སྤྲུལ་སྐུ་དབང་ཆེན།
ངའི་རྨི་ལམ་ནང་གི་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན།
ངའི་སེམས་གཏིང་ན་འཁྱིལ་བའི་དྲོད་ཁོལ་ཅན་གྱི་ཟུངས་ཁྲག་ནར་མོ།
ངའི་ཕུགས་བསམ་ལ་ཉར་བའི་མི་རིགས་ཀྱི་རླབས་ཆེན་གཙོ་འཛིན།
ངའི་མིག་མདུན་ན་རྟག་ཏུ་གསལ་བའི་རྒྱལ་གཅེས་པ་སྣང་བ་མཐའ་ཡས།
ཁ་བ་དང་བུ་ཡུག་གི་ཁྲོད་ན་དབྱངས་གསལ་སུམ་ཅུའི་སྒྲ་གདངས་གཉོམ་མོ་དེ་བོད་མི་རེ་རེས་རུས་རྐང་ལ་རྒྱུ་བཞིན་ཁྱེད་ལ་སྒུག་འདུག
འཇའ་འོད་དང་སྦྲང་ཆར་གྱི་ཁྲོད་ན་བྱམས་བརྩེའི་མེ་ཏོག་སེར་ཆེན་དེ་ལག་པས་འཐུ་ཞོར་བོད་མི་རེ་རེས་མནར་གཅོད་དང་བརྙས་བཅོས་ལ་བཟོད་བཞིན་ཁྱེད་ལ་སྒུག་འདུག
འདོན་དབྱངས་དང་ཆོས་དུང་གི་གསེབ་ན་བོད་མི་རེ་རེས་ཡིད་ཆེས་ཀྱི་གསོལ་འདེབས་དང་མངོན་འདོད་ཀྱི་འཕྲིན་བཅོལ་ལ་བརྩོན་བཞིན་ཁྱེད་ལ་སྒུག་འདུག
པེ་ཅིང་མཁར་སྒོ་དང་རྒྱལ་ས་ལྷ་སའི་བར་ན་མི་རིགས་དང་རིག་གཞུང་ལ་དུངས་བའི་བོད་མི་རེ་རེས་སྙིང་སྟོབས་དང་སྤོབས་པ་རེ་མངོན་བཞིན་ཁྱེད་ལ་སྒུག་འདུག
གངས་དཀར་རི་བོ་དང་གཉན་ཆེན་ཐང་ལྷའི་མདུན་རོལ་ན་བོད་མི་རེ་རེས་དམངས་ཁྲོད་སྲོལ་རྒྱུན་གྱི་གླུ་གཞས་འཐེན་ཞིང་གོམས་གཤིས་རྟུལ་པོ་དང་འཛུམ་མདངས་དཀར་པོ་རེ་ངོམ་བཞིན་ཁྱེད་ལ་སྒུག་འདུག
གདོད་མིའི་འཚོ་བ་དང་དེང་རབས་ཚན་རྩལ་གྱི་བར་ན་སྦྲ་གྲོང་དོག་མོ་དེར་འབྲི་གཡག་འཚོ་ཞོར་དང་འཕྲུལ་རྟ་གཏོང་ཞོར་དུ་བོད་མི་རེ་རེས་ཁ་བཏགས་རེ་འཕྱར་བཞིན་ཁྱེད་ལ་སྒུག་འདུག
ཁྱེད་ནི་ནམ་མཁའ་མེད་པའི་ཉི་འོད་སེར་པོ་དེ་ཡིན་ལ།
ཁྱེད་ནི་མཁའ་དབུགས་རུབ་པའི་ཟླ་འོད་དཀར་པོ་ཡང་ཡིན།
ཁྱེད་ནི་ཀ་མད་སུམ་ཅུ་བོར་བའི་དབྱངས་གསལ་བཞི་པོ་དེ་ཡིན་ལ།
ཁྱེད་ནི་རྒྱལ་ཁབ་མི་ལ་ཤོར་བའི་རང་རེའི་དཔོན་པོ་ཐོག་མ་དེ་ཡིན།
པཎ་ཆེན་ལགས། ཨེར་ཏི་ནི། ཆོས་ཀྱི་རྒྱལ་པོ།
༠༡/༣༠/༢༠༡༤
ད་ལྟའི་ལོ་གསར་འདི་ཨམ་མདོ་བ་ཚོར་མཚོན་ན། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་དགུང་ལོ་བརྒྱ་ཅུར་བཞེས་བའི་ལོ་གསར་ཡིན་པས། ༧རྒྱལ་བ་མཆོག་གི་སྐུ་ཚེ་ཡུན་རིང་གནས་བ་དང་། མཛད་རྗེས་བྱམས་སྐྱོང་ལ་གུས་གསོལ་བྱེད་བཞིན། ཚང་མོས་དགའ་དགའ་སྤྲོ་སྤྲོའི་ངང་གྱ་བསྟོན་གྱི་བསྟོན་མོ། རང་ཁྱིམ་གྱི་རྒྱལ་བའི་སྐུ་དཔར་མདུན་དུ་གཏོང་བཞིན་པའི་སྒང་རེད་ཟེར། ངས་ཡང་ཆང་ཞིག་མཐོང་བཞིན། གླུ་ཞིག་འགུག་བཞིན། སྐྱིད་པོ་བྱས་ནས་བསྡད་ཡོད། ཁྱེད་དྲ་གྲོགས་ཚོས་ཅི་བྱེད་ཀྱིན་ཡོད་དམ།
གངས་ཅན་པ་ཡོངས་ནས་པཎ་ཆེན་རིན་པོ་ཆེ་སྐུ་གྲོངས་ནས་བགྲང་བྱ་ཉེར་ལྔ་འཁོར་བར་རྗེས་དྲན་དང་མྱ་ངན་བྱེད་ཀྱིན་པས། གྱ་སྟོན་ཟེར་བ་ཞིག་ལ་བསམ་བློ་གཏོང་མཁན་གཅིག་ཀྱང་མེད།
ཧུའུ་ཅིན་ཐ་འོ་དང་ཝུན་ཅྰ་འོ་ཡི་གཙོ་སྐྱོང་འོག །
སྨན་པ་ཝང་མིན་ཆིན་གྱིས་གྲོས་གཞི་ལྟར། །
མུན་ཧོང་ཝེ་དང་ཧུ་འུ་ཁྲོང་ཧྭ་ཡིས། །
༸པཎ་་ཆེན་དུག་གིས་བཀྲོངས་པ་བདེན་ནམ་ཅི། །
པཎ་ཆེན་པོ་ལ་གུས་བཀུར་ཞུས་པའི་རྗེས་སུ།་གངས་ཅན་པའི་མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་དང་། མཁས་དབང་དམུ་དགེ་བསམ་གཏན་ཞབས་ཀྱིས་བོད་ཀྱི་རིག་གཞུང་སྐད་དང་མཐུན་པར་འདི་ལྟར་གསུངས་ཏེ།
ག་ད་བ་ས་ན་མ་པ། ཞེས་དང་།
