ཁྱབ་འཇུག
——བོད་པའི་པ་ཕྲུག་འགའ་ལ་ཀུ་རེ་ཚུལ་དུ།
མ་ཁེ་སི་དང་ལེ་ཉིན་སུ་ཏ་ལེན། །
མའོ་ཙེ་ཏུང་དང་ཅིན་དྲན་རི་ལ་སོགས། །
དམར་ཕྱོགས་སྐྱེས་ཆེན་ཀུན་གྱི་ཚད་མའི་གསུང་། །
ཚད་མར་འཛིན་པ་པ་ལོའི་རང་ལུགས་ཡིན། །
རང་ཡིག་སྦྱང་ན་མདུན་ལམ་མེད་ཚུལ་དང་།།
རང་སྐད་ལབ་ན་མྱི་གྲལ་མི་ཚུལ་སོགས། །
རང་དང་རང་གི་ཆོས་དང་རིག་གཞུང་ཀུན། །
དགྲ་རུ་འཛིན་པ་པ་ལོའི་རང་ལུགས་ཡིན།།
རིག་གནས་རྙིང་པ་བསམ་བློ་རྙིང་པ་དང་། །
གོམས་གཤིས་རྙིང་པ་ལུགས་སྲོལ་རྙིང་པ་བཅས། །
རྩ་བའི་རྙིང་བཞི་བསམ་བློའི་མཐིལ་བཟུང་ནས། །
མ་ལུས་རྩ་གཏོར་པ་ལོའི་རང་ལུགས་ཡིན། །
ཨ་ཕར་ཁ་གཏད་བཅག་ན་སྔོན་ཐོན་དང་། །
ཨ་མར་རྒྱབ་འགལ་བྱས་ན་བསམ་བློ་བ། །
ཅི་དང་གང་ལ་ཐུག་ན་མི་བརྩི་བའི། །
འཆལ་བོའི་སྤྱོད་པ་པ་ལོའི་རང་ལུགས་ཡིན། །
བསམ་བློའི་ཆེད་ལ་རང་རིགས་བཙོང་པ་དང་། །
དངུལ་ལོའི་དོན་ལ་རང་གྲོགས་བསླུ་བ་སོགས། །
རང་གི་ཁེ་ཕན་ཁོ་ནའི་དོན་ཡིན་ན། །
ཅི་བྱས་ཅི་ཆོག་པ་ལོའི་རང་ལུགས་ཡིན། །
གོ་སྐབས་བྱུང་ན་ཨ་མར་གཡེམ་པ་དང་། །
སྟབས་ལེགས་སོང་ན་སྲིང་མོར་ཉལ་བ་སོགས། །
མ་མཐོང་མི་སྲིད་ཟེར་བའི་བྱ་བ་ཀུན། །
ཤིང་རྟའི་སྲོལ་འབྱེད་པ་ལོའི་རང་ལུགས་ཡིན ། །
རིགས་ཀྱི་དོན་ལ་མི་སྨྲའི་རྟུལ་ཞུགས་འཛིན། །
རང་གི་དོན་ལ་སྤྱང་ཀུའི་ངལ་པ་བསྟེན། །
རང་ལས་གཞན་དོན་འཇིག་པའི་གོད་ཆག་ཏུ། །
ཡོངས་སུ་འཛིན་པ་པ་ལོའི་རང་ལུགས་ཡིན ། །
གོ་ས་ཡོད་ན་ཡེེ་ཤུའི་ཆོས་ཀྱང་སྦྱོང་།།
གོ་སྐབས་ལྡན་ན་ལཱ་ཏེན་ཤུལ་ཡང་སྐྱོང་། །
གང་ན་ཟ་རྒྱུ་ཡོད་ན་དེ་ཡི་རྗེས། །
ཤད་མར་འབྲང་བ་པ་ལོའི་རང་ལུགས་ཡིན། །
དམར་པོའི་ཕོ་བྲང་ཤུལ་ལ་ཁང་བརྩེགས་མཛའ། །
ལྕགས་རི་རིང་བོའི་ཐེམ་ལ་གློག་སྐས་བྲིན། །
གནམ་བདེ་སྒོ་མོ་ཆེ་དང་པོ་ཏ་ལ། །
གསར་རྒྱག་བྱེད་འདོད་པ་ལོའི་རང་ལུགས་ཡིན། །
ཕོ་བ་ལྟོགས་ན་ཨ་མའི་མར་རྩམ་ཟ ། །
རྒྱབ་ལོགས་འཁྱག་ན་ཨ་ཕའི་པགས་རྩག་གྱོན ། །
ཐབས་སྡུག་སོང་ན་དམ་པའི་ཆོས་ཀྱང་བཤད། །
ངོ་གཉིས་མ་ནི་པ་ལོའི་རང་ལུགས་ཡིན ། །
ཤཀྱའི་གསུང་ཚབ་མར་ལེའི་ལུགས་ཀྱིས་འཐུས། །
དྲང་བའི་སྲོལ་རྒྱུན་འཁྱོག་པའི་གཡོ་ཡིས་ཆོག །
དེང་རབས་བཤད་ན་ཨེ་ཙིའི་ནད་ཀྱང་མཁོ། །
ཧྲིལ་གྱིས་བརྗེས་པ་པ་ལོའི་རང་ལུགས་ཡིན། །
རིགས་ཀྱི་མཁས་པ་དམོད་མོ་མདའ་ཡིས་གསོད། །
པ་ལོའི་སྐུ་མགྲོན་ཡིད་འོང་འཛུམ་གྱིས་བསུ། །
