སྤྱི་འཐུས་རྨོག་རུ་བསྟན་པ།
བོད་པ་མི་མང་གི་དད་འདུན་ཁྲོད་ཀྱི་པཎ་ཆེན།
བོད་མི་རིགས་ཀྱི་ཁྲག་རྒྱུན་ལ་འདྲེས་པའི་ཆོས་ལུགས་ཀྱི་ཤུགས་རྐྱེན་འོག་གནམ་ལ་ཉི་ཟླ་ཟུང་དང་། ས་ལ་རྒྱལ་བ་པཎ་ཆེན་རྣམ་གཉིས་ཞེས་པའི་གྲགས་རྒྱུན་གྱིས་བོད་མི་རིགས་དང་རྒྱལ་བ་པཎ་ཆེན་རྣམ་གཉིས་ཀྱི་མཛད་རྗེས་དང་། ལོ་རྒྱུས་ཐད་འབྲེལ་བ་གསལ་སྟོན་བྱས་ཡོད།
ཡིན་ནའང་། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་སྐུ་འཁྲུངས་ནས་ལོ་ངོ་༢༢་འགོར་ན་ཡང་། རྒྱ་དམར་གཞུང་གི་ཆབ་སྲིད་སྲིད་བྱུས་ཀྱི་གདུག་རྩུབ་འོག་བོད་པ་མི་མང་གི་མིག་སྔར་ལུས་པ་ནི་ཁོང་གི་སྐུ་པར་གཅིག་རང་ཡིན། ཁོང་གི་སྐུ་པར་གཅིག་བུ་ནི་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་མཚོན་དོན་དང་། བོད་པ་མི་མང་གི་ཡིད་ཆེས། རེ་སྒུག་དང་དད་འདུན་འོག་གི་དྲོད་ཐིགས་ཁོ་ན་ཡིན།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཁྲིམས་ཡིག་ཐོབ་ཐང་དང་། མི་ཆོས་རང་ལུགས་ཀྱི་གནས་བབ་ཀུན་ལ་བསམ་ཤེས་དང་ངོ་ཚ་མེད་པའི་གུང་ཁྲན་སྲིད་གཞུང་གིས་དགུང་གྲངས་ལྔ་ལ་སོན་པའི་བྱིས་པ་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དྲག་པོས་དཔུང་ཚོགས་ཀྱིས་བཙོན་དུ་ཁྲིད། ཁོང་ལ་རྒྱབ་སྐྱོར་དང་དད་འདུན་བྱེད་པའི་བླ་སྤྲུལ་དགེ་འདུན་པ་དང་། མི་མང་མང་པོ་ཞིག་ལ་བཙོན་འཇུག་ཁྲིམས་ཆད་བཏང་སྟེ་ཁོང་གི་སྐུ་པར་གཤམས་པ་ཙམ་གྱིས་ཀྱང་ཁྲིམས་འགལ་ཉེས་བསགས་འགྲོ་བའི་གཡོན་ཐལ་སྲིད་བྱུས་བཟུང་། ཅི་ཙམ་གྱིས་གདུག་རྩུབ་ཀྱི་བྱེད་སྒོ་སྤེལ་ནའང་བོད་པ་མི་མང་གི་སེམས་ཁོང་ནས་ཁོང་ལ་ཕུལ་བའི་དད་ཞེན་སྔར་བཞིན་གནས་ཡོད།
རྒྱ་ནག་གཞུང་གི་ཚབ་མཚོན་གྱི་པཎ་ཆེན།
