མོང་གི་ཁྱད་ཆོས་ག་རེ་ཡོད་དམ།
ལན། ངའི་དེའི་ནང་ལ་ཁྱད་ཆོས་གཙོ་བོ་དེ། མི་དགའ་ན་ང་ཡང་སྐྱིད་པོ་ཡོད་རེད་པ། ང་ཚོས་ང་ཀྲོག་ཀྲོག་ཡོང་བ་དང་རྫིག་པོ་ཡོང་བར་བྱེད་པ་དེ་མིས་ང་རྫིག་པོ་མཐོང་གི་རེད་བསམ་པ་རེད་པ། མིས་ང་རྫིག་པོ་མཐོང་ན་ང་དགའ་བོ་ཡོང་གི་ཡོད་རེད་པ། དུག་ལོག་ཡག་པོ་ཞིག་གོན་ནས་ལས་ཀ་ཡག་པོ་ཞིག་རེག་ན་ང་རྫིག་པོ་མཐོང་གི་རེད། ང་ལ་དངུལ་རེག་གི་རེད། གཙོ་བོ་ང་དགའ་བོ་ཡོང་བ་དེ་རེད་པ། བྱས་ཙང་མི་དགའ་ན་རང་གཞན་གཉིས་ཀ་དགའ་རྒྱུ་ཡོད་དུས། མི་དགའ་བོ་ཡོང་རྒྱུ་གཙོ་བོ་རེད་བྱ། དེའི་ཞོར་ལ་ང་དངུལ་ཉུང་ཉུང་ཞིག་གི་སྒང་ནས་མི་ཚེ་སྐྱེལ་སྡོད་མཁན་ཞིག་ཡིན་དུས། མི་དགོས་མི་དགོས་ལབ་ན་ཁོང་ཚོས་ཇ་རིན་ཆུ་རིན་ལྟ་བུ་ལ་སྒོར་བརྒྱ། ཉིས་བརྒྱ། ལྔ་བརྒྱ། གཅིག་སྟོང་དེ་འདྲ་སྤྲོད་པ་དེ། ང་རྫིག་པོ་བྱས་ནས་སྡོད་ཀྱི་ཡོད་མ་རེད་པ། མོ་ཊ་ནི་ང་ལ་ཡོད་མ་རེད། ལག་འཁྱེར་ཁ་པར་ནི་ང་ལ་ཡོད་མ་རེད། ད་འདྲ་ཡིན་དུས་ང་ལ་དངུལ་དེ་ཞེ་དྲགས་མང་པོ་རེད་པ། མི་ཅིག་གིས་གཅིག་སྟོང་སྤྲད་པ་ཡིན་ན་ཡང་ང་ལ་ལམ་སང་འབུམ་གཅིག་རེག་པའི་ཚོར་བ་སླེབས་ཡོང་གི་འདུག་ བྱས་ཙང་དགོད་གཏམ་མང་པོ་བཤད་ཡོང་དུས་གཙོ་བོ་མིས་ཚུར་དགའ་བོ་བྱེད་ཀྱི་འདུག་ག ཕན་ཚུན་གཉིས་ཀ་སྐྱིད་པོ་ཡོང་གི་ཡོད་པ་དེ་རེད། དེའི་ཞོར་ལ་ང་ལ་ག་རེ་ཡོད་རེད་ཟེར་ན། རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ཐད་ཀར་མ་གོ་བ་དེ་དགོད་གཏམ་ནང་ལ་འཇུག་ཐུབ་ཀྱི་འདུག དེ་ནང་བཞིན་ང་ཚོའི་རིག་གཞུང་ནང་ལ་ནོར་འཁྲུལ་མང་པོ་ཡོང་གི་ཡོད་པ་དེ་དག་བསྐོར་ནས་དགོད་གཏམ་ནང་ལ་ལྡུག་ཐུབ་ཀྱི་ཡོད་པ་རེད་པ། དེ་འདྲ་བྱས་ནས་སྐྱོན་ཆ་དེ་ཚོ་གསལ་བོ་བཟོ་ཐུབ་ཀྱི་འདུག་ལ། བསླབ་བྱ་ཡང་རྒྱག་ཐུབ་ཀྱི་ཡོད་དུས། སྐྱིད་པོ་འདུག སྨད་ར་གཏོང་གི་ཡོད་◌རེད་དེ་སྨད་ར་དེ་སློབ་གསོའི་ངོ་བོའི་ཐོག་ནས་གཏོང་གི་ཡོད་རེད་པ། སྨད་ར་དེ་དོན་གྱིས་ཡར་རྒྱས་འགྲོ་བའི་སྟེང་ལ་སོང་ནས་ཕན་གྱི་ཡོད་རེད་པ། དེ་འདྲ་ཡིན་དུས་སེམས་སྐྱིད་པོ་ཡོང་གི་འདུག རེད་པ། དེ་འདྲ་རེད།
