སྤྱི་འཐུས་གངས་ལྷ་མོ།
མེས་པོའི་ཤུལ་ལུས་ནམ་མཁའི་དབྱིངས་སུ་ཐོར།།
རིགས་ཀྱི་ཉིང་བཅུད་དྲི་མའི་ཀློང་དུ་ཐིམས།།
ཁ་བ་རི་བའི་ལུས་སེམས་འཁྱག་ལ་འབྱར།།
ཉི་ཟླ་མེད་པའི་འཁོར་འདི་འཇིགས་སུ་རུང།།
རྒྱ་སྟག་དམར་པོ་མི་ཡུལ་བྲལ་དང་ལྷན།།
ཕ་མ་མེད་པའི་དྭ་ཕྲུག་ཁྱུ་ཚོགས་ལུས།།
སྐྱོ་ངལ་མནར་བའི་འབོད་སྒྲར་ལན་ཞིག་མཛོད།།
ད་ཆ་གང་དུ་བཞུགས་ཡོད་བླ་མ་ལགས།།།།
གངས་ལྷ་མོས།ཕྱི་ལོ་༢༠༡༢ཟླ་༤ཚེས་༢༤ཉིན་བྲིས།
ཁ་བའི་གངས་ལྗོངས་ཀྱི་མགོན་སྐྱབས་ལ་གུས་ཕྱགས་འབུལ།
གུས་ཕྱགས་ཞུ།
ཕྲལ་དུ་སྤྲིན་ནག་སྒྲིབ་པའི། །
ང་ཡི་པཎ་ཆེན་བླ་མ། །
ཉི་གཞོན་ཤར་རིའི་རྩེ་ནས། །
ཤར་བའི་དུས་དེ་ག་དུས། །
ཁ་བ་རི་བའི་ལྷ་ཀླུ་གཉེན་གསུམ་ཚོར། །
མཐུ་དང་ནུས་པ་སྟོན་རྒྱུ་ཡོད་ན་ནི། །
ད་ལྟ་མྱུར་དུ་རྒྱུགས་ལ་སོང་བྱས་ཏེ། །
ང་ཡི་བླ་མ་བཙོན་ནས་འཁྲིད་ལ་ཤོག །
མཉམ་འབྲེལ་རྒྱལ་ཚོགས་སྐྱག་ཟན་ཁྱོད་ཚོ་ལ། །
མི་བུ་གསོན་པོའི་སེམས་ཤིག་ཡོད་ན་ནི། །
ཉེས་མེད་བཙོན་པ་བཎ་ཆེན་བླ་མ་ཁོང་། །
ད་ལྟ་མྱུར་དུ་བཙོན་ནས་འཁྲིད་ལ་ཤོག །
བཀའ་ཤག་སྤྱི་འཐུས་ལབ་རྒན་ཁྱེད་ཚོ་ལ། །
ཁ་ལག་གཉིས་ཀར་འཇོན་ཐང་ཡོད་ན་ནི། །
ཡིག་ངག་གཉིས་ནས་བདེན་པ་བརྡར་བྱས་ཏེ། །
ང་ཡི་བླ་མ་བཙོན་ནས་འཁྲིད་ལ་ཤོག །