ཆོས་ལུགས་དང་དཀོན་མཆོག་དགྲ་རུ་ལྟ་བ་དང་། སྐྱེ་བ་ཕྱི་མ་ཁས་ལེན་མི་བྱེད་པའི་རྒྱ་ནག་སྲིད་གཞུང་གིས་པཎ་ཆེན་རིན་པོ་ཆེ་ཡི་སྐྱེ་བ་ཕྱི་མ་ཞིག་ཡོད་པ་ཁས་ལེན་བྱས། དྲག་པོས་དམག་དཔུང་གིས་བཀག་སྡོམ་འོག་ནས་རྒྱལ་མཚན་ནོར་བུ་ཞེས་པའི་བྱིས་པ་དེ་པཎ་ཆེན་སྐུ་ཕྲེང་བཅུ་བའི་ཡང་སྲིད་ཡིན་པའི་ཁྱབ་བསྒྲགས་བྱས། པེ་ཅིང་གཞུང་གི་བདག་སྐྱོང་འོག་ནས་ཁོང་ལ་སློབ་གསོའི་ཁོར་ཡུག་བསྐྲུན་ཏེ་ཁོང་ནི་པཎ་ཆེན་རིན་པོ་ཆེ་ཡིན་པས་དྲིལ་བསྒྲགས་ཀྱིས་བོད་པ་མི་མང་རྨོངས་སུ་བཅུག
བོད་པ་མི་མང་དང་། བོད་ཀྱི་ཆོས་ལུགས། བོད་ཀྱི་མཁས་དཔོན་དག་ཚར་གཅོད་ཀྱི་ལོ་ངོ་ལྔ་བཅུའི་རིང་བོད་མི་རིགས་ནི་མུན་ནག་དང་། རྨོངས་ཁྲོད་དུ་དེད་པ་བདེན་ནའང་། རང་བྱུང་བག་ཆགས་དང་ལས་འབྲེལ་ཀྱིས་གཞེངས་བསྐྲུན་འོག་ཏུ་དད་པའི་ཚོས་གཞིར་བསླད་སྐྱོན་མ་འདྲེས་པའི་བློ་མིག་གིས་རྒྱ་གཞུང་འཁྲབ་སྟོན་འོག་གི་རྒྱལ་མཚན་ནོར་བུ་དེ་པཎ་ཆེན་མིན་པར་བོད་པ་མི་མང་གིས་ངེས་ཤེས་གསལ་པོ་རྙེད།
པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མའི་ངོ་གདོང་གཡོག་སྟེ་ལོ་ངོ་བཅུ་བདུན་འགོར་ཡོད་ཀྱང་། བོད་མི་རིགས་ཀྱི་སེམས་ཁོང་ན་སྔར་བཞིན་མཚེར་བ་ནི་༸གོང་ས་མཆོག་གིས་འཁྲུལ་མེད་ཡེ་ཤེས་ཐུགས་ཀྱིས་ངོས་འཛིན་གནང་བའི་ཆུང་སྲིད་ཁོང་ཉིད་ཡིན་པ་ལས། རྒྱ་ནག་གཞུང་གི་འཁྲབ་སྟོན་འོག་ཏུ་བོད་པ་མི་མང་མཇལ་ཁར་བཙན་འདེད་བྱེད་རྒྱུར་སྐུལ་སློང་བྱེད་སའི་རྒྱལ་མཚན་ནོར་བུ་ག་ལ་ཡིན། རྒྱ་གཞུང་གི་གོ་སྒྲིག་འོག་རྒྱལ་མཚན་ནོར་བུ་བོད་ཆོལ་ཁ་གསུམ་ས་ཁུལ་མང་པོར་བསུས་ཡོད་ཀྱང་། ཁོང་ལ་ཕེབས་བསུ་བྱེད་མཁན་ནི་གོང་རིམ་གྱི་བཙན་བཀའ་ཕོག་སའི་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་བྱེད་དང་། ས་གནས་གཞུང་གི་བཀོད་ཁྱབ་ལ་ལྟོས་དགོས་པའི་ལས་བྱེད་ཁག གོང་རིམ་ནས་ཟླ་རེར་མུག་སྐྱོབ་རོགས་རམ་བྱེད་བཞིན་པའི་དབུལ་བོ་ཁག་ཅིག་ཡིན།