ག་ད་ན་བ་མ་ས་དང་།
ད་དྲག་ཅན་ལ་པ་དང་པོ།
ཞེས་བོད་སྤྱིའི་སྐད་དང་མཐུན་པར་གསུངས་པ་དག་ལ་གུས་རྩི་དགོས་ཀྱང་། རང་རང་གི་ཁ་སྐད་དག་ཡིག་སྐད་དུ་བཀོལ་ཏེ།
རིག་གཞུང་ལ་དུངས་བའི་བོད་མི། ཞེས་དང་། གནས་བ་དང་། བོད་སྤྱི་པའི་ཡི་གེའི་ཐོབ་ཐང་མེད་པར་བཟོ་བ་པོ་ཀུན་སྨད་འོས། ཁ་སྐད་རྒྱབ་པའི་ཚེ་ན། ཉན་པ་པོས་གོ་གང་ཐུབ་བྱེད་པ་ལ་འབད་དགོས། ང་ལ་མི་རྣམས་ཀྱིས་བཤད་པ་ལོ་དྲུག་ཅུ་ལྷག་དང་། ལོ་བདུན་སྔོན་དུ་བྱུང་བའི་ལོ་རྒྱུས་རེ་ཡོད། དང་པོ། དབུས་གཙང་དུ། ལོ་ངོ་བརྒྱད་ཙམ་བསྡད་པའི་རྗེས་སུ་ལ་དྭགས་སུ་ལོག ལ་དྭགས་མ་ཞིག་གིས་ངའི་སྐད་མཁྲེགས་པོ་མ་ཡིན་པར་བོལ་མོ་འདུག་ཅེས་བཤད། དེ་བཞིན་༡༩༨༧ལོར་ལྷོ་ཁ་གྲ་ནང་དུ། གྲོང་གསེབ་པ་ཞིག་གིས་བོད་སྐད་གཙང་གཙང་མ་རེད། གོ་དབདེ་པོ་འདུག་ཅེས་སོང་། ༢༠༠༦ ཨ་མདོ་གྲོང་གསེབ་ཅིག་སླེབས། དེ་ན་སྟོད་པ་མོ་ཞིག་བལ་ཡུལ་དུ་མདོ་སྨད་པ་ཞིག་དང་ཟ་ཚང་གཅིག་པ་བཟོས་ཏེ། ཁྱོ་ག་དང་མཉམ་དང་ཨ་མདོར་སོང་སྟེ་དེར་གཞིར་ཆགས་ཀྱང་། ཨ་མདོ་གྲོང་གསེབ་མས་སྟོད་སྐད་རྒྱབ་མ་ཤེས། ཨ་མདོ་མ་ཞིག་གིས་ང་ལ། ངས་ཁྱོད་ཀྱི་སྐད་གོ སྟོད་པ་མོ་དེ་འདིར་སླེབས་ནས་ལོ་ངོ་ཉི་ཤུ་ལོན་ཀྱང་། ད་བར་སྐད་ཀྱི་གོ་བརྡ་མི་འཕྲོད་ཅེས་བཤད་པ་བདེན་པ་ཡིན།
གཤམ་གསལ་དྲི་བ་གཉིས།
“ཁྱེད་ནི་ཀ་མད་སུམ་ཅུ་བོར་བའི་དབྱངས་གསལ་བཞི་པོ་དེ་ཡིན་ལ།” ཞེས་པ་ན བོར་བའི། དོན་ཅི་ཡིན།
“གྱ་སྟོན་”དོན་དག་གང་ཡིན་ནམ། ཞེས་སོ།
རྒྱལ་གཅེས་ཀྱི་དཔའ་བོ་དང་མི་རིགས་ཀྱི་དཔའ་བོ་གཉིས་ལ་ཁྱད་པར་ཡོད། མི་རིགས་ཀྱི་དཔའ་བོ་ཡིན་ལ་མི་རིགས་ཀྱི་དཔའ་བོ་མ་ཡིན་པ་ནི་པན་ཆེན་སྐུ་ཕྲེང་བཅུ་པ་དང་འབའ་པ་ཕུན་ཚོགས་དབང་རྒྱལ་ལྟ་བུ། མི་རིགས་ཀྱི་དཔའ་བོ་དང་རྒྱལ་གཅེས་དཔའ་བོ་ནི་ཨ་འབྲུག་མགོན་པོ་བཀྲ་ཤིས་དང་། སྟག་ན་འཇིགས་མེད་བཟང་པོ་ལྟ་བུ། མི་རིགས་དང་རྒྱལ་ཁབ་གཉིས་ཀྱི་ཞབས་འདྲེན་ནི་དོལ་རྒྱལ་རྗེས་འབྲངས་པ་ལྟ་བུ།
མི་རིགས་ཀྱི་དཔའ་བོ་ཡིན་ལ་རྒྱལ་གཅེས་ཀྱི་དཔའ་བོ་མ་ཡིན
པ་ནི་པན་ཆེན་བཅུ་པ་དང་འབའ་པ་ཕུན་ཚོགས་དབང་རྒྱལ་ཞེས་བཅོས་རོགས
ལུགས་དང་ལམ་སྲོལ་བརྩིས་ན། ལོ་གསར་སྐབས་ནི་གྱ་བསྟོན་བསུ་བའི་དུས་བཟང་རེད། ཨ་མདོ་བས་ལོ་རྩི་རྒྱག་སྟངས་དང་རྒྱ་ནག་གི་ལོ་རྩི་རྒྱག་སྟངས་མི་གཅིག་པ་འདི། ཡུལ་སྲོལ་ཨ་མདོ་བ་ཚང་གི་མ་འདྲ་བ་དེ་རེད། རྒྱ་རིགས་ཤིག་ལོ་གསུམ་ལ་སོན་དུས། ཨ་མདོའི་བོད་རིགས་ཀྱི་ལོ་ནི་ལྔ་ལ་ཕྱིན་པ་རེད། འདི་བོད་ཨ་མདོ་ཚང་གི་ལོ་གསུམ་བལ་སྐྲ་ལེན་སྲོལ་དང་བརྒྱད་ཅུའི་གྱ་བསྟོན་དར་ཚུལ་ཡོད་པ་དེ་རེད།
ད་ལྟ་༧གོང་ས་རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཆོག་ཨ་མདོ་ན་བཞུགས་ཡོད་པའི་ཁུལ་དུ་བྱས་ན། གྱ་བསྟོན་ཨ་མདོ་བའི་ཡུལ་ལུགས་སྟར་ད་ལྟ་གཏོང་བཞིན་པའི་དུས་རེད།
སྐབས་རེར་ཡུལ་སྲོལ། ཡུལ་སྲོལ་ཟེར་ནས། གྱ་བསྟོན་གླེང་།
མཚམས་རེར་ཕྱི་སྲོལ། ཕྱི་སྲོལ་ཟེར་ནས། དུས་འགྱངས་བཏང་།
རྡ་སའི་མྱི་རྐང་འདི་ཚོར་ཡིད་ཆད་ཀི།
མཐོན་པོའི་ཁ་ངོ་འཚོས་བར་རླུང་ལངས་ཀི།
ཡུལ་སྲོལ་ནོམ་གྱིས་བཅོམ་པའི་གོང་མ་ཚོ།།
ང་ཡི་མདུན་ན་ཁྱིག་ལུ་མང་པོ་ཞིག།
་འབའ་པ་ཕུན་ཚོགས་དབང་རྒྱལ་ཨས་ཧ་ཧ་ཧ་ཧ་་???
