རེབ་ཐོག་མདའ།
ཀ་མད་སུམ་ཅུའི་འཆི་གསོན་དོན་དུ་རང་གི་སྐུ་སྲོག་རྒྱང་ལ་དོར།།
ཁ་བ་རི་པའི་མི་རབས་འདི་ལ་ལག་རྗེས་རི་ལྟར་སྤུངས་ཏེ་སོང་།།
ག་དུས་ཡིན་ཡང་བོད་པ་ཚང་ལ་ཤ་ཞེན་ཅན་གྱི་བླ་མ་ཁྱོད།།
ང་ཚོའི་སྙིང་ན་ཡིག་འབྲུ་བདུན་ཁྲིའི་ཚེ་སྲོག་ཇི་བཞིན་གསོན་པོར་ཡོད།།
ཅ་དངོས་ཡར་ཐོན་བོད་ལ་མེད་ཀྱང་སྐད་ཡིག་གོམས་སྲོལ་སྲུང་དགོས་ཞེས།།
ཆ་ལུགས་གཤིས་ཀ་དྲང་པོ་བཟུང་ནས་མི་རིགས་མཐུན་སྒྲིལ་དགོས་གལ་སོགས།།
ཇ་ཡུན་ཞིག་གི་དུས་ཡུན་མིན་པར་ཁྱོད་རང་གང་དུ་ཕེབས་དུས་སུ།།
ཉ་ཆུ་ཇི་བཞིན་བོད་པ་ཚང་གི་རུ་སྡེ་སེམས་པ་མཐུན་དགོངས་གསུངས།།
ཏ་ལེན་འཁུར་བའི་རྒན་པོའི་མན་ནས་དཔེ་ཁུག་ཁུར་བའི་བྱིས་པའི་ཡན།།
ཐ་མ་ཆང་དང་རྒྱལ་འཇོག་རྐུ་འཕྲོག་མ་རབས་མྱི་ཡི་ལས་རིགས་གང་།།
ད་ལྟའི་དུས་སུ་ཇེ་མང་ཡིན་པས་ཀུན་གྱིས་ཅུང་ཙམ་གཟབ་དགོས་ཞེས།།
ན་ནིང་ཇི་བཞིན་ལམ་སྟོན་གནང་མཁས་བདག་གི་བླ་མ་སྙིང་ནས་དྲན།།
པ་ཕ་ཨ་མའི་བརྕེ་བ་ལས་ལྷག་གངས་རིའི་བུ་ལ་ཁྱོད་རང་དུངས།།
ཕ་མ་གཅིག་གི་སྤུན་མཆེད་ལས་ལྷག་དམ་པའི་ཆོས་ལ་དད་འདུན་དཀར།།
བ་མོ་འཚོ་བའི་ཕྱུགས་རྫི་ཡིན་ཡང་ཁྱོད་ཀྱིས་ཐུགས་ནས་མི་འདོར་བར།།
མ་མ་ཇི་བཞིན་རྒྱ་བོད་ཀུན་ལ་ཐུགས་བརྩེས་སྐྱོང་བ་ཁྱོད་ལས་སུ།།
ཙ་རི་བསྐོར་ནས་གཞན་ཡུལ་འགྲིམ་པའི་གངས་རིའི་མགོན་པོ་ཕེབས་ཤུལ་ན།།
ཚ་བོ་ཚ་མོའི་ལས་དབང་གླེང་མཁན་གངས་རིའི་ལྗོངས་ཀྱི་བླ་མ་ཁྱོད།།
ཛ་དྲག་ཅན་གྱི་དུས་ངན་ཁྲོད་ནས་སྡུག་གི་མནར་གཅོད་མྱོང་ན་ཡང་།།
ཝ་མོ་ལྟ་བུའི་སྡར་མའི་ངང་ཚུལ་ཁྱོད་ཀྱི་རྒྱུད་ལ་སྐྱེས་མྱོང་མེད།།
ཞྭ་གོས་གོང་ཆེན་གཞུག་ལ་སྐྱུར་ཏེ་སློབ་ལ་བརྩོན་དགོས་ཁྱོད་ཀྱིས་གསུངས།།