ཡིན་ནའང་། བོད་པ་མི་མང་གི་ཁྲོད་དུ་བསམ་བློ་གཏོང་ཕྱོགས་གཞན་ཞིག་ཡོད། པཎ་ཆེན་རིན་པོ་ཆེ་ཡི་ཁྲི་སྟེང་དུ་སྡོད་མཁན་ལ་མི་བསོད་ནམས་ཅན་ཞིག་དགོས་པ་ཡིན། རྒྱལ་མཚན་ནོར་བུ་ཁྲི་སྟེང་འདི་ནས་གས་འཐོར་ཏུ་མ་ཕྱིན་པས་ཁོང་ཡང་བསོད་ནམས་ཅན་ཞིག་ཡིན་རྒྱུ་རེད། བསོད་ནམས་ཅན་ཞིག་ཡིན་པས་ངོས་འཛིན་འོག་མཇལ་ཁ་ཞུ་མཁན་ཁག་ཅིག་ཀྱང་ཡོད། འོན་ཀྱང་། ཆབ་སྲིད་བཙོན་ཟུར་ཞིག་གིས་འདི་འདྲ་ཞིག་བཤད་མྱོང་། རྒྱལ་མཚན་ནོར་བུ་ནམ་མཁའ་རུ་འཕུར་ཡང་ད་ལྟའི་དུས་ཚོད་འདིར་མཇལ་ཁ་ཞུ་རྒྱུ་མིན། རྒྱ་གཞུང་གིས་ཆབ་སྲིད་ཀྱི་འཁྲབ་སྟོན་ཁོ་ནའི་དམིགས་ཡུལ་ཆེད་རྒྱལ་མཚན་ནོར་བུ་པཎ་ཆེན་དུ་ངོས་འཛིན་བྱས་པ་ཡིན་པས། གཡོ་རྒྱུ་ཅན་གྱི་ཁོང་ཚོའི་དམིགས་ཡུལ་དེ་དུས་ནམ་ཡང་ངོས་ལེན་བྱེད་ཐུབ་ཀྱིན་མི་འདུག་ཅེས་བཤད་ཡོད།
རྒྱལ་མཚན་ནོར་བུ་པཎ་ཆེན་རིན་པོ་ཆེ་ཆགས་མི་སྲིད།
པཎ་ཆེན་རིན་པོ་ཆེ་ཡིན་མིན་ནི་བོད་པ་མི་མང་གིས་ངོས་ལེན་དང་། བོད་པ་མི་མང་གི་བརྩི་བཀུར་ལ་རེག་ལས་པ་ཞིག་ཡིན་པ་ལས། གོང་རིམ་དཔོན་པོ་ཁག་ཅིག་གིས་བཀོད་ཁྱབ་ཀྱིས་བཟོས་པའི་པཎ་ཆེན་དེ་ནམ་ཡང་རིན་པོ་ཆེར་འགྱུར་མི་སྲིད། རྒྱ་གཞུང་གི་དཔོན་རིགས་ཚོ་འཆི་ལམ་དུ་སོང་ཚེ་འཕོ་འདེབས་བསྔོ་སྨོན་བྱེད་མཁན་གྱི་པཎ་ཆེན་དུ་འགྱུར་སྲིད་ཀྱང་། ཆོས་སྡེ་བཀྲ་ཤིས་ལྷུན་པོའི་ཆོས་ཁྲི་གནོན་མཁན་གྱི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་འགྱུར་ཐབས་རྩ་ནས་མེད། རྒྱལ་མཚན་ནོར་བུ་ཕེབས་ལམ་གྱི་དུང་དང་རྒྱ་གླིང་གི་སྒྲ་དབྱངས་སྙན་མོ་དེ་ཡང་གུང་ཁྲན་ཏང་གི་དམག་ཤུགས་ཀྱིས་འགུགས་གཞུག་ཅིག་ཡིན་པ་ལས་ནམ་ཞིག་གུང་ཁྲན་ཚོགས་པའི་དྲག་སྤྱོད་དམག་ཤུགས་ཉམས་རྒུད་དུ་ཕྱིན་ཚེ་རྒྱལ་མཚན་ནོར་བུའི་མདུན་ལམ་ནི་བོད་པའི་སྤྱི་ཚོགས་ནང་ཆེ་མཐོང་ཡོད་པའི་གྲྭ་བ་དཀྱུས་མ་ཞིག་ཏུ་འགྱུར་ངེས་རེད།
