པཎ་ཆེན་རིན་པོ་ཆེ་དང་ཞིས་ཅིན་ཕིན་གྱི་ཕ་མ། པར། Posted on 2013-09-26 By ཁ་བརྡ་ 5 Comments on པཎ་ཆེན་རིན་པོ་ཆེ་དང་ཞིས་ཅིན་ཕིན་གྱི་ཕ་མ། པར། ཞིས་ཅིན་ཕིན་གྱི་ཕ་མ་དང་། པཎ་ཆེན་རིན་པོ་ཆེ་དང་སྐུ་ལྕམ། ཞིས་ཅིན་ཕིན་གྱི་ཕ་མ། ཀྲུའུ་ཨེན་ལེ་བཟའ་ཟླ་པེན་ཡིན་ཁྲཱོ། པཎ་ཆེན་རིན་པོ་ཆེ། ཏུང་ཆིས་ཝུའུ། པཎ་ཆེན་རིན་པོ་ཆེ་དང་ཡབ་ཡུམ་སྐུ་ཟླ་ཡོངས་འཛིན་དང་བཅས་པ། ཀྲུའུ་ཨེན་ལེ་བཟའ་ཟླ་པེན་ཡིན་ཁྲཱོ། པཎ་ཆེན་རིན་པོ་ཆེ་དང་སྐུ་ཟླ་སྲས་མོ་བཅས། འདི་དག་དང་བཅས་པའི་༧སྐུ་གཟིགས་པཎ་ཆེན་རིན་པོ་ཆེའི་སྐོར་གྱི་པར་རིས་སྐོར་ཅིག་དྲ་ཐག་འདི་ན་འདུག http://history.dwnews.com/photo/2013-09-26/59332665.html པར།
༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ལ་ངས་ཚད་མ་རིགས་རྒྱན་སོགས་བློ་འཛིན་བྱས་པ་༡༩༥༦ལོར་ངག་རྒྱུགས་སུ་འབུལ་བའི་སྐལ་བཟང་བྱུང་། དེ་ནས་༡༩༨༧ལོར་གཟིམས་ཆུང་བདེ་ཆེན་ཕོ་བྲང་དུ་མཇལ། སྲས་མོ་དེ་ལོ་ཁ་ཤས་སྔོན་དུ་ཨ་རིའི་ལ་རྩེ་དཔེ་མཛོད་དུ་པེབས་དུས་མཇལ་མྱོང་། ༧པཎ་ཆེན་རིམ་པོ་ཆེས་བོད་ཀྱི་སྐད་དང་རིག་གཞུང་རྣམས་ལ་སྲུང་སྐྱོབ་དགོས་པའི་བཀའ་སློབ་བྱོད་ཀྱི་ཡུལ་གྲུ་མང་པོར་སྐུ་ངལ་འཛེམས་མེད་ཀྱིས་གསུངས། བོད་པ་ཡོངས་ཀྱིས་བོད་ཀྱི་དཔའ་བོ་ཞེས་ཞུས་པའི་ངང་ན་སྐུ་གཤེགས། སླར་ཡང་བླ་མའི་བྱིན་རླབས་ཀྱིས་བོད་ཀྱི་སྐད་དང་རིག་གཞུང་མི་ཉམས་གོང་འཕེལ་དུ་འགྱུར་བར་ངེས་སོ། སྐུ་སྤར་དེ་རྣམས་ངོ་མཆར་ཅན་ཡིན་པར་ངོས་འཛིན་ངང་ནས་བཀའ་དྲིན་ཆེ་ཞུ་འོས་སོ།
བོད་མི་རིགས་ཀྱི་མི་གཤིས་དང་བདེན་པ་ཉིད་རྒྱལ་གྱུར་ཅིག བོད་མི་རིགས་ཀྱི་བུ་རབས་ཚ་རྒྱུད་ཀྱི་མཚན་སྙན་ལ་གནོད་པའི་ཤུལ་རྗེས་ཕྲ་མོ་ཙམ་ཡང་ལོ་རྒྱུས་ནང་མི་འཇོག་པར་སྨྲ་བའི་དམ་བཅའ་བ་ཆེན་པོ། བྱིས་དུས་ནས་གཟུང་བོད་ཆེན་པོ་དང་རྒྱ་ཆེན་པོའི་གཡུལ་སར་ལས་ཀྱིས་བསྐོས་པའི་ལོ་རྒྱུས་ཀྱི་རྡོ་རིང་པན་ཆེན་ལགས་སྐུ་ཉིད་གང་དུ་བཞུགས་སམ་འགྲོ་ས་དང་འདུག་འདུག་སར་ཞེ་དྲག་དྲན་བྱུང་ལགས། ཆོས་དང་སྲིད་ཀྱི་དཔལ་ཡོན་མཐའ་དག་ལ་མི་དང་མི་ཚོགས་ཀྱི་གཤེ་གཤེ་དང་རྡེང་རྡེག་གཏོང་དུས་ངས་ཁྱེད་རང་དྲན་བྱུང་ལགས། མཁས་པར་རློམ་པ་དག་གིས་རྒྱ་སྐད་དང་དབྱིན་སྐད་ཀྱིས་ཆུ་འཐག་གི་བདག་པོ་དང་སྒོ་ཟོག་གི་བདག་པོ་ཐ་ན་མཎི་དགྲང་མཁན་ཡོངས་ལ་རྡེང་རྡེག་གཏོང་དུས་ངས་སྐུ་ཉིད་ཞེ་དྲག་དྲན་བྱུང་ང་། སྐུ་ཉིད་ཀྱིས་ཐུགས་སྨོན་འགྲུབ་པར་ཤོག