སྒྱུ་རྩལ་པའི་བདག་སྒྲ་དེ་ཐོབ་མིན་མི་ཤེས་ཀྱང་། གང་ལྟར་ཁོ་རང་གིས་བཙན་བྱོལ་སྤྱི་ཚོགས་སུ་མིང་བརྡ་དེ་ཁྱབ་ཏུ་བཅུག་ཡོད་པ་རེད། ཁོ་རང་གི་དགོད་ཁ་སློང་བྱེད་དེས་སློབ་གསོའི་ནུས་པ་ཞིག་ཐོན་གྱི་ཡོད་ན་གནས་ཚུལ་གཞན་ཞིག་རེད་མ་གཏོགས། ཆེད་སྦྱོང་གི་ཤེས་ཚད་མེད་པ་དེ་གཅིག་གཅིག་གཉིས་གཉིས་ཀྱིས་བརྗོད་འདུག
དོན་གྱི་སྒྱུ་རྩལ་བ་ཆེན་མོ་སྨན་བླ་སྐྱབས་ཀྱི་མིང་བྱང་བཀོལ་བ་དེ་ནི་ཅུང་ཙམ་དགུང་དུ་བཏེགས་པ་འདྲ་བོ་འདུག མ་གཞི་བཙན་བྱོལ་ནང་སྒྱུ་རྩལ་གྱི་ཐ་སྙད་ལ་འདྲེས་ཆ་མེད་པའི་དབང་གིས་པ་ཚེ་རིང་ལྟ་བུའང་དེའི་ཁུངས་སུ་བཅུག་པ་རེད། དེ་ནི་ཕྱི་ཤུན་གྱི་མཛེས་པ་ཁོ་ནར་འཇུས་པའི་རྣམ་རྟོག་གི་འཁྲུལ་ཆ་ཞིག་གོ
ངས་བྱས་པ་ཚེ་རིང་ལས་སྐལ་བཟང་ཟེར་བའི་མི་དེ་སྒྱུ་རྩལ་པ་ལྷག་པ་རེད་འདུག ཁོའི་རྣ་ཅོག་ཡག་པོ་མེད་པས་གང་ལྟར་པ་ཚེ་རིང་གི་མིང་དེ་བ་ཚེ་རིང་མ་བཟོས་པ་མ་གཏོགས་འཛིན་གྲྭ་བཅུ་པ་ནས་དགའ་པོའི་བར་པ་ཕལ་ཆེར་བ་བཟོས་འདུག བོད་ཀྱི་སྐད་ཡིག་ལ་སྤྱི་སེམས་ཡོད་ན་བྱས་སྟངས་དེ་འདྲ་མ་རེད།
གང་ལྟར་འགྲིགས་འདུག་ཡ་པ་ཚེ་རིང་བཀྲ་ཤིས་བདེ་ལེགས་ཡོད་་་ཁྱེད་ཉིད་མི་ཚོགས་ཁྲོད་སླེབས་ན་མི་ཚང་མ་འཛུམ་མདངས་ཤིག་ཤིག་བྱེད་བཞིན་འདུག་ལ་་་ཁྱེད་ཉིད་ཁྲོམ་པར་ཏུ་སླེབས་ན་མི་ཚང་མའི་ལག་འཇུ་བྱེད་བཞིན་པས་་་འདི་དག་ཡོདཚད་ཁྱེད་ཀྱི་སྒྱུ་རྩལ་རེད་ལ་ལྷག་བསམ་ཡང་རེད་ལགས་
བཙན་བྱོལ་ཁྲོད་སྒྱུ་རྩལ་པ་ཕལ་མོ་ཆེ་དམག་ཟུར་ཡིན་དོན་གང་རེད་དམ།
གྲོགས་པོ་པ་ཚེ་རིང་ལགས་ལ་དགའ་བསུ་ཞུ།
སྐད་ཆ་དྲང་མོ་གསུངས་འདུག་ཡག་པོ་རེད་ག་ལྟར་ཡང་ཁོང་སྒྱུ་སྩལ་བ་རེད།
ང་ཚོ་ཁོང་གི་ཁྲབ་སྟོན་ལ་ད་དགའ་པོ་ཡོད།
པ་ཚེ་རིང་ལགས་ཀྱིས་ད་བར་བཙན་བྱོལ་བོད་མིའི་གནས་སྡོད་མང་ཆེ་བར་མི་སླེབས་ས་ཕལ་ཆེར་ཡོད་ཀྱི་མ་རེད།
ཁོང་གིས་ད་བར་བཙན་བྱོལ་བོད་མི་རྒན་གཞོན་བྱིས་གསུམ་ཚང་མར་དགོད་གཏམ་བཤད་ནས་སྐྱིད་པོ་དང་དགའ་བོ་བཟོ་ཡི་ཡོད་པ་རེད། ལྷག་པར་མི་རྣམས་ཀྱིས་ཁོང་ཐུག་སྐབས་ཇ་འཐུང་དུ་སྐད་གཏོང་ནས་དགོད་གཏམ་བཤད་དུ་འཇུག་གི་ཡོད་པ་དང། དེ་འདྲ་བྱེད་པས་དངུལ་ཡང་ཏོག་ཙམ་གསོག་ནས་ཁོང་རང་གི་མི་ཚེ་འཁྱོལ་ཐུབ་ཀྱི་ཡོད་པ་རེད། གོ་ཐོས་ལ་ཁོང་ལ་བུ་མོ་ཞིག་ཡོད་པ་དང། མོ་རང་མཐོ་སློབ་ཏུ་འགྲོ་ཡི་ཡོད་ས་རེད། དེར་བརྟེན་ཁོང་རང་ཉིད་ཀྱིས་དཀའ་ལས་བརྒྱབ་ནས་གསོག་པའི་དངུལ་རྣམས་བུ་མོའི་ཆེད་གཏོང་གི་ཡོད་པ་རེད།