རྒྱལ་མཚན་ནོར་བུའི་ད་ལྟའི་གནས་བབ།
བོད་པའི་སྤྱི་ཚོགས་ནང་རྒྱལ་མཚན་ནོར་བུ་ལ་ལྟ་སྟངས་རིགས་གཉིས་ཡོད། ཁག་ཅིག་གིས་གོང་དུ་ཞུས་པ་བཞིན་མི་བསོད་ནམས་ཅན་ཞིག་ཡིན་པས་དད་ཡུལ་དུ་བགྲང་བཞིན་ཡོད་པ་དང་། ཁག་ཅིག་གིས་གུང་ཁྲན་ཚོགས་པའི་རྒྱུགས་ཁྱི་ཙམ་ལ་ངོས་འཛིན་བྱེད་པ་རེད། ངོས་འཛིན་འདི་གཉིས་ཀྱི་བསམ་བློའི་འཐབ་རྩོད་ལ་གཡོ་འགུལ་ཧ་ཅང་ཆེ་ནའང་། དོན་དངོས་རྒྱལ་མཚན་ནོར་བུའི་གནས་བབ་ལ་བསམ་ཤེས་བྱེད་མཁན་ཉུང་བར་སེམས།
པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་ནི་འཛམ་གླིང་སྐྱེ་བོ་སུས་ཀྱང་མི་མཐོང་བའི་བཙོན་པ་ལོ་ན་ཆུང་ཤོས་དེ་ཡིན་པར་ཡོངས་གྲགས་ཡིན་ལ། རྒྱལ་མཚན་ནོར་བུའང་འཛམ་གླིང་གི་མིག་སྔར་ཁྲོམ་བསྒྲགས་བྱེད་བཞིན་པའི་བཙོན་པ་ལོ་ན་ཆུང་ཤོས་ཤིག་ཆགས་ཡོད། བཙོན་པ་ཞེས་པ་ནི་འགྲོ་འདུག་སྤྱོད་གསུམ་དང་། སྨྲ་བརྗོད་སོགས་ཡོངས་སུ་རྫོགས་པར་གཞན་གྱིས་དབང་བསྒྱུར་བྱས་པ་ཞིག་ལ་གོ་བ་ཡིན། རྒྱལ་མཚན་ནོར་བུའི་ཉེ་འཁོར་གཡས་གཡོན་ཡོངས་སུ་རྫོགས་པར་སྲུང་སྐྱོབ་ཀྱི་ཁ་གཡང་འོག་དམག་མི་དང་ཉེན་རྟོག་པ་གསོག་འཇོག་བྱས་ཡོད་ལ། ནམ་རྒྱུན་གྱི་བཞུགས་གནས་ཚུན་ཆད་དུ་དེང་རབས་གློག་ཆས་ཀྱི་ལྟ་སྲུང་ཡོ་ཆས་བཙུགས་ཡོད། ཐ་ན་དགེ་རྒན་གྱི་དཔེ་ཁྲིད་བྱེད་པ་ཚུན་ཆད་ལ་ལྟ་སྲུང་ནན་པོ་བྱས་ཡོད་པ་རེད། དེ་རིང་གི་བརྒྱུད་ལམ་འདི་སྤྱད་དེ་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། རྒྱ་གཞུང་གི་ལྟ་རྟོག་བཀའ་བཀོད་འོག་ན་འགྲོ་འདུག་རང་དབང་མེད་པའི་བོད་ཕྲུག་རྒྱལ་མཚན་ནོར་བུ་ལགས་སུའང་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན།
༸པཎ་ཆེན་རིན་པོ་ཆེ་༸བསྟན་འཛིན་དགེ་འདུན་མཆོག་༸སྐུ་ཚེ་ཡུན་བརྟན་ཤོག །