ཕྲན་གྱི་ནི་རྒྱ་ལ་སྐུ་ཉིད་དང་ལྷན་དུ་མཉམ་ཟ་མཉམ་འཐུང་གི་སྤོབས་པ་དང་གདེངས་ཚོད་མེད་པ་ཤེས་བྱུང་།
མི་རྟག་པ་ཟེར་བ་དེ་ངོ་མ་རེད། ༡༩༨༠ནང་གི་ལོ་ཁ་ཤས་རིང་ལ་པཎ་ཆེན་ཟེར་དུས་བོད་མི་ཞིག་གི་ནང་ནས་དཔོན་པོ་ཟེར་ན་ཡང་ཁོ་རང་རེད། བླ་མ་ཟེར་ན་ཡང་ཁོ་རང་རེད། ཚོང་པ་ཟེར་ན་ཡང་ཁོ་རང་རེད། ཕོ་གསར་རྫིགས་པོ་ཟེར་ནས་ཀྱང་སྐད་གྲགས་ཡོད་རེད།
དེ་རིང་མཆན་སྒོ་ཕྱེ་ཡོད་པ་འདྲ། ཉིན་དེ་དག་གི་རིང་ལ། ང་འགྲོ་ས་འདུག་ས་མེད་པ་ཆགས་སོང་། ཁ་བརྡ་ཚང་གི་གནམ་གཤིས་འདི། ཡ་ཡ། ད་གནས་ཚང་ཟིག་རག་གི་ཡིན་ན། ཡང་འདྲེ་ཁ་འདི་འགུལ་རྒྱོ་རེད། པཎ་ཆེན་ལགས་རིན་པོ་ཆེ། ད་ལྟ་རྒྱའི་བཙོན་གང་ན་བཞུགས་ནས་ཡོད། དད་ལྡན་བོད་མིའི་གདུང་བ་ལྗིད་མོ། སུ་ལ་བསྟན་ན། ཡ་ལན་མི་སྤྲད་ཀི། རྒྱ་ལ་བཤད་ན། རྒྱ་རྣ་མི་གཡོར་གི། ཁྱེད་རང་བཞུགས་སའི་ཕྱོགས་ཙམ་མ་ཤེས་པས། ལྷ་མོའི་བླ་མཚོར་སོང་ན་གང་དྲག་གམ། ཁྲག་གི་མཆོད་ཕུད་འཕང་ན་གང་དྲག་གམ། དྲག་སྔགས་བཙན་གྱིས་བཟླས་ན་གང་དྲག་གམ། གང་དྲག་འདི་དྲག་ཞིག་གི་མཚན་ལྟས་ཞིག། ཡོད་ན་ཡོད་མྱུར་ཞིག་གི་མཐུ་ནུས་སྩོལ།
༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ལ་ངས་ཚད་མ་རིགས་རྒྱན་སོགས་བློ་འཛིན་བྱས་པ་༡༩༥༦ལོར་ངག་རྒྱུགས་སུ་འབུལ་བའི་སྐལ་བཟང་བྱུང་། དེ་ནས་༡༩༨༧ལོར་གཟིམས་ཆུང་བདེ་ཆེན་ཕོ་བྲང་དུ་མཇལ། སྲས་མོ་དེ་ལོ་ཁ་ཤས་སྔོན་དུ་ཨ་རིའི་ལ་རྩེ་དཔེ་མཛོད་དུ་པེབས་དུས་མཇལ་མྱོང་།
༧པཎ་ཆེན་རིམ་པོ་ཆེས་བོད་ཀྱི་སྐད་དང་རིག་གཞུང་རྣམས་ལ་སྲུང་སྐྱོབ་དགོས་པའི་བཀའ་སློབ་བྱོད་ཀྱི་ཡུལ་གྲུ་མང་པོར་སྐུ་ངལ་འཛེམས་མེད་ཀྱིས་གསུངས། བོད་པ་ཡོངས་ཀྱིས་བོད་ཀྱི་དཔའ་བོ་ཞེས་ཞུས་པའི་ངང་ན་སྐུ་གཤེགས། སླར་ཡང་བླ་མའི་བྱིན་རླབས་ཀྱིས་བོད་ཀྱི་སྐད་དང་རིག་གཞུང་མི་ཉམས་གོང་འཕེལ་དུ་འགྱུར་བར་ངེས་སོ། སྐུ་སྤར་དེ་རྣམས་ངོ་མཆར་ཅན་ཡིན་པར་ངོས་འཛིན་ངང་ནས་བཀའ་དྲིན་ཆེ་ཞུ་འོས་སོ།