ཐག་རྒུལ་འདྲ་གཟུགས་ལྟ་བུའི་པན་ཆེན་བླ་མ། རྒྱ་དམར་གཞུང་གི་ལག་པ་དམ་དུས་བཙོན་པ་རེད། ལྒྱ་དམར་གཞུང་གི་ལག་པ་ལྷོད་དུས་རྒྱལ་པོ་རེད།
པཎ་ཆེན་བླ་མས་རྒྱ་མོ་ཆང་མར་བསུས་པ་དེ་ག་རེ་རེད། དེ་ཡང་དགོས་པ་རྒྱུ་མཚན་ཞིག་ཡོད་པ་འདྲ། གང་བ་བཟང་པོའི་གསུང་ལ་རྒྱབ་སྐྱོར་ཡོད།
གྱ་བསྟོན། ཞེས་པའི་སྒྲ་འདི་ལ་ཡིག་སྐད་དུ། གོ་བ་ཞིག་ཅང་མི་འདུག དེས་ན། རྒྱ་སྟོན། ཞེས་པ་འབྲི་ཐུབ་ན། འདི་ལ་གོ་བ་བཟང་པོ་ཡོད། དེ་ཡང་། རྒྱ། ཞེས་པ་ཆེན་པོ་ལ་འཇུག རྒྱ་ལམ། རྒྱ་སྒོ། རྒྱ་སྐྲས་སོགས་ངས་བྱིས་པའི་སྐབས་སུ་ཐོས། རྒྱ། ཐམ་ག་ལ་ཡང་འཇུག་སྟེ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། དབུ་མ་རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོ་ན།
ཁ་ཏོན་མར་མེ་རྒྱ་དང་སྒྲ ཞེས་པ་ན་ཡོད་པ་ལྟ་བུ། ལ་དྭགས་ཁ་སྐད་དུ། རྒྱ་ལ་ཐེ་ཙེ། ཟེར་བ་གོ་སོང་། སྟོན་ལ་དོན་དག་མང་ཡང་། འདི་ན། སྟོན། ཞེས་པ་སྟོན་མོའི་དོན་ཡིན་དགོས། འདི་ལྟར་བྲིས་པ་དེ་དོན་མེད་པ་མ་ཡིན། འདི་ཡིས་ཀྱང་རང་གཞན་གྱི་བློ་གྲོས་རྒྱས་ནས། བོད་གངས་ཅན་པའི་ཡིག་སྐད་སྲུང་བའི་སྟོབས་སུ་འགྱུར་རོ།
སྟོན་ནི་རྒན་གྱིས་གསུང་བ་བཞིག་ཡིན། གྱ་ལ་གོ་བ་མེད་ན་འདྲ། ཡོད་ན་འདྲ། བཅོས་ནི་མི་ཐུབ། བརྒྱད་ཅུ་རང་མཚོན་པའི་མིང་རེད། བྱས་ཙང་། བརྒྱད་ཅུ་གཅིག། བརྒྱད་ཅུ་གཉིས་ཟེར་བ་དེ་འདྲ་མེད། དེ་ན། གྱ་གཅིག། གྱ་གཉིས་ཟེར། གྱ་སྟོན་ནི། བརྒྱད་ཅུ་རང་ལ་བུད་པའི་སྟོན་མོ་རེད། གྱ་གཅིག་གྱ་གཉིས་ལ་བུད་པའི་དོན་ཡང་མ་རེད། རྒན་ལགས། མདོ་ཁམས་ཕྱོགས་སུ་ཕེབས་ན། གོ་རྒྱུ་སྦྱང་རྒྱུ་མང་ནི་རེད།
་་་་ གྱ་སྟོན་ནི། བརྒྱད་ཅུ་རང་ལ་བུད་པའི་སྟོན་མོ་རེད། ་་་་་་
གྱ་སྟོན་འདི་ཨ་སྟོན་ཡིན་པ་འདྲ།
ཀ་རྡོ། དེ་ཨ་མདོ་ཚོས་རྩི་བཞིན་པའི་དུས་སྟོན་ཞིག་རེད། དེ་ན། ཨ་མདོའི་ལོ་སར་ཚེས་གསུམ་རང་ལ་སྟོན་མོ་བྱེད་རྒྱུའི་སྟོན་མོ་ཞིག་རེད། སྤྱི་རྩིས་ལྟར་གཏོང་རྒྱུའི་སྟོན་མོ་ཞིག་མ་རེད། ཨ་མདོའི་ལོ་རྩིས་རྒྱག་ཚུལ་བྱས་ན། སང་ཉིན་༧གོང་ས་མཆོག་ལ་གྱ་སྟོན་བྱེད་བའི་དུས་བཟང་སྐལ་བཟང་རེད།
པན་ཆེན་རིན་པོ་ཆེ་ནི་བོད་གངས་ཅན་པ་ངེད་ཚོར་བཀྲིན་གཞལ་དུ་མེད་ཅིང་། བོད་མི་རིགས་དོན་དང་ལྡན་པའི་དཔའ་བོ་ཞིག་རེད།
པན་ཆེན་མཐུ་རྩལ་ཆེ་བས།།
བོད་རིགས་བདེ་ལ་བཀོད་སོང་།།
བོད་རིགས་བསོད་ནམས་མེད་པས།།
པན་ཆེན་སད་ཀྱིས་བཅོམ་སོང་།།
ཡུལ་གྱར་མཐུ་རྩལ་མེད་པས།།
ཆུང་སྲིད་མུན་པར་བརྫངས་སོང་།།
གཞིས་སྡོད་བོད་མི་ང་ཚོའི།།
ཉི་མ་བརྟན་དུ་ནུབ་སོང་།།
ཉེ་རིང་གཟིགས་རྒྱང་ཇི་ལྟར།།
ཆུང་སྲིད་ཤོར་བའི་གྱོང་ཁ།།
སྟོང་གསུམ་རིན་ཆེན་སྤུངས་ཀྱང་།།
གཞལ་བའི་སྐལ་བ་ཨེ་ཡོད།།
གནམ་བཟང་།
ང་ལ་བློ་བསྐྱེད་ཅིག་སྟེར། བཀའ་དྲིན་ཆེ། བསྟོན། སྟོན་དུ་བཅོས་པར་སྐལ་བ་བཟང་།