ཟས་རྩམ་སྦྲང་དཀར་རྩམ་པ་བུ་ལ་ཁྱོད་རང་དུངས་ཞེན་དཀར་པོ་ཡིན།།
འ་ཅག་བོད་ཀྱི་ལས་དབང་ནག་པོ་ཁྱོད་ཀྱི་སེམས་ནས་མ་བཟོད་པར།།
ཡ་རབས་མི་རིགས་བོད་པ་ཚང་གི་སྐྱིད་སྡུག་སྨྱུ་གུ་ཁ་ལ་ཕབ།།
རྭ་བ་གངས་རིའི་མཐོ་སྒང་ཡུལ་ན་ཁྱོད་ནི་དོན་གྱི་མགོན་པོ་ཡིན།།
ལ་ཐོར་ལུང་ཐོར་བོད་པའི་རྒྱུད་ལ་ཀ་ཁ་སུམ་ཅུ་བག་མར་བརྫངས།།
ཤ་ཞེན་གངས་རིའི་ལྗོངས་ལ་ཟབ་པས་ལོ་རབས་བརྒྱད་ཅུའི་ཁུག་སོ་ནས།།
ས་མཐའི་ཨ་ཇོ་གཞན་ཡུལ་འགྲིམ་རྗེས་དོན་གྱི་སྐྱབས་མགོན་ཁྱོད་ལས་སུ།།
ཧམ་པའི་རྒྱ་ལག་བོད་ལ་བསྲིང་དུས་མཐོ་སྒང་རི་ལ་ཁྱོད་མ་བྲལ།།
ཨ་མདོ་ཁམས་པ་རྒྱ་ཁོངས་འཐིམ་དུས་བོད་པའི་རིག་གཞུང་ཁྱོད་ཀྱིས་སྲུང་།།
ཧ་ལམ་གངས་རིའི་བོད་པ་ཚང་གི་ལོ་རྒྱུས་དེབ་ཐེར་མཐུག་པོའི་ནང་།།
དགུང་གི་ཉི་ཟླའི་ཚད་དང་མཉམ་པ་རྒྱལ་བ་པཎ་ཆེན་གཉིས་ལས་སུ།།
རང་དབང་ཡོད་དུས་འགྲན་རྩོད་དབང་གིས་བཞུགས་ཐབས་བྲལ།
རང་དབང་ཤོར་རྗེས་རྒྱ་རྒན་ཟེར་བཞིན་ཁྱོད་ལ་འཁངས།
བལ་ཡུལ་ཕེབས་སྐབས་ཚོང་པ་རྒྱག་པ་ཟེར་བཞིན་རྒོལ།
གཤེགས་པའི་མཆོད་འབུལ་གདན་ཞུ་བྱས་ཀྱང་ཡོང་མཁན་མེད།
ཡིག་འབྲུ་ཁྲི་བདུན་གཤེགས་པའི་རྗེས་སུ་ཞི་ནས་མཐོང་།
དེང་སང་གང་གི་སྐུ་དྲིན་དྲན་ཀྱང་ཕྱིས་རང་སོང་།
སེམས་ཀྱི་གདེང་ནས་མགོན་པོ་ཁྱེད་ལ་བཟོད་གསོལ་ཞུ།
བསྟན་འགྲོའི་དོན་ལས་སྲིད་དོན་པ་ལ་གཟོབ་པར་འཚལ།
མགོན་པོ་གང་གིས་དུས་འཁོར་དབང་ཆེན་སྩོལ་སྐབས་སུ།
དབང་ཞུའི་གྲལ་དུ་འཁོད་ནས་གསུང་ཐོས་བྱིན་རླབས་ཞུས།
ཚད་མ་རིགས་རྒྱན་བློ་བཟུང་རྒྱུགས་འབུལ་གཟིམས་ཆུང་མཇལ།
ཇ་ཕག་ཤིང་ཏོག་སྟོད་འགག་བཅས་ཀྱི་གསོལ་རས་སྩལ།།