རང་གི་ནང་གི་རང་དང་མཐོ་བའི་མི། །
འབུར་འཇོམས་ཅི་ཐུབ་པ་ལོའི་རང་ལུགས་ཡིན། །
རང་ལས་མཁས་ཤིག་ཐོས་ན་རང་སེམས་ན། །
རང་ལས་མཐོ་ཞིག་མཐོང་ན་རང་སེམས་གཟེར། །
རང་རྒྱལ་གཞན་ཕམ་འདོད་པའི་སེམས་ནད་འདི ། །
པ་ལོའི་རིགས་ལ་ཁྱབ་པའི་སྡུག་ཅིག་ཡིན། །
རང་ཁྱིམ་དཀྱིལ་ནས་ལ་རྒྱའི་ཀུ་ཞིག་བཏབ། །
རང་ལྷས་འདབས་ནས་སྤོབས་པའི་བྲོ་ཞིག་འཁྲབ ། །
རང་ཁྱིམ་གྲུབ་གཞིའི་བར་ཐག་རིང་སོང་ན། །
རང་བཞིན་དྲང་བ་པ་ལོའི་ངོ་གདོང་ཡིན། །
༢༠༡༥-༡-༢༧
གསལ་བཤད། པ་ལོ་ནི་རྒྱ་མིའི་༼八路军༽ཟེར་བའི་རྒྱ་གཞུང་གི་སྔོན་གྱི་དམག་ཁུལ་ཅིག
ནོར་སྒོར་མོ་མཐོང་དུས་བླ་སྤྲུལ་རིགས།།
དམན་མཛེས་མ་མཐོང་དུས་འདུལ་ཁྲིམས་རྗེད།།
མཐོ་གོ་སའི་ཆེད་དུ་སྤུན་ཉེ་བཙོང་།།
དེ་བོད་པའི་ནང་གི་ཕུང་འདྲེ་རེད།།
ཕྱི་དགྲ་ལ་ཁ་ཡག་ངོ་དགའ་བྱེད།།
ནང་ཕུང་འདྲེ་དོམ་རྒྱལ་སྐྱབས་སུ་བསྟེན།།
རྗེ་༸གོང་ས་མཆོག་ལ་ངོ་རྒོལ་བྱེད།།
དེ་ནང་པའི་ནང་གི་ཕུང་འདྲེ་རེད།།
མུ་སྟེགས་ཁྱབ་འཇུག་ཁྱོད་ཀྱིས་ཀྱང་། །
པ་ལོའི་དམར་ལུགས་ཤོད་དོན་ཅི། །
མ་འོ་ཀླ་ཀློ་སྡིག་ཆེན་ཁོས། །
རྒྱ་རིགས་ས་ཡ་བདུན་ཅུ་དང་། །
བོད་རིགས་ས་ཡ་གཅིག་ལ་བསད། །
ད་དུང་མ་རབས་རིང་ལུགས་བཤད། །
་
མཁེ་སི་ཡི་རིང་ལུགས་ལ། །
ང་ཡང་འདོད་པ་ཅུངཟད་ཡོད། །
་
ལེ་ནིན་མའོ་གཉིས་པོ་ཡིས། །
བྱ་སྤྱོད་གཉིས་ལ་ངོ་རྒོལ་ཡོད། །
་
མའོ་བསླེབས་དུས་དགེ་རྒན་རྡུངས་མཁན་དང་།
གསར་བརྗེ་སྐབས་སུ་དགོན་པ་གཏོར་བ་སོགས།
རྒྱ་མགོ་མཐོ་དུས་རྒྱའི་རྐུབ་རྒྱུགས་པ་དེ།
པ་ཕྲུག་སྔོན་ཐོན་ཅན་ཚོའི་རང་ལུགས་རེད།
མའོ་ཤི་དུས་དགེ་རྒན་བརྟེན་པ་དང་།
གསར་བརྗེ་ཚར་དུས་དགོན་པ་ཞུགས་སོགས།
བོད་མགོ་དར་དུས་བོད་ལུགས་འཛིན་དེ།
པ་ཕྲུག་ལྟོ་འཚོལ་བ་ཚོའི་མདུན་ལམ་རེད།
ནང་གི་ཕ་མེས་བོན་ཆོས་དགྲ་ལྟར་འཛིན།
ཕྱི་ཡི་ཤཀྱའི་ཆོས་ལུགས་བུ་ལྟར་གཅེས།
རང་གི་ཕ་ཆོས་རང་གིས་སྡང་བ་འདི།
པ་ཕྲུག་གསེར་ཁྲིའི་སྟེང་གི་སྤྱོད་པ་རེད།།
མཁས་པའི་མི་རེ་མཐོང་ན་སྙིང་རླུང་ལངས།
དྲང་པོ་གཏམ་རེ་ཐོས་ན་སུན་སྣང་སྐྱེས།
རང་ཉིད་མ་གཏོགས་གཞན་ལ་བརྩི་བ།
པ་ཕྲུག་མཁས་མིང་ཐོབ་པའི་གྲུབ་འབྲས་རེད།།
རང་གི་རང་ཀྱག་་།
སྐྱག་པས་རྐུབ་ཀྱག་།
རང་གི་མ་འཇོན་།
མི་ལ་མིག་་ཚ་།
མ་འཇོན་འཇོན་མདོག་།
མི་ཤེས་ཤེས་མདོག་།
མ་ཡིན་ཡིན་མདོག་།
མི་མཁས་མཁས་མདོག་།
མི་སྤྱང་སྤྱང་མདོག་།
ཧཧ་ཧ་དྲ་རྒྱའི་སྒོ་མ་བཀག་།