ངས་ཀྱང་གྱ་སྟོན་ཞིག་སྔོན་མ་ནས་གཏོང་དགོས་ཡིན་པ་འདྲ། ༧གོང་ས་མཆོག་དགུང་གྲངས་བརྒྱ་ལས་རྒལ་དུས། བརྒྱ་སྟོན། ཞེས་པ་རང་བཀོལ་ཆོག་གམ། ཨམ་སྐད་དུ། དེ་མ་ཡིན་པ་མིང་སྒྲ་གཞན་ཞིག་ཡོད། འདི་ལ་ལན་སྤྱོམས་པར་བྱས་ཏེ། འབྲི་གྲོགས།
ལོ་བརྒྱ་ལ་བུད་པའི་བརྒྱ་སྟོན་ཞིག་ཡོད་པ་མ་ཤེས། ཡིན་ན་ཡང་། ཚེ་རིང་ལོ་བརྒྱ་ཟེར་བའི་ཁ་གཡང་འདི་ས་གྲགས་གནམ་གྲགས་རེད། ད་ལྟའི་དུས་སུ། ཚེ་རིང་ལོ་བརྒྱ་ལོན་མཁན་དེ་འདྲ་ཡོད་ན། བརྒྱ་སྟོན་ཞིག་གཏོང་མ་ཆོག་གང་ལ་ཡོད། ང་ཚོས་བཏང་ཆོག་གི་རེད་འདོད།
སྔོན་མར་ཡིན་ན། ལག་ཐབས་དང་སྨན་ཐབས་ཀྱིས་མ་འདང་བས། ཨ་མདོའི་རྩིས་ལོ་ལ་ལོ་གསུམ་དང་སྤྱི་ལོ་སྟར་ན་ལོ་གཉིས་མ་ལོན་པར་དུ། བྱིས་བ་ཚོ་ཤི་འགྲོ་བ་མང་བས། ཨམ་རྩིས་ལྟར་ལོ་གསུམ་ལོན་པ་ནས་འཆི་བ་ཉུང་བས། ལོ་གསུམ་ལ་ལོ་གསུམ་བྱིས་བའི་བལ་སྐྲ་བཞར་བ་སོགས་ཚེ་ཐར་བྱུང་བ་ལ་ལོ་སྟོན་ཆེན་པོ་ཞིག་བྱེད། དེ་ནས་ཡང་དྲུག་ཅུ་བདུན་ནས་མང་པོ་ཤི་འགྲོ་བས། བརྒྱད་ཅུ་ལོན་པ་དག་ལ་ཚེ་བསོད་རིང་བའི་གྱ་སྟོན་ཞུ་བ་རེད། ཡིན་ན་ཡང་། ད་ལྟའི་དུས་ལ་མི་ཚང་མའི་ཚེ་ཚད་རིང་བས། གྱ་སྟོན་དེ་བརྒྱ་སྟོན་ལ་ནུར་ན་གང་འདྲ་རེད། ཧ་ཧ་ཧ།
“ལག་ཐབས་དང་སྨན་ཐབས་ཀྱིས་མ་འདང་བས། “‘འདི་ཡི་ནང་ན་ཡོད་པའི། འདང་བ། ཞེས་པ་ལ་ཡིག་སྐད་དུ་གོ་བ་ཞིག་ཅང་མི་འདུག
འདང་ནི། དྭངས་པ། དང་བ། སོགས་ཀྱི་ད་ལྟ་བ་ཡིན་ཏེ།
ཆུ་འདང་ནོར་བུས་དྭངས་པར་བྱེད། ས་སྐྱ་ལེགས་བཤད། ༡ ། ༡༤ ན། གསུངས་པ་ལྟ་བུའོ།
འདང་ཞེས་བ་འདི་ནི། བོད་ཡིག་ནི་ཡིན་གྱི། ཆོས་ཡིག་ནི་མིན་གྱི། བོད་སྐད་ནི་ཡིན་གྱི། དབུས་སྐད་ནི་མ་ཡིན་གྱི། ལྡང་ཞེས་ཁ་ནང་གི་ལྕེ་གཅོག་སྤྱད་གྱི་སྒྲ་འདི་ལ་གོ་བ་ཆ་མཉམ་དུ་ཡོད་ན་འགྲིག་པ་རེད།
འདང་ཆེན་ཨ་ཁུ་བླ་རྒན་པོ། སྦྱང་ན་གོ་ཐོས་ལུང་རིགས་མང་། མི་སྦྱོང་གཡག་རྒན་གཡག་རྒན་ཡིན། གོ་བ་མེད་ན་ཨམ་སྐད་ཡིན། ངའི་ལེགས་བཤད། ཤོག་ངོས་དང་པོ་ན་གསལ། ཧ་ཧ་ཧ།
ལྡང་ཞེས་པ་ལ་ཁ་སྐད་ལུང་སྐད་འདང་ཞེས་བྲིས་པ་ནི། ལེ་ལོ་ཆེ་བས་བོད་རིག་གཞུང་སྐད་དང་མཐུན་པར་བྲིས་པའི་དག་ཡིག་ཟ་མ་ཏོག་དང་། ངག་གིས་སྒྲོན་མ་སོགས་དང་འགལ། དེ་དག་ན། སྔོན་གྱི་མཁས་པ་རྣམས་ཀྱི་སྐད་ཡིག་གི་རྗེས་སུ་འབྲངས་ཏེ། རིམ་བཞིན་དུ། ཉལ་ལས་ལྡང་དང་འཁོབས་པའི་ལྡང་། ཞེས་དང་། སྟན་ལས་ལྡང་། ལྡང་ཚད། ཅེས་དང་། ཕྱིས་ཀྱི་མཁས་པ་བསྟན་དར་ལྷ་རམ་་པས་ཀྱང་། ཚད་ལོངས་པ་ལ་ལྡང་བ་དང་། ཞེས་པ་སོགས་བོད་རིག་གཞུང་སྲུང་བར་བཞེད་པས་གསུངས་། དེ་དག་ལ་རྩིས་མེད་པར་སོ་སོ་ཁ་སྐད་ལུང་སྐད་གཙོ་བོར་བྱེད་པ་དག་ལ། ཧ་ཧ་ཧ། ཞེས་རྒྱབ་དགོས་་པར་མཐོང་ངོ་།