་
ཆིག་སྟོང་དགུ་བརྒྱ་གྱ་བདུན་ལོ་ལ་སླར་ཡང་མཇལ།
ཨ་རིར་གར་སྡོད་ཅེས་སོགས་བཀའ་སློབ་བཀའ་དྲི་མཛད།
བཀྲ་ཤིས་ལྷུན་པོར་གྲྭ་མང་ཁྲུས་ཁང་ཞལ་འདེབས་ཕུལ།
དོན་མཛད་ཁྲུས་ཁང་བརྩིགས་པ་བསྟན་འཛིན་གྲགས་པས་མཐོང་།།
་
བདེ་ལྡན་ཞིང་གི་མགོན་པོ་འོད་དཔག་མེད།
སྲས་ཀྱི་ཐུ་བོ་འཕགས་མཆོག་སྤྱན་རས་གཟིགས།
དྲིན་ཅན་རྩ་བའི་བླ་མའི་སྐུར་བཞེངས་པ།
རྒྱལ་བ་ཡབ་སྲས་གཉིས་ལ་ཕྱག་འཚལ་ལོ།།
ཀ་ཁའི་དབྱངས་སྙན་རྣ་བའི་མ་ཐོས་ཁ་བ་རི་ལས་གྱེས་ནས་བྲལ།།
ག་འདྲ་ཡིན་མིན་སུ་གྱང་མ་ཤེས་ང་ཚོའི་སྙིང་ནོར་གང་ན་ཡོད་།།
ཅ་ཅོས་གཏམ་ལ་རེ་བ་མེད་རུང་ཆ་འགྲིག་སྨོན་ལམ་སྙིང་ནས་འདེབས།།
ཇ་ཆང་རོལ་བའི་ཏིང་གི་དབུ་འཛིན་ཉ་མོ་ལྕགས་ཀྱིས་བཅངས་ལ་ཉེ།།
བོད་ཀྱི་བླ་མ་མཐོ་དམའ་བར་གསུམ་ཡོད་དོ་ཅོག་གིས་ངེས་པར་དུ་༧ པཎ་ཆེན་རིན་པོ་ཆེའི་སྙིང་སྟོབས་དང་པཎ་ཆེན་རིན་པོ་ཆེའི་བློས་གཏོང་ལ་སློབ་སྦྱོང་བྱེད་དགོས་ཀྱིན་འདུག
གང་ལྟར། ཉེ་རབས་བོད་ཀྱི་དཀའ་སྡུག་གི་ལོ་རྒྱུས་ཁྲོད་དུ་རང་སྲོག་ཡལ་བར་དོར་ནས་དཀའ་ལས་རྒྱག་མཁན་གྱི་བླ་མ་ཁོང་གཅིག་པོ་ཙམ་རེད་ཟེར་ན་ཕལ་ཆེར་མི་ཆིག་པ་མི་འདུག དེང་སང་ང་ཚོ་མགོན་མེད་སྐྱབས་མེད་རེད་དོ།།
མངའ་རིས་ཕྲིན་ལས་ཟེར་བ་འདིའི་དེ་རིང་ཕྱིས་ནས་བཟོད་གསོལ་ཅིག་ཞུས་འདུག
སྔར་བྱས་ལ་གཤགས་པ་དང་ཕྱི་མར་སྡོམ་སེམས་ཡག་ག་ལ་དེ་མི་ངན་འདིའི་སྒྲོ་འདོགས་གཞན་ཅིག་གི་ཆེད་དུ་ཡིན་ཨང་།
རྒྱལ་ཁབ་སྐྱབས་བཅོལ་ལ་འདྲེ་ཕྲུག་འདི་འདྲ་ཡོད་ཨང་། ཕ་སྨོན་ལོག་ལ་བུ་འདུན་ལོག་འདི་འདྲ་ཡོད་ཨང་།
གཟོབ།
མངའ་རིས་ཕྲིན་ལས་ཟེར་བ་འདིའི་དེ་རིང་ཕྱིས་ནས་བཟོད་གསོལ་ཅིག་ཞུས་འདུག