༧ཀུན་གཟིགས་པན་ཆེན་རིན་པོ་ཆེ་ང་ཚོར་བོད་མི་ཡོང་ལ་ཁོང་ལས་བཀའ་དྲིན་ཆེ་བ་འཛམ་གླིང་འདི་ན་སུ་་ཡང་མེད་ སྡུག་བ་ལ་མི་ཁར་ཤས་ཞིག་གི་རྒྱལ་ལག་ལ་སྤྲེད་སོང་། ཚུལརྒྱལ་ཀར་ལ་གདན་འདྲེན་མ་བྱེད་པར་ཕར་རྒྱལ་ནག་ལག་སྤྲེད་སོང་། བསམ་ངན་རང་གི་བྱེད་ན་དུས་ངན་ཟེར་
ད་དེ་ཚོ་བསམ་ན་ངས་ང་རང་ལ་ཡང་ཡིད་ཆེད་མིན་འདུག
ཚུལརྒྱལ་ཀར་ལ་གདན་འདྲེན་མ་བྱེད་པར་ཕར་རྒྱལ་ནག་ལག་སྤྲེད་སོང་། ཟེར་ན། རྒྱ་མིས་བཙན་དབང་གིས་བཟང་བཙོན་དུ་དབང་ཤེད་བཙན་དབང་མེད་པར་སྟོན་པ་མིན་ནམ་རྡོ་རྗེ་ལགས།
གསང་བའི་ལས་དཀའ་མ་བྱེད་པར་མི་མང་ལ་ཁྱབས་བསྒྲགས་བྱེད་ན་དེ་ལས་ཡོངས་རྒྱུ་ཅི་ཡོད་། རྒྱལ་མིས་བཟང་བཙོན་ཟེར་བ་ལ་ཁ་ལ་ཐར་བ་སྤར་བ་དགུ་ཐོབས་། ཀུན་གཟིགས་པན་ཆེན་རིན་པོ་ཆེ་ཡང་སྲིད་སྐུ་མདུན་ནས་ངོས་འཛིན་གནང་བ་རེད་། ང་ཚོས་གསང་བའི་ཐོག་ཚུལ་གདན་འདྲེན་མ་བཟོས་པ་།་ ད་དུང་ཁབ་བདེ་མོ་འདྲ་བཤད་ནས་བཞུགས་རོག་། ལུས་ལ་ཆོས་གོས་གྱོན་། ངག་གི་བྱམས་སེམས་བཤད་། སེམས་ལ་དུག་ལྔ་འབར་། མཐུན་ལམ་དང་ཁྱབས་མཐུན་ཕར་ཞོགས་། ང་ཆེ་ང་བཙན་ང་མཐོ ་ང་རྒྱལ་རང་གི་ལས་དཀའ་ལས་། མི་གཅིག་འགོ་མཐོ་ན་དེ་ཕྲགས་དང་འདྲེན་སེམས་། མི་གཅིག་བཟང་ཕྱོགས་གི་ལས་དཀའ་བཟོས་ན་དེ་ངན་ཕྱོགས་སུ་བསྒྱུར་ཨ་ཁ་ཁ་།
རྨོག་རུ་བསྟན་པ་ལགས་ཀྱིས་ཧ་ཅང་གི་གནད་ལ་ཁེལ་པོ་དང་ཡག་པོ་བྲིས་འདུག་པས་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན་ལ་ཐུགས་རྗེ་ཆེ་གནང་།
བསམ་ཚུལ་རྗེས་སུ་ཞུ་རྒྱུ་ཡིན།
2005ལོར་རྒྱ་ནག་ཁྲོང་ཆིན་གྱི་ཁང་པའི་ཅ་དངོས་ཚོང་རྒྱག་མཁན་རྒྱ་མི་ཞིག་གིས་(ངའི་ཁང་གསར་པ་རྒྱག་བྱེད་ཀྱི་ཅ་དངོས་མང་པོ་ཞིག་མངགས་ཉོ་བྱས་པ་དེ་ཁྱེར་ནས་སྔོན་ཆད་ཅང་ཅེ་ཧྲིས་རྒྱབ་པའི་བཙོན་ཁང་ཞིག་གི་ནང་དུ་ཅ་དངོས་སྐྱེལ་བར་སོང་བ་ཡིན