ཟ་མ་ཏོག་དང་ངག་སྒྲོན་ཟེར་བ་ཞིག་རིག་མྱོང་མེད། ཡིན་ན་ཡང་། འཕག་ལྡང་ཟེར། འཕག་དང་ལྡང་གཉིས་དོན་གཅིག་ཡིན། ཉལ་ལས་ལྡང་(འཕག་)དང་འཁོབས་པའི་ལྡང་(འཕག)། སྟན་ལས་ལྡང་(འཕག)་། ལྡང་(འཕག)་ཚད། འདང་དང་དོན་མི་གཅིག་གོ། འདང་ནི་བགོས་ཐོབ་ལ་ལྷག་ཆ་འབྱུང་མི་འབྱུང་གི་བསམ་བློའི་བློ་རྩིས་ལ་ཟེར། ཁྱེད་ལ་གད་མོ་ཞིག་བསྩངས་ཐུབ་པ་དེ་ངའི་བསོད་ནམ་ཡིན། གད་ཚོད་ཀྱིས་རྒད་ཐུབ་ན་དེ་ཚད་ཀྱིས། ཚེ་རིང་ལོ་བརྒྱ་འདང་བ་ཡོང་གི་རེད། ཧ་ཧ་ཧ།
གད་ཚོད་ནི་ག་ཚོད་ལ་བཅོས། འདང་ནི་བསམ་བློའི་བློ་རྩིས་ཕོག་མ་ཕོག་ལ་གོའོ།
ལ་དྭགས་བླ་རྒན་ཚང་ལ་གྲག་རྒྱུ་མེད་པ་གང་ཡིན། ཅིག་གསུང་དང་།
གནམ་ཚང་།
ལ་དྭགས་བླ་རྒན་ཚང་ལ་གྲག་རྒྱུ་མེད་པ་གང་ཡིན། ཅིག་གསུང་དང་། ཞེས་པ་ན། ཡོད་པའི་གྲག་དེ། ལོ་གྲག་ཟེར་གསུམ་དོན་གསུམ་དོན་གཅིག་ཡིན་པ་བཤེས་དམ་པའི་ཞལ་ལས་ཐོས། དེ་ལྟར་ན། གནམ་ཚང་གི་ཞེ་འདོད་དེ་གང་ཡིན། ངས་མི་ཤེས། ངས་སྐད་ཆ་བདེན་པར་སྨྲ་བས། སུ་ལ་ཡང་སྐྲག་དགོས་མེད། གནམ་ཚང་གི་ལུགས་ལ་ལྡང་ལ་འདང་ཞེས་པ་རང་གི་གྲུབ་མཐར་གྲག རང་གི་གྲུབ་མཐའ་ཡིན་ལོ། དེ་འདྲ་ཟེར། འོན་ཀྱང་དེ་ལ་ཁུངས་ཤིག་མེད་པས། ནམ་ཞིག་ན་རྡུལ་དུ་བརླག་པ་གདོན་མི་ཟའོ།
ངག་སྒྲོན་ལས།
སྡོང་ངོས་ངད་ལྡང་ལྡེ་གུ་བྱུག །
་
ནེའུ་ལྡང་ལྡོམ་བུ་སྟན་ལས་ལྡང་། །
ལྡང་ཚད་ལ་སོགས་ལར་བཏགས་དའོ། །
ལོ་གྲག་ཟེར་གསུམ་མ་རུང་ཚིག། ངས་ནི་དེ་ལྟར་མི་འདོད། ང་སྐུ་དྲག་གི་ཁྱིམ་ལ་ནི་མ་སྐྱེས་ཤིང་། ཞེ་ས་དང་སྐྲག་ས་མེད་པར་བཀོལ་བའི་རང་སྐད་གཙང་མ་དེ་ཡིན་ན། མ་རུང་བའི་ཚིག་ཞིག་ལ་གོ་བ་མ་ལེན་རོགས་གནོངས།
དྲི་ངད་ཁྱབ་པ། དྲི་ངད་ལྡང་བ། དོན་གཅིག་ཡིན། ཡ་ད་མང་པོ་མང་པོ་ཞིག་ཞུས་ན། ལན་པོ་རང་མེད་པས། གོ་བ་ཅན་ལ་ཚིག་གཅིག་མི་འགྲོ་ན། གདོན་མི་ཟ་བའི་ཨུ་ཚུགས་ལ་གུས་སོ།
ལོ་གྲག་ཟེར་གསུམ་མ་རུང་ཚིག། ཅེས་ཐོམ་མ་མྱོང་། ལོ་གྲག་ཟེར་གསུམ་མ་རངས་་ཚིག། ཅེས་ཐོས་མྱོང་། གོང་དུ། བླ་རྒན་ཞེས་བྲིས་ཡོད་པ། ལོ་ལོན་པས་བླ་རྒན་ལས་ཀ་བྱེད་མི་ནུས་པ་ཞིག་གོ་ཞེས་དམའ་འབེབས་བྱས་པ་ཡིན་ན། རུང་བ་མ་ཡིན། རུང་བ་དང་། རངས་པའི་ཁྱད་པར་ཤིན་ཏུ་ནས་གསལ་པོར་ཤེས། ངས་ཉ་དང་ཉུང་མ་མི་བསྲེ། མ་རུང་དང་། མ་རངས་པ་གཉིས་ལ་གོ་བ་ལེན་ཚུལ་སོ་སོ་ཡོད་དོ།
རུང་དང་རངས་གཉིས་ལ་ཁྱད་པར་ཡོད་པ་ཤེས་ཙམ་ཡོད། ལོ་ལོན་ལ་ལོ་ལོན་དང་རྒན་པ་ལ་རྒན་པ་ཞུས་ན་མ་འགྲིག་པ་ཞིག་ག་ལ་ཡོད། བླ་ནི་གོང་གི་དོན་ཡིན་པས། གོང་གི་རྒན་པ་ལ་བླ་རྒན་ཞུས་བ་ཤིན་ཏུ་འཐད་དོ།
བླ་རྒན་མི་རྒན་ཞེས་པ་ཕར་ཆེར་ལས་ཀ་མི་འཇོན་པའི་གྲས་སུ་འཇོག དེ་ལྟར་མ་ཡིན་པར་གུས་པའི་ཚུལ་དུ་བཀོད་པ་ཡིན་ན་ལེགས་སོ། སང་ཉིན་སྔ་དྲོ་ནས་གྲོང་གསེབ་བསྐོར་གཡེངས་ལ་འགྲོའོ།
གྲོང་གསེབ་ལ་སྐོར་གཡེང་བྱེད་དུ་ཕེབས་དུས། དགྲ་ཇག་ཆོམ་རྐུན་ལ་དོགས་ཟོན་ནན་པོ་ཡོད་པར་ཞུ། ང་ནི་རྒན་ལ་གུས་ནིའི་དྲ་འབུ་སེམས་དཀར་ཞིག་ཡིན་པས། ཉིད་ཀྱི་ཐེ་ཚོམ་བག་ལ་ཉལ་བའི་རེ་སྨོན་ཡོད། ཧ་ཧ་ཧ།