བོད་མི་རིགས་ཀྱི་མི་གཤིས་དང་བདེན་པ་ཉིད་རྒྱལ་གྱུར་ཅིག
བོད་མི་རིགས་ཀྱི་བུ་རབས་ཚ་རྒྱུད་ཀྱི་མཚན་སྙན་ལ་གནོད་པའི་ཤུལ་རྗེས་ཕྲ་མོ་ཙམ་ཡང་ལོ་རྒྱུས་ནང་མི་འཇོག་པར་སྨྲ་བའི་དམ་བཅའ་བ་ཆེན་པོ།
བྱིས་དུས་ནས་གཟུང་བོད་ཆེན་པོ་དང་རྒྱ་ཆེན་པོའི་གཡུལ་སར་ལས་ཀྱིས་བསྐོས་པའི་ལོ་རྒྱུས་ཀྱི་རྡོ་རིང་པན་ཆེན་ལགས་སྐུ་ཉིད་གང་དུ་བཞུགས་སམ་འགྲོ་ས་དང་འདུག་འདུག་སར་ཞེ་དྲག་དྲན་བྱུང་ལགས།
ཆོས་དང་སྲིད་ཀྱི་དཔལ་ཡོན་མཐའ་དག་ལ་མི་དང་མི་ཚོགས་ཀྱི་གཤེ་གཤེ་དང་རྡེང་རྡེག་གཏོང་དུས་ངས་ཁྱེད་རང་དྲན་བྱུང་ལགས།
མཁས་པར་རློམ་པ་དག་གིས་རྒྱ་སྐད་དང་དབྱིན་སྐད་ཀྱིས་ཆུ་འཐག་གི་བདག་པོ་དང་སྒོ་ཟོག་གི་བདག་པོ་ཐ་ན་མཎི་དགྲང་མཁན་ཡོངས་ལ་རྡེང་རྡེག་གཏོང་དུས་ངས་སྐུ་ཉིད་ཞེ་དྲག་དྲན་བྱུང་ང་། སྐུ་ཉིད་ཀྱིས་ཐུགས་སྨོན་འགྲུབ་པར་ཤོག
ཕྲན་གྱི་ནི་རྒྱ་ལ་སྐུ་ཉིད་དང་ལྷན་དུ་མཉམ་ཟ་མཉམ་འཐུང་གི་སྤོབས་པ་དང་གདེངས་ཚོད་མེད་པ་ཤེས་བྱུང་།
མི་རྟག་པ་ཟེར་བ་དེ་ངོ་མ་རེད། ༡༩༨༠ནང་གི་ལོ་ཁ་ཤས་རིང་ལ་པཎ་ཆེན་ཟེར་དུས་བོད་མི་ཞིག་གི་ནང་ནས་དཔོན་པོ་ཟེར་ན་ཡང་ཁོ་རང་རེད། བླ་མ་ཟེར་ན་ཡང་ཁོ་རང་རེད། ཚོང་པ་ཟེར་ན་ཡང་ཁོ་རང་རེད། ཕོ་གསར་རྫིགས་པོ་ཟེར་ནས་ཀྱང་སྐད་གྲགས་ཡོད་རེད།
ག་རེ་གནངས་སོང་།
དེ་རིང་མཆན་སྒོ་ཕྱེ་ཡོད་པ་འདྲ། ཉིན་དེ་དག་གི་རིང་ལ། ང་འགྲོ་ས་འདུག་ས་མེད་པ་ཆགས་སོང་། ཁ་བརྡ་ཚང་གི་གནམ་གཤིས་འདི། ཡ་ཡ། ད་གནས་ཚང་ཟིག་རག་གི་ཡིན་ན། ཡང་འདྲེ་ཁ་འདི་འགུལ་རྒྱོ་རེད།
པཎ་ཆེན་ལགས་རིན་པོ་ཆེ། ད་ལྟ་རྒྱའི་བཙོན་གང་ན་བཞུགས་ནས་ཡོད། དད་ལྡན་བོད་མིའི་གདུང་བ་ལྗིད་མོ། སུ་ལ་བསྟན་ན། ཡ་ལན་མི་སྤྲད་ཀི། རྒྱ་ལ་བཤད་ན། རྒྱ་རྣ་མི་གཡོར་གི།
ཁྱེད་རང་བཞུགས་སའི་ཕྱོགས་ཙམ་མ་ཤེས་པས། ལྷ་མོའི་བླ་མཚོར་སོང་ན་གང་དྲག་གམ། ཁྲག་གི་མཆོད་ཕུད་འཕང་ན་གང་དྲག་གམ། དྲག་སྔགས་བཙན་གྱིས་བཟླས་ན་གང་དྲག་གམ། གང་དྲག་འདི་དྲག་ཞིག་གི་མཚན་ལྟས་ཞིག། ཡོད་ན་ཡོད་མྱུར་ཞིག་གི་མཐུ་ནུས་སྩོལ།