སྔར་བྱས་ལ་བཤགས་པ་དང་ཕྱི་མར་སྡོམ་སེམས་ཡག་ག་ལ་དེ་མི་ངན་འདིའི་སྒྲོ་འདོགས་གཞན་ཅིག་གི་ཆེད་དུ་ཡིན་ཨང་།
རྒྱལ་ཁབ་སྐྱབས་བཅོལ་ལ་འདྲེ་ཕྲུག་འདི་འདྲ་ཡོད་ཨང་། ཕ་སྨོན་ལོག་ལ་བུ་འདུན་ལོག་འདི་འདྲ་ཡོད་ཨང་།
གཟོབ།
ཡོད་དུས་མིག་གི་ལིང་ཏོག །
མེད་དུས་གངས་རིའི་དཔའ་བོ། །
སེམས་པ་གྱ་གྱུར་མང་བ། །
གངས་ཅན་བོད་མིའི་གཤིས་ཀ། །
ཁྱེད་རང་ཕེབས་པའི་རྗེས་ལ། །
རླུང་རྟ་མར་འགྲོ་རེད་བཞག །
ཕྱི་ལོ་ཉིས་སྟོང་བརྒྱད་ལ། །
དཔའ་རྒོད་མང་བཀྲོངས་སོང་། །
དེང་གི་ཁ་བའི་ལྗོངས་ལ། །
སྡུབ་རྩུབ་མུན་པས་གཏུམས་ནས། །
གླིང་གི་དཔའ་རྟུལ་བརྒྱ་ཡི། །
སྐུ་གཟུགས་ཞུགས་ལ་ཕུལ། །
ནམ་ཉིན་ཁྱེད་རང་དྲན་ནས། །
མིག་ཆུས་གདོང་པ་བརླན་སོང་། །
དཔའ་རྒོད་བརྒྱ་ཕྲག་ལྷག་གི །
སྐུ་སྲོག་ཤོར་དགོས་མེད་དོ། །
མགོན་མེད་སྐྱབས་མེད་བོད་འབངས། །
ཁྱེད་རང་འགུགས་ནས་བསྡད་ཡོད། །
ནུབ་ཕྱོགས་བདེ་ལྡན་ཞིང་ནས། །
ཐུགས་རྗེས་ལྕགས་ཀྱུས་བཟུང་མཛོད། །
རྒན་ལ་དྭགས་ལགས་ཀྱི་ཚིགས་བཅད་མཐའ་མ་དེ་བཀླགས་རྗེས་སུ། ཀྱལ་ཀའི་ཚུལ་དུ་སྨྲ་བར་བྱ་སྟེ། སྔོན་མ་ཇོ་ཁང་ནང་ལ་ལྷ་ས་བའི་རྨོ་བོ་གཅིག་དང་གཙང་གི་རྨོ་བོ་གཅིག་སྨོན་ལམ་འདེབས་པར་བྱེད། ལྷ་སའི་རྨོ་བོ་ན་རེ། “སྲིད་གསུམ་དབང་སྒྱུར་འཕགས་མཆོག་སྤྱན་རས་གཟིགས། ཁ་བ་ཅན་གྱི་མགོན་སྐྱབས་ཡོང་བ་མཁྱེན།”ཟེར་སྐད། གཙང་པའི་རྨོ་བོ་དེ་ཅུང་ཡིད་མི་བདེ་བར། ལམ་གསེང་ལག་གཉིས་ཐལ་མོ་སྦྱར་ཏེ། “དེ་ཡི་དབུ་ལ་བཞུགས་པའི་འོད་དཔག་མེད། གཙང་པའི་བདེ་སྡུག་ཁྱེད་ཀྱི་ཕྱག་ན་ཡོད།”ཟེར་རོ།