གནམ་བཟང་། ནམ་ཡང་གཡེལ་པ་མེད་པ་ལེགས།
ང་ཅག་ཁ་ལོ་པ་ཐེས་ཏེ། མི་ཟླ་དགུ་ཡོད། སྣང་རྟགས་མེད། ཁྱེད་ཀྱི་བག་ལ་ཉལ་ཞེས་པའི་བག་གི་དོན་ཅི་ཡིན། བག་ལ་ཉལ་ན་ཡང་ལྡང་བ་ཆོས་ཉིད་ཡིན། མགྲོན་ཁང་འདིར་དྲ་རྒྱའི་མཐུན་རྐྱེན་ཡོད་པས། འཕྲིན་འདི་བསྐུར་ཐུབ་བོ།
# 33 ལ་དྭགས་བློ་བཟང་འཇམ་དཔལ་ལགས་ཀྱིས།
གནམ་ཟང་།
ང་ཅག་ཁ་ལོ་པ་ཐེས་ཏེ། མི་ཟླ་དགུ་ཡོད། སྣང་རྟགས་མེད། ཁྱེད་ཀྱི་བག་ལ་ཉལ་ཞེས་པའི་བག་གི་དོན་ཅི་ཡིན། བག་ལ་ཉལ་ན་ཡང་ལྡང་བ་ཆོས་ཉིད་ཡིན། མགྲོན་ཁང་འདིར་དྲ་རྒྱའི་མཐུན་རྐྱེན་ཡོད་པས། འཕྲིན་འདི་བསྐུར་ཐུབ་བོ།
འདི་ངའི་སྤྱི་སྐད་ལ།
གནམ་ལགས།
ང་ཚོ་ཁ་ལོ་པ་ཐེས་པས། མི་ཟླ་དགུ་ཡོད། སྣང་རྟགས་མེད། ཁྱེད་ཀྱི་བག་ལ་ཉལ་ཟེར་བའི་བག་གི་དོན་ག་རེ་རེད། བག་ལ་ཉལ་ན་ཡང་། དེ་ལས་ཡར་ལང་བ་ཆོས་ཉིད་རེད། མགྲོན་ཁང་འདི་ལ། དྲ་རྒྱའི་མཐུན་རྐྱེན་འདུག བྱས་ཙང་འཕྲིན་འདི་ཡང་བསྐུར་ཐུབ་སོང་།
ངའི་འབྲི་སྟངས་འདི་ལ། དག་བཅོས་གནང་ན་དགའ་བསུ་ཡོད།
# 34 ཀརྡོ་གཉེར་ཕྱག་པའི་མཆན་བུ་འདི་ནི། དིང་གི་ཁ་སྐད་སྤྱི་ལ་ཁྱབ་དགོས་པས་དབང་དུ་བྱས་པ་ལས། རྒན་འཇམ་དཔལ་ལགས་ལ། ཟུར་ཟ་སྐྱོན་འདོགས་ཀྱི་ཀུན་སློང་ནི་མེད་དོ།།
སྣང་དོགས་མེད་ཞུ་དགོས་ཡོད་པ་འདྲ། རེད། སྣང་དོགས་མེད་ན་ཡག་པོ་གདའ། བག་ལས་ལྡང་བ་ཆོས་ཉིན་ཡིན་མིན་བཤད་མེད། བག་ལས་མི་ལྡང་བར་མི་ལྡང་བའི་སེམས་ལ་འདུལ་སྦྱོང་གནོངས་ཞུས་ཡོད། རྒན་ལགས།
ཀརྡོ་ལགས།
ལ་དྭགས་པ་དང་ཀརྡོའི་དབྱེ་གསེས།
དོན་ཅི་ཡིན།
དོན་ག་རེ་རེད། ཚིག་ལྷག་གཅིག་བྱས།
ལྡང་བ་ཆོས་ཉིད་ཡིན།
དེ་ལས་ཡར་ལང་བ་ཆོས་ཉིད་རེད། ཚིག་ལྷག་གསུམ་བྱས།
མགྲོན་ཁང་འདིར།
མགྲོན་ཁང་འདི་ལ། ཚིག་ལྷག་གཅིག་བྱས།
མཐུན་རྐྱེན་ཡོད་པས། འཕྲིན་འདི་བསྐུར་ཐུབ་བོ།
མཐུན་རྐྱེན་འདུག བྱས་ཙང་འཕྲིན་འདི་ཡང་བསྐུར་ཐུབ་སོང་། འདི་ལ་ཚིག་ལྷག་ག་ཚད་ཡོད་མེད། ཀརྡོ་རང་གིས་རྩིས་རྒྱོབ་ཤོག། ཧ་ཧ་ཧ།
ལྷག་པ་དང་ནི་ཆད་པ་དང་། །
་
་
་
གནམ་ལགས།
བརྡ་དག་སྙན་སུམ་སྦྱངས་པ་མཚུངས་ན་ཡང་། མདོ་ཁམས་པ་རྣམས་མདོ་ཁམས་ཀྱི་སྐད་ལ་སྦྱང་ཆ་ཆེ་བ་ལྟར། བོད་སྟོད་དབུས་ཀྱི་སྐད་ལ་སྟོད་དབུས་པ་རྣམས་རྒྱུས་ཆེ་བ་ཡོད་རེད།
གནམ་ལགས།
ཕེབས་བསུ། རྒན་འཇམ་དཔལ་ལགས་ཀྱི་རྗོ་ཚིག་རྣམས་ནོར་མེད་ན་ཡང་། དིང་གི་སྤྱི་སྐད་ལྟར་ན་འདི་ལྟར་དགོས་ཞེས་རྗོ་ཚིག་དང་ཕྲད་བརྗེས་པ་ལས། ཚིག་ལྷག་གཅིག་ཀྱང་མེད།
ཁྱེད་ཀྱིས་མ་རུང་པ་དང་། མ་རངས་པ་གཉིས་ལན་གཅིག་ནོར་ཟིན་པ་ལྟར། ཚིག་བརྗེ་བ་དང་ཚིག་ལྷག་པ་གཉིས་ཀྱང་ནོར་བགྱིན་མི་འདུག་གམ། ལགས།
ཕེབས་བསུ།
འདི།
ཕེབས་བསུ་ཞུ།
ལ།
བོད་ཆོལ་ཁ་གསུམ་ལ།
སྟོད་དབུས།
ཁམས།
ཨ་མདོ།