། དེར་བོད་པའི་བོད་ཆས་ཀྱོན་པའི་བོད་པ་ཞིག་མཐོང་སོང་། ངས་བཙོན་སྲུང་བ་ཞིག་ལ་དེ་སུ་རེད་ཅེས་དྲིས་དུས་བཙོན་སྲུང་བ་དེས་མི་དེ་བོད་པའི་བླ་མ་ག་གེ་མོ་ཞིག་གི་ཕ་རྒན་རེད། དེ་གཅིག་བྱས་ན་ཁྱེད་རང་ཚོའི་པཎ་ཆེན་བླ་མ་ཡིན་པ་འདྲ་)ཟེར། ངས་རྒྱ་མི་དེ་ལ་ཡང་ཡང་ཁ་པར་ནང་དེའི་སྐོར་རྩར་གཅོད་བྱས་པ་ཡིན། བློ་ཕངས་པ་ཞིག་ལ་རྗེས་ནས་རྒྱ་མི་དེའི་ཁ་པར་ཨང་གྲངས་བརྗེ་བོ་རྒྱབ་སོང་པས་འབྲེལ་བ་བྱེད་ཐབས་བྲལ།
ཁྲོང་ཆིན་ན་ཅང་ཅེ་ཧྲིའི་སྐབས་རྒྱབ་པའི་བཙོན་ཁང་སྐད་གྲགས་ཅན་ཞིག་ཡོད་པ་རེད། ཅང་ཅེ་ཧྲིས་ཁོ་རང་གི་དམག་དཔོན་ཀྲང་ཞོ་ལིང་བཙོན་དེའི་ནང་བཅུག་པ་རེད། དེའི་རྗེས་སུ་མོ་ཙེ་ཏུང་གི་ཡང་ཁོ་ལ་ངོ་རྒོལ་བྱེད་མཁན་གྱི་རྒྱ་མི་སྙན་ངག་པ་ཞིག་བཙོན་ཁང་དེའི་ནང་དུ་ཚེ་བཙོན་ལ་བཅུག་པ་རེད་ཟེར། རྒྱ་མི་དེའི་མིང་དྲན་མ་སོང་། བཙོན་ཁང་དེའི་ནང་དུ་མི་སྣ་གྲགས་ཆེན་ལས་བཅུག་གི་མ་རེད་ཟེར། པཎ་ཆེན་རིན་པོ་ཆེ་བཙོན་ཁང་དེའི་བཅུག་མི་སྲིད་པ་མ་རེད།
༧ཀུན་གཟིགས་རིན་པོ་ཆེ་མཁྱེན། མགོན་པོ་ཁྱེད་དང་བྱ་བྲལ་རིན་པོ་ཆེ་གཉིས་གུང་ཁྲན་གཞུང་གིས་མེད་པ་བཟོས་པ་ང་ཚོས་ཤེས་བཞིན་ཡོད། དེ་ཡང་བོད་མིས་ལས་ངན་བསགས་པ་དང་འབྲེལ་ཡོད། ༧ཀུན་གཟིགས་རིན་པོ་ཆེ་ང་ཚོའི་མགོན་སྐྱབས་སུ་དགོས་ན་བཙན་བྱོལ་གཞུང་གི་དབུས་བོད་མིའི་ཚོགས་པ་ཁག་དང་། མེ་སྒེར་ཚང་མས་གུང་ཁྲན་གཞུང་ལ་མ་ཞེད་པར་ལས་བསྐུལ་ནམ་སྤེལ་ལ་ཁོང་གཉིས་རྒྱ་དམར་གཞུང་གི་བཙན་འོག་ནས་བློས་དགྲོལ་དགོས་པའི་འབོད་སྒྲ་རྟག་ཏུ་བསྒྲགས་དགོས། ཞར་བྱུང་དུ་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་སུ་ཐུགས་རྗེ་ཆེ་ལན་བརྒྱར་ཞུ་བཞིན་མཆིས།། །།
པཎ་ཆེན་བསྟན་འཛིན་དགེ་འདུན་མཆོག་གི་བཟང་བཙོན་གྱི་སྒོ་འགྲམ་དུ་སླེབས་ཟིན་པ་ཡིན་ནམ།
བཀའ་དྲིན་ཆེ