པཎ་ཆེན་རིན་པོ་ཆེ་ལགས། ཁྱེད་ནི་མི་རིགས་ཀྱི་ཆེད་དུ་དགྲ་བོའི་མུན་ཁང་དུ་བཅུག་པའི་བཙོན་པ་ཞིག་ཡིན་ལ། མི་རིགས་ཤིག་གི་རིག་གཞུང་དགྲ་ཁ་ནས་སྐྱོབས་པའི་དཔའ་རྒོད་གཅིག་ཡིན། ཁྱེད་ནི་བོད་བརྒྱུད་ནང་བསྟན་ཤིང་རྟ་ཆེན་པོ་བརྒྱད་འདྲ་མཉམ་དུ་འཛིན་པའི་དྲངས་བདེན་གྱི་ཁྲིམས་དཔོན་ཞིག་ཡིན་ལ། བླ་ཆེན་དང་དཔོན་ཆེན་གྱི་གོ་གནས་ཡོད་བཞིན་དུ་མི་རིགས་བདེ་དོན་གྱི་ཆེད་དུ་སྐུ་སྲོག་ཕུལ་མཁན་ཁྱོད་ཁོ་ན་ཡིན། འོན་ཏེ་བློ་ཕམ་པ་ཞིག་ལ་དེ་དག་ནི་ཁྱེད་མི་རིགས་འདི་དང་གྱེས་བྲལ་དུ་གཤེགས་པའི་རྗེས་སུ་དྲན་བཞིན་པ་དང་གླེང་བཞིན་པ་ནི་རྦད་དེ་ཕྱིས་སོང་། ཁྱེད་ནི་མི་རིགས་ཀྱི་བདེ་དོན་ཁོ་ནས་ཆེད་དུ་སྐུ་སྲོག་ཞུ་འབོད་ཡིག་འབྲུ་ཁྲི་བདུན་དང་བརྗེ་བོ་རྒྱབ་པ་གཞི་ནས་ཤེས་ཤིང་གཞི་ནས་བཤད། ཁྱེད་ཀྱི་ཕྱག་རྗེས་ལ་བསྟོད་ཚིག་གི་མེ་ཏོག་སྒྲོན་རྒྱུར་ཕྱིས་སོང་ལ། ཁྱེད་ཉིད་གཤེགས་པའི་མྱ་ངན་གྱི་ངུ་ངག་འདོན་རྒྱུའང་ཕྱིས་སོང་། ད་ནི་ཁྱེད་ཉིད་ལ་བཤད་ཚད་དང་བོས་ཚད་ཆབ་སྲིད་ཀྱི་ལག་ཆ་རེད་ལ། རྒོད་རབ་དང་དྲན་རབ་བཤད་ཚད་གཡོ་སྒྱུའི་དར་ཐག་ཡིན། གཟིགས་དང།
ཀུན་གཟིགས་བླ་མའི་ཞལ་དཀྱིལ་དྲོན་མོ། །དྲན་དུས་རེ་ལ་མཆི་མ་མགུ་བས། །སྡུག་སྐད་བཏོན་པ་ཐེངས་གཅིག་མིན་ཡང་། །བཀའ་སྒྲུབ་མ་ནུས་སྐྱོ་བ་ཇེ་ཆེ། །ཕྱག་ལག་ལྕི་མོ་མགོ་ལ་བཞག་ནས། །སྲུང་མདུད་དམར་པོ་སྐེ་ལ་བསྐོན་ཏེ། །བུ་ཆུང་བོད་ཡིག་སྦྱོངས་ཤིག་གསུངས་པས། །དབྱངས་གསལ་ཀློག་པའི་སྤོབས་པ་སྐྱེས་བྱུང་། །འཇིགས་མེད་དཔའ་བོ་མཁྱེན་པའི་གཏེར་ཆེན། །བརྩེ་བས་ཉམས་ཐག་འགྲོ་ལ་གཟིགས་པ། །ཁྱོད་གཅིག་སྙིང་གི་དྭངས་མར་བརྟེན་ནོ། །ཐུགས་བཞེད་འགྲུབ་པའི་གྲོགས་སུ་འགྱུར་ཤོག །