ཞེས་དགོས་འདུག དབུས་གཙང་ཞེས་པའི་མིང་འདི། ཤིན་ཏུ་ཁྱབ་ཆུང་དྲགས་པའི་སྐྱོན་ཡོད།
ཧ་ཧ་ཧ། གང་ལ་མ་བྱང་བའི་སྤྱི་སྐད་ཞིག་ཅི་ལྟར་བརྗོད། སྐྱོན་ལ་ངོས་ལེན་མེད་ན། དེ་ཁྱེད་རང་གི་མྱི་གཤིས་ཡིན་རྒྱུ་རེད། མྱི་དེ་འདྲ་ཡོད་ཆོག་པ་རེད། ཡོད་པ་ནང་བཞིན་གུས་ཀྱང་དགོས་པས། ངས་ཁྱེད་ལ་གུས་ཤིང་། སྤྱི་སྐད་ལ་ཤུགས་རྒྱོབ་དང་། ཉིན་ཞིག་ཀརྡོའི་གསུང་ཟེར་ནིའི་མགོ་ཉོག་པོ། བརྩད་ན་ཚར་རྒྱུ་མེད་པའི། ཁུངས་ལུང་གཏུག་ས་མེད་པའི། གཞུང་ཆེན་ཡ་མ་ཟུང་གཅིག་འབུལ་བའི་བསུ་མ་ཞུས་ཡོད། ཧ་ཧ་ཧ།
གནམ་ལགས།
ལགས། ལགས་སོ། །ཤུག་རྒྱོབས་ཞེས་པའི་སྐུལ་མ་ལ་ཐུགས་རྗེ་ཆེ་ཡང་། བསུ་མ་ཕྱིས་དྲགས་པའི་ཚོད་ལ་སླེབས་པ་འདྲ།
ང་བདེ་བར་ལོག བག་གི་དོན་དྲིས་པར་ལན་ཞིག་མ་མཐོང་། གཅིག་ན་མ་མཐོང་བ་ཡིན་སྲིད། བག་ ཅེས་པ་འདི་ལ་བརྗོད་དགོས་པ་མང་བས་དྲིས་པ་ལགས། ངས་ཁྱེད་ལྟར་ལ་དྭགས་པའི་ཁ་སྐད་ཅིག་བྲིས་པ་ཡིན་ན། ལ་དྭགས་པ་མ་ཡིན་པས་ཟུར་ཡང་མི་གོ་བ་ཐག་གཅོད་པ་དགོས་སོ།
རྒན་ལ་དྭགས་པར་བཀའ་འདྲི་ཞུ། བག་གི་དོན་ཕྲན་གྱིས་ཞུ་བ་སྐབས་སུ་མ་བབ་ཀྱང་། དུས་ཚོད་ཅུང་ཟད་ཐོབ་པའི་་དྲན་ཐོག་འདིར་ཞུས་ན། བག་དང་སྦགས་དོན་གཅིག་ཡིན་པར་འདྲ། རོང་ཟོམ་ཆོས་བཟང་གིས་མཛད་པའི་༼རང་བྱུང་ཡེ་ཤེས་ཆེན་པོའི་འབྲས་བུ་རོལ་པའི་དཀྱིལ་འཁོར་དུ་བལྟ་བའི་ཡི་གེ༽ཞེས་བྱ་བ་མདོ་ཆེན་པ་རྒྱལ་སྲས་སེངྒེའི་ཕྱག་དཔེ་རྙིང་པ་བྲིས་མར། ཀུན་གཞིའི་རྣམ་པར་ཤེས་པ་ལ་དམིགས་པ་སྣ་ཚོགས་ཀྱིས་བཞག་པའི་སྦགས་ཆགས་ཀྱི་ཁམས། ཞེས་དང་། ནག་པོའི་སྦགས་ཆགས་དང་དཀར་པོའི་སྦགས་ཆགས་ཀྱི་སྒོ་ནས་ནི། ཐུན་མོང་མ་ཡིན་པའི་རྒྱུའི་རྐྱེན་དུ་འགྱུར་རོ། །ཞེས་དང་། བདག་ཅག་ལྟ་བུའི་བློས་ཀླུང་དུ་དགོད་པར་རིགས་པ་མ་ཡིན་ནའང་། ཞེས་དང་། འདིར་སྤྱིར་བསྟན་བཅོས་སྤྱིའི་ཀླུང་མ་བྲིས་སོ། །ཞེས་པ། དཔེ་གཞན་དུ། སྦགས་ཆགས་ལ་བག་ཆགས་དང་། སྤྱིའི་ཀླུང་ལ་སྤྱི་གཞུང་ཞེས་བྲིས་འདུག ། བག་ཆགས་བཞེད་ཚུལ་སྣ་ཚོགས་བྱུང་ཡང་། གོང་གི་རོང་ཟོམ་ཆོས་བཟང་གི་གསུང་ལྟར་ན། མཛོད་ལས། བགོ་བའི་སེམས་ལ་བགོད་ཕྱིར་རོ། །ཞེས་པ་ལྟར། བག་ནི་སྦགས་ཏེ་གོམས་གཤིས་བགོས་པའམ་འདྲེས་པའི་དོན་ཡིན་ནམ་སྙམ། དེ་བཞིན། གོམས་གཤིས་ངན་པ་འགོག་མ་ཐུབ་པ་ལ་་་་བག་མེད། ཤིན་ཏུ་འདྲེས་པའི་ཁྲིམས་སོགས་ཀུ་ཡངས་སུ་གཏོང་པ་ལ་་་་བག་ཡངས། འཇིག་རྟེན་ཁྱིམ་པའི་གོམས་གཤིས་མངོན་པར་བྱེད་མཁན་ལ་་་བག་མ། སྔར་གོམ་པའི་འཇིགས་སྐྲག་སྐྱར་ཏུ་ལང་པ་ལ་་་བག་ཚ། ཆུ་དང་གྲོ་བྱེ་འདྲེས་པ་ལ་་་་བག་ཟན། ལ་སོགས་པའོ༎ བོད་ཀྱི་སྤྱི་སྐད་ལ་རྨོངས་ཀྱང་མོས་པ་ཆེ་བའི་དྲི་མེད་ལྷག་བསམ་ཀྱིས་གུས་ཕུལ། །