ཉམ་ཆུང་ཁོང་ལྟ་བུ་ལ་ངོ་མ་རོགས་པ་བྱེད་ན་བྱེད་རིན་ཡོད་པ་ཞིག་རེད།
ཐེངས་གཅིག་ང་རང་ལྡི་ལིར་གྲོགས་པོ་ཞིག་གི་འགྲིམ་འགྲུལ་ལས་ཁུངས་སུ་འདུག་ནས་ཡོད་སྐབས། ཁོང་ཕྱི་ལོགས་སུ་འགྲོ་ཡི་ཡོད་པ་མཐོང་བྱུང། བཟོ་ལྟ་ལ་བལྟས་ཚོད་ཁོང་ས་ཆ་གཞན་ཞིག་ནས་སླེབས་པ་གསལ་བོ་རེད་འདུག དེར་བརྟེན་ངའི་གྲོགས་པོ་ཞིག་གིས་ལས་ཁུངས་སུ་འབོད་ནས་གང་དུ་འགྲོ་ཡི་ཡིན་སོགས་དྲིས་སྐབས། གཞིས་ཆགས་ནས་སླེབས་པ་ཡིན། དེ་རིང་དགོང་མོ་རྡོ་རྗེ་གདན་ལ་ཐོན་མཁན་ཡིན་སོགས་བཤད་བྱུང། དེ་ནས་མེ་འཁོར་གྱི་ལག་ཁྱེར་སྒུག་ཐོ་རེད་འདུག་པས་གང་བྱེད་ཀྱི་ཡིན་ཞེས་དྲིས་བྱུང། ཁོང་གིས་ལམ་སེང་ལག་འཁྱེར་ཡོད་པ་ཙམ་གྱི་འགྲིག་གི་རེད། སྒུག་ཐོ་དང་རྐུབ་སྟེགས་ཡོད་མིན་ལ་ཁྱད་པར་དེ་ཙམ་མེད་ཅེས་བཤད་སོང། དེ་ནས་མུ་མཐུད་དུ་བཤད་དོན། ལག་འཁྱེར་ཡོད་པ་ཙམ་གྱི་མེ་འཁོར་ནང་བཞུགས་ཆོག་གི་རེད། རྒྱ་གར་ནང་གི་མེ་འཁོར་དེ་ཚོའི་གསང་སྤྱོད་འཁྲིས་སུ་འདུག་དང་ཉལ་ས་ཡག་པོ་ཡོད་པས་དེར་འདུག་གི་ཡིན། གང་ལྟར་ང་རང་རྡོ་རྗེ་གདན་གསུང་ཆོས་སུ་རྗེས་ཟིན་དགོས་པ་ཞིག་དགོས་ཀྱི་འདུག དེ་མིན་ང་ལ་ཅ་ལག་ནི་གང་ཡང་མེད། ཉལ་ཆས་དང་ཕོར་པ་ཞིག་མ་གཏོགས་གཞན་གང་ཡང་མེད། ཕར་སླེབས་ཚར་ན་འགྲིག་འགྲོ་ཡི་རེད་སོགས་བཤད་བྱུང། སྐད་ཆ་ཤོད་སྟངས་དང་བྱེད་སྟངས་སོགས་ལ་བལྟས་དུས་ཁོང་རང་རྒྱུན་དུ་ཉམ་ཆུང་དང་གང་ཟག་ཕལ་པ་ཞིག་གི་བྱེད་སྟངས་ལས། སྤྲང་པོའི་སྐུ་དྲག་བྱེད་མཁན་ཞིག་མིན་པ་གསལ་པོ་རེད།
དེར་བརྟེན་ཁོང་དང་ཁོང་གི་བུ་མོའི་སློབ་སྦྱོང་ལ་རོགས་ཕན་བྱེད་ན་ངོ་མ་ཆོས་ཆོས་སུ་འགྲོ་བ་དོན་དམ་དེ་ཡིན་པས་གཏོང་ཕོད་ཅན་གྱི་འབྱོར་ལྡན་རྣམས་ཀྱིས་རོགས་ཕན་གནང་རོགས་ཞེས་ཞུ་རྒྱུ་ཡིན།
ད་ཡང་དྲ་འབུ་སྡུག་ཁྱི་རམ་འདི་ཚོས་མང་པོ་བཤད་འདུག་ག
གྲོགས་སྐལ་ཉིས་སྒྱུ་རྩལ་འཚོལ་ཞིབ་བྱས་པ་ཐུགས་རྗེ་ཆེ།