གཤམ་གྱི་སྦྲེལ་ཐག་གོང་མ་དེ་ནི་འཁྲབ་གཞུང་རྩོམ་པ་པོ་དང་ཁོང་གི་གློག་བརྙན་འཚོལ་སྐོར་གྱི་གནས་ཚུལ་རེད། དེ་ཞིབ་ཏུ་ྐློག་རོགས། ཁོམ་པ་ཡོད་མཁན་འདྲ་ཡོད་ན་བོད་ཡིག་ཏུ་བསྒྱུར་ནས་དྲ་ཐོག་ལ་འཇོག་རོགས།
སྦྲེལ་ཐག་འོག་མ་དེ་ནི་གློག་བརྙན་འཚོལ་གྱི་བྱུང་བ་མདོར་བསྡུས་ཞིག་རེད། གློག་བརྙན་དེའི་སྣང་བརྙན་ཧྲིལ་བོའི་ཟུར་ཙམ་དེ་ནས་བལྟ་ཐུབ་པ་འདུག
http://www.npr.org/templates/story/story.php?storyId=106089201&from=mobile
http://v.youku.com/v_show/id_XMTAwODE0MDM2.html
འཁྲབ་གཞུང་རྩོམ་པ་པོ་དང་ཁོང་གི་གློག་བརྙན་འཚོལ་སྐོར་གྱི་གནས་ཚུལ་དེ་བྐླགས་ཚར་རྗེས། གློག་བརྙན་འཚོལ་གྱི་བྱུང་བ་མདོར་བསྡུས་དེར་བལྟས་ཚར་རྗེས།
བསམ་ཚུལ་རེ་གསུང་རོགས།
གློག་བརྙན་དེའི་མིང་དབྱིན་སྐད་དུ་གང་ཟེར་གྱི་ཡོད་པ་དེ་གསལ་པོ་འཁོད་དགོས། དེ་མིན་རིགས་གཞུང་སྲུང་སྐྱོབ་ཡིན་མདོག་མདོག་གིས་གོ་ཡག་མེད་པ་དེ་འདྲ་མ་བྲིས་རོགས།
པད་མ་ཚེ་བརྟེན་ཞེས་པས་གློག་བརྙན་བཙལ་བ་The Seachཞེས་པ་ཞིག་བཟོས་འདུག། པད་མ་ཚེ་བརྟེན་ནི་བོད་ཀྱི་འབྲོག་པའི་ཕྲུག་གུ་ཡིན་པ་དང་། ཁོང་རྒྱ་ནག་ནང་བོད་སྐད་གློག་བརྙན་བཟོས་མཁན་གྱི་ངེས་སྟོན་པ་དང་པོ་དེ་ཆགས་ཡོད་པ་རེད།
ཨ་རོ་བྱ་རྒྱལ་རྒོད་པོ། ངེད་ཀྱིས་པད་མ་ཚེ་བརྟན་གྱིས་འཁྲབ་འཁྲིད་གནང་བའི་གློག་བརྙན་”འཚོལ་”སྐོར་གྱི་གནས་ཚུལ་དང་གློག་བརྙན་”འཚོལ་”གྱི་བྱུང་བ་མདོར་བསྡུས་དེ་གཉིས་ཀྱི་སྦྲེལ་ཐག་བཞག་འདུག་ག གནས་ཚུལ་ྐློགས་། གློག་བརྙན་ལ་བལྟོས། དེ་ནས་བསམ་ཚུལ་བཤད་ན་མི་འགྲིག་གམ། མ་རེད་དམ།
(The Search)ཟེར་བ་དེ་འཚོལ་ལ་བསྒྱུར་དང་བཙལ་ལབསྒྱུར་སོ་སོའི་འདོད་མོས་མེད། གང་ལྟར། གློག་བརྙན་རང་གི་མགོར་”འཚོལ་”ཞེས་པ་དབྱིན་ཡིག་གི་ནང་ལ་(The Search )
ལབ་ནས་བསྒྱུར་འདུག་ག
ཁོང་ང་ལ་བཀའ་དྲིན་ཆེན་པོ་ཞིག་ཡིན། ང་ཡུལ་གྱར་དུ་ཡོང་རྗེས་ཁོང་གིས་ངའི་བརྩམས་སྒྲུང་ཁ་བ་ནག་པོ་ཞེས་པ་དེ་རྒྱ་ཡིག་ཏུ་བསྒྱུར་ནས་སྐབས་དེར་མཛངས་མ་འོད་ཟེར་ལགས་ཀྱིས་རྩོམ་སྒྲིག་གནང་སའི་ལྷ་སའི་བོད་ཀྱི་རྩོམ་རིག་དུས་དེབ་ཁང་དུ་བསྐུར་ཅིང་། ཨ་ཅག་འོད་ཟེར་སོགས་རྩོམ་སྒྲིག་པ་དག་གིས་ཀྱང་གདེང་འཇོག་དང་བཅས་དུས་དེབ་དེར་བཀོད་འདུག གང་ལྟར་ཁོང་གིས་ངའི་ཁ་བ་ནག་པོ་ཡང་གློག་བརྙན་འཁྲབ་གཞུང་ཞིག་ཏུ་བཅོས་ནས་གློག་བརྙན་འཁྲབ་རྩིས་འདུག་ཟེར་ཡང་དེ་འདྲའི་སྐལ་བ་ལྡན་མིན་མི་ཤེས།
ཀླུ་སྨྱོན་དེ་སྔོན་མ་ནས་སྣང་བ་དག་སྡོད་མཁན་ཤ་ཚ་པོ་ཞིག་རེད།
ལྟད་མོ་དེ་ཡག་ལོས་ཡོད་དམ།
སྨྱུག་རྒོད་གངས་བུ་དཔལ་ལགས།
ལྟད་མོ་ཧྲིལ་བོའི་སྣང་བརྙན་མདོར་བསྡུས་ཤིག་གོང་གི་སྦྲེལ་ཐག་གཉིས་པ་དེ་བརྒྱུད་ནས་བལྟ་ཐུབ་པ་འདུག
ཡག་ལོས་ཡོད་མེད་ད་དུང་མ་ཤེས
གཡུ་ཞུན་དྲ་བར་གཟིགས་དང་། པདྨ་ཚེ་བརྟན་སྐོར་གྱི་གསར་འགྱུར་ཞིག་འདུག
བཀུར་འོས་མོ་སྟོན་ཕག་མགོ་ལགས།
གོང་གི་ཉིད་ཀྱི་མཆན་བུའི་ཁོངས་ཀྱི་མི་སྒེར་ལ་གཞི་མེད་སྐྱོན་འཛུགས་ཀྱི་སྐད་ཆ་་དེ་ནག་བསུབ་བཏང་བ་ཡིན།
གློག་བརྙན་ཧ་ཅང་ཡག་པོ་འདུག
གློག་བརྙན་འདིར་ཧ་ཅང་བལྟ་འདོད་ཡོད། འོན་ཀྱང་ད་བར་དུ་མཐོང་མ་བྱུང་། འཁྲབ་སྟོན་པ་གཙོ་བོ་སྨན་བླ་སྐྱབས་ཀྱིས་རང་གི་སྒྱུ་རྩལ་གྱི་ཁྱད་ཆོས་མང་པོ་ཞིག་བསྟན་ཡོད་ངེས།