དྲ་ཐོག་འདིར་མཁས་གྲགས་དབྱར་རྔ་ལྟར་ལྡིར་བའི་བོད་གངས་ལྗོངས་ཀྱི་མཁས་དབང་རྣམས་ལ་བཀའ་འདྲི་ཞུ་བ། ས་སྐྱ་བསོད་ནསམས་རྩེ་མོས། དེ་དག་བརྗོད་དུ་རུང་ཚད་ཀྱི། །ཡི་གེའི་གྲངས་ནི་མདོར་བསྡུ་ན། །ཁྲི་ཕྲག་གཅིག་དང་སྟོང་ཕྲག་བརྒྱད། །བདུན་བརྒྱ་བཞི་བཅུ་ཞེ་ལྔ་ལྡན། །ཞེས་པའི་བོད་ཀྱི་ཡི་གེའི་གྲངས་གསལ་བོར་བཀོད་པའི་ཡིག་རྙིང་མཇལ་ལམ། གཟིགས་མྱོང་ན་རྩོམ་པ་པོ་དང་། གནས་གང་དུ་ཡོད། དཔེ་ཅི་འདྲ་ཡིན། ཡིག་ཚོགས་འདུ་ཚུལ་བཅས་ཞལ་གསལ་བཀའ་ལན་གནང་བར་ཞུ། །
བཅོས། ས་སྐྱ་བསོད་ནམས་རྩེ་མོས།
བག་ཞེས་བ་འདི་རྒྱུ་ཞིག་གམ་རྒྱུ་དེའི་རྣམ་པ་ཆགས་པ་ལ་གོ། རྒྱུ་དེའི་ངོ་བོ་ཡར་མར་གང་ལ་འགྱུར་བའམ་བསྒྱུར་ཐུབ་པའི་ཆ་ནས། དོན་ཡང་ཚིག་གྲོགས་ཀྱི་གསལ་ཡོང་།
བག་དང་ཆགས་གཉིས་དོན་གཅིག་ལ་གོ་ཡང་། རྗེས་སུ། བག་ནི་བཙོག་དང་མཉམ་དུ་སྦྱར་བ་མང་བས། བག་དང་བཙོག་གཉིས་ཡང་དོན་གཅིག་ལ་བསྣོལ་བའི་སྐབས་ཡང་ཤར་བའི་མིང་ཚིག་མང་པོ་ཡོད།
བག་མ་ལྟ་བུ། བཙོག་པ་བྱས་ཚར་བའི་བུད་མེད། འདིའི་དོན་ནི། བུད་མེད་ཀྱི་ཁུ་ཁྲག་གི་རྒྱུ་ལ། སྐྱེས་བའི་ཨིན་ཁུས་བག་ཡོད་པ་འམ་བཙོག་པར་བྱས་ཡོད་པའི་ཆ་ནས་མིང་དེ་ལྟར་བྱུང་ངོ་། བག་ཡོད། བག་མེད་ལྟ་བུ་ནི་ཆགས་དང་དོན་མཐུན།
གོ་རྒྱུ་འདྲ་མེད་ན་དགོངས་དག་ཞུ།
བདེ་བར་འབྱོར་བས་ཡིད་དགའ།
དྲི་མེད་ལྷག་བསམ་མཆོག་དང་། གནམ་མཆོག་ལ། བག་ཡོད་དང་། བག་མེད། བག་མ་སོགས་ཀྱི་བག་ཅེས་པ་ཇི་ལྟར་ཡིན་དཔྱད་མི་ཐུབ། ཟས་ངན་སྦགས་པ་ཞེས་པ་ང་བྱིས་པའི་སྐབས་སུ་ཐོས། བག་དང་སྦགས་གཉིས་ལ་འདྲ་བའི་ཁུངས་ཤིག་ད་བར་མཐོང་ཡང་འོག་གི་རོང་ཟོམ་ཆེན་པའི་གསུང་ལ་བརྟགས་ནས་གོ་བ་གསར་པ་ཞིག་སྐྱེས། ད་དཀྱུས་ཀྱི་དོན་ལ་འཇུག་སྟེ།
“ཉིད་ཀྱི་ཐེ་ཚོམ་བག་ལ་ཉལ་བའི་རེ་སྨོན་ཡོད། ཧ་ཧ་ཧ།” ཞེས་པ་ན་ཡོད་པའི་བག་ལ་ཉལ་དང་། བག་ཆགས་གཉིས་དོན་གཅིག་པར་མཐོང་། དེ་དག་ལ་ཕྲ་རྒྱས་ཞེས་ཀྱང་བྱ། ཕྲ་མོ་མི་མངོན་པའི་ཚུལ་དུ་ཉལ་ཡོད་པ་ལ། བག་ལ་ཉལ་དང་། ཕྲ་མོ་མི་མངོན་པའི་ཚུལ་དུ་ལུས་ཡོད་པ་ལ། བག་ཆགས། ཞེས་བྱ། ལེགས་སྦྱར་སྐད་དུ། བག་ཆགས་ཀྱི་སྐད་དོད། བཱ་ས་ནཱ། ཞེས་ཡོད་པ་སྟེ། དྲི་ལྡན་སྟེ། མེ་ཏོག་སོགས་ཀྱི་ཤུལ་དུ། མེ་ཏོག་སོགས་རགས་པའི་དངོས་པོ་མེད་ཀྱང་། དྲི་ངད། རྒྱུན་རིང་པོར་ལུས། བག་ལ་ཉལ་དང་། ཕྲ་རྒྱས་གཉིས་ཀའི་ལེགས་སྦྱར་སྐད་དོད་གཅིག་སྟེ། ཨ་ནུ་ཤ་ཡ། ཞེས་སོ། བདག་གི་འདོད་ཚུལ་དེ་ལྟར་སྙམ་ཡང་།
དྲི་མེད་ལྷག་བསམ་མཆོག་གིས་ལུང་དྲངས་པའི་རོང་ཟོམ་གསུང་། “ཀུན་གཞིའི་རྣམ་པར་ཤེས་པ་ལ་དམིགས་པ་སྣ་ཚོགས་ཀྱིས་བཞག་པའི་སྦགས་ཆགས་ཀྱི་ཁམས། ཞེས་དང་། ནག་པོའི་སྦགས་ཆགས་དང་དཀར་པོའི་སྦགས་ཆགས་ཀྱི་སྒོ་ནས་ནི། ཐུན་མོང་མ་ཡིན་པའི་རྒྱུའི་རྐྱེན་དུ་འགྱུར་རོ། །” སྦགས་ཞེས་པ་གྱུར་ནས། བག་ཆགས་ཞེས་པ་ཡིན་པ་ལ་བོད་ཀྱི་མིང་ཚིག་འགྱུར་སྟངས་ལ་གོ་བ་གསར་པ་ཞིག་བྱུང་བཀའ་དྲིན་ཆེའོ།